DNZ-04-NGA-011

From Damngak Dzö
Revision as of 13:42, 31 January 2025 by Jeremi (talk | contribs)

DNZ-04-NGA-011
Wylie title DNZ-04-NGA-011.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 4, Text 11, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༄༅། །བཀའ་གདམས་ཐིག་ལེ་བཅུ་དྲུག་གི་སྒྲུབ་ཐབས་དབང་བསྐུར་བའི་ཆོ་ག་བཀླགས་ཆོག་ཏུ་བསྡེབས་པ་

ཐུགས་རྗེ་རྣམ་པར་རོལ་པའི་རྒྱན་ཅེས་བྱ་བ་བཞུགས་སᨖ། །

ན་མᨖ་གུ་རུ་བུདྡྷ་བᨖ་དྷི་སཏྭེ་བྷྱོཿ དྲི་མེད་བྱང་ཆུབ་སེམས་མཆོག་བདུད་རྩིའི་འོད། །གངས་ཅན་མུན་པའི་གཉེན་པᨖར་སྤྲོས་པ་ན། །ཕན་བདེའི་ཆུ་གཏེར་དགུང་དུ་བསྐྱེད་བསྲིང་བ། །དཔལ་ལྡན་ཨ་ཏི་ཤ་ལ་གུས་ཕྱག་འཚལ། །ཕྱག་ན་པདྨོ་བཤེས་གཉེན་སྐུར་བསྟན་པ། །རྒྱལ་བའི་འབྱུང་གནས་སྲས་སློབ་བརྒྱུད་པར་བཅས། །སྤྱི་བᨖར་མཆོད་ནས་གདམས་ངག་རིང་ལུགས་པའི། །ཐུགས་བཅུད་ཐིག་ལེ་བཅུ་དྲུག་འདི་རྨད་དᨖ། །བསྟན་པ་རིན་ཆེན་ལྷ་ཆོས་ཕུན་སུམ་ཚོགས་པའི་ཉམས་ལེན་གྱི་མན་ངག་ཐིག་ལེ་ཆེན་པᨖའི་དབྱིངས་སུ་བྱང་ཆུབ་ཀྱི་སེམས་གཉིས་སྤེལ་བའི་ཟབ་དᨖན་ལག་ཏུ་བླང་བ་ལ་གཉིས། རང་དᨖན་སྒྲུབ་པའི་ཉམས་ལེན་དང༌། གཞན་དᨖན་བྱིན་རླབས་དབང་བསྐུར་གྱི་ཆོ་གའོ། །དང་པᨖ་ནི། བྱིན་རླབས་དང་ལྡན་པའི་གནས་དབེན་པར་གཙང་ཞིང་དག་པའི་མཆོད་པ་དང༌། དཀར་གསུམ་གྱི་གཏོར་མ་བླ་མ་དཀོན་མཆོག་སྤྱི་ལ་གཅིག །ཆོས་སྲུང་ལ་གཅིག་བཅས་བཤམ། བདེ་བའི་སྟན་ལ་འཁᨖད་དེ༑ ངེས་པར་འབྱུང་བ་དང་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་ཡིད་ལ་བྱེད་པ་དང་མ་བྲལ་བས་སྒྲུབ་ཐབས་ཉམས་སུ་ལེན་པ་ལ་གསུམ། སྔོན་འགྲᨖ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པᨖ་ནི། བླ་མ་བརྒྱུད་པའི་གསᨖལ་འདེབས་རྒྱས་པར་ བྱས་ལ། སྐྱབས་འགྲᨖ་ནི། བདག་དང་འགྲᨖ་བ་ཁམས་གསུམ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པᨖ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདᨖད་ཆགས་དང་བྲལ་བ་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཆེན་པᨖ་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་བྱ༑ སེམས་བསྐྱེད་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསᨖལ། བདག་དང་མཁའ་མཉམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱིས། སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། བསྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པᨖ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པᨖ་རྣམས་ཀྱིས། དང་པᨖར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་ཏུ། བདག་སᨖགས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པᨖ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པᨖ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲᨖལ་བ་རྣམས་དགྲᨖལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ལན་གསུམ། མཆོད་པ་བྱིན་བརླབ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པᨖ་ངོ་བᨖ་ཐུབ་པ་དང་དབྱེར་མེད་པའི་ལོངས་སྐུ། གཡས་ནོར་བུའི་ཕྲེང་བ་དང༌། གཡོན་ཤེལ་གྱི་མཁར་བ་རྩེ་མᨖར་སངས་རྒྱས་སྟོང་གིས་མཚན་པ་འཛᨑན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པར་གྱུར། ༀ་བཛྲ་ཨ་མྲ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་པས་བསང༌། ༀ་སྭ་བྷཱ་བ་སᨖགས་ཀྱིས་སྦྱང༌། རང་གི་ཐུགས་ཀའི་ས་བᨖན་ལས་འོད་འཕྲོས། སྣོད་བཅུད་ཀྱི་མ་དག་པ་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ ༀ་ལས་བྱུང་བའི་རིན་པᨖ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མᨖ་ལ་སᨖགས་ པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པᨖའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཟད་མི་ཤེས་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་བཛྲ་ཨ?ཾ་ཨཱཿ ཧཱུྃ། ནས། ༀ་ཤབྡ་ཨཱཿ ཧཱུྃ། རྣམས་དང༌། ༀ་རཱུ་པ་ཨཱཿ ཧཱུྃ། ༀ་ཤབྡ་ཨཱཿ ཧཱུྃ། ༀ་གནྡྷེ་ཨཱཿ ཧཱུྃ། ༀ་ར་ས་ཨཱཿ ཧཱུྃ། ༀ་སྤརྴེ་ཨཱཿ ཧཱུྃ། ཞེས་པའམ། བསྡུ་ན། ༀ་བཛྲ་ཨ?ཾ་པཱདྱཾ་སᨖགས་ཕྱོགས་སུ་བསྡུས་པས་ཀྱང་རུང་ངོ༌། །གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་པ་དང༌། བཟླས་པའི་རྣལ་འབྱོར་རོ། །དང་པᨖ་ནི། ༀ་སྭ་བྷཱ་བ་སᨖགས། སྣོད་བཅུད་ཀྱིས་བསྡུས་པའི་བརྟན་གཡོའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ། པད་དཀར་འདབ་མ་སྟོང་ལྡན་གྱི་ལྟེ་བར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་འདᨖད་སྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་རྒྱན་རྟ་བབས་སᨖགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་སྟེང་དང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། འོག་སྔོན་པᨖར་གྱུར་པའི་ཁ་དᨖག་སᨖ་སᨖའི་རང་མདᨖག་ལྟར་འཆར་བ་ལ་རྣམ་པ་ཡི་གེའི་གཟུགས་ཅན་གྱིས་བར་མཚམས་མེད་པར་ཁྱབ་པ། ཁ་དᨖག་དང་དབྱིབས་རྣམས་མ་འདྲེས་པར་སᨖ་སᨖར་བཀྲ་བའི་སྟེང་གི་ཡི་གེ་ཐམས་ཅད་ༀ། ཤར་མ། ལྷོ་ཎི། ནུབ་པད། བྱང་མེ། འོག་ཧཱུྃ་དུ་སྣང་བའི་གཞལ་ཡས་ཁང་གི་དབུས་སུ་པཾ་དཀར་པᨖ་ལས་ནམ་མཁས་གར་ཁྱབ་ཏུ་ཁྱབ་པའི་པདྨ་དཀར་པᨖའི་སྟེང་དུ་ཨ་དཀར་པᨖ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁᨖར་པདྨའི་ལྟེ་བ་དང་མཉམ་པ། དེའི་སྟེང་དུ་ཧྲཱིཿ དཀར་པᨖ་ཡོངས་སུ་གྱུར་པ་ལས་ཐིག་ལེ་དཀར་པᨖ་ནམ་མཁའ་ལྟར་མཐའ་བྲལ་བའི་རང་བཞིན་ཅན། དེ་ཡོངས་སུ་གྱུར་པ་ལས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པᨖ་རྒྱལ་བ་རྒྱ་མཚོ་ནམ་མཁས་གར་ཁྱབ་སྐུས་ཁྱབ་པ། དབུ་བཅུ་གཅིག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ། རྩ་བའི་ཞལ་དཀར་པᨖ་གཡས་དམར་གཡོན་ལྗང༌། དེའི་སྟེང་གི་ཞལ་དབུས་ལྗང་གཡས་དཀར་གཡོན་དམར། དེའི་སྟེང་གི་ཞལ་དབུས་དམར་གཡས་ལྗང་གཡོན་དཀར་བ། དེའི་སྟེང་ན་ཁྲོ་ཞལ་ནག་པᨖ་མཆེ་བ་གཙིགས་པ། སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བརྫེས་པ། དེའི་སྤྱི་བᨖར་ཞི་བའི་ཞལ་དམར་པᨖ་གཙུག་ཏོར་ཅན། རྩ་བའི་ཕྱག་དང་པᨖ་གཉིས་ཐུགས་ཀར་ཐལ་མᨖ་སྦྱར་བ། གཡས་ཀྱི་གཉིས་པ་ན་བགྲང་ཕྲེང༌། གསུམ་པ་ན་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩི་འབབ་པའི་རྒྱུན་གྱིས་ཡི་དྭགས་རྣམས་ཚᨑམས་པར་བྱེད་པ། བཞི་པ་ན་འཁᨖར་ལོ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་རིལ་བ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛᨑན་པ། ཕྱག་ལྷག་མ་དགུ་བརྒྱ་དགུ་བཅུ་རྩ་གཉིས་པᨖ་ཐམས་ཅད་མཆོག་སྦྱིན་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། བ་སྤུའི་བུ་ག་རེ་རེ་ན་སངས་རྒྱས་ཀྱི་ཞིང་གྲངས་མེད་པ། དེ་རྣམས་ན་སངས་རྒྱས་བྱང་སེམས་མཐའ་ཀླས་པ་བཞུགས་པ། གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་སེམས་ཅན་གྱི་དᨖན་དཔག་ཏུ་མེད་པ་མཛད་པ། དེའི་ཐུགས་ཀར་ཐིག་ལེ་གཉིས་པ་སྟོང་གསུམ་མི་མཇེད་ཀྱི་ཐིག་ལེ་བཀོད་པ་སྔར་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ༀ་སེར་པᨖ་ལས་ཐུབ་པ་ཆེན་པᨖ་རྣམ་པར་སྣང་མཛད་གངས་ཆེན་མཚོ་སྤྲུལ་སྐུའི་ཆ་བྱད་ཅན། གཡས་སྐྱབས་སྦྱིན་དང༌། གཡོན་མཉམ་བཞག་མཛད་པ། གཡས་གཡོན་དུ་མཆོག་ཟུང་བཞེངས་ཏེ་བཞུགས་པ། བདེན་པ་བཞིའི་ཆོས་སྟོན་ཅིང་གནས་དུ་མར་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དᨖན་མཛད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་རང་དུ་མས་ཕོ་བྲང་དེའི་མཐའ་ངོས་ཁེངས་ཤིང༌། དེ་དག་ཐམས་ཅད་ཀྱི་གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་འཕྲོས་པས་འགྲᨖ་དྲུག་ཐམས་ཅད་ཀྱི་བག་ཆགས་དང་བཅས་པ་སྦྱོང་བར་མཛད་པ། དེའི་ཐུགས་ཀར་ཐིག་ལེ་གསུམ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿ དཀར་པᨖ་ཡོངས་སུ་གྱུར་པ་ལས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ཞལ་བཅུ་གཅིག །ཕྱག་བཞི་བཅུ་རྩ་གཉིས་པ། རྩ་ཞལ་གསུམ་དཀར་པᨖ་ཞི་ཞལ། དེ་སྟེང་གསུམ་སྔོན་པᨖ་ཁྲོ་ཞལ། དེ་སྟེང་གཉིས་དམར་པᨖ་ཁྲོ་ཞལ། དེ་སྟེང་གཉིས་སྔོན་པᨖ་ཞི་ཞལ། དེ་སྟེང་གཅིག་དམར་པᨖ་འོད་དཔག་མེད་པའི་དབུ་གཙུག་ཏོར་དང་ལྡན་པ། རྩ་བའི་ཕྱག་དང་པᨖ་གཉིས་ཐུགས་ཀར་ཐལ་མᨖ་སྦྱར་བ། གཡས་ཀྱི་འོག་མ་ཉི་ཤུ་ན་རིམ་པ་བཞིན་དུ། བགྲང་ཕྲེང་དང༌། འཁᨖར་ལོ་དང༌། མཆོག་སྦྱིན་གྱི་མཐིལ་ན་སྤྲུལ་སྐུ་དང༌། ནོར་བུ་དང༌། ལྷུང་བཟེད་དང༌། རྡོ་རྗེ་དང༌། ནོར་བུ་ཆུ་ཤེལ་དང༌། མདའ་དང༌། རྔ་ཡབ་དང༌། ཕུབ་དང༌། ཤེལ་གྱི་གདུབ་སྐོར་དང༌། པདྨ་སྔོན་པᨖ་དང༌། པདྨ་དམར་པᨖ་དང༌། ཚོན་སྣ་ལྔ་པའི་སྤྲིན་དང༌། མི་འཇིགས་པ་སྦྱིན་པའི་སྐྱབས་སྦྱིན་དང༌། རིན་པᨖ་ཆེ་དུང་དང༌། རལ་གྲི་དང༌། མདུང་ཐུང་དང༌། རིན་པᨖ་ཆེའི་རྒྱན་དང༌། མཁར་གསིལ་རྣམས་བསྣམས་པའོ། །གཡོན་གྱི་འོག་མ་ཉི་ཤུ་ན་རིམ་པ་བཞིན་དུ་པདྨ་དཀར་པᨖ་དང༌། གཞུ་དང༌༑ རིལ་བ་སྤྱི་བླུགས་དང༌། སྤྲུལ་སྐུ་དང༌། གླེགས་བམ་དང༌། གཞལ་མེད་ཁང་དང༌། དྲིལ་བུ་དང༌། ནོར་བུ་མེ་ཤེལ་དང༌། ལྕགས་ཀྱུ་དང༌། ཐོད་མཁར་དང༌། ཟ་མ་ཏོག་དང༌། མེ་ལོང་དང༌། དགྲ་སྟྭ་དང༌། བུམ་པ་དང༌། ལྕུག་མ་དང༌། རྡོ་རྗེ་ཐོ་བ་དང༌། རལ་གྲི་དང༌། རྒུན་འབྲུམ་དང༌། ལེ་བརྒན་པདྨ་དང༌། ཞགས་པ་རྣམས་བསྣམས་པ། དར་གྱི་ན་བཟའ་དང་རིན་པᨖ་ཆེའི་རྒྱན་དུ་མས་སྤྲས་པ། ཞབས་གཉིས་མཉམ་པར་བཞེངས་པ། གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་སེམས་ཅན་གྱི་དᨖན་དཔག་ཏུ་མེད་པ་མཛད་པ། དེའི་ཐུགས་ཀར་ཐིག་ལེ་བཞི་པ་གནས་ཁང་གི་ཐིག་ལེ་སྔར་ལྟ་བུའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་པའི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿ ལས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པ། ཞལ་འཛུམ་ཞིང་ཅུང་ཟད་འགྱིངས་པ་དབུ་སྐྲ་མཐིང་ག་དཔུང་པའི་ཐད་དུ་སླེབས་པ། ཕྱག་གཡས་ཤེལ་དཀར་གྱི་ཕྲེང་བ་དང་གཡོན་ཤེལ་གྱི་མཁར་བ་རྩེ་མᨖར་པདྨ་དཀར་པᨖ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་གདན་ལ་ཡུམ་ཆེན་མᨖ་གཡས་སུ་བླ་མ་མར་མེ་མཛད། གཡོན་དུ་རྒྱལ་བ་ཤཱཀྱ་ཐུབ་པ། འདབ་མ་སྟོང་ལ་སངས་རྒྱས་སྟོང་བཞུགས་པས་མཚན་པ་འཛᨑན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དེའི་ཐུགས་ཀར་ཐིག་ལེ་ལྔ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཨ་སེར་པᨖ་ལས་ཡུམ་ཤེར་ཕྱིན་མ་སྐུ་མདᨖག་སེར་མᨖ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པᨖས་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་དང་པᨖས་མཉམ་བཞག་མཛད་པ། གཡས་འོག་མས་རྡོ་རྗེ་དང་གཡོན་འོག་མས་གླེགས་བམ་འཛᨑན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ༑ འཁᨖར་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ། ཞལ་ནས་ཤེར་ཕྱིན་གྱི་སྒྲ་འུར་འུར་བ་གསུང་ཞིང་སྤྲོས་བྲལ་དུ་ངེས་པ་ལྷང་ལྷང་བསྐྱེད་པར་མཛད་པ། དེའི་ཐུགས་ཀར་ཐིག་ལེ་དྲུག་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མུཾ་སེར་པᨖ་ལས་ཐུབ་པ་བདུད་འདུལ་སྤྲུལ་སྐུའི་ཆ་ལུགས་ཅན། གཡས་ས་གནོན་དང་གཡོན་མཉམ་བཞག་མཛད་པ། འཁᨖར་ས་བཅུའི་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་བསྐོར་བ། དེའི་ཐུགས་ཀར་ ཐིག་ལེ་བདུན་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿ དཀར་པᨖ་ལས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། དང་པᨖ་གཉིས་ཐུགས་ཀར་ཐལ་མᨖ་སྦྱར་བ། ལྷག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛᨑན་པ༑ ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པ། འཁᨖར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་བརྒྱད་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཏཱྃ་ལྗང་གུ་ལས་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ཨུཏྤལ་མཐེབ་སྲིན་གྱིས་ཐུགས་ཀར་འཛᨑན་པ། འཁᨖར་ཞི་བའི་ལྷ་མᨖ་དཔག་ཏུ་མེད་པས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་དགུ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཏཱྃ་ལྗང་ནག་ལས་སྒྲོལ་མ་དྲག་མᨖ་ལྗང་ནག་ཞལ་གཅིག་ཕྱག་བཞི་མ། དང་པᨖ་གཉིས་གྲི་ཐོད། འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཱྃ་ག་འཛᨑན་པ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསᨖལ་ཞིང་གཡོན་བརྐྱང་གིས་བཞུགས་པ། འཁᨖར་ལྷ་མᨖ་དྲག་མᨖའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ཐམས་ཅད་ཀྱང་ཧཱུྃ་དང་ཕཊ་ཀྱི་སྒྲ་སྒྲོགས་པ། གར་སྟབས་ཀྱིས་ས་གཡོ་ཞིང་བསྐྱོད་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་པ་གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་དུ་ཧཱུྃ་མཐིང་ནག་ལས་མི་གཡོ་བ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཞིང་གཏུམ་པ། གཡས་རལ་གྲི་དང་གཡོན་ཞགས་པ་འཛᨑན་པ། སྦྲུལ་དང་རིན་པᨖ་ཆེས་བརྒྱན་ཅིང་གླང་ལྤགས་དང་སྟག་ཤམ་གསᨖལ་བ། གཡོན་བརྐྱང་གིས་ཚོགས་ཀྱི་བདག་པᨖའི་གདན་ལ་མེ་དཔུང་གི་དབུས་ན་ཁྲོ་བᨖའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་གཅིག་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུྃ་དཀར་པᨖ་ལས་མགོན་པᨖ་ཨ་ཏི་ཤ་ངོ་བᨖ་ཐུབ་པའི་དབང་པᨖ། རྣམ་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་རྡོ་རྗེ་དང་དྲིལ་བུ་འཛᨑན་པ། སྐྱིལ་ཀྲུང་གིས་བཞུགས་པ༑ དེའི་མདུན་དུ་ཐུབ་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། གཡས་སུ་སྤྱན་རས་གཟིགས། གཡོན་ཏུ་སྒྲོལ་མ། རྒྱབ་ཏུ་མི་གཡོ་བ། ཤར་ལྷོར་ཇོ་བᨖ་པཎྜི་ཏའི་ཆ་བྱད་ཅན། ལྷོ་ནུབ་ཏུ་འབྲོམ་དགེ་བསྙེན་གྱི་ཆ་བྱད་ཅན༑ ནུབ་བྱང་དུ་རྔོག་དང༌། བྱང་ཤར་དུ་ཁུ་སྟོན་གཉིས་བᨖད་སྟོན་རབ་ཏུ་བྱུང་བའི་ཆ་བྱད་ཅན། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་གཉིས་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿ དཀར་པᨖ་ལས་འབྲོམ་ཆོས་ཀྱི་རྒྱལ་པᨖ་ལོངས་སྐུའི་རྣམ་པ་ཅན་གར་ཆས་སུ་བཞུགས་པ། སྐུ་ཤེལ་ལྟར་དྭངས་ཤིང་གསལ་བའི་ངོས་ལ་དཀོན་མཆོག་གསུམ་གྱི་གཟུགས་བརྙན་ཇི་ལྟ་བ་བཞིན་ཏུ་འཆར་བ། དགུང་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། གཡས་པད་དཀར་དང་གཡོན་དྲིལ་བུ་འཛᨑན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་མདུན་ཏུ་ཕྱི་ལྟར་ན་རང་དང་ཆ་ལུགས་མཚུངས་པའི་ཁྱེའུ་དཀར་པᨖ་བཞི། གཡས་སུ་སེར་པᨖ་བཞི། གཡོན་དུ་ལྗང་གུ་བཞི། རྒྱབ་ཏུ་དམར་པᨖ་བཞི། ནང་ལྟར་ན་སྐུ་མཆེད་གསུམ་སᨖགས་དང༌། གསང་བ་ལྟར་ན་རིགས་ལྔའི་ངོ་བᨖ། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མ་རྣམས་དང༌། གསང་བ་ཡེ་ཤེས་སᨖགས་མཁའ་འགྲᨖའི་ཚོགས་དུ་མ་རྣམས་ཨོ་རྒྱན་གྱི་ཡུལ་དུ་མཛད་པ་ཇི་ལྟ་བ་བཞིན་གར་སྟབས་སྣ་ཚོགས་སུ་བསྒྱུར་བ། དེའི་ཐུགས་ཀར་ཐིག་ལེ་བཅུ་གསུམ་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མ་སེར་པᨖ་ལས་རྒྱལ་བ་བྱམས་པ་སེར་པᨖ་དགེ་སློང་གི་རྣམ་པ་ཅན། སྐུ་ལ་ཆོས་གོས་གསུམ་གསᨖལ་བ། མཚན་དཔེ་དང་ལྡན་པ། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་གཡོན་ན་ནམ་མཁའ་དྲི་མ་མེད་པ་དང༌། བཙུན་པ་སྤྱན་རས་གཟིགས་གཉིས་དགེ་སློང་གི་ཆ་བྱད་ཅན་བཞེངས་ཏེ་བཞུགས་པ། སྟེང་གི་ཆ་ལ་འཕགས་པ་ཐོགས་མེད་སᨖགས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། ཞལ་ནས་ཤེར་ཕྱིན་གྱི་བཀའ་ཟབ་མᨖ་རྣམས་སྒྲོག་ཅིང༌༑ དེའི་དᨖན་ལ་གཡེལ་བ་མེད་བཞིན་དུ་ལྷའི་གནས་ལ་སᨖགས་པར་སྤྲུལ་པ་དཔག་ཏུ་མེད་པ་འགྱེད་ཅིང་གདུལ་བྱ་རྣམས་ས་ལམ་ཕྱིན་ཅི་མ་ལོག་པ་ལ་འགོད་པར་མཛད་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་བཞི་པ་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་གདན་ལ་དྷཱིཿ ཡིག་གསེར་བཙོ་མ་ལྟ་བུ་ལས་འཇམ་དཔལ་དབྱངས་སེར་པᨖ་རབ་བྱུང་སྤྲུལ་སྐུའི་ཆ་ལུགས་གཙུག་ཏོར་ཅན། ཕྱག་གཉིས་ཆོས་འཁᨖར་གྱི་ཕྱག་རྒྱ་ཅན། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་ཏུ་ཇོ་བᨖ་དང་སྤྱན་རས་གཟིགས་གཉིས་རབ་བྱུང་གི་རྣམ་པ་ཅན། སྟེང་གི་ཆ་ལ་མགོན་པᨖ་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་ལ་སᨖགས་པ་ཟབ་མᨖ་ལྟ་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་སྤྲུལ་པ་དུ་མར་འགྱེད་པ༑ སླར་ཡང་མི་རྟོག་པའི་དབྱིངས་སུ་ཡལ་ཞིང་རང་རང་གི་སྐུའི་རྣམ་པ་ལམ་ལམ་འཆར་བས་བརྗོད་པ་དང་བཅས་པ་དང་བརྗོད་པ་མེད་པའི་ཆོས་སྣ་ཚོགས་སྟོན་པ། དེའི་ཐུགས་ཀར་ཐིག་ལེ་བཅོ་ལྔ་པ་གཞལ་ཡས་ཁང་ གི་ནང་དུ་སེང་གེས་བཏེགས་པའི་རིན་པᨖ་ཆེའི་ཁྲིའི་སྟེང་དུ་པདྨ་ཉི་མ་ཟླ་བའི་གདན་ལ་ཧཱུྃ་མཐིང་ནག་ལས་རྒྱལ་བ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་སྐུ་མདᨖག་སྔོན་པᨖ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛᨑན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་ཇོ་བᨖ་དང་སྤྱན་རས་གཟིགས་གཉིས་མཆོག་ཟུང་ལོངས་སྐུའི་ཆ་ལུགས་ཅན་རྡོར་དྲིལ་འཛᨑན་ཅིང་བཞེངས་པ། སྟེང་གི་ཆ་ལ་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མ་ཏེ་ལོ་ནཱ་རོ་སᨖགས་དང༌། ཡང་སྒོས་ནོར་བུའི་ཕྲེང་བའི་བླ་མ་བརྒྱུད་པ་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཅུ་དྲུག་པ་སྔར་ལྟ་བུའི་གཞལ་ཡས་ཁང་མཛེས་ཤིང་ཡིད་དུ་འོང་བ། སྟོབས་དང་མི་འཇིགས་པ་སᨖགས་ཀྱི་རང་བཞིན་ཅན་གྱི་དབུས་སུ་པད་ཟླའི་གདན་ལ་ཧཱུྃ་ཡིག་སེར་པᨖ་ཡོངས་སུ་གྱུར་པ་ལས་བདག་ཉིད་སངས་རྒྱས་ཆོས་ཀྱི་སྐུ་ཟག་པ་མེད་པའི་ཡེ་ཤེས་ཅན། རྣམ་པ་ལོངས་སྤྱོད་རྫོགས་སྐུ་ སྐྱིལ་ཀྲུང་དང་མཉམ་བཞག་གིས་བཞུགས་པ་སེར་པᨖ། ཆོས་ཀྱི་དབྱིངས་ལས་མི་གཡོ་བཞིན་ཏུ་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བའི་ངང་ནས་སྤྲུལ་སྐུ་དུ་མར་སྤྲུལ་ནས་གཞལ་ཡས་ཁང་དེར་གནས་པ་རང་ཉིད་གཙོ་བᨖའི་སྙིང་གི་དཀྱིལ་དུ་བྱང་ཆུབ་ཀྱི་ཐིག་ལེ་དྭངས་ཤིང་གསལ་བ་ཡུངས་འབྲུ་ཙམ་པ་དེ་རྒྱ་ཇེ་ཆེར་སᨖང་ནས་ནོར་བུ་རིན་པᨖ་ཆེའི་སྣོད་རྒྱ་ཆེ་ཞིང་དཔང་མཐོ་བ། དྭངས་ཤིང་འོད་འཚེར་བ། དེའི་ནང་དུ་རང་གི་སེམས་ཐིག་ལེ་སེར་པᨖ་སྲན་མ་ཙམ་དྭངས་ཤིང་འོད་འཚེར་བ་མེར་མེར་གཡོ་ཞིང་འདུ་བ་དེ་རྒྱ་ཇེ་ཆེར་སᨖང་བས་ཐིག་ལེ་རྒྱ་མཚོ་གསེར་བཙོ་མའི་མདᨖག་ལྟར་དྭངས་ཤིང་ཁᨖད་སྙོམས་པ། གཞི་བརྟན་པ། རྒྱ་ཆེ་བ། ཁྱབ་ཆེ་བ། གཟུགས་བརྙན་ཐམས་ཅད་འཆར་བའོ། །ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བᨖར་ༀ་དཀར་པᨖ། མགྲིན་པར་ཨཱཿ དམར་པᨖ། ཐུགས་ཀར་ཧཱུྃ་སྔོན་པᨖ་རྣམས་ཀྱིས་མཚན་པར་གྱུར། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལཱ་ཡ་སྟཾ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསᨖལ། ཞེས་གསᨖལ་བ་བཏབ་པས་དེ་རྣམས་ཀྱིས། ༀ་སརྦ་ཏ་ཐཱ་ ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་རང་རང་གི་ས་བᨖན་གྱིས་དབུ་བརྒྱན་པར་གྱུར། ཡན་ལག་བདུན་པ་འབུལ་བ་ནི། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སྐྱེ་གནས་འཇིག་པས་མ་གོས་པའི། །དྲི་མེད་མཆོད་ཚོགས་འབུལ་ལོ་ལྷ། །སྒོ་གསུམ་སྐྱེ་གནས་འཇིག་བྲལ་བའི། །ཉེས་པའི་གཡང་ས་མཐོལ་ལོ་བཤགས། ། སྟོང་ཡང་སྣ་ཚོགས་སྐུར་སྟོན་པས། །གྲངས་མེད་འདྲེན་ལ་རྗེས་ཡི་རང༌། །སྨོན་དང་མཚན་མས་སྟོང་པ་ཡི། །འཁᨖར་ལོ་དབྱིངས་སུ་བསྐོར་དུ་གསᨖལ། །སྐྱེ་བས་སྟོང་པའི་ཆོས་སྐུ་ཁྱེད། །ལྷུན་གྲུབ་གནས་པའི་རང་བཞིན་ལས༑ ༑གང་དུའང་འདའ་བར་མ་མཛད་ཅིག །དགེ་བ་འདི་ཡིས་འཁᨖར་བ་རྣམས། །འདི་འདྲར་རྟོགས་ཏེ་འདི་འདྲ་བའི། །གཞལ་ཡས་ཁང་དུ་འདྲོངས་གྱུར་ཏེ། །གསང་སྔགས་འདི་བཞིན་སྤྱོད་པརཤོག །འདི་ཕྱིན་གྱི་ཤོ་ལོ་ཀ་གསུམ་ཕལ་ཆེར་ལ་མེད་པས་མ་བརྗོད་ཀྱང་ཆོག །གནས་སྐབས་ཀྲི་ཡའི་ལྷ་ལྔ་བཞིན། །པད་དཀར་སྟོང་ལྡན་ལྟེ་བ་ལ། །ཟླ་བ་ཞུན་མའི་གདན་སྟེང་དུ། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །བསྐྱེད་རྫོགས་མཆོག་ཏུ་བསྔགས་པར་ཤོག །གློ་བུར་འདི་ཡང་ཆོས་དབྱིངས་ལས། །ཐ་དད་ཅི་ཡང་ཡོད་མ་མཆིས། །ཐ་དད་མེད་པར་ཕུན་ཚོགས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །གཙང་མ་རིགས་ཀྱི་བཀྲ་ཤིས་ཤོག །ཐོགམཐའ་བར་གསུམ་གཙང་མ་ལས། ། གཡོས་པ་མེད་པའི་བཀྲ་ཤིས་ཤོག །བསྡུ་ན་གོང་གི་འཕྲོས་སུ་བཟླས་པ་ལ་འཇུག་ཀྱང་ཆོག །ཅུང་ཟད་སྤྲོ་ན། མཆོད་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཨ?ཾ་གྱི་གནས་སུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤབྡ། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པ་རྣམས་སྦྱར། བསྟོད་པ་ནི། མ་དག་ཞིང་གི་འཇིག་རྟེན་ཇི་སྙེད་པ། །དག་པ་རབ་འབྱམས་ལྷ་ཡི་གཞལ་ཡས་སུ། །མངོན་པར་ལེགས་བསྒྱུར་བཅོམ་ལྡན་ཐུབ་པ་ཆེ། །རྗེ་བཙུན་ཕྱག་ན་པདྨོའི་ཚོགས་ལ་བསྟོད། །རྒྱལ་བ་ཀུན་གྱི་ཡུམ་ཆེན་ཤེར་ཕྱིན་མ། །སངས་རྒྱས་ཞི་དང་ཁྲོ་བᨖ་མཁའ་འགྲᨖའི་ཚོགས། །ཀུན་འདུས་བཀའ་གདམས་ལྷག་པའི་ལྷ་མཆོག་བཞི། །སྐྱབས་མཆོག་ཡི་དམ་ཆོས་སྐྱོང་རྣམས་ལ་བསྟོད། །རྒྱ་ཆེན་སྤྱོད་དང་ཟབ་མᨖ་ལྟ་བའི་ལམ། །ཉམས་ལེན་སྙན་བརྒྱུད་གདམས་པ་མཆོག་གི་གཏེར། །རྒྱུན་ཆད་མེད་པར་འཛᨑན་ཅིང་སྤེལ་མཁས་པ། །ལྷ་ཆོས་བདུན་ལྡན་བརྒྱུད་པ་རྣམས་ལ་བསྟོད། ། གདᨖད་ནས་རྣམ་དག་སྣང་སྟོང་དག་པའི་བཤིས། །བཞིན་ལེགས་མཚན་དཔེའི་འཇའ་ཚོན་རྣམ་བཀྲ་བ། །ཐབས་ཤེས་དབྱེར་མེད་མི་ཤིགས་རླུང་སེམས་ཟུང༌། །ཆེས་ཕྲ་ཐིག་ལེའི་རྣམ་པར་ཤར་ལ་བསྟོད། །ལྷ་ཆོས་བདུན་གྱི་ཉིང་ཁུ་ཐིག་ལེའི་ཆོས། །ཉམས་སུ་བསྟར་བས་ཚེ་འདིར་ཟུང་འཇུག་སྐུ། །མངོན་ཏུ་བྱས་ཏེ་དᨖན་གཉིས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །གཉིས་པ་བཟླས་པ་ནི། ཐིག་ལེ་བཅུ་དྲུག་གི་ ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རང་རང་གི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་མཆོད། སེམས་ཅན་གྱི་སྡིག་སྒྲིབ་རྣམས་སྦྱངས། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་འབེབས་པ་སᨖགས་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར་པར་བསམ་པའམ། ཡང་ན་ཐིག་ལེ་བཅུ་དྲུག་པᨖའི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོག་ཅིང་སྐུ་གསུང་ཐུགས་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས་འཕགས་པའི་ཚོགས་རྣམས་མཆོད། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་རྣམས་བྱང་ཞིང་དག །མཆོག་དང་ཐུན་མᨖང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་པར་བསམ་ལ། ༀ་མ་ཎི་པདྨེ་ཧཱུྃ། གཉིས་པ་ལ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། གསུམ་པ་ལ་མ་ཎི། བཞི་པ་ལ་མ་ཎི། ལྔ་པ་ལ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བᨖ་དྷི་ཡེ་སྭཱ་ཧཱ། དྲུག་པ་ལ་མུ་ནི། བདུན་པ་ལ་མ་ཎི། བརྒྱད་པ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དགུ་པ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། བཅུ་པ་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བཅུ་གཅིག་པ་ལ། ༀ་མ་ཧཱ་གུ་རུ་དྷཱི་པཾ་ཀ་ར་ཨ་ཏི་ཤ་སྭཱ་ཧཱ། སྤྲོ་ན་འཁᨖར་གྱི་བཀའ་གདམས་ལྷ་བཞིའི་སྙིང་པᨖའང་བཟླ་བར་གསུངས། བཅུ་གཉིས་པ་ལ་མ་ཎི་དང་། སྤྲོ་ན་རིག་གསུམ་མགོན་པᨖའི་སྔགས་ཀྱང་བཟླ་བར་གསུངས། བཅུ་གསུམ་པ་ལ། ༀ་མཻ་ཏྲི་ཡེ་སྭཱ་ཧཱ། བཅུ་བཞི་པ་ལ། ༀ་ཝཱ་གཱི་ཤྭ་རི་མུཾཿ དང༌། ཨ་བཟླའོ། །བཅོ་ལྔ་པ། ༀ་ཨཱ་བཛྲ་དྷྲཀ་ཧཱུྃ་ཧཱུྃ། བཅུ་དྲུག་པ་ལ། ༀ་ཨཱཿ ཧཱུྃ་དང༌། ༀ་དྷརྨ་ ཀཱ་ཡ་སིདྡྷི་ཧཱུྃ། ཞེས་པ་རྣམས་བཟླ། ཡང་ན་ཐམས་ཅད་ལ་ཡིག་དྲུག་ཁᨖ་ན་བཟླས་ཀྱང་ཆོག་པར་བཤད། འདི་ལ་གྲངས་བསྙེན་ཙམ་ལ་གཙོར་མི་བྱེད་ན་བཟླས་པའི་གཙོ་བᨖ་ཡིག་དྲུག་ཉིད་དུང་ཕྱུར་ལ་སᨖགས་དང་གཞན་རྣམས་ཅི་ནུས་སུ་བཟླས། གྲངས་བསྙེན་རབ་འབུམ་ཐེར་བདུན་སᨖགས་ནས་མ་མཐའ་ཁྲི་ཚོ་རེ་ཐིག་ལེ་བཅུ་དྲུག་པᨖ་སᨖ་སᨖར་བཟླ་དགོས་སᨖ། །གསུམ་པ་ལ་གཉིས། ཐུན་བསྡུ་བ་དང༌། ཐུན་མཚམས་ཀྱི་བྱ་བའོ། །དང་པᨖ་ནི། བཟླས་པའི་འཕྲོ་འཇོག་པ་ན་ཡི་གེ་བརྒྱ་མང་དུ་བཟླས་ལ། ཉེར་བསྡུ་ནི། རང་ཉིད་གཙོ་བᨖའི་ཐུགས་ཀར་ཐིག་ལེ་སེར་པᨖ་ཡུངས་འབྲུ་ཙམ་དྭངས་ཤིང་གསལ་བ་དེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ལྷའི་གཞལ་ཡས་ཁང་ལ་ཐིམ། ཐིག་ལེ་བཅོ་ལྔའི་བར་གྱི་ལྷ་དང་གཞལ་ཡས་ཁང་དེ་རྣམས་ཀྱང་རང་རང་གི་ཐིག་ལེར་གྱུར་ནས་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་ཐིམ་ནས་ཐིག་ལེ་སེར་པᨖ་སྲན་མ་ཙམ་ཞིག་ཏུ་གྱུར། དེ་ཉིད་སངས་རྒྱས་ཆོས་ཀྱི་སྐུའི་སྤྱི་བᨖའི་ༀ་ལ་ཐིམ། ༀ་ཡང་ཨཱཿ ལ་ཐིམ། ཨཱཿ ཡང་ཧཱུྃ་ལ་ཐིམ། ཧཱུྃ་ཡང་ཤིན་ཏུ་ཕྲ་བའི་རླུང་སེམས་བྱང་ཆུབ་ཀྱི་ཐིག་ལེ་ལ་ཐིམ་ནས་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་གྱུར། དེ་ནས་ཡུན་ཅི་གནས་སུ་མཉམ་པར་འཇོག །དེ་ལས་ལྡངས་པ་ན། སྟོང་པའི་ངང་ལས་རང་ཉིད་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པའི་སྤྱི་བᨖར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཅེས་བསྒོམ་ལ་སྤྱོད་ལམ་བྱའོ། །གཉིས་པ་གཏོར་མ་འབུལ་ན། གཏོར་མ་ཆབ་ཀྱིས་བྲན་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་པས་བསང༌། ༀ་སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པᨖ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར༑ ༀ་ཨཱཿ ཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་མཁའ་འགྲᨖ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས། ༀ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསᨖལ་བར་གྱུར། རྒྱས་པར་གོང་གི་སྔགས་མན་བཅུ་དྲུག་པᨖ་རེ་རེ་བཞིན་གཏོར་སྔགས་བཏགས་ལ་ཕུལ། བསྡུ་ན། ༀ་གུ་རུ་བུདྡྷ་བᨖ་དྷི་ས་ཏྭ་དྷརྨ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་ནམ་གསུམ་དང༌། ཁྱད་པར་དུ་ཇོ་བᨖ་བཀའ་གདམས་པ་རྣམས་ཀྱི་སྲུང་མ་དཀར་པᨖ་བརྒྱད་ཅུ་ལ་དམིགས་ཏེ། ཨ་ཀཱ་རོ་སᨖགས་གསུམ་གྱིས་ཕུལ། སླར་ཡང༌། ༀ་བཛྲ་ཨ?