DNZ-01-KA-002

From Damngak Dzö
Revision as of 13:36, 31 January 2025 by Jeremi (talk | contribs)

DNZ-01-KA-002
Wylie title DNZ-01-KA-002.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 1, Text 2, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ༈ །ཤེས་བྱའི་ཡུལ་ལ་རྣམ་པར་བརྟག །ཐར་པའི་ལམ་ལ་རབ་ཞུགས་ཏེ། །འབྲས་བུ་རྣམ་མཁྱེན་ཐོབ་བྱའི་ཕྱིར། །རིན་ཆེན་སྤུངས་པ་བསྟན་པར་བྱ། ༈ །མཚན་ཉིད་དྲུག་ལྡན་ བརྒྱུད་པ་ལྡན་ཞིང་གདམས་ངག་ཆེ། །དབང་དང་ལྡན་ཞིང་བྱིན་རླབས་ཆེ། །ཤེས་རབ་ལྡན་ཞིང་སྙིང་རྗེ་ཆེ། །

ཐོས་པ་ལྡན་ཞིང་ཉམས་མྱོང་ཆེ། །ལྟ་བ་ལྡན་ཞིང་སྒོམ་གྱིས་ཟིན། །ཚᨑག་ལ་མཁས་ཤིང་དᨖན་ལ་གནས། །ཞེས་པ་སྟེ། བླ་མ་ནི། །འདུ་ཤེས་བཞི་ ལ་ཐུན་མᨖང༌། ཁྱད་པར། ཡང་དག །ལོག་པའི་འདུ་ཤེས་བཞི། དེ་རེ་རེ་ལའང་བཞི་བཞི་སྟེ། དང་པᨖ་ལ། འཁོར་བ་ཆུ་བᨖ། ཆོས་གྲུ། བླ་མ་མཉན་པ། ཉམས་ལེན་ཆུ་བརྒལ་བའི་ཚུལ་ལོ། །གཉིས་པ་ལ། རང་ནད་པ། བླ་མ་སྨན་པ། ཆོས་ལ་སྨན། ཉམས་ལེན་ནད་གསᨖ་བའི་འདུ་ཤེས་སᨖ། །གསུམ་པ་ལ། རང་དུག་ལྔའི་ནད་ཀྱིས་ཟིན་པ། བླ་མ་སངས་རྒྱས། གདམས་ངག་བདུད་རྩི། ཉམས་ལེན་དུག་ལྔ་སེལ་བའི་འདུ་ཤེས། བཞི་པ་ལ། རང་རྒྱལ་པᨖ། བླ་མ་ཚᨖང་པ། ཆོས་ཚᨖང་ཟོང་། ཉན་བཤད་ཚᨖང་གི་འདུ་ཤེས་ཏེ། དེ་རྣམས་ལས་ཕྱི་མ་བཞི་སྤང་ལ། སྔ་མ་ རྣམས་དང༌། ལྡན་པའི་དྲན་པས་བསྟེན། །སྣོད་ཀྱི་སྐྱོན་ཁ་སྦུབས། ཞབས་བརྡོལ། དུག་ཅན། གསུམ་སྤངས་ལ་བསྙེན། །མཐོང་ལུགས་སངས་རྒྱས་ཐམས་ཅད་འདུས་པ། རྡོ་རྗེ་འཛᨑན་པའི་ངོ་བᨖ། དཀོན་མཆོག་གསུམ་གྱི་རྩ་བ། དཔེ་ནོར་བུ། དᨖན་སངས་རྒྱས་ལས་ཀྱང་ལྷག་པར་བལྟ་བ་སྟེ། ལྔ་ལྡན་སྒོ་ནས་བལྟ། ༈ །དལ་འབྱོར་མི་ལུས་རིན་པᨖ་ཆེ༔ ཤིན་ཏུ་རྙེད་དཀའ་ཐོབ་དུས་སུ༔ དᨖན་མེད་སྟོང་ལོག་མ་བྱེད་པར༔ གཏན་གྱི་སᨖ་ནམ་ད་རེས་གྱིས༔ ཕྱི་ཡི་མི་རྟག་ དབྱར་དགུན། དུས་བཞི། ཉིན་མཚན། སྐྱེ་འགག་གནས་གསུམ། རྒྱུ་ཟག་པ་དང་མ་ཟད་པ་ཡང་མི་རྟག་པ་སྟེ། རྣམ་པ་ལྔ༔ ནང་གི་མི་རྟག་ ངེས་པར་འཆི། ནམ་འཆིའི་ཆ་མེད། འཆི་བའི་ཚེ་ཅིས་ཀྱང་མི་སྟོངས་པ་སྟེ། རྣམ་པ་གསུམ༔ ཚུལ་བདུན་ ཅིས་ཀྱང་འཆི། སྐྱབས་གནས་མེད། ལམ་རྒྱུས་མེད། ཅིས་ཀྱང་མི་བཟློག ། མགྱོགས་པར་འགྲᨖ། གཟུར་ས་མེད། ཤིན་ཏུ་ཉམ་ང་བར་འགྲᨖ་དགོས་པ་སྟེ། ལྡན་པས་བསྒོམ་བྱ་ཞིང༔ ཕན་ཡོན་ རྒྱུད་ལ་དད་པ་སྐྱེ། བླ་མ་ལ་མᨖས་གུས་འབྱུང༌། གདམས་ངག་ལ་ངེས་ཤེས་སྐྱེ། ཉམས་ལེན་ལ་འཇུག་ནུས། སྟོང་ཉིད་རྟོགས་སླ་བ་སྟེ། ལྔ་ལྡན་སྒོ་ནས་འབད༔ ཡུལ་དང་ལུས་དང་སེམས་གསུམ་ལ༔ སྐྱེ་བᨖ་མུ་སྟེགས་ཉན་རང་གིས༔ གང་ཟག་ཆོས་ཀྱི་བདག་ཏུ་བཟུང༔ བདག་འཛᨑན་མ་གྲུབ་བདག་མེད་སྟོང༔ རྩ་བའི་སྡུག་བསྔལ་བཞི་ལ་གནས༔ ཡན་ལག་སྡུག་བསྔལ་དྲུག་ལ་སྤྱོད༔ ཉིང་ལག་སྡུག་བསྔལ་བགྲང་ལས་འདས༔ རང་སེམས་སྟོང་པ་ཉིད་དུ་སྤྲད༔ དགེ་སྡིག་གཉིས་ཀྱིས་རྒྱུ་བྱས་ནས༔ འབྲས་བུ་བདེ་སྡུག་གཉིས་སུ་འབྱིན༔ དགེ་སྡིག་སᨖ་མཚམས་ལེགས་པར་དབྱེ༔ སྡིག་པ་སྟོབས་བཞིའི་སྒོ་ནས་བཤགས༔ ༈ ༔སངས་རྒྱས་ཆོས་དང་དགེ་འདུན་ལ༔ ཉན་རང་བྱང་སེམས་གསང་སྔགས་གསུམ༔ རང་དང་གཞན་དང་གཉིས་དᨖན་དུ༔ སྐྱབས་འགྲᨖ་རྣམ་གསུམ་འདས་པའི་ཆོས༔ སངས་རྒྱས་ཐོབ་འདᨖད་བསམ་པའི་དᨖན༔ སྒྲུབ་ཅིང་ཉམས་སུ་ལེན་པ་དང༔ ཆོས་ཉིད་བླᨖ་འདས་འདུས་མ་བྱས༔ སེམས་བསྐྱེད་གསུམ་ཡིན་ཐེག་ཆེན་ཆོས༔ སྡིག་པ་རྣམ་གསུམ་མི་བྱ་ཞིང༔ དགེ་བ་རྣམ་གསུམ་སྤྱད་པར་བྱ༔ གནས་ལུགས་རང་ངོ་ཤེས་པའོ༔ སྡོམ་གསུམ་སངས་རྒྱས་བསྟན་པ་ཡིན༔ བྱམས་པའི་སེམས་ལ་ཞེ་སྡང་མེད༔ སྙིང་རྗེའི་སེམས་ལ་འདᨖད་ཆགས་མེད༔ བྱང་ཆུབ་སེམས་ལ་གཏི་མུག་མེད༔ སེམས་གསུམ་སངས་རྒྱས་ཐུགས་དགོངས་ཡིན༔ གནོད་སྦྱོར་ལོག་པ་ཚུལ་ཁྲིམས་ཏེ༔ ཕན་འདᨖད་ཞུགས་པ་ཏིང་འཛᨑན་ཡིན༔ ཐབས་ཤེས་ཟུང་འཇུག་ ཤེས་རབ་སྟེ༔ བསླབ་གསུམ་སྡེ་སྣོད་གསུམ་ཡིན་ནོ༔ ༈ ༔རང་བྱུང་ངོ་བᨖ་ཉིད་ཀྱི་གཞི༔ རང་བཞིན་སྐྱེ་མེད་སྟོང་པར་གནས༔ རོལ་པ་འགག་མེད་སྣང་བ་འཆར༔ ངོ་བᨖ་གཉིས་མེད་མཐའ་བྲལ་ལོ༔ ངོ་མ་ཤེས་ལ་ལོག་པར་བརྟགས༔ ཉོན་མᨖངས་ལྔ་དང་ལས་གསུམ་གྱིས༔ རིགས་དྲུག་ལུས་བླངས་སྡུག་བསྔལ་མྱོང༔ མ་རིག་ནས་བརྩམ་རྒ་ཤིས་འཁོར༔ ཡིན་ཚུལ་ཅིར་ཡང་མ་ངེས་པས༔ སྣང་ཚུལ་ཅིར་ཡང་འཆར་བར་བྱེད༔ སྣང་ཚད་སེམས་ཉིད་རང་སྣང་ཡིན༔ རང་གྲᨖལ་རྟོགས་པ་བལྟ་བའོ༔ སᨖ་མ་རང་ཐང་ལྷུག་པར་བཞག༔ རྟོག་མེད་རང་གསལ་རྗེན་པར་འཆར༔ སྣང་སེམས་དབྱེར་མེད་ངོ་བᨖ་གཅིག༔ གསལ་སྟོང་དབྱེར་མེད་བསྒོམ་པ་ཡིན༔ རྐྱེན་སྣང་ཕྲ་རགས་མཐོ་དམན་ཀུན༔ རྟོག་པ་སེམས་ཀྱི་ཆོ་འཕྲུལ་ཡིན༔ ཞུམ་དང་ཁེངས་པ་མེད་པ་རུ༔ ཞེན་མེད་རང་གྲᨖལ་སྤྱོད་པ་ཡིན༔ གང་བྱེད་རང་སᨖ་ངང་ལ་གནས༔ དེ་ཡི་ངོ་བᨖ་རང་གསལ་བ༔ དེ་ཀ་སྟོང་པ་ཉིད་ཡིན་ཏེ༔ སྟོང་པ་འགག་པ་མེད་པ་ཡིན༔ མ་གྲུབ་མི་རྟོག་མི་འགག་པ༔ རྣམ་དག་ལྷུན་གྲུབ་བདེན་གསུམ་དང༔ ལྟ་སྒོམ་སྤྱོད་པ་འབྲས་བུའི་ཆོས༔ ཤེས་བྱ་ཀུན་ལྡན་ལ་ཟློ་ཡིན༔ ༈ ༔ངེས་པ་གཉིས་ཟད་ གཞིའི་ངེས་པ་ཟད་དེ་གནས་ལུགས་མངོན་དུ་གྱུར། ལམ་གྱི་ངེས་པ་ཟད་དེ་ལམ་མཐར་ཕྱིན་པའོ། །སྐུ་རུ་སྨིན༔ ཇི་ལྟ་ཇི་སྙེད་མཁྱེན་གསུམ་རྒྱས༔ རྟེན་ཅན་རྟེན་མེད་ངོ་བᨖ་ཉིད༔ གཅིག་དང་དུ་མ་བྲལ་བར་བཞུགས༔ ༈ ༔དགེ་བ་འདི་ཡི་བསᨖད་ ནམས་ཀྱིས༔ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ ཡང་དག་དᨖན་དང་རབ་མཇལ་ནས༔ རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ རིན་ཆེན་སྤུངས་པ་རྫོགས་སᨖ༔ ༈ ཕྱི་བཤད་རིན་ཆེན་སྤུངས་པའི་བསྡུས་དᨖན་བཞུགས་སᨖ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱི་བཤད་རིན་པᨖ་ཆེ་སྤུངས་པ་འདི་ལ་དᨖན་གསུམ་སྟེ། ཀླད་ཀྱི་དᨖན་དང༌། གཞུང་གི་དᨖན་དང༌། མཇུག་གི་དᨖན་ནོ། །དང་པᨖ་ལ་གཉིས་ཏེ། བཅོམ་ལྡན་འདས་དཔལ་ ཕྱག་འཚལ་བ་དང༌། བཤད་པར་དམ་བཅའ་བའོ། །དེ་ལ་བཞི་སྟེ། ཤེས་བྱའི་ ཤེས་བྱ་ལ་བརྟགས་པ་དང༌། ཐར་པའི་ ཐར་པའི་ལམ་ལ་འཇུག་པ་དང༌། འབྲས་བུ་རྣམ་མཁྱེན་ འབྲས་བུ་ཐོབ་ཚུལ། མན་ངག་གི་མཚན་ རིན་ཆེན་སྤུངས་པ་ བསྟན་པའོ། ། གཉིས་པ་གཞུང་དᨖན་ལ་གསུམ། དྲང་དᨖན་རྒྱུད་བསྐུལ་གྱི་གདམས་པ་དང༌། ཐུན་མᨖང་གི་མན་ངག་དང༌། ཁྱད་པར་རྫོགས་པ་ཆེན་པᨖའི་གདམས་ངག་གོ །དང་པᨖ་ལ་དྲུག་སྟེ། བླ་མ་བསྟེན་པ་དང༌། དལ་འབྱོར་བརྟག་པ་དང༌། མི་རྟག་པ་བསྒོམ་ཚུལ་དང༌། བདག་འཛᨑན་གཞོམས་པ་དང༌། སྡུག་བསྔལ་བསམ་པ་དང༌། རྒྱུ་འབྲས་དཔྱད་པའོ། །དང་པᨖ་ལ་བཞི། མཚན་ཉིད་དྲུག་ བླ་མའི་མཚན་ཉིད་དང༌། འདུ་ཤེས་བཞི་ བསྟེན་ཐབས་དང༌། སྣོད་ཀྱི་ མཉན་ཚུལ་དང༌། མཐོང་ལུགས་ མཐོང་ལུགས་སམ་བཀུར་ཐབས་སᨖ། །གཉིས་པ་དལ་འབྱོར་བརྟགས་པ་ལ་བཞི། དལ་འབྱོར་མི་ལུས་ དལ་འབྱོར་ངོས་བཟུང་བ་དང༌། ཤིན་ཏུ་དཀོན་ ཐོབ་པར་དཀའ་བར་བསམ་པ་དང༌། དᨖན་མེད་ སྟོང་ལོག་ ཡལ་བར་མི་དᨖར་བ་དང༌། གཏན་གྱི་སᨖ་ནམ་ དᨖན་ཡོད་པར་བྱ་བའོ། །གསུམ་པ་མི་རྟག་པ་བསྒོམ་པ་ལ་བཞི། ཕྱིའི་མི་རྟག་ ཕྱིའི་མི་རྟག་པ་ལྔ་དང༌། ནང་གི་མི་རྟག་ ནང་གི་མི་རྟག་པ་གསུམ་དང༌། ཚུལ་བདུན་བསྟན་ ཚུལ་ཇི་ལྟར་བསྒོམ་པ་དང༌། ཕན་ཡོན་ལྔ་ལྡན་ ཕན་ཡོན་གྱི་སྒོ་ནས་འབད་པའོ། །བཞི་པ་བདག་འཛᨑན་གཞོམ་པ་ལ་བཞི། ཡུལ་དང་དུས་དང་ གང་ལ་བདག་ཏུ་འཛᨑན་པ་དང༌། སྐྱེ་བᨖ་མུ་སྟེགས་ གང་གིས་བདག་ཏུ་འཛᨑན་པ་དང༌། གང་ཟག་དང་ཆོས་ཀྱི་བདག་ ཇི་ལྟར་བདག་ཏུ་འཛᨑན་པ་དང༌། བདག་འཛᨑན་མ་གྲུབ་ བདག་འཛᨑན་བཀག་ལ་བདག་མེད་དུ་བསྟན་པའོ། །ལྔ་པ་སྡུག་བསྔལ་བསམ་པ་ལ་བཞི། རྩ་བའི་སྡུག་བསྔལ་ རྩ་བའི་སྡུག་བསྔལ་བཞི་བསྟན་པ་དང༌། ཡན་ལག་སྡུག་བསྔལ་ ཡན་ལག་གི་སྡུག་བསྔལ་དྲུག་བསྟན་པ་དང༌། ཉིང་ལག་གི་སྡུག་བསྔལ་ ཉིང་ལག་གི་སྡུག་བསྔལ་གྲངས་ལས་འདས་པར་བསྟན་པ། སྡུག་བསྔལ་དེ་དག་སེམས་སུ་ངོ་སྤྲད་པའོ། །དྲུག་པ་རྒྱུ་འབྲས་དཔྱད་པ་ལ་བཞི། དགེ་སྡིག་ རྒྱུ་ངོས་བཟུང་བ་དང༌། འབྲས་བུ་བདེ་སྡུག་ འབྲས་བུ་སྐྱེ་ཚུལ་བསྟན་པ་དང༌། དགེ་སྡིག་སོ་མཚམས་དབྱེ་བ་དང༌། སྡིག་པ་སྟོབས་བཞི་ སྡིག་པ་བཤགས་པའོ། ༈ །སྤྱི་དᨖན་གཉིས་པ་ཐུན་མᨖང་སྤྱིའི་གདམས་ངག་ལ་ལྔ་སྟེ། སྐྱབས་འགྲོ་བྱ་བ་དང་། སེམས་བསྐྱེད་པ་དང་། སྡོམ་པ་བཟུང་བ་དང་། བྱང་སེམས་བསྒོམ་པ་དང་། བསླབ་པ་གསུམ་ལ་བློ་སྦྱོང་བའོ། །དང་པོ་ནི། སངས་རྒྱས་ཆོས་དང་ སྐྱབས་འགྲᨖ་བྱ་བ་དང༌། གཉིས་པ་ནི། སངས་རྒྱས་ཐོབ་འདᨖད་ སེམས་བསྐྱེད་པ་དང་། གསུམ་པ་སྡོམ་པ་བཟུང་བ་ལ་བཞི། སྡིག་པ་རྣམ་གསུམ་ སᨖ་ཐར་སྡོམ་པ་དང༌། དགེ་བ་རྣམ་གསུམ་ བྱང་སེམས་སྡོམ་པ་དང༌། གནས་ལུགས་རང་ངོ་གསང་སྔགས་ཀྱི་སྡོམ་པ་དང༌༑ སྡོམ་གསུམ་སངས་རྒྱས་ སྡོམ་གསུམ་སངས་རྒྱས་ཀྱི་བསྟན་པར་བསྟན་པའོ། །བཞི་པ་བྱང་སེམས་བསྒོམ་པ་ལ་བཞི། བྱམས་པའི་སེམས་ བྱམས་པ་དང༌། སྙིང་རྗེའི་སེམས་ སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་ བྱང་ཆུབ་ཀྱི་སེམས་བསྒོམ་པ། དེ་གསུམ་སངས་རྒྱས་ཀྱི་ཐུགས་དགོངས་སུ་བསྟན་པའོ། །ལྔ་པ་བསླབ་པ་སྦྱངས་པ་ལ་བཞི། གནོད་སྦྱོར་ལོག་པ་ ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཕན་འདᨖགས་ཞུགས་པ་ ལྷག་པ་ཏིང་ངེ་འཛᨑན་གྱི་བསླབ་པ་དང༌། ཐབས་ཤེས་ཟུང་འཇུག་ ལྷག་པ་ཤེས་རབ་ཀྱི་བསླབ་པ་དང༌། བསླབ་པ་སྡེ་སྣོད་གསུམ་ དེ་གསུམ་སྡེ་སྣོད་གསུམ་དུ་བསྟན་པའོ། ༈ །སྤྱི་དᨖན་གསུམ་པ་ཁྱད་པར་རང་གི་མན་ངག་ལ་གསུམ་སྟེ། གཞི་དང༌། ལམ་དང༌། འབྲས་བུའོ། ། དང་པᨖ་ལ་གཉིས་ཏེ། གནས་ལུགས་དང༌། འཁྲུལ་ལུགས་སᨖ། །གནས་ལུགས་ལ་བཞི་སྟེ། རང་བྱུང་ངོ་བᨖ་ཉིད་ རང་བྱུང་ངོ་བᨖ་ཉིད། རང་བཞིན་སྐྱེ་མེད་ རང་བཞིན་སྐྱེ་མེད། རོལ་པ་འགགས་མེད་ རོལ་པ་འགགས་མེད་དང༌། ངོ་བོ་གཉིས་མེད་ ངོ་བᨖ་མཐའ་བྲལ་དུ་བསྟན་པའོ། །འཁྲུལ་ལུགས་ལ། ངོ་མ་ཤེས་ རྒྱུ་དང༌། ཉོན་མᨖངས་ རྐྱེན་དང༌། རིགས་དྲུག་ལུས་ འབྲས་བུ་དང༌། མ་རིག་ནས་རྩ་བ་ འཁོར་ཚུལ་ལོ། །གཉིས་པ་ལམ་གྱི་མན་ངག་ལ་ལྔ་སྟེ། མཐའ་ལ་མི་གནས་པའི་ལྟ་བ་དང༌། རིག་པ་རང་ལུགས་ཀྱི་བསྒོམ་པ་དང༌། འཁྲུལ་པ་རང་གྲᨖལ་གྱི་སྤྱོད་པ་དང་། འགྱུར་མེད་གནད་དུ་བཏང་བ་དང༌། ལ་ཟླའི་མན་ངག་གོ །དང་པᨖ་ལྟ་བ་ལ་བཞི་སྟེ། ཡིན་ཚུལ་ཅིར་ཡང་ གནས་ལུགས་དང༌། སྣང་ཚུལ་ཅིར་ཡང་ འཆར་ལུགས་དང༌། སྣང་ཚད་སེམས་ཉིད་ ཡིན་ལུགས་དང༌། རང་གྲོལ་རྟོགས་པ་ གྲᨖལ་ལུགས་སᨖ། །གཉིས་པ་བསྒོམ་པ་ལ་བཞི་སྟེ། སᨖ་མ་རང་བབས་ སེམས་ཀྱི་བཞག་ཐབས་དང༌། རྟོག་མེད་རང་གསལ་ ཉམས་ཀྱི་སྐྱེ་ཚུལ་དང༌། སྣང་སེམས་དབྱེར་མེད་ སྣང་བ་བསྒོམ་དུ་ངོ་སྤྲད་པ་དང༌། གསལ་སྟོང་དབྱེར་མེད་ རྟོག་པ་བསྒོམ་དུ་ལ་བཟླ་བའོ། །གསུམ་པ་སྤྱོད་པ་ལ་བཞི་སྟེ། རྐྱེན་སྣང་ ཉམས་སྣང་ངོས་བཟུང་བ། རྟོག་པ་ལ་སེམས་ དེ་སེམས་སུ་བསྟན་པ་དང༌། ཞུམ་དང་ཁེངས་པ་ རོ་སྙོམས་པ་དང༌། ཞེན་མེད་རང་གྲོལ་ ཞེན་མེད་བསྐྱང་བའོ། །བཞི་པ་ལམ་གནད་དུ་བཏང་བ་ལ་བཞི་སྟེ། གང་བྱེད་རང་སོ་ གནས་པས་སོ་གཟུང་བ་དང༌། དེའི་ངོ་བᨖ་ གསལ་བས་མདངས་འདᨖན་པ་དང༌། དེ་མ་སྟོང་ སྟོང་པར་རྒྱས་གདབ་པ་དང༌། སྟོང་པ་འགག་པ་ དབྱེར་མེད་དུ་གནད་ལ་དབབ་པའོ། །ལྔ་པ་ལ་བཟླ་བ་ལ་བཞི་སྟེ། མ་གྲུབ་པའི་ གནས་ལུགས་ངོ་སྤྲོད་པ་དང་། རྣམ་དག་ལྷུན་གྲུབ་ དེ་གཞི་རུ་ལ་བཟླ་བ་དང༌། དེའི་ངོ་བོ་ ལམ་དང་འབྲས་བུ་ལ་ལ་བཟླ་བ་དང༌། ཤེས་བྱ་ཀུན་ལྡན་ ཤེས་བྱ་ཀུན་ལྡན་དུ་ལ་བཟླ་བའོ། །གསུམ་པ་འབྲས་བུ་ལ་བཞི་སྟེ། ངེས་པ་གཉིས་ རྟེན་སྐུ་བསྟན་པ་དང༌། ཇི་ལྟ་ཇི་སྙེད་ བརྟེན་པ་ཡེ་ཤེས་པ་དང༌། རྟེན་ཅན་རྟེན་མེད་ འགྲᨖ་དᨖན་མཛད་ཚུལ་དང༌། གཅིག་དང་དུ་མ་ དགོངས་པ་གཞུག་ལུགས་སᨖ། ། མཇུག་གི་དᨖན་ལ་གཉིས་ཏེ། དགེ་བ་འདི་ དགེ་བ་བསྔོ་བ་དང༌། རིན་ཆེན་སྤུངས་པ་ མཚན་རྫོགས་ཚུལ་ལོ། །ཕྱི་བཤད་རིན་ཆེན་སྤུངས་པའི་བསྡུས་དᨖན་རྫོགས་སᨖ།། ༈ །།ནང་བཤད་གསང་སྔགས་ལམ་རིམ་གྱི་ལོ་རྒྱུས་བཞུགས་སᨖ༑ ༑ན་མᨖ་རཏྣ་གུ་རུ། གསང་སྔགས་ལམ་རིམ་འདི་མཛད་པ་པᨖ་སློབ་དཔᨖན་ཆེན་པᨖ་པདྨ་འབྱུང་གནས་ཡིན་ཏེ། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། ཞེས་པས། དེ་ནི་སྐུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཞིང་། མན་ངག་རྩོམ་པའི་ཚད་དུ་ཕྱིན་པའོ། །དང་པᨖ་ནི། ནུབ་ཕྱོགས་ཨོ་རྒྱན་དུ་སྐུ་མེ་ཏོག་པདྨོ་ལས་བརྫུས་ནས་བྱོན་པས་མངལ་གྱི་སྒྲིབ་གཡོགས་མེད་དེ། སྐྱེ་འཆི་དབང་དུ་འདུས་པས་སྐུ་ལ་འདས་གྲᨖང་མི་མངའ་འོ། །གསུང་གི་ཆེ་བ་ཆོས་ཀྱི་སྒོ་མᨖ་སྣ་ཚᨖགས་སུ་སྟོན་ཅིང་ངག་ལ་ནུས་པ་ཐོབ་པས་དྲེགས་པ་ཅན་ཐམས་ཅད་བཀའ་ཉན་པ་ལ་སᨖགས་པའོ། །ཐུགས་ཀྱི་ཆེ་བ་ཤེས་བྱའི་དཀྱིལ་འཁོར་མ་ལུས་པར་མཁྱེན་ཅིང་ཟག་པ་མེད་པའི་དགོངས་པ་དང་ལྡན་ཏེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛᨑན་ལ་བཞུགས་པ་ནི་མཁྱེན་པ་གཉིས་དང་ལྡན་ནོ། །སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་ལྡན་ཏེ། དགོས་འདᨖད་འབྱུང་ཞིང་རེ་བ་སྐོང་བས་ཡོན་ཏན་གྱི་ཆེ་བའོ། །ཉོན་མᨖངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་རང་སར་ཞི། ཚེ་དང་ནུས་པ་ཕྱོགས་མེད་དུ་རྒྱས་ཏེ། མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་འདུས་ཤིང༌། ལོག་ལྟ་གདུག་པ་ཅན་ཐམས་ཅད་ཚར་གཅོད་པ་ནི་ཕྲིན་ལས་ཀྱི་ཆེ་བའོ། །དེ་དག་ནི་ ཆེ་བའི་ལོ་རྒྱུས་ཟུར་ཙམ་བརྗོད་ཀྱིས། རྒྱས་པར་གཞན་དུ་བལྟའོ། །གཉིས་པ་མན་ངག་རྩོམ་པར་མཐར་ཕྱིན་པ་ནི། རབ་ཆོས་ཉིད་བདེན་པའི་དᨖན་མཐོང་བ་སྟེ་དངོས་པᨖའི་གནས་ལུགས་ཇི་བཞིན་རྟོགས་པའོ། ། འབྲིང་ཡི་དམ་ལྷའི་ཞལ་གཟིགས་པ་སྟེ་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་མངོན་སུམ་གཟིགས་ཤིང༌། ཡི་དམ་ཐམས་ཅད་ཀྱི་ཞལ་མཐོང༌། ཐ་མ་མཚན་མའི་ལས་ལ་གཉེར་ཐོབ་པ་སྟེ། ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་ཐོགས་པ་མེད་པར་གྲུབ་བᨖ། །དེ་ལྟ་བུའི་བླ་མ་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས་མཛད་པའོ། ། ཨྠ ི། གདམས་ངག་རིན་པᨖ་ཆེ་གསལ་བའི་སྒྲོན་མ་འདི། དུས་གསུམ་སངས་རྒྱས་ཀུན་གྱི་གཤེགས་ཤུལ། སྡེ་སྣོད་ཀུན་གྱི་ལྡེ་མིག ༑རྒྱུད་ལུང་ཀུན་གྱི་སྙིང་པᨖ། མན་ངག་གནད་ཀྱི་ཉིང་ཁུ། ངེས་དᨖན་གནད་ཀྱི་ཊཱི་ཀ །སངས་རྒྱས་ཀུན་གྱི་ཐུགས་དགོངས། རྡོ་རྗེ་སེམས་དཔའི་གསང་ལམ། མུན་པ་སེལ་བའི་སྒྲོན་མེ། འཛུར་ས་མེད་པའི་འཕྲང་དགུགས། སངས་རྒྱས་ལག་ཏུ་གཏོད་པ། འཁོར་བ་དᨖང་ནས་སྤྲུགས་པའི་གསང་སྔགས་ལམ་གྱི་རིམ་པ་རིན་པᨖ་ཆེ་གསལ་བའི་སྒྲོན་མེ་ཞེས་བགྱི་བ་སྟོན་པར་བགྱིད་དᨖ། ༈ །གསང་སྔགས་ལམ་གྱི་རིམ་པ་རིན་པᨖ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སᨖ། །རྒྱ་གར་སྐད་དུ། མནྟྲ་སྱ་པ་ཐ་ཀྲ་མ་ནཱ་མ། བᨖད་སྐད་དུ། གསང་སྔགས་ལམ་གྱི་རིམ་པ་ཞེས་བྱ་བ། རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ། །གཟུང་འཛᨑན་ གཉིས་བཅོམ་ མཁྱེན་པ་ གཉིས་ལྡན་ རྟག་ཆད་ གཉིས་འདས་ གཞི་དང་འབྲས་བུའི་ གཉིས་དཔལ་མཆོག །སངས་རྒྱས་ཀྱི་དགོངས་པ་ མ་ལུས་འདུས་ཤིང་ སྤྱོད་ཡུལ་ ཡང་དག་ འཁྲུལ་པའི་ ཟོལ་མེད་པ། །བཅོམ་ལྡན་བདེ་གཤེགས་དྲུག་པ་ཀུན་བཟང་ལ། །གུས་གདུང་དད་པའི་སྒོ་ནས་ཕྱག་འཚལ་ལོ། ༈ །བདག་ཉིད་རྣལ་འབྱོར་ཨོ་རྒྱན་པད་འབྱུང་གིས། །རྡོ་རྗེ་ཐེག་པ་ཚེ་གཅིག་ཐོབ་བྱེད་ལམ། ཕྱི་རབས་རྣལ་འབྱོར་ལས་ལྡན་དᨖན་ཆེད་དུ། ཉམས་ལེན་ལམ་རིམ་རིན་ཆེན་སྒྲོན་མེ་བྲི། ༈ །གནས་ ལུགས་འཁྲུལ་ལུགས་ངོ་ཡིས་བཟུང་བ་ནི༔ གཉིས་མེད་ལྷུན་གྲུབ་ཀ་དག་ཡེ་སངས་རྒྱས༔ སྙིང་པᨖ་མ་རིག་ལས་ཉོན་ལོག་སྡུག་བསྔལ༔ ༈ ཕུན་སུམ་ཚᨖགས་ལྔས་བསྒྲུབ་གཞི་བཟུང་བ་ནི༔ བྲག་ནགས་དུར་ཁྲོད་ཕུག་སᨖགས་སྐྱོན་ཡོན་བརྩི༔ དད་གུས་དབང་དམ་ཤེས་རབ་གདིང་དང་ལྡན༔ ཚེས་སྐར་གཟའ་བཟང་ཡར་ངོའི་སྔ་གོང་འཇུག༔ ཟས་སྨན་མཆོད་སྐོང་སྒྲུབ་པའི་རྫས་རྣམས་གསᨖས༔ མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདᨖན་ནོ༔ ༈ རྣལ་འབྱོར་སྲུང་བའི་འཁོར་ལོའི་རིམ་པ་ནི༔ ལུས་ཅན་རྣམས་ཀྱིས་བྱང་ཆུབ་མཆོག་ཐོབ་བསྒོམ༔ ལྷ་མཚན་རྡོ་རྗེ་འཁོར་ལོའི་མཚན་མས་བསྲུང༔ ལུས་ངག་སེམས་གསུམ་སྐུ་གསུང་ཐུགས་ཡིག་ བསམ༔ སྤྱན་རས་འཇམ་དཔལ་གང་ཡིན་ཡི་དམ་བསྒོམ༔ རྡོ་རྗེ་ས་ར་གུར་དང་མདའ་མེ་བསྒོམ༔ བྱ་བྱེད་ངོ་བᨖ་མི་དམིགས་ངང་བཞག་གོ༔ ༈ གནད་ལྔའི་སྒོ་ནས་ལམ་ལ་འཇུག་པ་ནི༔ ཐུན་མᨖང་ཁྱད་པར་བླ་མེད་གསུམ་སྐྱབས་འགྲᨖ༔ དཀར་དམར་ནག་གསུམ་བརྒྱ་བཟླས་མཆོད་དང་བསྐང༔ དལ་འབྱོར་ལས་འབྲས་མི་རྟག་ཉེས་དམིགས་བསྒོམ༔ སྒྲུབ་དང་མཆོད་པའི་མཎྜལ་གཉིས་སུ་འབུལ༔ སྣ་ཚᨖགས་ལམ་ཁྱེར་གཏོར་མས་ཚᨖགས་གཉིས་བསགས༔ རྒྱུན་གཏོར་གསུམ་བདུན་བཅུ་གཅིག་ལ་སᨖགས་བཏང༔ རྣམ་དག་བདུན་དང་ཕྱི་ནང་གསང་མཆོད་དབུལ༔ དེ་རྣམས་གསང་སྔགས་ལམ་གྱི་སྔོན་འགྲᨖ་ཡིན༔ ༈ བསླབ་པ་གསུམ་ལ་ལམ་གཞི་བཅའ་བ་ནི༔ མི་མཐུན་སྤོང་སེམས་མཉམ་འཇོག་རང་ངོ་ཤེས༔ ཤཱི་ལ་ས་མཱ་ཏི་པྲཛྙ་ཤིཀྵ་ཎ༔ སྣོད་སྦྱོར་ལོག་ཞུགས་ཁྱད་པར་ཐབས་ཀྱིས་ཟིན༔ བདེན་པའི་དᨖན་མཐོང་གོམས་འདྲིས་དེ་མི་འདའ༔ གཉེན་པᨖའི་དབང་གིས་བརྒྱད་ཁྲི་བཞི་སྟོང་གསུངས༔ སེམས་གསུམ་སྒོ་ནས་ལམ་ལ་གཟུད་པ་ནི༔ ཡིད་འོང་ཕ་མར་ཤེས་ཤིང་བདེ་ལྡན་བསྒོམ༔ སེམས་ཅན་ཕ་མ་སྡུག་བསྔལ་བྲལ་བར་བསམ༔ སངས་རྒྱས་ཐོབ་འདᨖད་ བསམ་པ་ལེན་དང་སྒྲུབ༔ སེམས་གསུམ་སྡེ་གསུམ་བསླབ་གསུམ་ཉམས་གསུམ་ཐུགས༔ ༈ ཁྱད་པར་གསང་སྔགས་ལམ་གྱི་ངོ་བᨖ་ནི༔ བུམ་གསང་ཡེ་ཤེས་བདེ་ཆེན་དབང་བཞི་བསྐུར༔ ༈ ཕྱི་ནང་སྣོད་བཅུད་གཞལ་ཡས་ལྷ་རུ་བསྐྱེད༔ སྐྱེ་འགགས་གཉིས་མེད་རང་བྱུང་མཐའ་ལས་འདས༔ ༈ གནད་གསུམ་གཅུན་པས་རྟོག་མེད་རང་གསལ་འཆར༔ ༈ སᨖ་སྤྱི་བᨖགས་གསང་ཡང་དག་ཁོ་ན་སྤྱོད༔ ༈ མཉམ་རྗེས་བཟའ་བཅའ་ བསྲུང་བའི་དམ་ལྔ་དབᨖག༔ དེ་རྣམས་གསང་སྔགས་ལམ་གྱི་ངོ་བᨖ་ཡིན༔ ༈ རྣལ་འབྱོར་ལྔ་ཡིས་ཉམས་སུ་བླང་བ་ནི༔ རྟོག་མེད་ཆོས་སྐུར་ཉལ་ལ་འཆི་རྟོག་སྦྱང༔ འགག་མེད་ལོངས་སྐུར་ལངས་ཏེ་སྐྱེ་རྟོག་སྦྱང༔ དབང་བཞིས་བདུད་རྩིར་བརླབས་ལ་བཟའ་བཏུང་རོལ༔ སྣ་ཚᨖགས་ཐབས་ཀྱིས་བཟུང་ལ་ལམ་དུ་བཏང༔ དྲོད་སྲོད་སྐྱེས་ཤར་འདའ་ཀ་བར་དᨖ་བསྟིམ༔ ༈ ལམ་དེའི་གེགས་བཞིའི་སྐྱོན་བསལ་བསྟན་པ་ནི༔ བྱིང་རྒོད་ཉམས་གསུམ་བཅོས་ལ་ལམ་དུ་བཏང༔ ནད་ཀྱི་གཞི་རྒྱུ་རྐྱེན་འབྲས་ངོས་བཟུང་བཅོས༔ སྤྲོས་བྲལ་ངང་བཞག་རྒྱུན་ཆད་སྐྱེ་དང་སེལ༔ གནོད་པའི་ཟས་བཟའ་འཁྲིག་བཅད་ལྟོས་མེད་བསྐྱུར༔ དཀར་དམར་ནག་པᨖའི་ཧཱུྃ་འཕྲོས་སྟེང་འོག་གདᨖན༔ རང་ལས་གཞན་མེད་ཡ་ང་ཁུ་འཕྲིག་བཅད༔ དམ་ཉམས་གྲᨖགས་གནས་ཟས་ཀྱི་གྲིབ་བཞི་བསལ༔ ༈ ལམ་དེའི་བᨖགས་འདᨖན་གནད་དུ་གཏོང་བ་ནི༔ སྐྱོན་གྱི་རྩ་བ་བདག་འཛᨑན་བླᨖ་ཡིས་བཏང༔ ཡོན་ཏན་གཞི་མ་ཉམས་ལེན་དྲག་པᨖ་བྱ༔ རང་གི་ལམ་ལ་བᨖགས་མེད་གཞན་གྱིས་འདᨖན༔ ཉོན་མᨖངས་གནད་ཀྱིས་གཟུང་ལ་ལམ་དུ་བཏང༔ རྣམ་རྟོག་ལམ་དུ་བཏང་ལ་བᨖགས་སུ་འདᨖན༔ དེ་རྣམས་ལམ་གྱི་ཆ་རྐྱེན་ཡན་ལག་ཡིན༔ ༈ ལམ་དེ་མཐར་ཕྱིན་མངོན་གྱུར་འབྲས་བུ་ནི༔ སྐུ་ལྔ་གསུང་ལྔ་ཐུགས་ཡོན་ཕྲིན་ལས་ལྔ༔ རྟེན་ཅན་རྟེན་མེད་ངོ་བᨖ་ཉིད་དᨖན་བྱེད༔ གཅིག་དང་ཐ་དད་གཉིས་སུ་མེད་པར་བཞུགས༔ གཟིགས་ཚུལ་གྲུབ་དང་མ་གྲུབ་བདེན་བརྫུན་བརྟག༔ ༈ ཚེ་འདིར་སངས་རྒྱས་ཐོབ་བྱེད་ཉེ་བའི་ལམ༔ རང་མཚན་མངོན་དུ་སྟོན་པ་ངེས་པའི་ཆོས༔ ཐབས་དང་ཤེས་རབ་གཉིས་ལྡན་ཤིང་རྟའི་སྲོལ༔ ཕམ་བྱེད་རྒྱལ་འགྱུར་བླ་མེད་ཐེག་མཆོག་གོ༔ ༈ འདི་སྦྱར་དགེ་བ་དྲི་མེད་རྣམ་དག་གིས༔ ལུས་ཅན་ཐམས་ཅད་སྨིན་གྲᨖལ་ལམ་ཞུགས་ཏེ༔ རང་ཆས་ཤེས་རྟོག་སྒྲིབ་དག་ཉེས་ཟད་ནས༔ ཡང་དག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག༔ གསང་སྔགས་ལམ་གྱི་རིམ་པ་རིན་པᨖ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སᨖ༔ ༈ ནང་བཤད་གསང་སྔགས་ལམ་རིམ་ས་བཅད་བཞུགས་སᨖ། །དཔལ་ཀུན་ཏུ་བཟང་པᨖ་ལ་ཕྱག་འཚལ་ལོ། །ནང་བཤད་གསང་སྔགས་ལམ་གྱི་རིམ་པ་འདི་ལ་དᨖན་གསུམ་སྟེ། ཀླད་ཀྱི་དᨖན་དང༌། གཞུང་གི་དᨖན་དང༌། མཇུག་གི་དᨖན་ནོ། །དང་པᨖ་ལ་གཉིས་ཏེ། གཉིས་བཅོམ་གཉིས་ལྡན་ ཕྱག་འཚལ་བ་དང༌། བདག་ཉིད་རྣལ་འབྱོར་ རྩོམ་པར་དམ་བཅའ་བའོ། །གཞུང་དᨖན་ལ་གསུམ་སྟེ། གཞི། ལམ། འབྲས་བུའོ། །གཞུང་གི་སྤྱི་དᨖན་དང་པᨖ་ལ་གཉིས་ཏེ། གནས་ལུགས་ གནས་ལུགས་དང་། སྙིང་པོ་མ་རིག་ འཁྲུལ་ལུགས་སོ། །གཞུང་གི་སྤྱི་དᨖན་གཉིས་པ་ལ་གསུམ་སྟེ༑ ལམ་གྱི་སྔོན་དུ་འགྲᨖ་བ་དང༌། ལམ་རང་གི་ངོ་བᨖ་དང༌། ལམ་གྱི་ཆ་རྐྱེན་བསྟན་པའོ། །དང་པᨖ་ལ་གསུམ་སྟེ། ཕུན་སུམ་ཚᨖགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་དང༌། བསྲུང་བའི་འཁོར་ལོའི་རིམ་པ་བསྟན་པ་དང༌། གནད་ལྔའི་སྒོ་ནས་ལམ་ལ་འཇུག་པར་བསྟན་པའོ། །དང་པᨖ་ལ་ལྔ་སྟེ། ཕུན་སུམ་ཚᨖགས་ལྔས་ གནས་གང་དུ་དང༌། དད་གུས་ གང་ཟག་གང་གིས་དང༌། ཚེས་སྐར་ དུས་གང་ལ་དང༌། ཟས་སྨན་ རྫས་གང་བསགས་པ་དང༌། མ་དྲེད་རྩེ་གཅིག་ ཐབས་ཇི་ལྟར་བསྒྲུབ་པའོ༑ ༑གཉིས་པ་སྲུང་འཁོར་ལ་དྲུག་སྟེ། རྣལ་འབྱོར་སྲུང་བའི་ བྱང་ཆུབ་སེམས་ཀྱི་སྲུང་བ་དང༌། ལྷ་མཚན་རྡོ་རྗེ་ མཚᨖན་ཆ་ལྔའི་སྲུང་བ་དང༌། ལུས་ངག་ཡིད་ ཡི་གེ་གསུམ་གྱི་སྲུང་བ་དང༌། སྤྱན་རས་འཇམ་དཔལ་ ཞི་དྲག་གསུམ་བརྩེགས་ཀྱི་སྲུང་བ་དང༌། རྡོ་རྗེ་ར་བ་ རང་བྱུང་ལྷུན་གྱིས་གྲུབ་པའི་སྲུང་བ་དང༌། བྱ་བྱེད་ དᨖན་དམ་མཚན་མ་མེད་པའི་སྲུང་བའོ། །གསུམ་པ་གནད་ལྔས་ཐེག་ཆེན་ལམ་དུ་འཇུག་པ་ལ་ལྔ་སྟེ། གནས་ལྔའི་ སྐྱབས་འགྲᨖས་ཆོས་ཀྱི་གཞི་གཏིང་བ་དང༌། དཀར་དམར་ནག་ ཡིག་བརྒྱས་སྒྲིབ་པ་སྦྱང་བ་དང༌། དལ་འབྱོར་ལས་འབྲས་ ལས་འབྲས་མི་རྟག་པ་སྒོམ་པ་ལ་བླᨖ་སྦྱངས་པ་དང༌། སྒྲུབ་དང་མཆོད་ མཎྜལ་དང་ སྒྲུབ་དང་མཆོད་ གཏོར་མ་བཏང་བས་ཚᨖགས་བསགས་པ་དང༌། རྣམ་དག་བདུན་ མཆོད་པ་ཕུལ་ལ་ཚᨖགས་ཡོངས་སུ་སྤེལ་བའོ། །གཉིས་པ་ལམ་རང་གི་ངོ་བᨖ་ལ་གཉིས་ཏེ། ཐུན་མᨖང་སྤྱི་ཡི་ལམ་དང༌། ཁྱད་པར་གསང་སྔགས་ཀྱི་ལམ་མᨖ། །དང་པᨖ་ལ་གཉིས་ཏེ། བསླབ་པ་གསུམ་ལ་ལམ་གྱི་གཞི་བཅའ་བ་དང་། སེམས་གསུམ་གྱིས་ལམ་གྱི་ཁ་བསྒྱུར་བའོ། །དང་པᨖ་ལ་ལྔ་སྟེ། བསླབ་པ་གསུམ་ ངོ་བᨖ་ངོས་བཟུང་བ་དང༌། ཤཱི་ལ་ས་མཱ་ མཚᨖན་བྱའི་སྒྲ་དᨖན་བཤད་པ་དང༌། གནོད་སྦྱོར་ལོག་ མཚན་ཉིད་ཀྱི་རང་ལྡོག་བསྟན་པ་དང༌། བདེན་པའི་དᨖན་མཐོང་ མཚན་གཞི་སྐྱེ་ ཚུལ་དང༌། གཉེན་པོའི་དབང་གིས་ གཉེན་པᨖའི་སྒོ་ནས་རྣམ་གྲངས་སུ་འགྱུར་ཚུལ་ལོ། །གཉིས་པ་སེམས་གསུམ་གྱིས་ལམ་གྱི་ཁ་བསྒྱུར་བ་ལ་བཞི་སྟེ། སེམས་གསུམ་སྒོ་ནས་ བྱམས་པ་དང༌། སེམས་ཅན་ སྙིང་རྗེ་དང༌། སངས་རྒྱས་ཐོབ་འདᨖད་ བྱང་ཆུབ་ཀྱི་སེམས་དང༌། སེམས་གསུམ་སྡེ་གསུམ་ དེ་དག་སྡེ་སྣོད་གསུམ་དུ་ངོས་བཟུང་ལ་བསླབ་པ་གསུམ་དུ་བསྟན་པའོ། །གཉིས་པ་གསང་སྔགས་རང་གི་ལམ་ལ་ལྔ་སྟེ། ཁྱད་པར་གསང་སྔགས་ རྒྱུད་སྨིན་པར་བྱེད་པ་དབང་དང༌༑ ཕྱི་ནང་ སྨིན་པ་གྲᨖལ་བར་བྱེད་པ་ལ་ལྟ་བ་དང༌། གནད་གསུམ་གཅུན་པས་ ལྟ་བ་གོམས་པར་བྱེད་པ་ལ་བསྒོམ་པ་དང༌། སᨖ་སྤྱིའི་བོགས་ དེ་དང་མི་འབྲལ་ཞིང་རྩལ་སྦྱོང་བ་ལ་སྤྱོད་པ་དང༌། མཉམ་རྗེས་བཟའ་བཅའ་ དེ་དག་ལས་མི་འདའ་བར་བྱེད་པ་ལ་དམ་ཚᨑག་གོ །གཉིས་པ་ལྟ་བ་ལ་གཉིས་ཏེ། ཕྱི་ནང་སྣོད་བཅུད་ བསྐྱེད་རིམ་སྦྱང་བ་དང༌། སྐྱེ་འགག་གཉིས་མེད་ རྫོགས་རིམ་བསྟན་པའོ། །གསུམ་པ་དེའི་ཆ་རྐྱེན་བསྟན་པ་ལ་གསུམ་སྟེ། རྣལ་འབྱོར་ལྔའི་ལམ་ཉམས་ལེན་གྱི་གནད་བསྟན་པ་དང༌། གེགས་སེལ་བཞིས་ལམ་གྱི་རྐྱེན་བསལ་བ་དང༌། བᨖགས་འདᨖན་བཞིས་ལམ་མཐར་འདᨖན་པའོ། །དང་པᨖ་ལ་ལྔ་སྟེ། རྟོག་མེད་ ཉལ་བའི་རྣལ་འབྱོར་དང༌། འགག་མེད་ ལྡང་བའི་རྣལ་འབྱོར་དང༌། དབང་བཞིས་ ཟ་བའི་རྣལ་འབྱོར་དང༌། སྣ་ཚᨖགས་ རྒྱུན་གྱི་རྣལ་འབྱོར་དང༌། དྲོད་སྲོད་ དུས་གནད་ཀྱི་རྣལ་འབྱོར་རོ། །གཉིས་པ་ལམ་གྱི་གེགས་བསལ་བ་ལ་བཞི་སྟེ། བྱིང་རྒོད་ ཏིང་ངེ་འཛᨑན་ཉམས་ཀྱི་གེགས་བསལ་བ་དང༌། ནད་ཀྱི་ ལུས་ན་ཚ་ སྡུག་བསྔལ་གྱི་གེགས་བསལ་བ་དང༌། རང་ལས་གཞན་མེད་ སེམས་རྣམ་རྟོག་ལྷ་འདྲེའི་གེགས་བསལ་བ་དང༌། དམ་ཉམས་ རྐྱེན་སྣང་གློ་བུར་གྲིབ་ཀྱི་གེགས་བསལ་བའོ། །གསུམ་པ་ལམ་གྱི་བᨖགས་འདᨖན་པ་ལ་གསུམ་སྟེ། ལམ་དེའི་ བᨖགས་མི་འབྱུང་བའི་སྐྱོན་བསལ་བ་དང༌། ཡོན་ཏན་ འབྱུང་བའི་གཞི་བཅའ་བ་དང༌། བᨖགས་ཇི་ལྟར་འདᨖན་པའི་ཐབས་སᨖ། །དེ་ལ་གཉིས་ཏེ། རང་ལ་གནས་པ་དེ་ལ་བᨖགས་འདᨖན་པ་དང༌། སྔར་མེད་གསར་དུ་སྐྱེས་པའི་ཉོན་མᨖངས་པ་རྣམ་རྟོག་བᨖགས་སུ་འདᨖན་པའོ། །དེ་ལ་གཉིས་ཏེ། ཉོན་མᨖངས་ ཉོན་མᨖངས་བᨖགས་སུ་འདᨖན་པ་དང༌། རྣམ་རྟོག་ རྣམ་རྟོག་བᨖགས་སུ་འདᨖན་པའོ། །གཞུང་གི་སྤྱི་དᨖན་གསུམ་པ་ཉམས་སུ་བླངས་ནས་མཐར་ཕྱིན་པའི་འབྲས་བུ་ལ་བཞི་སྟེ། སྐུ་ལྔ་ འབྲས་ཆོས་ངོས་བཟུང་བ་དང༌། རྟེན་ཅན་རྟེན་མེད་ འགྲᨖ་དᨖན་བྱེད་ཚུལ་དང༌། གཅིག་དང་ཐ་དད་ དགོངས་པ་ལ་བཞུགས་ལུགས་དང༌། གཟིགས་ཚུལ་ གདུལ་བྱ་ལ་ཐུགས་རྗེས་འཛᨑན་ཚུལ་ལ་གཞན་གྱི་ལོག་རྟོག་དགག་པའོ༑ ༑སྤྱི་དᨖན་གསུམ་པ་མཇུག་གི་དᨖན་ལ་གསུམ་སྟེ། ཚེ་འདིར་ ཆོས་ཀྱི་ཆེ་བ་བསྟན་པ་དང༌། འདི་སྦྱར་དགེ་བ་ དགེ་བ་ཐམས་ཅད་མཁྱེན་པར་བསྔོ་ཞིང༌། གསང་སྔགས་ལམ་གྱི་རིམ་ མཚན་རྫོགས་ཚུལ་དང་བཅས་པ་བསྟན་པའོ། །ནང་བཤད་གསང་སྔགས་ལམ་རིམ་གྱི་བསྡུས་དᨖན་རྫོགས་སᨖ། ༈ །གསང་སྔགས་ལམ་རིམ་གྱི་སྙིང་པᨖ་སེམས་ཉིད་གཅེར་སྟོན་ལག་ཁྲིད་ལྔ་པ་བཞུགས་སᨖ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གུ་རུ་པདྨ་འབྱུང་གནས་ ཀྱིས་མཛད་པའི་མན་ངག །སེམས་ཉིད་གཅེར་སྟོན་གྱི་ལག་ཁྲིད་འདི་ལ་ལྔ་སྟེ། དང་པᨖ་རང་སེམས་ལྟ་རུ་གཞུག་པ། གཉིས་པ་མ་མཐོང་ན་སེམས་ངོ་བསྟན་པ། གསུམ་པ་མཐོང་བའི་དᨖན་ངོ་སྤྲོད་པ། བཞི་པ་དེའི་རྒྱབ་སྐྱོར་བ། ལྔ་པ་ལ་བཟླ་བའོ། །དང་པᨖ་ནི། རང་གི་སེམས་གང་ཡིན་ལྟོས་ལ། ལན་གཅིག་ཁྱེར་ལ་ཤོག །བྱས་པས། སེམས་སྟོང་པ་ཉིད་ལྟ་རྒྱུ་མེད་པ་གཅིག་འདུག་ཟེར་ན། མ་མཐོང་བ་ཡིན། སྣང་བ་ཐམས་ཅད་སེམས་སུ་འདུག་ཟེར་ནའང་། སེམས་ཀྱི་སྤྱི་རིག་ཙམ་མཐོང་བ་ཡིན་གྱིས། ད་ལྟ་བའི་རང་སེམས་ངོས་མ་ཟིན་པ་ཡིན། ནམ་མཁའ་དང་ས་གཞི་རི་བᨖ་ལ་སᨖགས་པ་གང་ནས་བཙལ་ཡང་མི་རྙེད་དᨖ། །གཉིས་པ་སེམས་ངོ་བསྟན་པ་ནི། སེམས་ཀྱི་སྤྱི་རིག་ཙམ་གྱིས་མཐོང་བའི་གོ་མི་ཆོད་དᨖ། །ད་ལྟ་གང་ཤར་དེ་ངོས་ཟིན་དགོས་པ་ཡིན། ད་ཐབས་སྒྲ་དེ་སེམས་སུ་ཤར་བ་ཡིན་ཏེ། ངས་སེམས་གང་ཡིན་ལྟོས་ཤིག་བྱས་པ་ཁྱོད་ཀྱི་སེམས་སུ་ཤར་བ་ཡིན་ཏེ། ཁྱོད་རང་གང་ཡིན་ལྟ་བ་པᨖ་དེ་རང་སེམས་ཡིན་ནོ། །བྱས་ལ། མ་དང་བུའི་དཔེས་ངོ་སྤྲད་དᨖ། །དེ་ཡང་སེམས་ལ་ལྟོས་ཤིག་ཅེས་པའི་སྒྲ་དེས་སེམས་ལ་ཚུར་བལྟས་སམ། སེམས་ཀྱིས་སྒྲ་ཕར་བཟུང་ངམ༑ སྒྲ་སེམས་དབྱེར་མེད་དུ་འདུག་ལྟོས་ཤིག །བྱས་ལ་དྲི། སྔ་མ་གཉིས་པᨖ་ལྟར་ཟེར་ན། མ་གོ་བ་ཡིན། དབྱེར་མེད་དུ་འདུག་ཟེར་ན། གོ་བ་ཡིན་པས་ངོ་སྤྲད་པར་བྱའོ། །དེ་བཞིན་དུ་གཟུགས་ལ་སᨖགས་པ་ཡུལ་ལྔ་ཀ་ སེམས་སུ་ངོ་སྤྲད་དᨖ། །གསུམ་པ་མཐོང་བའི་དᨖན་ངོ་སྤྲོད་པ་ལ་གསུམ་སྟེ། རྣམ་པ་རང་གྲᨖལ། གཤིས་ཡེ་གྲᨖལ། ངོ་བᨖ་གཉིས་མེད་དུ་ངོ་སྤྲད་པའོ། །དང་པᨖ། གང་ཡིན་ལྟ་བ་པᨖའི་སེམས་དེ་རང་དུ་འདུག་གམ། གཞན་དུ་འདུག་དྲི། གཞན་དུ་འདུག་ཟེར་ན། མ་གོ་བ་ཡིན། རང་དུ་འདུག་ཟེར་ན། ངོ་མཐོང་བ་ཡིན་པས་ངོ་སྤྲད་དᨖ། །གཞན་མ་ཡིན་པར་ཐག་བཅད་ལ། རང་སྣང་ལ་གཞུག་པས་རང་གྲᨖལ་དུ་ཤེས་འགྲᨖ་བ་ཡིན་ནོ། །རང་དུ་ཤེས་པས་གཞན་འཛᨑན་གྱི་རྟོག་པ་མི་སྐྱེ་བ་ནི་རང་གྲᨖལ་གྱི་གནད་ཡིན་ནོ། །གཉིས་པ། ཡེ་གྲᨖལ་ངོ་སྤྲད་པ་ནི། ལྟ་བ་ལྟར་སྣང་བའི་སེམས་དེ་སྣང་བ་རང་རྒྱུད་དུ་བདེན་པ་གཅིག་འདུག་གམ། ངོ་བᨖ་སྟོང་པར་འདུག་དྲི། རང་རྒྱུད་དུ་འདུག་ཟེར་ན། མ་གོ་བ་ཡིན། སྟོང་པར་འདུག་ཟེར་ན། ཚུར་བཀུག་ནས་སྟོང་པར་འདུག་གམ། ཡལ་བའི་རྗེས་ལ་སྟོང་པར་འདུག་གམ། དེ་ཀ་རང་སྟོང་པར་འདུག་དྲི། སྔ་མ་གཉིས་པᨖ་ལྟར་ཟེར་ན། མ་གོ་བ་ཡིན། དེ་ཀ་རང་སྟོང་པར་འདུག་ཟེར་ན། ངོ་བᨖ་མཐོང་བ་ཡིན་པས་ངོ་སྤྲད་དᨖ། །སྣང་བ་རང་རྒྱུད་པ་བདེན་པ་མིན་པར་ཐག་བཅད་ལ་སྟོང་པ་ཉིད་ལ་གཞུག་པས་ཡེ་གྲᨖལ་ཤེས་འགྲᨖ་བ་ཡིན་ནོ། །སྟོང་པར་ཤེས་པས་སྣང་བ་ལ་བདེན་འཛᨑན་མི་སྐྱེ། དེ་ཀ་ཡེ་གྲᨖལ་གྱི་གནད་ཡིན་ནོ། །གསུམ་པ། གཉིས་མེད་ངོ་སྤྲད་པ་ནི། སྟོང་པ་ཅང་མེད་ཅིག་འདུག་གམ། གསལ་རིག་དང་བཅས་པ་གཅིག་འདུག་གམ་དྲི། ཅང་མེད་གཅིག་འདུག་ཟེར་ན། མ་གོ་བ་ཡིན། གསལ་རིག་ཅན་འདུག་ཟེར་ན། གསལ་བ་དང་སྟོང་པ་ཐ་དད་དུ་འདུག་གམ། གཅིག་ཏུ་འདུག་དྲི། ཐ་དད་དུ་འདུག་ཟེར་ན། མ་གོ་བ་ཡིན། གཅིག་ཏུ་འདུག་ཟེར་ན། ངོ་བᨖ་མཐོང་བ་ཡིན་པས་ངོ་སྤྲད་དོ། ། སྣང་སྟོང་ཐ་དད་དུ་མེད་པར་གཉིས་མེད་ལ་གཞུག་པས་གཉིས་མེད་དུ་ངོ་ཤེས་འགྲᨖ་བ་ཡིན་ནོ། །གཉིས་མེད་ལ་གནས་པས་གཉིས་འཛᨑན་གྱི་རྟོག་པ་མི་སྐྱེ། དེ་ཀ་ལ་གཉིས་མེད་རྟོགས་ཟེར་བ་ཡིན་ནོ། །བཞི་པ་རྒྱབ་སྐྱོར་ལ་གསུམ་སྟེ། རང་གྲᨖལ་གྱི་རྒྱབ་སྐྱོར་བ། རྣམ་པའི་ཆོས་ཐམས་ཅད་ཀྱི་གཤིས་ལ་ཡེ་ཡིན་ཡེ་གྲᨖལ་ལ་འདའ་བ་མེད་དེ། བྱ་གར་འཕུར་ཡང་ནམ་མཁའ། མི་གར་ཕྱིན་ས་སྟོང་ལས་མི་འདའ་བ་བཞིན་དུ་དང་། ཡེ་གྲོལ་གྱི་རྒྱབ་སྐྱོར་བ། ཆོས་ཐམས་ཅད་ཀྱི་གཤིས་ལ་ཡེ་ཡིན་ཡེ་གྲོལ་ལས་འདའ་ས་མེད་དེ། གསེར་གླིང་ན་གསེར། ཆུ་གླིང་ན་ཆུ་ལས་འདའ་ས་མེད་པ་ལྟ་བུ་དང༌། གཉིས་མེད་ཀྱི་རྒྱབ་སྐྱོར་བ་ལ། ཆོས་ཐམས་ཅད་ཀྱི་ངོ་བᨖ་ལ་གཉིས་མེད་ལས་འདའ་ས་མེད་དེ། ཆུ་ལ་གཤེར་བ། མེ་ལ་ཚ་བ་ལས་འདའ་ས་མེད་པ་ལྟ་བུ་ནི། ལྟ་བའི་སྐབས་སུ་ཤེས་པར་བྱའོ། །ལྔ་པ། ལ་བཟླ་བ་ལ་གསུམ་སྟེ། ཀ་དག །ལྷུན་གྲུབ། ཀུན་གྱི་བདག་ཉིད་དུ་ལ་བཟླ་བའོ། །དང་པᨖ་ལ་གསུམ་སྟེ། སེམས་ཀྱི་རྩལ་སྣང་འགག་མེད་དུ་ཤར་བ་ལ་གཞན་གྱི་རྟོག་པ་ཀ་ནས་དག་པ་ནི་ཡེ་ཤེས་ཀ་དག །ཤར་ཚད་ཀྱི་རང་བཞིན་སྟོང་པ་ལ་དངོས་པᨖ་རང་རྒྱུད་ཀྱིས་བདེན་པ་ཀ་ནས་དག་པ་ནི་དབྱིངས་ཀ་དག ། ངོ་བᨖ་སྣང་སྟོང་གཉིས་མེད་ལ་ཐ་དད་ཀྱི་གཉིས་ཆོས་ཀ་ནས་དག་པ་ནི་གཉིས་མེད་ཀ་དག་གོ །གཉིས་པ་ལྷུན་གྲུབ་ལ་གསུམ་སྟེ། སེམས་ཀྱི་རྩལ་སྣང་སྣ་ཚᨖགས་སུ་འཆར་བ་ལ་གཞན་ནས་བཙལ་མི་དགོས་ཏེ། སེམས་རང་ཤར་བ་ནི་ཆོས་ཅན་ལྷུན་གྲུབ། ཤར་ཚད་ཀྱི་རང་བཞིན་སྟོང་པ་ལས་གཞན་ནས་བཙལ་མི་དགོས་ཏེ། ཤར་བ་པᨖ་རང་སྟོང་པ་ནི། ཆོས་ཉིད་ལྷུན་གྲུབ། ངོ་བᨖ་སྣང་སྟོང་གཉིས་མེད་ལ་བཙལ་མི་དགོས་ཏེ། གང་སྣང་བ་དེ་དག་རང་གཉིས་སུ་མེད་པ་ནི་གཉིས་མེད་ལྷུན་གྲུབ་བᨖ། །གསུམ་པ་ཀུན་གྱི་བདག་ཉིད་དུ་གནས་པ་ནི། ཆོས་ཐམས་ཅད་ནི་རང་གི་སེམས་ཡིན་ལ། སེམས་ཀྱི་རྣམ་པ་ཅིར་ཡང་མ་འགགས་པ། གཤིས་ཅིར་ཡང་མ་གྲུབ། ངོ་བᨖ་ཅིར་ཡང་མ་གྲུབ་པ། གཞི་སྟོང་པ། ངོ་བᨖ་ཅིར་ཡང་མི་རྟོག་པ། དེ་ཆོས་ཐམས་ཅད་ཀྱི་བདག་ཉིད་དོ། །དེ་ཀ་གཞི་སྣང་སྟོང་གཉིས་མེད་ཀྱི་བདག་ཉིད་དུ་བསྟན་ཏེ། རྣམ་པ་ཅིར་ཡང་མ་འགགས་པ། གཞི་སྣང་བ་གཤིས་ཅིར་ཡང་མ་གྲུབ་པ། གཞི་སྟོང་པ་ངོ་བᨖ་ཅིར་ཡང་མི་རྟོག་པ། གཞི་གཉིས་མེད་ཀྱི་བདག་ཉིད་དོ། །དེ་ཀ་ལྟ་བ་བསྐྱེད་རྫོགས་གཉིས་ཀྱི་བདག་ཉིད་ཀྱང་ཡིན་ཏེ། མ་འགགས་པ་བསྐྱེད་རིམ། མ་གྲུབ་པ་རྫོགས་རིམ། མི་རྟོག་གཉིས་མེད་དᨖ། །བསྒོམ་པ་ཞི་གནས་ལྷག་མཐོང་གི་བདག་ཉིད་ཀྱང་ཡིན་ཏེ། མ་འགགས་པ་ལྷག་མཐོང༌། མ་གྲུབ་པ་ཞི་གནས་སོ། །མི་རྟོག་པ་གཉིས་མེད་དོ། །འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཀྱང་ཡིན་ཏེ། མ་འགགས་པ་ལོངས་སྐུ། མ་གྲུབ་པ་ཆོས་སྐུ། མི་རྟོག་པ་སྤྲུལ་སྐུའོ། །མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་ཀྱང་ཡིན་ཏེ། མ་འགགས་པ་ཅི་སྙེད་པ། མ་གྲུབ་པ་ཅི་ལྟ་བ། མི་རྟོག་པ་གཉིས་མེད་དུ་མཁྱེན་པའོ། ། སྤངས་རྟོགས་ཕུན་སུམ་ཚᨖགས་པ་ཡང་ཡིན་ཏེ། མ་འགགས་པ་རྟོགས་པ། མ་གྲུབ་པ་སྤངས་པ་ཕུན་སུམ་ཚᨖགས་པའོ། །དེ་ལྟར་ཤེས་པས་འཁོར་འདས་སྐྱོན་ཡོན་ལྷ་འདྲེ་ལ་སᨖགས་པ་མཉམ་པ་ཉིད་དུ་ལ་བཟླ་བ་ཡིན་ཏེ༑ སྣང་བ་མ་འགག་པར་རང་སྣང་དུ་མཉམ། མ་གྲུབ་པ་སྟོང་པར་མཉམ། ངོ་བᨖ་མི་རྟོག་པར་གཉིས་མེད་དུ་མཉམ་མᨖ། །དེ་ཙམ་ན་སྣང་ཚད་གཞི་དངོས་པᨖའི་གནས་ལུགས། ལྟ་བ་བསྐྱེད་རྫོགས་ཀྱི་ཡོ་ལངས། སྒོམ་པ་ཞི་གནས་ལྷག་མཐོང་གི་རང་བཞིན། འབྲས་བུ་སངས་རྒྱས་སྐུ་གསུམ་གྱི་དཀྱིལ་འཁོར་ལས་མི་འདའ་སྟེ། རང་སྣང་རང་ངོ་ཤེས་ནས་གཞན་སྣང་གི་རྟོག་པ་མེད། རང་སྟོང་རང་ངོ་ཤེས་ནས་དངོས་པᨖ་རང་རྒྱུད་པའི་བདེན་འཛᨑན་བྲལ། གཉིས་མེད་རང་ངོ་ཤེས་ནས་ཐ་དད་གཉིས་འཛᨑན་མེད། དེ་ཙམ་ན་སྟོང་པ་རྒྱུ་འབྲས་སུ་འཆར་བ་ཐམས་ཅད་མཁྱེན་པའི་ཁྱད་ཆོས། རྒྱུ་འབྲས་སྟོང་པར་རྟོགས་པས་མཉམ་པ་ཉིད་ཆེན་པᨖར་ལ་བཟླའོ། །ཆོས་ཐམས་ཅད་སྣང་ཙམ་དུ་ཡོད་པ་ཀུན་རྫོབ་བདེན་པའི་ཕོ་སྒོ། བདེན་མེད་དངོས་སུ་གྲུབ་པ་མེད་པ་དᨖན་དམ་བདེན་པའི་རང་གཞུང༌། ཆོས་ཐམས་ཅད་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན། ཆད་པ་ཡང་མ་ཡིན། སྐྱོན་ཡེ་དག །ཡོན་ཏན་ཡེ་རྫོགས། མཐའ་ཡེ་བྲལ། གཉིས་མ་གྲུབ་པའི་གཉིས་མེད། ཟུང་མ་རྙེད་པའི་ཟུང་འཇུག །མཐའ་མ་རྙེད་པའི་མཐའ་བྲལ། བཟང་ངན་མ་རྙེད་པའི་ཀུན་ཏུ་བཟང་པᨖ། བཙལ་མི་དགོས་པའི་ལྷུན་གྲུབ། འཁྲུལ་པ་མེད་པའི་ཀ་དག་གོ །བར་ལག་ཐམས་ཅད་རྨིངས་ནས་འགྱེལ། འགྲམ་རྡོ་ཐམས་ཅད་རྩད་ནས་ཐོན། ཐམ་ཐུམ་ཐམས་ཅད་གཅིག་ཏུ་འདྲེས། འཁོར་འདས་ཀྱི་ཆོས་ཐམས་ཅད་གདᨖད་ནས་རྣམ་པར་གྲᨖལ་བ་མིན་པ་གཅིག་ཀྱང་མེད་དᨖ། །སེམས་ཉིད་གཅེར་སྟོན་གྱི་ལག་ཁྲིད་ལྔ་པ། གསང་སྔགས་ལམ་གྱི་རིམ་པ་རིན་པᨖ་ཆེ་གསལ་བའི་སྒྲོན་མེའི་ཁྲིད་ཆུང༌ ཨྠ ི། ༈ །གསང་སྔགས་ལམ་གྱི་རིམ་པའི་དᨖན་ཁྲིད་ངོ་སྤྲོད་དུ་གདབ་པ་རྒད་པᨖ་མཁར་ཚུགས་དང་རྒན་མᨖ་མཛུབ་ཚུགས་ཀྱི་གདམས་ངག་བཞུགས་སᨖ། །ན་མᨖ་གུ་རུ། སློབ་དཔᨖན་པདྨ་འབྱུང་གནས་ལ། རྔོག་ཤེས་རབ་རྒྱལ་པᨖ་ཞེས་བྱ་བ། ལོ་དྲུག་ཅུ་ལོན་པ༑ ཐོས་པ་མ་བྱས་པ། དད་པ་དང་ལྡན་པ་གཅིག་གིས། བྲག་པᨖ་ཆེའི་དབེན་རྩ་རུ། སློབ་དཔᨖན་ལོ་གཅིག་བཞུགས་ཏེ། རྔོག་གིས་ཀྱང་ཆོས་ཞུ་མ་བྱས། སློབ་དཔᨖན་གྱིས་ཀྱང་ཆོས་བཤད་མ་བྱས་པར། ལོ་གཅིག་ན་སློབ་དཔᨖན་བཞུད་པར་དགོངས་པ་ལ། རྔོག་གིས་གསེར་སྲང་གང་གིས་མཎྜལ་གྱི་མེ་ཏོག་བྱས་ནས་སློབ་དཔᨖན་ལ་ཕུལ་ཏེ། ཞུས་པ། སློབ་དཔᨖན་རིན་པᨖ་ཆེ་ལགས། བདག་ལ་ཐུགས་བརྩེ་བར་དགོངས་འཚལ། བདག་གཅིག་ཏུ་ཐོས་པ་ཆུང༌། གཉིས་སུ་ཤེས་རབ་ཆུང༌། གསུམ་དུ་ན་སᨖ་རྒས། སློབ་དཔᨖན་ཆེན་པᨖ། བདག་ལ་གོ་སླ་བ། སྒྲོ་འདᨖགས་ཆོད་པ། རྟོགས་པར་སླ་བ། ལྟ་ཁམས་ཆེ་བ། ཉམས་སུ་བླང་སླ་བ། རྒད་པᨖ་འཆི་ཁ་མའི་གདམས་ངག་ཅིག་ཞུ་འཚལ། ཞུས་པས། སློབ་དཔᨖན་གྱིས་རྒད་པᨖའི་སྙིང་གར་ཕྱག་འཁར་བཙུགས་ཏེ་གདམས་པ་ནི་འདིའོ། །ཉོན་ཅིག །རང་རིག་བྱང་ཆུབ་ཀྱི་སེམས་འདི་ལ་ལྟོས་དང༌། གཟུགས་དང་ཁ་དᨖག་ཏུ་གྲུབ་པ་མེད། ཕྱོགས་དང་རིས་སུ་ཆད་པ་མེད། མཐའ་དང་དབུས་སུ་གྲུབ་པ་མེད། དང་པᨖ་བྱུང་ས་མེད་དེ་སྟོང༌། བར་དུ་གནས་ས་མེད་དེ་སྟོང༌། ཐ་མ་འགྲᨖ་ས་མེད་དེ་སྟོང༌། སྟོང་པ་དེ་ག་ངོ་ཤེས་ན། རང་ངོ་རང་གིས་ཤེས་པ་ཡིན། ཆོས་ཀྱི་ཆོས་ཉིད་གོ་བ་ཡིན། སེམས་ཀྱིས་སེམས་མཐོང་བ་ཡིན། དངོས་པᨖའི་གནས་ལུགས་གཏན་ལ་ཕེབས་པ་ཡིན། རིག་པ་བྱང་ཆུབ་ཀྱི་སེམས་དེ་དངོས་པᨖ་ཅིར་ཡང་མ་གྲུབ་ཅིང༌། རང་བྱུང་རང་ལ་གནས་པས། གཞན་ནས་བཙལ་དུ་མེད་དེ། ཆོས་ཉིད་དᨖན་རྟོགས་པར་སླ། ཆོས་ཉིད་ཀྱི་དᨖན་ལ་རེ་དᨖགས་ཀྱི་འཛᨑན་པ་མེད་དེ། སེམས་རྟག་ཆད་ཀྱི་མཐའ་ལས་འདས། སངས་རྒྱ་རྒྱུ་མེད་དེ། སངས་རྒྱས་རང་གི་སེམས། དམྱལ་བར་འགྲᨖ་རྒྱུ་མེད་དེ། དམྱལ་བ་རང་གི་སེམས། སངས་རྒྱས་ལ་རེ་བ་མེད་དེ། རང་གིས་རང་སངས་རྒྱས། དམྱལ་བར་དᨖགས་པ་མེད་དེ། རིག་པ་རང་དག །ཆོས་ལ་བྱ་རྒྱུ་མེད་དེ། རིག་པ་ཆོས་ཉིད་རང་གསལ། ལྟ་བ་གནས་ལུགས་ཆེན་པᨖ་རང་ལ་ཡོད་པས། གཞན་ལ་བཙལ་དུ་མེད་པར་ཐག་བཅད་དᨖ། །དེ་ལྟར་རྟོགས་ནས་ཉམས་སུ་ལེན་པར་འདᨖད་ན། རང་གང་ན་འདུག་པ་དེ་ལུས་རི་བᨖའི་དགོན་གནས་ཡིན་པས། ཕྱི་སྣང་བ་ལ་གང་སྣང་བ་རང་སྣང༌། གསལ་བ་རང་གསལ། སྟོང་པ་རང་སྟོང༌། རང་བྱུང་རང་ཞི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བཞག་གོ །དེ་ནས་ཕྱིའི་སྣང་བ་གྲᨖགས་སུ་ཤར་བས་སྣང་བ་རང་སར་དག །སྣང་བ་རང་སར་དག་པས་སྣང་བ་ལམ་དུ་ཁྱེར་ནས་ཉམས་སུ་བླང་བདེའོ། །ནང་སེམས་ལ་དྲན་པ་ཅི་ཤར་ཅི་འགྱུས་ཀྱང༌། དེའི་ངང་ལ་ངོ་བᨖ་མེད་དེ་སྟོང་པར་འདུག་པས་འགྱུ་དྲན་རང་སར་དག །སེམས་ལ་གསལ་ཐེབས་ལམ་དུ་སློང་བས་ཉམས་སུ་བླང་བདེའོ། །གསང་བ་ཉོན་མᨖངས་པ་གང་སྐྱེས་ཀྱང་ཉོན་མᨖངས་པ་ལ་བལྟས་ན་རྗེས་མེད་དེ། རང་བྱུང་རང་ཞི་ཉོན་མᨖངས་པ་ལམ་དུ་ཁྱེར་ནས་ཉམས་སུ་བླང་བདེའོ། །དེ་ལྟར་ཉམས་སུ་ལོན་ཙ་ན༑ སྒོམ་པ་ལ་ཐུན་བསྒོམ་བྱར་མེད། ཐམས་ཅད་གྲོགས་སུ་ཤར་ནས་ཉམས་ལ་གསལ་འགྲིབ་མེད། ཆོས་ཉིད་ཀྱི་ཡེ་ཤེས་ལ་རྒྱུན་ཆད་མེད། སྤྱོད་ལམ་ལ་སྤང་བླང་མེད། ཇི་ལྟར་འདུག་ཀྱང་ཆོས་ཉིད་ཀྱི་དᨖན་དང་འདུ་འབྲལ་མེད་དོ། །དེ་ལྟར་རྟོགས་ཙམ་ན། འབྱུང་བའི་ལུས་རྒས་ཀྱང་བྱང་ཆུབ་ཀྱི་སེམས་ལ་རྒས་རྒྱུ་མེད། དབང་པᨖ་རྣོ་བརྟུལ་མེད་དᨖ། །རྣམ་རིག་གི་རྟེན་ལུས་ཞིག་ཀྱང༌། རིག་པ་ཡེ་ཤེས་ཆོས་ཀྱི་སྐུ་ལ་རྒྱུན་ཆད་ མེད་པས་མི་འགྱུར་ཞིང་བརྟན་པ་ཐོབ་པས། ཚེ་ལ་རིང་ཐུང་མེད་དᨖ། །ཆོས་ཉིད་ཀྱི་དᨖན་ལ་ཕྱོགས་རིས་མེད་པས། དᨖན་དེ་གོ་བས་ཐོས་པ་ལ་ཆེ་ཆུང་མེད་དᨖ། །རྒད་པᨖ་ཡང་དག་པའི་ལམ་དེའི་དᨖན་ཉམས་སུ་ལོངས་མཛོད་ཅིག །ཉམས་ལེན་རྒྱུད་ལ་འཁོལ་མཛོད། ཚᨑག་དང་དᨖན་དུ་མ་བྲལ་བར་མཛོད། བརྩོན་འགྲུས་ཀྱི་གྲᨖགས་དང་མ་བྲལ་བར་མཛོད། དྲན་པའི་རྩིས་ཟིན་པར་མཛོད། ལོང་གཏམ་དང་འཆལ་གཏམ་ལ་མ་དགའ་བར་མཛོད། ཐ་མལ་གྱི་བླᨖ་དང་བྲལ་བར་མཛོད། བུ་ཚ་བᨖ་ལ་ཞེན་པ་མ་ཆེ་བར་མཛོད། བཟའ་བཏུང་ལ་སྲེད་པ་མ་ཆེ་བར་མཛོད། ཐ་མལ་པ་ཤི་བ་ལ་སᨖམས་མཛོད། ཚེ་ལ་ལོང་མེད་བརྩོན་འགྲུས་བསྐྱེད་མཛོད། རྒས་པᨖ་འཆི་ཁ་མའི་གདམས་ངག་མཛོད་ཅིག །གསུངས་ནས་རྒད་པᨖའི་སྙིང་ཁར་ཕྱག་འཁར་བཙུགས་ནས་གདམས་པས། རྔོག་ཤེས་རབ་རྒྱལ་པᨖ་གྲུབ་པ་ཐོབ་བᨖ། །རྒད་པᨖ་འཁར་བཙུག་གི་གདམས་པ་སངས་རྒྱས་ངོ་སྤྲོད་ཅེས་བྱ་བ། ཕྱི་རབས་ཀྱི་དᨖན་དུ་མཁར་ཆེན་བཟའ་མཚᨖ་རྒྱལ་གྱིས་ཡི་གེར་བཀོད་པའོ། །དགེའོ། ༈ །ན་མᨖ་གུ་རུ། སློབ་དཔᨖན་པདྨ་འབྱུང་གནས་རྒྱལ་པᨖ་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་ནས། བྲག་དམར་བསམ་ཡས་ན་བཞུགས་པའི་དུས་སུ། དད་ལྡན་བཟའ་དགེ་ལྡན་མ་ཞེས་བྱ་བ། རྒན་མᨖ་དད་པ་ཆེ་བ། སློབ་དཔᨖན་ལ་ཤིན་ཏུ་མᨖས་པ་གཅིག་ཡོད་པ་དེས། གཡོག་མᨖ་མར་གོང་བཟའ་རིན་ཆེན་མཚᨖ་ཞེས་བྱ་བ་ལ། ནངས་པར་ཆབ་ཞོ་ ཞལ་བུ་རེ་ལ་རྒུན་འབྲུམ་གྱི་ཕྱེ་ཚུམ་རེ་བཏབ་ནས། སློབ་དཔᨖན་ལ་དྲང་དུ་བཏང་ངོ༌། །དེ་ནས་སློབ་དཔᨖན་བསམ་ཡས་སུ་བཞུད་པའི་ལམ་ཁར་རྒན་མᨖས་ཕྱག་དང་བསྐོར་བ་བྱས་ནས་ཞུས་པ། སློབ་དཔᨖན་ཆེན་པᨖ་ལགས། སློབ་དཔᨖན་ནི་བཞུད་ཁ་མ། རྒན་མᨖ་འཆི་ཁ་མ། བདག་གཅིག་ཏུ་བུད་མེད་ཀྱི་ལུས་ཐོབ་པས་སྐྱེ་བ་དམན། གཉིས་སུ་བླᨖ་དམན་པས་ཤེས་རབ་དང་ཐོས་པ་ཆུང༌། གསུམ་དུ་ན་སᨖ་རྒས་ཤེས་པ་རྨུགས་ནས་མིག་མི་གསལ་བས། སློབ་དཔᨖན་ཆེན་པᨖས་རྒན་མᨖ་ལ། ཚེགས་ཆུང་བ་གོ་སླ་བ། ཉམས་སུ་བླང་བདེ་བ་དᨖན་ཆེ་བ། རྒན་མᨖ་འཆི་ཁ་མའི་གདམས་ངག་གཅིག་ཞུ་འཚལ། ཞུས་པས། སློབ་དཔᨖན་གྱི་ཞལ་ནས། རྒན་མᨖ་ཁྱོད་སུ་ཡིན་གསུངས་པས། རྒན་མᨖས་ཞུས་པ། ཁོལ་མᨖ་ངན་མ་འདི། ནངས་པར་གྱི་རིགས་ལ། ཆབ་ཞོ་ཞལ་བུ་རེ་འདྲེན་དུ་བཏང་བ་དེ་ལགས། ཞེས་ཞུས་པས། སློབ་དཔᨖན་གྱི་ཞལ་ནས། ཁྲི་སྲོང་ལྡེའུ་བཙན་བས་ཀྱང་དད་པ་ཆེ་བ་གཅིག་དེ་ཡིན་ཨང་གསུངས་ནས། རྒན་མᨖ་དཔᨖན་གཡོག་ལ་གདམས་པ་བཏབ་པ། རྒན་མᨖ་སྐྱིལ་ཀྲུང་ཆོས་ལ། ལུས་དྲང་པᨖར་བསྲང་ལ། དར་ཅིག་སེམས་ཀློད་ལ་ཞོག་ཅིག །གསུངས་ནས། སློབ་དཔᨖན་གྱིས་རྒན་མᨖའི་སྙིང་གར་མཛུབ་མᨖ་བཙུགས་ཏེ་གདམས་པ་བཏབ་པ་ནི་འདིའོ། །རྒན་མᨖ་ཉོན་མཛོད་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང༌། ཁམས་གསུམ་གྱི་སེམས་ཅན་གཉིས་ལ་ཁྱད་ཅི་ ཡོད་བྱས་ན། སེམས་རྟོགས་མ་རྟོགས་གཉིས་ལས་མེད། སེམས་ཉིད་ཀྱི་དᨖན་རྟོགས་པས་སངས་རྒྱས། མ་རྟོགས་པས་འཁོར་བར་འཁྱམས་པ་ཡིན། སངས་རྒྱས་ཀྱི་ཡེ་ཤེས་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ཡིན། དེ་ཡང་སངས་རྒྱས་ཀྱི་རྒྱུ་དེ་སེམས་ཅན་ཐམས་ཅད་ལ་ཡོད། སྒོས་དལ་འབྱོར་ཐོབ་པའི་མི་ལ་ཡོད་དེ། དེ་ཡང་སྐྱེས་པ་ལ་སངས་རྒྱས་ཀྱི་རྒྱུ་ཆེ་ལ། བུད་མེད་ལ་སངས་རྒྱས་ཀྱི་རྒྱུ་ཆུང་བ་མེད། དེས་ན་སྐྱེ་བ་བུད་མེད་དུ་སྐྱེས་ཀྱང་འགལ་བ་མེད་དᨖ་གསུངས། དེ་ལ་ཡེ་ཤེས་དེ་རྟོགས་ཤིང་ཤེས་པར་བྱེད་པ་ལ། སངས་རྒྱས་ཀྱིས་ཆོས་ཀྱི་སྒོ་མᨖ་བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང༌། དེའི་དᨖན་ཤེས་པར་བྱེད་པ་ལ། བླ་མའི་གདམས་ངག་གི་ཚᨑག་གསུམ་དུ་འདུས་པས། བླᨖ་དམན་ཞིང་ཤེས་རབ་ཆུང་ཡང་མི་ལྟོ་གསུངས། དེ་ལྟར་ཆོས་ཉིད་ཀྱི་དᨖན་སངས་རྒྱས་ཀྱི་དགོངས་པ་ཚᨑག་གསུམ་ནི། ཕྱི་གཟུང་བའི་ཡུལ་དག་པས་སྣང་བ་རང་སར་གྲᨖལ༑ ནང་འཛᨑན་པའི་སེམས་དག་པས་འཛᨑན་མེད་ཀྱི་རིག་པ་རང་སར་གྲᨖལ། བར་དུ་འོད་གསལ་ཉམས་དགའ་ནས་རང་ངོ་རང་གིས་ཤེས་པའོ། །དེ་ལ་ཕྱི་གཟུང་བའི་ཡུལ་ཇི་ལྟར་དག་ན། རིག་པ་བྱང་ཆུབ་ཀྱི་སེམས་འདི་ལ། རྣམ་རྟོག་གི་བླᨖས་མ་བསླད་པར་རང་གསལ་དུ་སྣང་བ་འདི་ལ་བཞག་པས། ཡུལ་སྣང་བ་ལ་འཛᨑན་པ་མ་ཞུགས་པས། སྣང་བ་གང་ལྟར་ཡང་དᨖན་དུ་བདེན་པར་མི་འཛᨑན་ཏེ། སྣང་བ་གང་ཡིན། ས་རྡོ་རི་བྲག ། རྩི་ཤིང་ནགས་ཚལ། ཁྱིམ་དང་མཁར། ནོར་དང་འབྲུ། དགྲ་དང་གཉེན། སྤུན་དང་གྲᨖགས། བུ་དང་ཁྱོ་ལ་སᨖགས་པ་གང་ལའང་བདག་ཏུ་འཛᨑན་པ་མ་ཞུགས། སྣང་ཡང་དᨖན་དུ་མི་འཛᨑན་ཅིང་ཞེན་པ་མེད་པ་དེ། ཕྱི་གཟུང་བའི་ཡུལ་དག་པ་བྱ་བ་ཡིན། གཟུང་བའི་ཡུལ་དག་པ་ཟེར་ནའང་མེད་བཞིན་མི་འགྲᨖ། ཞེན་པ་དང་འཛᨑན་པ་མེད་པ། གསལ་ལ་སྟོང་པ། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་ལྟར། སྣང་ཡང་གཟུང་རྒྱུ་དང་འཛᨑན་པ་མེད་དེ། སྟོང་པ་འདྲ་བས་སྣང་ཡང་རང་སར་སྟོང་པའོ། །ནང་འཛᨑན་པའི་སེམས་དག་པས་རིག་པ་རང་སར་གྲᨖལ་བའི་མན་ངག་ནི། སེམས་རྣམ་རྟོག་འགྱུ་བྱེད་ཀྱི་དྲན་པ་དང༌། དུག་ལྔ་གང་སྐྱེས་ཀྱང༌། གང་དྲན་པ་དེ་ལ་བླᨖས་མ་བཟུང་བས། འགྱུ་བ་རང་སངས་སུ་འགྲᨖ་བས་སྟོང་སྟེ། འགྱུ་བྱེད་ཀྱི་སྐྱོན་གྱིས་མ་གོས་པའོ། །ནང་རིག་པ་དྲི་མ་མེད་པ་ཟེར་ནས། བེམ་པᨖ་ས་རྡོ་ལྟར་འགྲᨖ་བ་མེད། རིག་པ་ལ་རྟོག་པའི་དྲི་མས་མ་འཛᨑན་པ་ལ་ཟེར་བ་ཡིན། དཔེར་ན་རིན་པᨖ་ཆེ་གསེར་གླིང་དུ་ཕྱིན་པ་འདྲ། གསེར་གྱི་གླིང་དུ་ཕྱིན་ཙམ་ན། ས་རྡོའི་མིང་ཡང་མེད་པ་བཞིན་དུ། རང་རིག་པའི་ཡེ་ཤེས་སུ་གྲᨖལ་ཙམ་ན། རྣམ་རྟོག་གི་མིང་ཡང་མེད་པ་ཡིན། གསུངས། བར་དུ་འོད་གསལ་ཉམས་དགའ་བའི་མན་ངག་ནི། དེ་ཉམས་སུ་བླངས་པའི་དུས་སུ། རང་རིག་པ་དྲི་མ་མེད་པ་ལ་ས་ལེ་སང་ངེ་ཧྲིག་གེ་བ་དེ་ཉམས་སུ་བླངས་པས། བདེ་བ་གསལ་ལ་མི་རྟོག་པ་གསུམ། ཞེན་འཛᨑན་དང་བླᨖ་ཡིས་ མ་བསླད་པའི་ཉམས་གཅིག་འོང་བས། དེ་སངས་རྒྱས་དགོངས་པ་ཡིན་པས་རང་ངོ་རང་གིས་ཤེས་པའོ། །དཔེར་ན་རང་གི་ཡིན་པ་ལ་འདི་ངའི་ཡིན་ཆེད་དུ་བསྒོམ་མི་དགོས། མ་ཡིན་སྙམ་པའི་རྣམ་པར་རྟོག་པ་གང་ཡང་མི་འཆར་རོ། །དཔེ་དེ་དང་འདྲ་བར་རང་གི་རིག་པ་ཆོས་ཉིད་ཡིན་པར་རང་གིས་ངོ་ཤེས་ཙམ་ན། འཁོར་བའི་ཆོས་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཡིན་སྙམ་དུ་བསྒོམ་མི་དགོས། མ་བསྒོམས་ཀྱང་ཆོས་ཉིད་ཀྱི་དᨖན་དང་མི་འབྲལ་ཏེ། མ་བསྒོམས་པའི་བསྒོམ་པ་བྱ་བ་ཡིན་ནོ། །གསུངས། ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པ་དེ། ཡེ་ཤེས་ཀྱི་བུ། རིག་པ་ཆོས་ཀྱི་དབྱིངས་ངོ་ཤེས་པས་རང་ངོ་རང་གིས་ཤེས་པ་བྱ་བ་ཡིན་ནོ། །དུས་དེ་ཙམ་ན། སྐྱེ་བ་ལ་མཐོ་དམན་མེད། བྱ་བ་ལ་ཆེ་ཆུང་མེད། བླᨖ་ལ་རྣོ་རྟུལ་མེད། ཤེས་རབ་ལ་ཆེ་ཆུང་མེད། ཐོས་པ་ལ་མང་ཉུང་མེད། ན་སᨖ་ལ་རྒས་གཞོན་མེད། ཤེས་པ་ལ་གསལ་མི་གསལ་མེད༑ ཚེགས་ཆུང་ལ་གོ་སླ་བ། ཉམས་ལེན་བདེ་ལ་དᨖན་ཆེ་བ། འཆི་བ་ལ་ཉམས་མི་ང་བ། རྒན་མᨖ། དེ་ལྟར་ཉམས་སུ་ལེན་མཛོད། ཚེ་ལ་ལོང་མེད་པས་རྩོལ་བ་བསྐྱེད་མཛོད། བུ་ཁྱོའི་ཁོལ་པᨖར་གླག་མེད་ལོ་སྟོང་བྱེད་པ་ལས༑ རིག་པ་སྐད་ཅིག་བསྒོམ་པས་སྐྱེད་ཆེ། བླ་མས་གདམས་པའི་བརྒྱག་མྱུར་དུ་ཐོན། ཚེ་འདིའི་བྱ་བ་ལ་ཟིན་དུས་མེད་པས་སྒོམ་སྒྲུབ་མཐར་ཕྱུང་མཛོད། རྒན་མᨖ་འཆི་ཁ་མི་འཚེར་བའི་སུན་མར་གདམས་པ་འདི་ཐོང་ མཛོད། ཅེས་གསུངས་ཏེ། རྒན་མᨖའི་སྙིང་གར་ཕྱག་མཛུབ་བཙུགས་ནས་གདམས་པ་བཏབ་པས། མིང་ཡང་རྒན་མᨖ་མཛུབ་བཙུག་གི་གདམས་པ་ཞེས་བྱའོ། །རྒན་མᨖ་དཔᨖན་གཡོག་གཉིས་གྲᨖལ་ཏེ་གྲུབ་པ་ཐོབ་བᨖ། །ཕྱི་རབས་ཀྱི་དᨖན་དུ་མཁར་ཆེན་བཟའ་མཚᨖ་རྒྱལ་གྱིས་ཡི་གེར་བཀོད་པའོ། །རྒན་མᨖ་མཛུབ་བཙུག་གི་གདམས་ངག་རྫོགས་སᨖ། ༈ །དེ་ལྟར་ཕྱི་ནང་གི་ལམ་གྱི་རིམ་པ་འདི་དག་སློབ་དཔᨖན་ཆེན་པᨖ་པདྨ་སཾ་བྷཱ་བའི་རྡོ་རྗེའི་གསུང་འཁྲུལ་མེད། ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་དང༌། གནུབས་སངས་རྒྱས་ཡེ་ཤེས་ནས་བཀའ་མའི་བརྒྱུད་པ་བར་མ་ཆད་པ་དང་། གཏེར་ཁ་གོང་འོག་གཉིས་དང༌། གཏེར་ཆེན་རྡོ་རྗེ་གླིང་པ་བཅས་ཀྱི་གཏེར་བྱོན་རྣམས་ ཚᨑག་དᨖན་འདྲ་བར་བཞུགས་པས་ཤིན་ཏུ་ཡིད་ཆེས་པའི་གནས་སུ་བཟུང་བར་བྱའོ། །འདི་དག་ལ་རང་འགྲེལ་དང༌། གདམས་པའི་ཆ་ལག་སᨖགས་ཀྱང་རྒྱས་པར་བཞུགས་སᨖ། །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།

[edit]

There are 7 subtexts included in this text

1
21-26
ཕྱི་ཆོས་མདོ་སྔགས་ཐུན་མོང་གི་ལམ་རིམ་རིན་ཆེན་སྤུངས་པ།
phyi chos mdo sngags thun mong gi lam rim rin chen spungs pa
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
2
26-30
ཕྱི་བཤད་རིན་ཆེན་སྤུངས་པའི་བསྡུས་དོན།
phyi bshad rin chen spungs pa'i bsdus don
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
3
30-31
ནང་བཤད་གསང་སྔགས་ལམ་རིམ་གྱི་ལོ་རྒྱུས།
nang bshad gsang sngags lam rim gyi lo rgyus
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
4
31-35
གསང་སྔགས་ལམ་གྱི་རིམ་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ།
gsang sngags lam gyi rim pa rin po che gsal ba'i sgron me
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
5
35-38
ནང་བཤད་གསང་སྔགས་ལམ་རིམ་ས་བཅད།
nang bshad gsang sngags lam rim sa bcad
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
6
38-44
གསང་སྔགས་ལམ་རིམ་གྱི་སྙིང་པོ་སེམས་ཉིད་གཅེར་སྟོན་ལག་ཁྲིད་ལྔ་པ།
gsang sngags lam rim gyi snying po sems nyid gcer ston lag khrid lnga pa
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)
7
44-52
གསང་སྔགས་ལམ་གྱི་རིམ་པའི་དོན་ཁྲིད་ངོ་སྤྲོད་དུ་གདབ་པ་རྒད་པོ་མཁར་ཚུགས་དང་རྒན་མོ་མཛུབ་ཚུགས་ཀྱི་གདམས་ངག།
gsang sngags lam gyi rim pa'i don khrid ngo sprod du gdab pa rgad po mkhar tshugs dang rgan mo mdzub tshugs kyi gdams ngag
Text page
View PDF
པདྨ་འབྱུང་གནས་ (Pad+ma 'byung gnas)