DNZ-02-KHA-001

From Damngak Dzö
Revision as of 13:39, 31 January 2025 by Jeremi (talk | contribs)

DNZ-02-KHA-001
Wylie title DNZ-02-KHA-001.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 2, Text 1, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༄༅། །འོད་གསལ་རྫོགས་པ་ཆེན་པᨖ་མན་ངག་སྡེའི་གནད་ཀྱི་བཅུད་ཕུར་སངས་རྒྱས་ཀྱི་འདས་རྗེས་གསུམ་བཞུགས་སᨖ༔ ༔

རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་ཡེ་དྷུ་ནཱ་མ༔ བᨖད་སྐད་དུ༔ སངས་རྒྱས་ཀྱི་ཞལ་ཆེམས་དང་པᨖ་ཞེས་བྱ་བ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ ཀྱེ་མ་ཀྱེ་མ༔ རིགས་ཀྱི་བུ་རྣམས་གསང་སྔགས་ཀྱི་གནད་ཐམས་ཅད་གཅིག་ཏུ་དྲིལ་ནས་ཉམས་སུ་ལོངས་ཤིག༔ ལུས་ངག་ཡིད་ཀྱི་སྔོན་འགྲᨖ་ནི༔ ༈ མི་རྟག་སྙིང་རྗེ་བྱང་སེམས་སྦྱངས༔ ༈ ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར༔ རིགས་དྲུག་ས་བᨖན་ཉིད་དུ་གནས༔ རིག་པ་སྐུ་གསུམ་དངོས་ཡིན་ཕྱིར༔ སྐུ་གསུམ་ཡི་གེ་གསུམ་དུ་ཤར༔ ཡི་གེའི་རྩལ་སྦྱང་རུ་ཤན་དབྱེ༔ དེ་ནས་རྣལ་དུ་དབབ་པའི་ཕྱིར༔ ཉན་ཐོས་བྱང་སེམས་ཁྲོ་བᨖ་ཡི༔ ལྟ་སྟངས་ཉིད་ཀྱིས་སᨖར་ཡང་གཞུག༔ གནས་བརྟན་གྲᨖལ་བའི་གདིང་ཐོབ་ནས༔ ༈ ཕྱི་ནང་བྱ་བ་ཀུན་བཏང་སྟེ༔ གླང་སེང་དྲང་སྲོང་འདུག་སྟངས་བཅའ༔ ངག་ནི་སྨྲ་བ་རྒྱུན་བཅད་ལ༔ སེམས་ནི་སྨིན་ཕྲག་ མཁའ་ལ་གཏད༔ སྒོ་ཡུལ་རླུང་གི་གནད་བསྟུན་པས༔ ཡུལ་ལ་ཡེ་ཤེས་མངོན་དུ་སྣང་༔ མངོན་སུམ་གནད་ལས་འབྲལ་མི་བྱ༔ ༈ མི་འགུལ་གསུམ་ལ་བཞི་བཅས་པས༔ སྣང་བ་བཞི་ཡི་དྲོད་རྙེད་ནས༔ སྡོད་པ་གསུམ་གྱི་ཚད་ཟིན་ཏེ༔ ཐོབ་པ་གསུམ་གྱི་གཟེར་ཐེབས་ན༔ ཁམས་གསུམ་དག་ཏུ་ལྡོག་རེ་ཀན༔ མྱ་ངན་འདའ་བར་ཐེ་ཚᨖམ་མེད༔ ༈ ཅེས་སུམ་ཅུ་རྩ་གསུམ་གྱི་ལྷོ་ཕྱོགས་སྨན་འཚᨖ་བྱེད་གཞོན་ནུའི་ལྡུམ་རར༔ རྡོ་རྗེ་འཆང་ཆེན་པᨖ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཞིང་གདུང་བའི་སྨྲེ་སྔགས་ཕྱུངས་པ༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་བརྗོད་དེ་བརྒྱལ་སངས་པ་དང༔ འོད་ཕུང་གི་ནང་ནས་ཕྱག་གཡས་པའི་གྲུ་མᨖ་མན་ཆད་ཕྱུང་ནས༔ རིན་པᨖ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་ཞིག༔ ཕྱག་གཡས་པའི་མཐིལ་དུ་བབས་ཏེ༔ དེ་ཞལ་ཕྱེ་བས་རིན་པᨖ་ཆེ་མཐིང་ཁ་ལ་བཻ་ཌཱུ་བཞུ་བའི་ཁུ་བས་བྲིས་པ་བབས་པས་དགའ་རབ་རྡོ་རྗེ་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ ས་མ་ཡ༔ ༈ རྒྱ་གར་སྐད་དུ༔ བུདྡྷ་དྷེ་ཀ་ར་མ་དུ་ནཱ་མ༔ བᨖད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གཉིས་པ༔ ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པᨖའི་སྟོབས་ཀྱིས་རྣམ་པར་གནོན་པ་ཉིད་ལ་ཕྱག་འཚལ་ལོ༔ ༈ ངེས་པར་སངས་རྒྱས་ཐོབ་འདᨖད་ན༔ སྔོན་དུ་འགྲᨖ་ལ་རྩལ་ཉིད་སྦྱང༔ ལུས་དང་ངག་དང་ཡིད་གསུམ་པᨖ༔ རུ་ཤན་ལེགས་པར་མ་ཕྱེད་ན༔ ཁམས་གསུམ་ཉིད་ལས་མི་གྲᨖལ་བས༔ སྔོན་དུ་འགྲᨖ་བ་དག་ལ་བསླབ༔ སྔོན་འགྲᨖའི་གནད་ལ་མཁས་གྱུར་ན༔ མཆོག་ཐུན་དགོངས་པ་ལ་མཁས་འགྱུར༔ ༈ དབེན་པའི་གནས་སུ་གཅིག་པུར་འདུག༔ ལུས་ཀྱི་སྔོན་འགྲᨖ་བྱ་བའི་ཕྱིར༔ རིགས་དྲུག་སྤྱོད་པ་སྣ་ཚᨖགས་སྤྱད༔ དཀོན་མཆོག་གསུམ་གྱི་སྤྱོད་པའང་བྱ༔ སྐྱིལ་ཀྲུང་མཐིལ་སྤྲད་དྲང་པᨖར་བསྲང༔ སྤྱི་བᨖར་ཐལ་མᨖ་སྦྱར་བར་བྱ༔ དེ་ལྟར་ལུས་ཀྱིས་སུས་བྱས་པ༔ ལུས་དེ་མི་ལྡོག་བར་ཆད་ཞི༔ ཞེན་པ་བཟློག་ཅིང་སྒྲིབ་པ་འདག༔ ལུས་དེ་སྤྲུལ་པའི་སྐུར་གྲᨖལ་ནས༔ སངས་རྒྱས་སྐུ་དང་གཉིས་སུ་མེད༔ ལྷག་མེད་ཉིད་དུ་འགྱུར་བའོ༔ ༈ ངག་གི་སྔོན་འགྲᨖ་བྱ་བའི་ཕྱིར༔ རིགས་དྲུག་སྒྲ་སྐད་སྣ་ཚᨖགས་བརྗོད༔ ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ༔ རྣམ་པ་སྣ་ཚᨖགས་ཉིད་ལ་སྤྱད༔ རྒྱས་གདབ་གནད་ལ་ཞག་གསུམ་བྱ༔ རྩལ་སྦྱང་མཉེན་བཙལ་ལམ་དུ་གཞུག༔ དེ་ལྟར་ངག་གིས་སུས་བྱས་པ༔ ཞེན་ལོག་ངག་གི་སྒྲིབ་པ་དག༔ མི་ལྡོག་གཉིས་མེད་ལོངས་སྐུར་གྲᨖལ༔ ༈ ཡིད་ཀྱི་སྔོན་འགྲᨖ་བྱ་བའི་ཕྱིར༔ རིགས་དྲུག་སྡུག་བསྔལ་བླᨖ་ལ་བླང༔ དེ་ནས་སེམས་ཀྱི་བྱུང་བ་བཙལ༔ མ་རྙེད་ཆོས་ཀྱི་སྐུ་དང་འཕྲད༔ དེ་ནས་སེམས་ཀྱི་གནས་པ་བཙལ༔ མ་རྙེད་ལོངས་སྤྱོད་སྐུ་དང་འཕྲད༔ དེ་ནས་སེམས་ཀྱི་འགྲᨖ་བ་བཙལ༔ མ་རྙེད་སྤྲུལ་པའི་སྐུ་དང་འཕྲད༔ དེ་ལྟར་སེམས་ཀྱིས་སུས་བྱས་པ༔ ཞེན་ལོག་བར་ཆད་ཞི་བ་དང༔ སྒྲིབ་དག་ཁམས་གསུམ་ལྡོག་པ་མེད༔ ཆོས་ཀྱི་སྐུར་གྲᨖལ་གཉིས་མེད་འདའ༔ ༈ དེ་ནས་ལུས་ངག་ཡིད་གསུམ་པᨖ༔ རྣལ་དུ་འབེབས་ལ་མཁས་པར་བྱ༔ དེས་ནི་གསུམ་པᨖ་སᨖར་ཆུད་ནས༔ ཉམས་ལེན་ཉིད་ལ་བརྩོན་པར་འགྱུར༔ དེ་ལྟར་སྔོན་འགྲᨖ་རྫོགས་བྱས་ནས༔ དེ་དག་བླᨖ་ཡིས་བᨖར་ནས་ཀྱང༔ མངོན་སུམ་གནད་ལ་དབབ་པའི་ཕྱིར༔ ལུས་ངག་ཡིད་གསུམ་བྱ་བ་སྤང༔ ༈ འདི་ནི་དུར་ཁྲོད་ཆེན་པᨖ་མེ་རི་འབར་བའི་ཤར་ཕྱོགས་ཌཱ་ཀི་མ་སྣ་ཚᨖགས་འདུ་བའི་གནས་སུ༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེ་ས་ལ་འགྱེལ་ཏེ་གདུང་བའི་སྨྲེ་སྔགས་ཕྱུངས་པ༔ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང༔ སྟོན་པ་སྒྲོན་མེའི་འོད་ནུབ་ན༔ འཇིག་རྟེན་མུན་པ་གང་གིས་སེལ༔ ཞེས་བརྗོད་དེ་བརྒྱལ་སངས་པ་དང༔ མདུན་གྱི་ནམ་མཁར་འོད་ཕུང་གི་དཀྱིལ་དུ༔ ཕྱག་གཡས་པའི་གྲུ་མᨖ་མན་ཆད་ཕྱུང་ནས༔ བཻ་ཌཱུ་ཞུན་མ་ཉིད་ལ་རིན་པᨖ་ཆེ་ལྔའི་ཡི་གེར་རང་བྱུང་དུ་བཀོད་པ༔ རིན་པᨖ་ཆེ་ཤེལ་གྱི་ཟ་མ་ཏོག་དང་བཅས་པ་བབས་པ༔ བྱིན་རླབས་ཆེན་པᨖ་མཆོག་གི་ཡི་གེ༔ སངས་རྒྱས་ཀྱི་ཞལ་ཆེམས་གཉིས་པ༔ སྤྲུལ་པ་པᨖ་དགའ་རབ་རྡོ་རྗེ་གཟུང་བའི་དᨖན་དུ་སྣང་བར་བྱས་པས༔ མྱ་ངན་ལས་འདའ་བ་ཐམས་ཅད་ཀྱི་སྣ་ཁྲིད་དང་འདྲ་བ༔ བསྟན་པ་ཐམས་ཅད་ཀྱི་བཅུད་བསྡུས་ཤིང་བུ་གཅིག་པར་བསྟན་པའོ༔ ས་མ་ཡ༔ ༈ རྒྱ་གར་སྐད་དུ༔ བུདྡྷ་དེ་ཀ་ར་ཡ་ཏྲི་ནཱ་མ༔ བᨖད་སྐད་དུ༔ སངས་རྒྱས་ཀྱི་འདས་རྗེས་གསུམ་པ༔ རང་གྲᨖལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ༔ ༈ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་རྣམས་གསᨖན་ཅིག༔ ལུས་ནི་མྱ་ངན་འདའ་འདᨖད་ན༔ སྐུ་གསུམ་བཞུགས་སྟངས་ཉིད་ལ་བསླབ༔ འདི་ལྟར་སུ་ཡིས་བྱས་པ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་ཀློང་དུ་མྱ་ངན་འདའ༔ ༈ ངག་ནི་བསླབ་བྱའི་རིམ་པ་དང་༔ གནས་པ་བརྟན་ཞིང་ལ་ཡང་བཟླ༔ དེ་ལས་མི་འདའ་སུས་བྱས་པ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་ཀློང་དུ་མྱ་ངན་འདའ༔ ༈ སེམས་གནད་གཟིགས་སྟངས་གསུམ་གཅུན་ཏེ༔ ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལ༔ སྒོ་གནད་ཟློག་ཕབ་ཟུར་གྱིས་ལྟ༔ རླུང་གནད་ཤིན་ཏུ་དལ་ལ་བསླབ༔ དེ་ལྟར་གནད་གསུམ་གཟིར་བ་ཡིས༔ སྐུ་གསུམ་རིག་པ་སྟོང་པར་འཆར༔ ལུག་བརྒྱུད་རིག་པ་བཙོན་དུ་བཟུང༔ མངོན་སུམ་གནད་མཐོང་བཟློག་པ་མེད༔ ༈ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛᨑན་པའི་ལྟ་བ་ནུབ༔ གོང་དུ་འཕེལ་བའི་ཉམས་སྣང་གིས༔ བར་དᨖའི་ཡེ་ཤེས་མངོན་དུ་བྱས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་བཞི་ལ་མཐར་ཕྱིན་ན༔ མྱང་འདས་གཞན་དུ་བཙལ་མི་དགོས༔ མི་འགུལ་གསུམ་ལ་གཞི་བཅས་པས༔ སྡོད་པ་གསུམ་ལ་ཚད་ཟིན་ཏེ༔ རྟགས་ནི་ལུས་ངག་ཡིད་ལ་འབྱུང༔ ཐོབ་པ་གསུམ་གྱི་གཟེར་ཐེབས་སᨖ༔ དེ་ལས་བསྟན་དུ་མེད་དᨖ་ས་མ་ཡ༔ ༈ བསྟན་པ་གང་བབས་རིན་ཆེན་གྱིས༔ ལེགས་བྲིས་མཆན་ཁུང་དག་ཏུ་བཅང༔ བཀུར་སྟི་སུས་བྱས་གྲᨖལ་བར་ངེས༔ འཇའ་འོད་སྒྲ་དང་ས་གཡོ་དང༔ སད་སེར་མུ་གེ་གཟས་ཟིན་དུས༔ ཕྱོགས་བསྟུན་ལྕེ་ཡིས་འདི་བཀླགས་ན༔ སྟོང་གསུམ་སྤྲུལ་པའི་སངས་རྒྱས་ལ༔ ཡོན་ཕུལ་བ་བས་འདི་དᨖན་ཆེ༔ ༈ བསྟན་པ་ཐམས་ཅད་ཀྱི་རང་བབས་རང་བྱུང་བྱིན་རླབས་ཀྱི་ཡི་གེ་འདི༔ རྒྱལ་པᨖ་ཛ་རི་ཞེས་བྱ་བའི་ཁབ་ཀྱི་ལྷོ༔ བྱ་རྒོད་སྤུངས་པའི་རི་ལ་སྟོན་པ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ དགའ་རབ་རྡོ་རྗེས་གདུང་བའི་སྨྲེ་སྔགས་ཕྱུངས་པས༔ རིན་པᨖ་ཆེ་ལྔ་ཡི་ཡི་གེ་རང་བྱུང་བ་དགའ་རབ་རྡོ་རྗེའི་ ཕྱག་གཡས་པའི་མཐིལ་དུ་བབས་པ༔ སངས་རྒྱས་ཀྱི་འདས་རྗེས་ཐ་མ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པར་བཀོད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་བདེན་པ་ཐམས་ཅད་ཀྱི་མཐར་ཐུག་པ་འོད་གསལ་རྫོགས་པ་ཆེན་པᨖ་སྡེ་གསུམ་གྱི་ཡང་རྩེ་མན་ངག་སྡེ་ལའང༌། ཕྱི་ནང་གསང་བ་ཡང་གསང་གི་སྐོར་མཐའ་ཡས་པར་བཞུགས་པ་ལས། ཡང་གསང་མན་ངག་སྙིང་ཐིག་གི་རྒྱུད་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞིར་གྲགས་པའི་སྙིང་པᨖ་ནི་འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། ཅེས་གསུངས་པ་ལྟར་རྒྱུད་བཅུ་བདུན་ཡིན་ལ། དེ་ཐམས་ཅད་ཀྱི་གཞིའམ་རྩ་བ་ལྟ་བུར་གྱུར་པ་རིན་པᨖ་ཆེ་འབྱུང་བའི་ས་བᨖན་ལྟ་བུ་ནི། སྒྲ་ཐལ་འགྱུར་ཆེན་པᨖ་རྩ་བའི་རྒྱུད་ཉིད་དུ་རྣམ་པར་བཞག་ཅིང་དེ་རྣམས་མཐའ་དག་གི་གནད་ཀྱི་སྙིང་པᨖ་སངས་རྒྱས་ཀྱི་འདས་རྗེས་གསུམ་དུ་གྲགས་པའི་རྒྱུད་སྡེ་ཁྱད་པར་ཅན་དང༌། རིག་འཛᨑན་བཞིའི་འདས་རྗེས་ཞར་བྱུང་དང་བཅས་པའི་རྡོ་རྗེའི་ཚᨑག་རྐང་རྣམས་སུ་འདུ་བ་ལས། དང་པᨖ་འདས་རྗེས་རྣམ་པ་གསུམ་གྱིས་དᨖན་གྱི་དགོངས་པ་ཇི་ལྟ་བུ་ཞིག་སྟོན་ན། འདས་རྗེས་དང་པᨖས་རྫོགས་པ་ཆེན་པᨖ་མན་ངག་སྡེའི་གསང་བ་ཐུན་མᨖང་མ་ཡིན་པ་འོད་གསལ་ཐིག་ལེ་ཆེན་པᨖ་ཐོད་རྒལ་གྱི་གདམས་པ་གཙོ་བᨖར་གྱུར་པའི་མན་ངག་གི་ལུས་ཡོངས་སུ་རྫོགས་པ་མདᨖར་བསྟན། གཉིས་པས་དེའི་སྔོན་འགྲᨖ་དང༌། གསུམ་པས