ཾ་སᨖགས་ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། ཕྱག་བྱར་འོས་པ་སᨖགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སᨖགས་ཀྱིས་ཕྲིན་ལས་བཅོལ། ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། ༀ་བཛྲ་མུཿ ས་གཤེགས་སུ་གསᨖལ། བཟང་པᨖ་སྤྱོད་པ་སᨖགས་བསྔོ་སྨོན་རྒྱས་བསྡུས་གང་ཡང་རུང་བ་བྱ། ཞལ་ནས་གསུངས་པའི་ཚᨑགས་སུ་བཅད་པའི་བཀྲ་ཤིས་ཀྱང་བརྗོད་དᨖ། །འདིར་ཡིག་ཆ་འགའ་ཞིག་ཏུ་ཅུང་ཟད་ཙམ་གྱི་འདྲ་མིན། ཐིག་ལེ་བཞི་ཡི་དབུ་རུ་བྱང་ཕྱོགས་ཀྱི་ཐིག་ལེ་གཞལ་ཡས་ཁང་དུ་པད་ཟླའི་སྟེང་ན་ཧྲཱིཿ དཀར་པᨖ་ལས་འབྲོམ་ཤེལ་གྱི་ཁྱེའུ་དཀར་པᨖ་ ཞི་ཞིང་འཛུམ་པ་དབུ་སྐྲ་མཐིང་ག་དཔུང་པའི་སྟེང་དུ་སླེབས་པ་སᨖགས་དང༌། ཐིག་ལེ་བཅུ་གཉིས་པར་མགོན་པᨖ་ཀླུ་སྒྲུབ་སེར་པᨖ་སᨖགས་ས་བᨖན་དང་མངོན་རྟོགས་གཞན་འདྲ་བ་དང༌། བཅུ་དྲུག་པར། དེའི་ཐུགས་ཀར་ཐིག་ལེ་བཅུ་དྲུག་པ་གཞལ་ཡས་ཁང་དབུས་སུ་པད་ཟླའི་སྟེང་ན་ཧཱུྃ་མཐིང་སྐྱ་ལས་སངས་རྒྱས་ཆོས་ཀྱི་སྐུ་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་པ་ཏིང་ངེ་འཛᨑན་གྱི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཤིན་ཏུ་ཕྲ་བའི་རླུང་སེམས་ཐིག་ལེ་དཀར་སེར་རྟེན་བརྟེན་པའི་རྣམ་པ་ཅན་ཡུངས་ཀར་གྱི་འབྲུ་ཚད་ཙམ་འོད་ཟེར་སྣ་ལྔའི་རང་བཞིན་ཅན་དུ་གྱུར། ཅེས་གསལ་བཏབ་ནས་གནས་གསུམ་བྱིན་བརླབ་བྱེད་པའི་ལུགས་དང༌། ཡང་ན། རྩ་བའི་ཡིག་རྙིང་བཀའ་གདམས་གླེགས་བམ་དངོས་སུ་བཞུགས་པ་ལས། ཐིག་ལེ་དང་པᨖ་འདྲ། ཐིག་ལེ་གཉིས་པར་མི་མཇེད་ཀྱི་བཀོད་པ་ཡིན་པས་ཐུབ་པ་ཉིད་ལེགས་ལ། ཡང་ན་གཙོ་བᨖར་ཐུགས་རྗེ་ཆེན་པᨖ་ཕྱག་སྟོང་སྤྱན་སྟོང་ངམ་རྩ་ཕྱག་བཞི་བཅུ་པར་བསྐྱེད་ནས་མ་ཎི་བགྲང་བའང་འགལ་བ་མེད་གསུངས། གསུམ་པར་རྩ་ཕྱག་བཞི་བཅུ་པར་དངོས་སུ་བསྟན་ཀྱང༌། ཡིག་རྙིང་རྣམས་སུ་མིང་ཙམ་ལས་གསལ་ཁ་མེད་སྟབས། འདིའི་ཆོག་ཁྲིགས་སྔ་མ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ལྔ་པ་ཆེན་པᨖ་བློ་བཟང་རྒྱ་མཚོ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཡོངས་འཛᨑན་ཡེ་ཤེས་རྒྱལ་མཚན། དངུལ་ཆུ་དྷརྨ་བྷ་དྲ་དང་ལྔ་པᨖས་ཀྱང་ཐིག་ལེ་དང་པᨖ་ཉིད་ཡང་བསྐྱར་དུ་བཀོད་མᨖད་གླེགས་བམ་རིན་པᨖ་ཆེའི་ཡིག་རྙིང་ཐུགས་དམ་ཇོ་བᨖ་ཡབ་སྲས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་གཏེར་ཞེས་པར་འདི་ལྟར་བཞུགས་པ་རྩ་བའི་དགོངས་པ་དང་མཐུན་པས་ལེགས་ལ། བཞི་པ་གནས་ཁང་གི་ཐིག་ལེ། ལྔ་པ། དྲུག་པ་རྣམས་འདྲ། བདུན་པར་ཕྱག་སྟོང་སྤྱན་སྟོང་རྩ་ཕྱག་ལས་གཞན་ཕྱག་ཞེ་གཉིས་ནས་ཀྱང་ཕྱག་མཚན་དུ་མ་འཛᨑན་པ་འཁᨖར་སᨖགས་འདྲ་བ། བརྒྱད་པ་ནས་བཅུ་དྲུག་གི་བར་དཀྱུས་སུ་བཀོད་པ་དང་འདྲ། འོན་ཀྱང་བཅུ་བཞི་པར་མགོན་པᨖ་ཀླུ་སྒྲུབ་ མངོན་རྟོགས་འཇམ་དབྱངས་ལྟར་ཡོད་ཀྱང་གོང་དུ་བྱམས་པ་ཡོད་པས་དཀྱུས་བཀོད་ཉིད་ལེགས་སྙམ། སྔགས་བཅུ་གཅིག་པ་དང་བཅུ་བཞི་པར་མ་ཎི་དང༌། བཅོ་ལྔ་བཅུ་དྲུག་གཉིས་ལ་འདི་བཟླ་ཞེས་མ་གསུངས་པ་རྣམས་ནི་ཁྱད་པར་ཏེ་ཞར་བྱུང་དུ་འཕྲོས་པའོ། །གཉིས་པ་གཞན་དᨖན་བྱིན་བརླབས་དབང་བསྐུར་གྱི་ཆོ་ག་བཤད་པ་ལ་གསུམ། སྦྱོར་བ་ཡོ་བྱད་གཤོམ། དབང་དᨖན་སྒྲུབ་ཅིང་མཆོད་པ། དབང་བསྐུར་རྗེས་ཆོག་དང་བཅས་པའོ། །དང་པᨖ་ནི། སློབ་དཔᨖན་རྣལ་འབྱོར་ལ་གོམས་པ་ཀློང་དུ་གྱུར་པས་བསམ་གཏན་གྱི་དཀྱིལ་འཁᨖར་ལ་བརྟེན་ཀྱང་ཆོག་མᨖད། ལས་དང་པᨖ་པའི་དཔᨖན་སློབ་ཚོགས་སྐབས་གཟུགས་བརྙན་གྱི་དཀྱིལ་འཁᨖར་ལ་བརྟེན་པ་ཉིད་ལེགས་པས། སྟེགས་གཙང་མའི་ཁར་རས་བྲིས་ཀྱི་དཀྱིལ་འཁᨖར་སྒོ་སྦྲགས་བཅུ་དྲུག་གི་ཕྱི་མ་ལ་རྒྱན་སᨖགས་སྤྱི་མཐུན་ལྟར་ལ། ལྷ་གནས་པདྨ་འདབ་བཞི་བྲིས་པའི་དབུས་སུ་མཉྫིའི་ཁར་རྣམ་རྒྱལ་བུམ་པ་བུམ་རྫས་ཉེར་ལྔས་བཀང་བ་དང་ཤར་དུ་ལས་བུམ་བཀོད། དཀྱིལ་འཁᨖར་གྱི་མཐར་མཆོད་པ་བདུན་ཚར་བཅུ་དྲུག་ལ་ཉུང་མཐར་བྱས་པ་དང༌། མདུན་དུ་དཀར་མངར་ལས་བཅོས་པའི་འབུལ་གཏོར་གཅིག་གམ། སྤྲོ་ན་མགྲᨖན་ཚན་བཅུ་དྲུག་ཆོས་སྲུང་བཅས་བཅུ་བདུན། འབྲིང་དུ་དཀར་གཏོར་ཆ་བཞི་བཤམ། རྡོར་དྲིལ། མཎྜལ། སྤོས། འཐོར་ནས་བཅས་ཉེ་བར་ཚོགས་པར་བྱའོ། །གཉིས་པ་ལ། བདག་མདུན་བུམ་གསུམ་ཆོ་ག་གཅིག་གིས་མཉམ་དུ་སྒྲུབ་པའི་ཚུལ་བཤད་པ་ནི། གོང་སྨོས་བསམ་གཏན་གྱི་དཀྱིལ་འཁᨖར་ལ་བརྟེན་པའི་དᨖན་འབྲེལ་བར་མངོན་ལ། སᨖ་སᨖར་སྒྲུབ་པ་ཉིད་གསང་སྔགས་གསར་མ་སྤྱི་ལུགས་དང་མཐུན་ལ་དམིགས་རྣམ་གསལ་བའི་ཁྱད་པར་གྱིས་ཕྱག་ལེན་དུ་མཛད་པ་ལེགས། དེ་ལའང་མདུན་བུམ་ཆབ་ཅིག་པ་དང་ཐ་དད་དུ་སྒྲུབ་ཚུལ་གཉིས་འབྱུང་བ་སᨖ་སᨖའི་མᨖས་པ་དང་བསྟུན་ཆོག་ཀྱང་ལྟ་བའི་གོ་བ་ཙམ་དང་དམིགས་པ་ཡིན་ལོ་ཙམ་གྱིས་ནི་བྱས་ལ་མ་བསགས་པའི་ལས་སུ་འགྱུར་ཉེན་ཆེ་བས། འདིའི་བློ་གྲᨖས་དམན་པ་ལ་ འཆར་བདེ་བའི་ལག་ལེན་ལྟར་ན་ལྔ། བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད། གཏོར་འབུལ། བདག་འཇུག་གོ །དང་པᨖ་ནི། བརྒྱུད་འདེབས་དང༌། སྐྱབས་སེམས་ནས་བརྩམ། བཟླས་པ་ཚང་བར་བྱས་ནས་ཡིག་བརྒྱ་བརྗོད། གཉིས་པ་ནི། མདུན་གྱི་དཀྱིལ་འཁᨖར། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༑ ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྣོད་བཅུད་ཀྱིས་བསྡུས་པའི་བརྟན་གཡོའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་ཞེས་པ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར་པར་བསམ་ལ། མ་ལུས་འགྲᨖ་བའི་རང་བཞིན་མངོན་ཏུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་པ། །རང་བྱུང་མཐའ་ཡས་འགྲᨖ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པᨖ་གཅིག་གྱུར་འདིར་གཤེགས་ཤིག །ༀ་སརྦ་ཏ་ཐཱ་ག་ཏ་ཨེ་ཧྱེ་ཧི་བྷཱ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས། ༀ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་ནས༑ ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། ཛཿ ཧཱུྃ་བྃ་ཧོཿ ཞེས་པས། ཡེ་ཤེས་པ་རྣམས་དམ་ཚᨑག་པ་སᨖ་སᨖ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རིགས་ལྔ་འཁᨖར་དང་བཅས་པ་སྤྱན་དྲངས། ༀ་པཉྩ་ཀུ་ལ་ས་པ་རི་བཱ་ར་ཨ?ཾ་ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསᨖལ། ཞེས་གསᨖལ་བ་བཏབ་པས། ཇི་ལྟར་བལྟམས་པ་སᨖགས་ནས། ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པ་བཟང་པᨖ་ལས་བྱུང་བའི་ཆུའི་རྒྱུན་གྱིས་སྤྱི་བᨖ་ནས་དབང་བསྐུར། ལུས་གང་དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་རང་རང་གི་ས་བᨖན་གྱིས་དབུ་བརྒྱན་པར་གྱུར་པར་བསམ། དེ་ནས་མཆོད་པ་འབུལ་བ་ནི། མདུན་བསྐྱེད་ཀྱི་མཆོད་པ་ཁ་གསᨖས་ལ་བདག་བསྐྱེད་ལྟར་བྱིན་བརླབས། དེ་ནས། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །སᨖགས་ཀྱིས་ཡན་ལག་བདུན་པ་སྔར་ལྟར་བྱ༑ དེ་ནས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མᨖ་སྤྲོས་ཏེ་མཆོད་པར་བསམ་ལ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །ཞེས་པའི་ཚᨑགས་བཅད་དམ། ཡང་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་པའི་ཚᨑགས་བཅད་དམ། ཡང་ན། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་མཆོད་ཡོན་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་བཀའ་དྲིན་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་ཏུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། ཞལ་བསིལ། བསང་གཏོར། ཞེས་པ་རྣམས་བཅུག་པ་དང༌། ཨ?ཾ་གྱི་གནས་སུ། པདྱཾ། ཨཉྩ་མ་ནཾ། ཏྲོ་ཀྵ་ཎཾ། རྣམས་བཅུག་སྟེ་ཆུ་བཞི་འབུལ། ལྷ་ཡི་མེ་ཏོག་དམ་པ་འདིས། །དཀྱིལ་འཁᨖར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་བརྩེ་བས་ཉེར་དགོངས་ལ༑ ༑མགོན་པᨖས་མཆོད་པ་འདི་བཞེས་ཤིག །ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། བདུག་སྤོས་ནས། རོལ་མᨖའི་བར་དང་། དྷུ་པེ་ནས། ཤབྡའི་བར་གྱིས་ཉེར་སྤྱོད་ལྔ་དང་རོལ་མོ་འབུལ། ཞིང་འདིར་འདᨖད་ཡོན་སྣ་ལྔ་ཡིས། །སᨖགས་ཀྱི་ འདᨖད་ཡོན་ལྔ་དང༌། ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། །སᨖགས་ཀྱིས་རིན་ཆེན་བདུན་དང༌། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པᨖ་ནི། །སᨖགས་ཀྱིས་རྫས་བརྒྱད་དང༌། སྣ་ཚོགས་དབང་པᨖའི་གཞུ་ལྟར་རབ་བཀྲ་ཞིང༌། །སᨖགས་ཀྱིས་ན་བཟའ་དང༌། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ལ། །སᨖགས་ཀྱིས་རྒྱན་འབུལ་བ་རྣམས་སྒྲུབ་མཆོད་དམིགས་སུ་བྱ་བའི་སྐབས་ནི་མཆོད་ཕྲེང་ཇི་ཙམ་རྒྱས་བཞིན་ལེགས་པས་ངེས་པར་དགོས་ལ། དབང་རྐྱང་ཙམ་ལ་སྐབས་དང་བསྟུན་ཆོག་ཅིང་མ་བྱས་ཀྱང་ཆད་སྐྱོན་མེད། དེ་ནས་བསྟོད་པ་ནི། མ་དག་ཞིང་གི་འཇིག་རྟེན་ཇི་སྙེད་པ། །ཞེས་པ་ནས། འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་པའི་བར་དང༌། སྤྲོ་ཞིང་ནུས་ན། རྒྱས་པར་ཐིག་ལེ་སᨖ་སᨖ་ལ་བསྟོད་པ་ནི། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲᨖ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་བསྟོད། །མཁའ་མཉམ་འགྲᨖ་ལ་མཁྱེན་བརྩེས་རབ་དགོངས་ནས། །གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ཤིང༌། །སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པ། །ཐུབ་དབང་གང་ཆེན་མཚོ་ལ་ཕྱག་འཚལ་བསྟོད། །ཕྱག་སྟོང་འཁᨖར་ལོས་སྒྱུར་བའི་རྒྱལ་པᨖ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པᨖའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཞི་འཛུམ་ཉམས་ལྡན་དབུ་སྐྲ་དཔུང་པར་སླེབ། །གཡས་གཡོན་ཕྱག་གིས་བགྲང་ཕྲེང་མཁར་བ་འཛᨑན། །ཞབས་གཉིས་འགྲᨖ་བའི་དᨖན་དུ་མཉམ་པར་བཞེངས། །སྤྱན་རས་ གཟིགས་དབང་འབྲོམ་ལ་ཕྱག་འཚལ་བསྟོད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བᨖ་ཉིད། །སᨖ་སᨖ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲᨖ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བᨖ་དེ་ལ་ཕྱག་འཚལ་བསྟོད། །ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །འགྲᨖ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ། །ལྷུན་གྲུབ་རྒྱུན་མི་འཆད་པའི་མཛད་པ་ཅན། །མགོན་པᨖ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །དབྱིངས་རིག་རྣམ་དག་པད་ཟླའི་གདན་སྟེང་ན། །མར་གད་མདᨖག་ཅན་ཞལ་གཅིག་ཕྱག་གཉིས་མ། །ལང་ཚོ་རབ་རྒྱས་གཡས་བརྐྱང་གཡོན་བསྐུམ་ཞབས། །ཐབས་ཤེས་ཟུང་འབྲེལ་མ་ལ་ཕྱག་འཚལ་བསྟོད། །འཇིགས་ཆེན་སྡུག་བསྔལ་བརྒྱད་དང་འབྱུང་པᨖའི་གདᨖན། །ཉོན་མᨖངས་ཤེས་བྱའི་སྒྲིབ་པའི་འཇིགས་པ་རྣམས། །ཁྱོད་ཞབས་དྲན་པའི་མᨖད་ལ་སྐྱོབས་མཛད་མ། །ནུས་པ་མཐར་ཕྱིན་མ་ལ་ཕྱག་འཚལ་བསྟོད། །སྐུ་མདᨖག་སྔོན་པᨖ་རལ་གྲི་ཞགས་པ་འཛᨑན། །གཡས་བསྐུམ་གཡོན་བརྐྱང་བདུད་བཞི་རབ་ཏུ་འཇོམས། །མ་གཡོས་མི་གཡོ་གཡོ་བ་མི་མངའ་བའི། །བཅོམ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པᨖ་སྐྱོང༌། །ཁ་བ་ཅན་ན་དཔལ་ལྡན་མར་མེ་ མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་བསྟོད། །ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་བའི་གདུང་འཚོབ་གྱུར་པ་རྒྱལ་བའི་སྲས། །རང་གཞན་དᨖན་གཉིས་འབྱུང་གནས་རིན་པᨖ་ཆེ། །བཤེས་གཉེན་སྟོན་པའི་ཞབས་ལ་ཕྱག་འཚལ་བསྟོད། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲᨖལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་བརྒྱུད་བླ་མར་ཕྱག་འཚལ་བསྟོད། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང༌། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་རྗེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་ཏེ། །ཟབ་མᨖ་ལྟ་བརྒྱུད་བླ་མར་ཕྱག་འཚལ་བསྟོད། །ཐུགས་རྗེ་ཆེན་པᨖ་བདེར་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏེ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོམྦི་པ་དང་ཨ་ཏི་ཤ། །ཉམས་ལེན་བྱིན་བརྒྱུད་བླ་མར་ཕྱག་འཚལ་བསྟོད། །ཡེ་ཤེས་འཇའ་འོད་འཁྲིགས་པའི་གཞལ་མེད་དབུས། །འཁᨖར་འདས་བརྟན་གཡོ་ཀུན་གྱི་རང་བཞིན་དང༌། །དབྱེར་མེད་སྒྲིབ་བྲལ་ཡེ་ཤེས་ཆོས་ཀྱི་སྐུ། །རྣམ་པ་ལོངས་སྐུར་ཤར་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་པ་ནི། ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྲུག་ལྟར་སྒྲོག་ཅིང་སྐུ་གསུང་ཐུགས་ལས་འོད་ཟེར་གྲངས་མེད་པ་འཕྲོས་པས་འཕགས་པའི་ཚོགས་རྣམས་མཆོད། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་རྣམས་བྱང་ཞིང་དག །མཆོག་དང་ཐུན་མᨖང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་གྱུར་པར་བསམ་ལ། ཐིག་ལེ་དང་པᨖའི་ༀ་མ་ཎི་པདྨེ་ཧཱུྃ། ཞེས་པ་སᨖགས་ཐིག་ལེ་བཅུ་དྲུག་པᨖའི་བསྙེན་པ་རྣམས་ཇི་ཙམ་འོས་པ་ཆ་སྙོམས་པ་བཟླའོ། །གསུམ་པ་ནི། བུམ་པ་སྔར་ལྟར་བསང་སྦྱང༌། སྟོང་པའི་ངང་ལས་བཾ་ལས་རིན་པᨖ་ཆེའི་བུམ་པ་དཀར་པᨖ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། ཞབས་ཞུམ་པ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་ཤིང་གིས་ཁ་བརྒྱན་པ་ལ་སᨖགས་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ༀ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ལྷའི་ཆུ་བᨖ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། དེ་ལྟར་ཕྱི་རིན་པᨖ་ཆེའི་བུམ་པའི་རྣམ་པ་ལ་ནང་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་ཞེས་པ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར། ཞེས་པའི་བར་དང༌། དེ་ནས་སྤྱན་འདྲེན་ནས་བསྟོད་པའི་བར་རྣམས་རྒྱས་པར་སྤྲོ་ན་མདུན་བསྐྱེད་བཞིན་དང་བསྡུ་ན་བདག་བསྐྱེད་བཞིན་བྱས་རྗེས་གཟུངས་ཐག་བླངས་ནས། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་གི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང༌། སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་དང་བུམ་པའི་ལྷའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པ་བཀུག་ ནས་བུམ་པའི་ནང་གི་ཆུ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་གྱུར་པར་བསམ་ལ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་པ་སᨖགས་ཐིག་ལེ་བཅུ་དྲུག་གི་བསྙེན་པ་རྣམས་ཚང་བར་སྔར་བཀོད་པ་ལྟར་བཟླས་ལ་ཡིག་བརྒྱ་བཟླས་ཏེ་གཟུངས་ཐག་བསྡུ། ༀ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པས་མཆོད། མ་དག་ཞིང་གི་ཞེས་སᨖགས་སམ། ཕྱག་བྱར་འོས་པ་ཐམས་ཅད་ལ། །སᨖགས་ཀྱིས་བསྟོད་དᨖ། །བཞི་པ་ནི། གཏོར་མ་བསང་སྦྱང༌། བདག་བསྐྱེད་ལྟར་བྱིན་བརླབས། སྐབས་འདིར་གཏོར་མགྲᨖན་སྤྱན་འདྲེན་མི་དགོས་པས། ལྷ་རྣམས་ཀྱི་ལྗགས་སᨖགས་ནས་ཕྲིན་ལས་བཅོལ་བའི་བར་བཏང༌། དེ་ནས་བུམ་པའི་ལྷ་ལ། ༀ་ཨཱཿ ཧཱུྃ། ཞེས་པས་མཆོད་ཡོན་ཕུལ་ཏེ། བུམ་ལྷ་འོད་དུ་ཞུ་བས་བུམ་ཆུ་དང་དབྱེར་མེད་དུ་གྱུར། བར་བསམ་ལ་ཡིག་བརྒྱ་བཟླས་པས་བརྟན་པར་བྱ། ལས་བུམ་དུ་མི་གཡོ་བའི་བསྐྱེད་བཟླས་སམ་སྔགས་ཙམ་གྱིས་བྱིན་བརླབ་བᨖ། །ལྔ་པ་ནི། འོག་གི་སློབ་མ་ལ་དབང་བསྐུར་བའི་སྐབས་ལྟར་མཚམས་སྦྱོར་ཕལ་ཆེར་དᨖར་ལ་བདག་འཇུག་རྒྱས་པར་བླང་ངོ༌། །འདིར་བདག་མདུན་བུམ་གསུམ་གཅིག་ཅར་སྒྲུབ་པའི་ཚེ། ཐིག་ལེ་བཅུ་པའི་མི་གཡོ་བ་ལས་རང་འདྲ་གཉིས་པ་ཞིག་ཆད་པ་འོད་དུ་ཞུ་ནས་ལས་བུམ་གྱི་བསང་ཆུ་དང༌། ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་དཀྱིལ་འཁᨖར་དང་བཅས་པ་ལས་རང་འདྲ་གཉིས་པ་ཞིག་ཆད་པ་འོད་དུ་ཞུ་ནས་དཀྱིལ་འཁᨖར་བུམ་པ་དང་ལྷ་ཚོགས་བུམ་ཆུར་གྱུར་པར་བསམ་ནས་ཡིག་བརྒྱ་བཟླས་ཏེ་བདག་འཇུག་ལ་འཇུག་པར་བཤད་དᨖ། །གསུམ་པ་ལ་གཉིས། དབང་བསྐུར་དང༌། རྗེས་ཆོག་གོ །དང་པᨖ་ནི། སློབ་མ་རྣམས་ལ་ལས་བུམ་གྱི་ཆུས་ཕྱི་རོལ་དུ་ཁྲུས་བྱ། བགེགས་བསྐྲད། སྲུང་འཁᨖར་སྤྱི་མཐུན་དང༌། ཀུན་སློང་བཅོས་ལ་ཆོས་བཤད་རྒྱས་པའམ། མདᨖར་བསྡུས་ཙམ་དུ། འོ་ན། ནམ་མཁའི་མཐའ་དང་མཉམ་པའི་རིགས་དྲུག་གི་ སེམས་ཅན་ཕ་མ་ཤ་སྟག་ཏུ་གྱུར་པ་ཐམས་ཅད་འཁᨖར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པᨖ་ལས་བསྒྲལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པᨖའི་དམ་པའི་ཆོས་ཀྱི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་རིམ་པ་ཟབ་མᨖ་གསན་ལ་གྲᨖལ་བྱེད་ལམ་གྱི་རིམ་པ་རྒྱུད་ལ་བསྟེན་པར་བགྱིའོ་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་བཀའ་དང་བསྟན་བཅོས་རྣམས་ལས་ལེགས་པར་བཤད་པ་དག་ཀྱང་ཚུལ་བཞིན་ཏུ་མཛད་ནས་གསན་འཚལ། དེའང་རང་རེ་རྣམས་ཚེ་རབས་སྔ་མར་ལེགས་སྤྱད་ཕུན་སུམ་ཚོགས་པ་ལ་གོམས་པའི་རྒྱུས་ལྷ་ལས་ལྷག་པའི་དལ་འབྱོར་གྱི་རྟེན་བཟང་ཡིད་བཞིན་ནོར་བུ་ལྟ་བུ་འདི་ཐོབ་ཀྱང༌། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་མཐའ་བཞིའི་རང་བཞིན་ལས་མ་འདས་པས་སྐྱེས་པ་ཙམ་ནས་ངེས་པ་ཁᨖ་ནར་འཆི་བའི་ཆོས་ཉིད་དང༌། འཁྲུལ་པའི་སྣང་བར་ཡིད་བརྟན་མི་ཐུབ་ཅིང་ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད། ཤི་ནས་ཕ་རོལ་ཏུ་འགྲᨖ་བའི་ཚེ་ལྷ་མིའི་རྒྱལ་སྲིད་ཀྱི་དཔལ་འབྱོར་ཡོད་ཀྱང་སྤུ་རྩེ་ཙམ་ཡང་ཁྱེར་དབང་མེད་པར་ཤུལ་དུ་ལུས༑ རང་གིས་བྱས་པའི་དཀར་ནག་གི་ལས་ཁᨖ་ན་རྗེས་སུ་འབྲངས་ཤིང་དགེ་བའི་ལས་ཀྱིས་བདེ་བ་དང་མི་དགེ་བའི་ལས་ཀྱིས་སྡུག་བསྔལ་གྱི་འབྲས་བུ་ཚན་པᨖ་ཆེ་མྱོང་བར་འགྱུར་བས། ལས་དང་ལས་ཀྱི་འབྲས་བུ་བསླུ་བ་མེད་པ་ལ་སྙིང་ནས་ཡིད་ཆེས་དང་ལྡན་པས། སྤྱིར་དགེ་སྡིག་ལ་ཕྱིན་ཅི་མ་ལོག་པའི་བླང་དᨖར་དང་། བྱེ་བྲག་ཏུ་ཐར་པ་མཆོག་གི་རྒྱུ་དམ་པའི་ཆོས་རྣམ་པར་དག་པ་ཁᨖ་ན་ལ་འབད་དགོས། འཁᨖར་བའི་གནས་རིས་མཐོ་དམན་ གང་དུ་སྐྱེས་ཀྱང་མེའི་འོབས་དང་སྲིན་མᨖའི་གླིང་དུ་ཆུད་པ་ལྟར་འཕྲལ་དང་ཡུན་ཏུ་སྡུག་བསྔལ་ཆེན་པᨖའི་འབྱུང་གནས་ལས་བདེ་བ་སྐད་ཅིག་ཙམ་ཡང་མེད་པས་འཁᨖར་བ་ལས་རྟག་ཏུ་ངེས་པར་འབྱུང་བའི་བློ་ཤུགས་དྲག་ཏུ་བསྐྱེད་ པ་དང༌། རང་ཉིད་ཁᨖ་ན་ཞི་བདེའི་གོ་འཕང་ལ་འཁᨖད་ཀྱང་མ་རྒན་སེམས་ཅན་མཐའ་དག་ལ་ཕན་པ་མ་བཏགས་ན་དྲིན་ལན་ལྡོན་པར་མི་འགྱུར་ཅིང་། རྒྱལ་བ་སྲས་དང་བཅས་པའི་གདུང་འཚོབ་པར་མི་འགྱུར་བས་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པᨖའི་གོ་འཕང་དᨖན་ཏུ་གཉེར་དགོས། དེ་ལྟ་བུ་སྒྲུབ་པའི་ཐབས་བདག་ཅག་རྣམས་ཀྱི་སྟོན་པ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པᨖ་དང་ལྡན་པ་དེ་ཉིད་ཀྱིས་གདུལ་བྱ་རིགས་ཅན་གསུམ་གྱི་ཁམས་དབང་མᨖས་པའི་བྱེ་བྲག་གམ། སྐལ་པའི་ཁྱད་པར་དང་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་སྩལ་བ་དེ་ཐམས་ཅད་ཀྱང་མདᨖར་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ཡིན། གཉིས་ཀའང་ཐོག་མཐའ་བར་དུ་དགེ་ཞིང་ངེས་པར་ལེགས་པའི་ལམ་དུ་འཁྲིད་པ་ལ་ཁྱད་པར་མེད་ཀྱང་། རང་ཅག་རྣམས་དམན་པའི་ལམ་ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་འཕགས་པ་ཐེག་ཆེན་བྱང་ཆུབ་སེམས་དཔའི་ གཞུང་ལམ་དུ་འཇུག་དགོས་ཏེ། གནས་སྐབས་མཐར་ཐུག་ཀུན་ཏུ་དᨖན་ཆེ་བ་ཡིན། དེ་ལའང་རྒྱུ་ལམ་དུ་བྱེད་པ་རྒྱ་ཆེན་མཚན་ཉིད་ཀྱི་ཐེག་པ་དང༌། འབྲས་བུ་ལམ་དུ་བྱེད་པ་ཟབ་མᨖ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་ཡོད་པ་ལས་སྐབས་སུ་བབས་པའི་འཆད་བྱ་ནི་ཕྱི་མ་ཉིད་ཡིན་ཅིང༌། དེ་ལའང་འཕགས་ཡུལ་གྱི་མཁས་གྲུབ་རྣམས་ཀྱིས་རྒྱུད་ཀྱི་ལུགས་གཙོ་བᨖར་བྱེད་ཀྱང༌། གངས་ཅན་གྱི་ལྗོངས་འདིར་གདམས་ངག་གི་ལུགས་གཙོ་བᨖར་བྱེད་པའི་སྲོལ་བྱུང་ལ། གདམས་ངག་ལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པᨖ་བརྒྱད་ཀྱི་རིང་ལུགས་སུ་ཡོངས་སུ་གྲགས་པ་ལས་ད་ལམ་སྒྲུབ་བརྒྱུད་ཤིང་རྟའི་བཀའ་སྲོལ་གཉིས་པ་ཡིན། དེའང་བᨖད་ཀྱི་ཡུལ་དུ་བསྟན་པ་ཕྱི་དར་གྱི་ཐོག་མར་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབᨖན་གྱི་ཐུགས་བསྐྱེད་དང་བརྩོན་འགྲུས་ཆེན་པᨖའི་རྐྱེན་དང༌། བᨖད་འབངས་སྐྱོབ་པའི་གཉེན་གཅིག་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པᨖའི་ཕྲིན་ལས་དུས་སུ་བབས་པའི་རྒྱུ་ལ་བརྟེན་ནས༑ རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་དཔལ་མར་མེ་མཛད་དམ། མགོན་པᨖ་ཨ་ཏི་ཤ་ཞེས་ས་གསུམ་ན་སྐུ་ཆེ་བའི་ཡོན་ཏན་གྱི་སྙན་པར་གྲགས་པས་ཁྱབ་པ། མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན། བྱང་ཆུབ་སེམས་ཀྱི་མངའ་བདག་དེ་ཉིད་གངས་ཅན་གྱི་ལྗོངས་སུ་ཞབས་བཀོད། ཐུབ་བསྟན་ལ་གང་ཟག་ལོག་པར་སྤྱད་པ་ཁ་ཅིག་གིས་དྲི་མས་སྦགས་པ་རྣམས་བསལ། བྱང་ཆུབ་ལམ་གྱི་རིམ་པ་ གཙོ་བᨖར་གྱུར་པའི་ཆོས་ཀྱི་འཁᨖར་ལོ་བསྐོར་ཏེ་བསླབ་གསུམ་དྲི་མ་མེད་པའི་ལམ་སྲོལ་ཁྱད་པར་ཅན་ཕྱེས། རིགས་གསུམ་མགོན་པᨖའི་རྣམ་འཕྲུལ་ཁུ་རྔོག་འབྲོམ་གསུམ་གཙོ་བᨖར་གྱུར་པའི་གདུལ་བྱ་མཐའ་ཡས་པ་རྣམ་པར་གྲᨖལ་བའི་ལམ་དུ་བཀོད། ལྷ་བཞིས་ལུས་བརྒྱན། སྡེ་སྣོད་གསུམ་གྱིས་ངག་བརྒྱན། བསླབ་པ་གསུམ་གྱིས་སེམས་བརྒྱན་པ་སྟེ་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་བདག་པᨖ་བཀའ་གདམས་རིན་པᨖ་ཆེ་ཞེས་ཉི་ཟླ་ལྟར་གྲགས། སྤྱན་རས་གཟིགས་དངོས་རྒྱལ་བ་འབྲོམ་རིན་པᨖ་ཆེའི་ཐུགས་སྲས་དགེ་བའི་བཤེས་གཉེན་སྐུ་མཆེད་གསུམ་དུ་གྲགས་པ་པུ་ཏོ་བ་རིན་ཆེན་གསལ་ལ་བཀའ་གདམས་གཞུང་དྲུག་གི་བཤད་པ། སྤྱན་སྔ་ཚུལ་ཁྲིམས་འབར་ལ་གདམས་ངག་བློ་སྦྱོང་གི་རིམ་པ། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ལ་མན་ངག་གླེགས་བམ་གྱི་ཉམས་ལེན་རྣམས་བཀའ་སᨖ་སᨖར་བབས་པ་ལས། འདིར་བཀའ་གདམས་མན་ངག་པའི་ལུགས་ཀྱི་ཟབ་ཆོས་རྨད་དུ་བྱུང་བ་སྤྲུལ་པའི་གླེགས་བམ་རིན་པᨖ་ཆེ་དང་རྗེས་སུ་འབྲེལ་བའི་སྨིན་བྱེད་ཐིག་ལེ་བཅུ་དྲུག་གི་དབང་བསྐུར་བསྒྲུབ་པ་ལ། སློབ་དཔᨖན་གྱིས་བགྱི་བར་འོས་པ་བདག་མདུན་བུམ་པ་སྒྲུབ་ཅིང་གཏོར་མ་འབུལ་བ། བདག་ཉིད་དཀྱིལ་འཁᨖར་དུ་འཇུག་པ་རྣམས་ཚུལ་བཞིན་དུ་བསྒྲུབས་པ་ཡིན། ད་ཁྱོད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མᨖ་ཞུ་བའི་ཡོན་ཏུ་དམིགས་ཏེ་ཞིང་ཁམས་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་རྒྱས་ པར་འབུལ་དུ་གཞུག །སྙིམ་པ་མེ་ཏོག་གིས་བཀང་བའི་ཐལ་མᨖ་ཟླུམ་པᨖར་སྦྱོར་ལ་གསᨖལ་བ་འདེབས་པ་འདི་རྗེས་ཟློས་ ལན་གསུམ་ མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསᨖལ། སློབ་དཔᨖན་བདག་ལ་དགོངས་སུ་གསᨖལ། བདག་ མིང་འདི་ ཞེས་བགྱི་བས་ཉེས་དམིགས་ཅན་གྱི་འཁᨖར་བ་འདི་སྤངས་ཏེ་ཐར་པའི་ཡོན་ཏན་ཐོབ་པར་འཚལ་བས། སློབ་དཔᨖན་གྱིས་དེའི་ལམ་བསྟན་དུ་གསᨖལ། ཅེས་ལན་གསུམ། སློབ་དཔᨖན་གྱིས། མིང་འདི་ཞེས་བྱ་བ། ཁྱེད་འཁᨖར་བའི་འདམ་ལས་འདའ་བར་བྱེད་པའི་ལམ་ཐུན་མᨖང་མ་ཡིན་པ་ང་ལས་ཉན་པར་འདᨖད་དམ། ཞེས་དྲིས་པའི་ལན་གསᨖལ་བ་འདིའི་རྗེས་ཟློས༴ དེ་ཁᨖ་ན་ལྟར་འཚལ་བས་ཐུགས་བརྩེ་བ་ཅན་སློབ་དཔᨖན་ཁྱེད་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསᨖལ། ཞེས་ལན་གདབ། དེ་ནས་སྐྱབས་འགྲᨖ་སེམས་བསྐྱེད་ནི། དེ་ལ་ཐོག་མར་ལམ་ལོག་པ་ལས་སྐྱོབ་པའི་ཕྱིར། སློབ་དཔᨖན་དང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས་རྣམས་མངོན་སུམ་བཞིན་ཏུ་བཞུགས་པ་ལ་བདག་དང་ཁམས་གསུམ་གྱི་འགྲᨖ་བ་མཐའ་དག་དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པᨖ་ལ་མཆིས་ཀྱི་བར་ དུ་སྒོ་གསུམ་རྩེ་གཅིག་གུས་པས་སྐྱབས་སུ་འགྲᨖ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས༴ བདག་དང་འགྲᨖ་བ་ སᨖགས་སྒྲུབ་ཐབས་ཀྱི་དབུ་ནས་འབྱུང་བ་བཞིན་ལན་གསུམ། དེ་ལྟར་སྐྱབས་སུ་སᨖང་བས་སངས་རྒྱས་པའི་ཐེག་པ་མཐའ་དག་ གི་གཞི་རྟེན་དུ་གྲུབ་ནས། ལམ་དམན་པ་ལས་ཟློག་པའི་ཆེད་དུ། ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཆེན་པᨖ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་བྱང་ཆུབ་ཆེན་པᨖའི་སྤྱད་པ་སྤྱོད་པ་དེ་བཞིན་ཏུ། བདག་གིས་ཀྱང་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་སངས་རྒྱས་ཀྱི་ས་ལ་འགོད་པའི་སླད་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་དེའི་བསླབ་པ་ལ་རྗེས་སུ་སློབ་པར་བགྱིའོ་སྙམ་དུ་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས་ ལན་གསུམ་ མཛོད། ཕྱོགས་བཅུ་ན་བཞུགས་པའི་སᨖགས་ལན་གསུམ། སྤྱི་ལ་སྔོན་འགྲᨖའི་རིམ་པ་དེ་ཙམ་ལས་མ་གསུངས་ཀྱང་དབང་ཆོག་ཁ་ཅིག་ཏུ་འདིར་རྒྱུན་བཤགས་དང་སྡོམ་བཟུང་བྱ་བར་བཤད་པ་ལྟར་ན་མཚམས་སྦྱོར་སྤྱི་ལྟར་སྤྲོས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སᨖགས་ལན་གསུམ་གྱིས་རྒྱུན་བཤགས་དང༌། ཇི་ལྟར་དུས་གསུམ་མགོན་པᨖ་རྣམས། །ཞེས་སᨖགས་ལན་གསུམ་གྱིས་སྡོམ་པ་བཟུང༌། དེ་ནས་དངོས་གཞིའི་ཐོག་མར། བླ་མ་དང་གཙོ་བᨖ་ཐ་མི་དད་པ་ལས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པ་འཕྲོས་པས་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེའི་གཞལ་ཡས་ཁང་གི་སྒོ་ཕྱེས་ནས་ཁྱེད་རང་རྣམས་ནང་དུ་ཁྲིད་པར་གྱུར་པའི་མᨖས་པ་མཛོད། ༀ་ཙཎྜ་མ་ཧཱ་སᨖགས་དང༌། སྭ་བྷཱ་བ་སᨖགས་ཀྱིས་སློབ་མ་བསང་སྦྱང༌། སྟོང་པའི་ངང་ལས་ཁྱེད་རང་སྤྱན་རས་གཟིགས་དཀར་པᨖ་ཞལ་གཅིག་ཕྱག་གཉིས་པ་གཡས་ནོར་བུའི་ཕྲེང་བ་དང་གཡོན་ཤེལ་གྱི་མཁར་བ་རྩེ་མᨖར་སངས་རྒྱས་སྟོང་གིས་མཚན་པ་འཛᨑན་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་དར་དང་རིན་པᨖ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བᨖར་ཨ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། རང་གི་ཐུགས་ཀ་དང་བླ་མ་དང་གཙོ་བᨖ་ཐ་མི་དད་པའི་ཐུགས་ཀའི་ས་བᨖན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་སᨖགས་ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་གྱུར་པའི་མᨖས་པ་མཛོད། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ལོ་ཀེ་ཤྭ་ར་ས་པཱ་རི་ཝ་ར་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཟླས་ཤིང་སྤོས་རོལ་དང་བཅས་ཏེ་ཡེ་ཤེས་པ་དབབ་བᨖ། །དེས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་ལ། དངོས་གཞིའི་དᨖན་ཏུ་བསྟོད་པ་སྔོན་ཏུ་འགྲᨖ་བ་ཅན་གྱི་གསᨖལ་བ་ལན་གསུམ་གྱི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ལན་གཅིག་གིས་བསྟོད་དེ། ཀུན་མཁྱེན་ཡེ་ཤེས་ཕུང་པᨖ་ཅན། །སྲིད་པའི་འཁᨖར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བᨖས་བདག་ལ་བཀའ་དྲིན་སྩོལ། །ཞེས་ལན་གསུམ་གྱིས་གསᨖལ་བ་གདབ། ཡན་ལག་བདུན་པའི་ཏིང་ངེ་འཛᨑན་ཐུན་མᨖང་དང་ཁྱད་པར་བའི་དᨖན་གསལ་ཐོབ་ལ་འདིའི་རྗེས་ཟློས༴ ཕྱག་དང་ཕྱག་ཡུལ་གཉིས་ སྟོང་པའི། །ཞེས་པ་ནས་སྒྲུབ་ཐབས་སུ་བཀོད་པ་ལྟར་ལ། གསང་སྔགས་འདི་བཞིན་སྤྱོད་པར་བསྔོ། །ཞེས་པའི་བར་བྱའོ། །དེ་ནས་རང་ཉིད་ཀྱིས་སྔགས་བཟླ་བཞིན་པར་ལྷ་ཚོགས་རྣམས་ལ་བསྐོར་བ་བྱས་པའི་མᨖས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་མཛོད། ༀ་མ་ཎི་པདྨེ་ཧཱུྃ། སྔགས་ལན་གསུམ་ཙམ་དུ་རྗེས་ཟློས་དང་དཔᨖན་སློབ་ལྷན་ཅིག་པས་ཉེར་གཅིག་སᨖགས་བཟླ་བ་ཕྱིན་ཆད་ལ་འགྲེ། དེ་ལྟར་བྱས་པས་ཐུགས་རྗེ་ཆེན་པᨖ་རྒྱལ་བ་རྒྱ་མཚོའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང༌། རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར་སྙམ་པའི་མᨖས་པ་མཛོད། དེ་ནས་བླ་མ་དང་གཙོ་བᨖ་ཐ་མི་དད་པའི་ཐུགས་ཀའི་ས་བᨖན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་ཁམས་ནས་སངས་རྒྱས་བྱང་སེམས་ལྷ་དང་ལྷ་མᨖ་ཁྲོ་བᨖ་ཁྲོ་མᨖ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རང་གི་སྟེང་ཕྱོགས་སུ་བཞུགས། དབང་ལྷ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སᨖགས་པའི་མཆོད་སྤྲིན་གྱིས་བར་སྣང་འགེངས། མེ་ཏོག་དང་གུར་གུམ་དང་ཙནྡན་གྱི་ཕྱེ་མ་སᨖགས་ཀྱི་ཆར་འབེབས། ལྷའི་རྔ་བᨖ་ཆེ་ལ་སᨖགས་པ་རོལ་མᨖའི་སྒྲ་དང་བཀྲ་ཤིས་ཀྱི་ཚᨑགས་སུ་བཅད་པ་གསུང་བར་གྱུར་པའི་མᨖས་པ་མཛོད། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བᨖ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པᨖ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་ དགེ་བའི་བཀྲ་ཤིས་དང་པᨖའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང༌། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོངས་ཀྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་པ་ཐིག་ལེ་བཅུ་དྲུག་ཐམས་ཅད་ལ་སྦྱར་བའི་རྗེས་སུ་མདུན་བསྐྱེད་སྐབས་ཀྱི་བསྟོད་པ་ཤོ་ལོ་ཀ་སᨖ་སᨖར་སྦྱར་ཏེ། འདིར། དུས་གསུམ་བདེ་བར་གཤེགས་པ་ཤོ་ལོ་ཀ་གཅིག་གི་མཐའ་བཀྲ་ཤིས་སུ་བསྒྱུར། བསྡུ་ན། ཕུན་སུམ་ཚོགས་པ་ཤོ་ལོ་ཀ་གསུམ་ཁᨖ་ནའམ། བསྟོད་པའི་ཤོ་ལོ་ཀ་ཁᨖ་ནའི་ཤིས་པ་བརྗོད་པས་ཀྱང་རུང་ངོ༌། །དེ་ནས་བུམ་པ་ཐོགས་ཏེ་བུམ་ཆུ་སྤྱི་བᨖར་གཏིགས་ཤིང་བླུད་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསᨖལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར། ལུས་གང༌། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས། ཧྲཱིཿ ཡིག་དཀར་པᨖས་དབུ་བརྒྱན་ཅིང་དབང་ལྷ་རྣམས་ཀྱང་ཁྱེད་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། ཅེས་བརྗོད། དེ་ནས་ཐུགས་རྗེ་ཆེན་པᨖ་རྒྱལ་བ་རྒྱ་མཚོ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་རང་ཉིད་ཐིག་ལེ་གཉིས་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས་ལྷ་ཚོགས་ ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་གདན་ལ་ཐུབ་པ་ཆེན་པᨖ་རྣམ་པར་སྣང་མཛད་སᨖགས་བསྐྱེད་ཆོག་ས་བᨖན་དᨖར་ལ་ཐིག་ལེ་གཉིས་པའི་མངོན་རྟོགས་བརྗོད། བག་ཆགས་དང་བཅས་པ་སྦྱོང་བར་མཛད་པའི་སྤྱན་སྔར་ཡན་ལག་བདུན་པའི་ཏིང་ངེ་འཛᨑན་སᨖགས་གོང་སྨོས་ལྟར་སྦྱར། འདིར་བདག་འཇུག་སྐབས་བསྡུ་ན་མངོན་རྟོགས་མི་བརྗོད་པར། ཐིག་ལེ་གཉིས་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པར་ཡན་ལག་བདུན་པ་ཕུལ་བར་གྱུར། ཕྱག་དང་ཕྱག་ཡུལ་སᨖགས་སྦྲེལ་བ་ཐམས་ཅད་ལ་འགྲེ། སྙིང་པᨖ་ཡིག་དྲུག་མལ་དུ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། ཐུབ་ཆེན་རྣམ་སྣང་གངས་ཆེན་མཚོའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང༌། ཞེས་པ་ནས། ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས། ༀ་ཡིག་སེར་པᨖས་དབུ་བརྒྱན་ཅིང་དབང་ལྷ་རྣམས་ཁྱེད་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་ཐུབ་ཆེན་རྣམ་སྣང་གངས་ཆེན་མཚོ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེས་ནས་ཁྱེད་རང་ཐིག་ལེ་གསུམ་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་སᨖགས་གསུམ་པའི་མངོན་རྟོགས། དᨖན་དཔག་ཏུ་མེད་པ་མཛད་པའི་སྤྱན་སྔར་སᨖགས་སྔར་ལྟར་ལ་སྔགས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བསྐོར་བ་ བྱེད་ཅིང་བཟླས་པས། སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་གནས་གསུམ་ལས་སᨖགས་ནས། ཧྲཱིཿ ཡིག་དཀར་པᨖས་དབུ་བརྒྱན་ཅིང་དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཞི་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སᨖགས་བཞི་པའི་མངོན་རྟོགས་བརྗོད། སྔགས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། འབྲོམ་སྤྱན་རས་གཟིགས་ཀྱི་གནས་གསུམ་ལས་སᨖགས་ནས། ཧྲཱིཿ ཡིག་དཀར་པᨖས་དབུ་བརྒྱན་ཅིང༌། དབང་གི་ལྷ་རྣམས་རང་ལ་ཐིམ་པའི་མᨖས་པ་མཛོད། དེ་ནས་འབྲོམ་སྤྱན་རས་གཟིགས་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་ལྔ་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་ལྔ་པའི་མངོན་རྟོགས། སྔགས། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བᨖ་དྷི་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། ཡུམ་ཆེན་ཤེར་ཕྱིན་མའི་གནས་གསུམ་ལས་སᨖགས་ནས། ཨ་ཡིག་སེར་པᨖས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་ཁྱེད་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་དྲུག་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་ གྱུར་པ་ནི་དྲུག་པའི་མངོན་རྟོགས་དང༌། སྔགས། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། ཐུབ་པ་བདུད་འདུལ་གྱི་གནས་གསུམ་ལས་སᨖགས་ནས། མཱུྃ་ཡིག་སེར་པᨖས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་ཐུབ་པ་བདུད་འདུལ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེས་ནས་ཁྱེད་རང་ཐིག་ལེ་བདུན་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་བདུན་པའི་མངོན་རྟོགས། སྔགས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། སྤྱན་རས་གཟིགས་ཕྱག་བཞི་པའི་གནས་གསུམ་ལས་སᨖགས་ནས། ཧྲཱིཿ ཡིག་དཀར་པᨖས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་སྤྱན་རས་གཟིགས་ཕྱག་བཞི་པ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བརྒྱད་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་མཐོང་བར་གྱུར་པ་ནི་བརྒྱད་པའི་མངོན་རྟོགས། སྔགས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། སྒྲོལ་མ་ཞི་བའི་གནས་གསུམ་ལས་སᨖགས་ནས། ཏཱྃ་ཡིག་ལྗང་གུས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་རང་ལ་ཐིམ་པའི་མᨖས་པ་མཛོད། དེ་ནས་སྒྲོལ་མ་ཞི་བ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་དགུ་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་མཐོང་བར་གྱུར་པ་ནི་སᨖགས་དགུ་པའི་ མངོན་རྟོགས། སྔགས། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། སྒྲོལ་མ་དྲག་མᨖའི་གནས་གསུམ་ལས་སᨖགས་ནས། ཏཱྃ་ཡིག་ལྗང་ནག་གིས་དབུ་བརྒྱན་ཅིང་དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་སྒྲོལ་མ་དྲག་མᨖ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེས་ནས་ཁྱེད་རང་ཐིག་ལེ་བཅུ་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སᨖགས་བཅུ་པའི་མངོན་རྟོགས་ནས། སྔགས། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། མི་གཡོ་བའི་གནས་གསུམ་ལས་སᨖགས་ནས། ཧཱུྃ་ཡིག་མཐིང་ནག་གིས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་མི་གཡོ་བ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཅུ་གཅིག་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སᨖགས་བཅུ་གཅིག་པའི་མངོན་རྟོགས། སྔགས། ༀ་མ་ཧཱ་གུ་རུ་དྷཱི་པཾ་ཀ་རཱ་ཨ་ཏི་ཤ་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། མགོན་པᨖ་ཨ་ཏི་ཤའི་གནས་གསུམ་ལས་སᨖགས་ནས། ཧཱུྃ་ཡིག་དཀར་པᨖས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་མགོན་པᨖ་ཨ་ཏི་ཤ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེས་ནས་ཁྱེད་རང་ཐིག་ལེ་བཅུ་གཉིས་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སᨖགས་ བཅུ་གཉིས་པའི་མངོན་རྟོགས། སྔགས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། འབྲོམ་ཆོས་ཀྱི་རྒྱལ་པᨖའི་གནས་གསུམ་ལས་སᨖགས་ནས། ཧྲཱིཿ ཡིག་དཀར་པᨖས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་འབྲོམ་ཆོས་ཀྱི་རྒྱལ་པᨖ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཅུ་གསུམ་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སᨖགས་བཅུ་གསུམ་པའི་མངོན་རྟོགས། སྔགས། ༀ་མཻ་ཏྲི་མཻ་ཏྲི་མ་ཧཱ་མཻ་ཏྲི་སྭཱ་ཧཱ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། རྒྱལ་བ་བྱམས་པའི་གནས་གསུམ་ལས་སᨖགས་ནས། མ་ཡིག་སེར་པᨖས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་བྱམས་པ་མགོན་པᨖ་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཅུ་བཞི་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སᨖགས་བཅུ་བཞི་པའི་མངོན་རྟོགས། སྔགས། ༀ་ཝཱ་གཱི་ཤྭ་རི་མུཾ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། རྗེ་བཙུན་འཇམ་དབྱངས་ཀྱི་གནས་གསུམ་ལས་སᨖགས་ནས། དྷཱིཿ ཡིག་དམར་སེར་གྱིས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་རྗེ་བཙུན་འཇམ་དབྱངས་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཅོ་ལྔའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་ གྱུར་པའི་མᨖས་པ་ནི་སᨖགས་བཅོ་ལྔ་པའི་མངོན་རྟོགས། སྔགས། ༀ་བཛྲ་དྷྲཀ་ཧཱུྃ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། རྒྱལ་བ་རྡོ་རྗེ་འཆང་གི་གནས་གསུམ་ལས་སᨖགས་ནས། ཧཱུྃ་ཡིག་སྔོན་པᨖས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་རྒྱལ་བ་རྡོ་རྗེ་འཆང་དགྱེས་ཏེ་ཐུགས་ཀའི་སྒོ་ཕྱེ་ནས་ཁྱེད་རང་ཐིག་ལེ་བཅུ་དྲུག་པའི་གཞལ་ཡས་ཁང་གི་ནང་དུ་ཞུགས་ནས། ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པ་ནི་སᨖགས་ཐིག་ལེ་བཅུ་དྲུག་པའི་མངོན་རྟོགས་བརྗོད། ཡན་ལག་བདུན་པ་འབུལ། བསྐོར་བའི་སྔགས། ༀ་དྷརྨ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་བསྐོར་བ་བྱེད་ཅིང་བཟླས་པས། སངས་རྒྱས་ཆོས་ཀྱི་སྐུའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང༌། རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར་པའི་མᨖས་པ་མཛོད། དེ་ནས་སྤྲོ་ན་དབང་བཞི་རྒྱས་པར་བསྐུར་བ་ནི། བླ་མའི་ཐུགས་ཀའི་ཡུམ་བཞིས་རིགས་ལྔའི་དངོས། །བུམ་ཆུ་ཅོད་པན་རྡོར་དྲིལ་མིང་དབང་བསྐུར། །དམ་ཚᨑག་གསུམ་ལྡན་ཡུམ་འཁྱུད་བུམ་དབང་ཐོབ། །བསྐྱེད་རིམ་ལ་དབང་སྤྲུལ་སྐུའི་ས་བᨖན་བཞག །བླ་མ་རྡོ་རྗེ་འཆང་ཆེན་ཡབ་ཡུམ་གཉིས། །སྙོམས་ཞུགས་བྱང་སེམས་ལྕེ་ཡིས་མྱང་བའི་མཐུས། །བདེ་སྟོང་སྐྱེས་ཤིང་གསང་བའི་དབང་མཆོག་ཐོབ། །སྒྱུ་ལུས་ལ་དབང་ལོངས་སྐུའི་ས་བᨖན་བཞག །གསང་བ་ཡེ་ཤེས་ཕྱག་རྒྱར་སྩལ་བ་དང༌། ། བདག་ཉིད་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས། །ལྷན་སྐྱེས་བདེ་སྟོང་སྐྱེས་ཤིང་ཤེར་དབང་ཐོབ། །འོད་གསལ་ལ་དབང་ཆོས་སྐུའི་ས་བᨖན་བཞག །ཚངས་པའི་དབྱངས་ཀྱིས་ཟུང་འཇུག་ངོ་སྤྲད་པས། །མཐར་ཐུག་དᨖན་རྟོགས་ཚᨑག་དབང་རིན་ཆེན་ཐོབ། །ཟུང་འཇུག་ལམ་བཟང་བསྒོམ་ལ་དབང་བར་བྱས། །འབྲས་བུ་ངོ་བᨖ་ཉིད་སྐུའི་ས་བᨖན་བཞག །ཅེས་བསྐུར་རོ། །དེ་ནས་བླ་མ་དང་གཙོ་བᨖ་ཐ་མི་དད་པའི་ཐུགས་ཀའི་ས་བᨖན་གྱི་སᨖགས་ནས། ཧཱུྃ་ཡིག་སེར་པᨖས་དབུ་བརྒྱན་ཅིང༌། དབང་ལྷ་རྣམས་རང་ལ་ཐིམ་པར་གྱུར་པའི་མᨖས་པ་མཛོད། ཅེས་བརྗོད་པར་བྱའོ། །དེ་ནས་སྤོས་རོལ་དབྱངས་དང་བཅས་ཏེ་བཀྲ་ཤིས་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། མཇུག་ཏུ་དམ་ཚᨑག་ཁས་བླང་བ། གཏང་རག་གི་མཎྜལ། ཡོན་འབུལ་རྣམས་སྤྱི་ལྟར་བྱའོ། །གཉིས་པ་རྗེས་ཆོག་ནི། དཀྱིལ་འཁᨖར་གྱི་མཆོད་པ་ཁ་གསᨖས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནས། ཤབྡ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པའི་བར་གྱིས་མཆོད། འཇིག་རྟེན་ལྷ་སྒོམ་རྟེན་གྱི་ཐིག་ལེ་བཞི། །བརྟེན་པ་ཡི་དམ་ཐིག་ལེ་རྣམ་པ་དྲུག །ཇོ་བᨖ་ཡབ་སྲས་བརྒྱུད་གསུམ་བླ་མའི་ལྷ། །མཐར་ཐུག་བྱང་སེམས་ཐིག་ལེར་བཅས་ལ་བསྟོད། །ཅེས་དང༌། གཞན་ཡང་སྤྲོ་ན་སྒྲུབ་ཐབས་སུ་བཀོད་པའི་བསྟོད་པ་རྣམས་ཀྱང་བྱའོ། །དེ་ནས་ཡིག་བརྒྱ་དང༌། མ་འབྱོར་པ་དང་སᨖགས་ཀྱིས་བཟོད་པར་གསᨖལ། ཡེ་ཤེས་པ་རས་བྲིས་ཡིན་ན་བརྟན་བཞུགས་དང༌། རྡུལ་ཚོན་ཡིན་ཚེ་གཤེགས་གསᨖལ་བྱ། དམ་ཚᨑག་པ། ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེའི་སྣོད་ཀྱི་གཞལ་ཡས་ཁང་འོད་དུ་ཞུ། བཅུད་ཀྱི་ལྷ་རྒྱལ་བ་རྒྱ་མཚོ་ལ་ཐིམ། དེ་བཞིན་དུ་ཕྱི་མ་ཕྱི་མ་ནང་མ་ནང་མ་ལ་རིམ་བཞིན་ཐིམ་སྟེ། སངས་རྒྱས་ཆོས་ཀྱི་སྐུ་ཡང་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ངོ་བᨖའི་ཐིག་ལེ་ལ་ཐིམ། ཐིག་ལེ་ཡང་ཇེ་ཕྲ་ཇེ་ཕྲར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར། སྟོང་པའི་ངང་ལས་རང་ཉིད་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པར་གྱུར་པའི་སྤྱི་བᨖར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར་པར་བསམ། དེ་ནས་བསྔོ་སྨོན་ནི། དེ་ལྟར་ཟབ་ལམ་ཐིག་ལེ་བཅུ་དྲུག་གི །སྒོམ་བཟླས་མཆོད་བསྟོད་བགྱིས་པའི་དགེ་ཚོགས་མཐུས། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་མཐར་སᨖན་ཏེ། །འགྲᨖ་ཀུན་སངས་རྒྱས་ས་ལ་འགོད་པར་ཤོག །ལྷ་བཞིས་ལུས་དང་སྡེ་སྣོད་གསུམ་གྱིས་ངག །བསླབ་པ་གསུམ་གྱིས་སེམས་བརྒྱན་རྗེས་དྲན་ལྔའི། །ཉམས་ལེན་མཐར་ཕྱིན་འགྲᨖ་ཀུན་སྒྲོལ་བ་ལས། །རྒྱལ་བ་རྒྱ་མཚོ་ཉིད་དང་མཚུངས་པར་ཤོག །ཅེས་བརྗོད། བཀྲ་ཤིས་ནི། ཕུན་སུམ་ཚོགས་པ་མངའ་བ་སᨖགས་རྒྱས་པར་བརྗོད་ཅིང་མེ་ཏོག་གི་ཆར་བསྙིལ། རོལ་མᨖའི་སྒྲ་སྙན་ཡུན་རིང་དུ་བསྒྲག་གོ །འདི་ལ་རྩ་བའི་ཡིག་རྙིང་སྣར་ཐང་མཁན་ཆེན་ཉི་མ་རྒྱལ་མཚན་གྱིས་མཛད་པ་ཉིད་དཔང་པᨖ་ཡིན་ལ། དེའི་རྗེས་སུ་ཕྱིས་བྱུང་ཁ་ཅིག་དང་དིང་སང་ཕྱག་བཞེས་མཛད་པ་བཀའ་གདམས་གསར་མའི་ཡིག་ཆ་གོང་དུ་སྨོས་པ་རྣམས་སྣང་བ་ལས། དངུལ་ཆུ་བ་དྷརྨ་བྷ་དྲའི་ཡིག་ཆ་ཉིད་འདུས་གསལ་ཁྱེར་བདེར་མཐོང་ནས་གཙོ་བᨖར་དེ་ལྟར་བཀོད་པའོ། །ལྷག་པའི་བསླབ་གསུམ་ལྟ་སྤྱོད་དྲི་མེད་ཀྱིས། །བᨖད་ཁམས་དཀར་པᨖར་མཛད་པ་བཀའ་གདམས་པའི། །ངོ་མཚར་ རྣམ་པར་ཐར་ལ་ལོངས་སྤྱད་ནས། །ཐུབ་བསྟན་སྲིད་པ་གསུམ་དུ་སྣང་བྱེད་ཤོག །ཚུལ་འདི་ལ་ཚད་མར་གྱུར་པའི་ལེགས་བཤད་མང་དུ་བཞུགས་པས་ཡིག་ཆས་ཕོངས་པར་མ་གྱུར་ཀྱང༌། གདམས་ངག་རིན་པᨖ་ཆེའི་མཛོད་ཆེན་ལེགས་པར་བསགས་པའི་བཅུད་དུ་འོས་པར་མཐོང་བ་དང༌། རྗེ་བཙུན་ བླ་མ་ཐམས་ཅད་མཁྱེན་གཟིགས་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པᨖས་རྗེས་སུ་གནང་བ་སྩལ་བ་ལྟར་བྱང་ཆུབ་སེམས་ཡིད་ལ་བྱེད་པའི་ཀུ་སཱ་ལི་བློ་གྲᨖས་མཐའ་ཡས་པའི་སྡེས། རྫོང་ཤོད་བདེ་གཤེགས་འདུས་པའི་གནས་མཆོག་ཏུ་བགྱིས་པ་ དགེ་ལེགས་འཕེལ།། །།