་དངོས་གཞི་སྣང་བ་བཞིའི་ས་མཚམས་དང་བཅས་རྒྱས་པར་བཤད་པ་སྟེ། འདི་རྣམས་ཀྱི་དᨖན་རྒྱས་པར་ཀུན་མཁྱེན་ཆེན་པᨖའི་གཞུང་ཐེག་མཆོག་རིན་པᨖ་ཆེའི་མཛོད་དང༌། མན་ངག་གི་ཡི་གེ་ཡང་ཏིག་ཡིད་བཞིན་ནོར་བུ་སᨖགས་ཀྱིས་མཚᨖན་ཁྲིད་ཡིག་རྣམས་ལས་རྟོགས་པར་བྱའོ། ༈ །རིག་འཛᨑན་བཞིའི་ཞལ་ཆེམས་ གསེར་ཡིག་ཅན། འདས་རྗེས་ཀྱི་ཡི་གེ་ལས༔ དགའ་རབ་རྡོ་རྗེའི་ཞལ་ཆེམས་ཚᨑག་གསུམ་ གནད་དུ་བརྡེག་པ་བཞུགས་སᨖ༔ ན་མཿ ཤྲཱི་གུ་རུ་ཡེ༔ རང་རིག་རྟོགས་པའི་གདིང་ལ་ཕྱག་འཚལ་ལོ༔ ཡིན་པར་གྲུབ་པ་མེད་པའི་རིག་པ་འདི༔ རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས༔ སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར༔ ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲᨖལ༔ དེ་དᨖན་བདེ་གཤེགས་ཀུན་གྱི་དགོངས་འདུས་པ༔ བརྒྱལ་བ་བསླང་ཕྱིར་ཚᨑག་གསུམ་མན་ངག་འདི༔ འཁོར་འདས་གཉིས་ཀྱི་གདᨖས་ཐག་བཅད་པའི་ཕྱིར༔ འཆི་ཁའི་ཞལ་ཆེམས་སྙིང་གི་དཀྱིལ་དུ་སྦོས༔ ཨ་ཨཱི༔ རིག་པ་སྤྱི་བརྟོལ་དུ་བསྟན་པའི་མན་ངག་ནི༔ ངོ་རང་ཐོག་ཏུ་སྤྲད་པ་དང༔ ཐག་གཅིག་ཐོག་ཏུ་བཅད་པ་དང༔ གདིང་གྲᨖལ་ཐོག་ཏུ་བཅའ་བའོ༔ རང་ངོ་ཡིན་པ༔ གཞན་ངོ་སྣང་བ༔ ཚུལ་གཉིས་འདྲེས་པ་འཕྲད་པའོ༔ ཨྠ ི༔ ཅིར་སྣང་རང་ཡིན༔ སྟོབས་རང་གིས་རང་ཆེ༔ རང་དང་འཕྲད་པའོ༔ མ་ཐོག་ཏུ་མ་དང་འཕྲད༔ བུ་ཐོག་ཏུ་བུ་རང་འཕྲད༔ གཅིག་ཐོག་ཏུ་གཅིག་རང་འཕྲད་པའོ༔ རིག་པ་གཅིག་པུ་རང་དང་འབྲེལ་བ༔ རང་གཅིག་པུ་རང་དང་འབྲེལ་བ༔ གྲᨖལ་བ་གཅིག་པུ་རང་དང་འབྲེལ་བའོ༔ རང་ཐོག་ཏུ་མཐར་སྣང་གི་ཐག་ཆོད༔ གཅིག་ཐོག་ཏུ་རང་སྣང་གི་ཐག་ཆོད༔ གྲᨖལ་ཐོག་ཏུ་ཐེ་ཚᨖམ་གྱི་ཐག་ཆོད་པའོ༔ ཨྠ ི ༔ རང་ལ་བྱན་ཚུད་པ་ཕྱུག་པᨖའི་བང་མཛོད་ལྟ་བུའི་གདིང༔ གཞན་ལ་བྱན་ཚུད་པ་འཁོར་ལོས་སྒྱུར་བའི་རྒྱལ་པᨖ་ལྟ་བུའི་གདིང༔ གྲᨖལ་ས་ལ་ བྱན་ཚུད་པ་མཁའ་ལ་མཁའ་ཐིམ་པ་ལྟ་བུའི་གདིང་ངོ༔ ཨྠ ི ༔ རང་ཐོག་ཏུ་རང་གྲᨖལ༔ གཅིག་ཐོག་ཏུ་གཅིག་གྲᨖལ༔ མ་བུ་གཉིས་སྦྱོར་བའོ༔ ཨྠ ི ༔ རང་ངོ་ཤེས་པས་གཞི་དང་ངོ་འཕྲད་པའོ༔ དེའི་ཕྱིར་ན་མ་དང་བུ་འཕྲད་པ་ལྟ་བུ་སྟེ་གྲᨖལ་ས་གཅིག་པུ་ཡིན་པར་ངོ་ཤེས་པའོ༔ རང་གིས་རང་གྲᨖལ་བར་ཤེས་པས་ཐོག་མ་རིག་པ་ཉིད་ལ་ཐག་བཅད་པའོ༔ དེའི་ཕྱིར་དྲི་མས་དྲི་མ་འཁྲུ་བ་དང༔ རྣམ་རྟོག་ཉིད་ལ་རྣམ་རྟོག་སྟེ་གཉེན་པᨖ་གཞན་ལ་རག་མ་ལུས་པར་ཐག་བཅད་དᨖ༔ གཞི་ཉིད་ལས་གྲᨖལ་བས་གདིང་གང་ཡིན་དུ་བཅའ་བའོ༔ དེའི་ཕྱིར་སྦྲུལ་གྱི་མདུད་པ་ཉིད་སྦྲུལ་རང་གིས་གྲᨖལ་བ་ལྟ་བུ་སྟེ༔ གཞན་ལྟོས་ཀྱི་རིག་པ་ཚᨑ་ཆད་པས༔ དངོས་གཞི་ རང་ཐོག་ཏུ་གཞི་བཅའ་བའོ༔ ཨྠ ི ༔ དགའ་རབ་རྡོ་རྗེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པའི་ཚེ༔ འཇམ་དཔལ་བཤེས་གཉེན་བརྒྱལ་ཞིང་ས་ལ་འགྱེལ་ནས་ཀྱེ་མ་ཀྱི་ཧུད་ཅེས་སྒྲ་ཆེན་པᨖ་ཕྱུངས་པས༔ རོ་ལངས་བདེ་བ་འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ༔ བརྒྱལ་བ་སློང་བའི་དᨖན་དུ་གསང་བའི་ཞལ་ཆེམས་ཚᨑག་གསུམ་གནད་དུ་བརྡེག་པ༔ ཕྱག་གཡས་པའི་མཐིལ་དུ་བཻ་ཌཱུ་མཐིང་ཁ་ཞུན་མས་རང་ནན་དུ་བྲིས་པ་བབས་ཏེ། རིན་པᨖ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་བ་གཅིག་སྣོད་དུ་བབས་པས༔ འཇམ་དཔལ་བཤེས་གཉེན་བརྒྱལ་བ་ལས་གྲᨖལ་བར་གྱུར་ཅིང༔ རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ དེའི་ཕྱིར་ན་ ཐུགས་ཀྱི་དཀྱིལ་འཁོར་དུ་སྦ་བར་བྱའོ༔ འཆི་ཁ་མའི་ཞལ་གདམས་ཚᨑག་གསུམ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུངས་པ༔ ལྟ་བའི་དᨖན་གསེར་ལྟ་བུར་བསྟན་པ༔ དུར་ཁྲོད་ཆེན་པᨖ་བསིལ་བ་ཚལ་དུ་བབས་པ༔ ཆུ་བᨖ་དན་ཏིག་གི་མགོར་སྣང་བར་བྱས་པའི་གདམས་ངག་དམ་པ༔ སེམས་ཅན་ཐམས་ཅད་དབུགས་འབྱིན་པར་བྱེད་པའི་ལམ༔ སངས་རྒྱས་ཀྱི་ཞིང་དུ་སྐད་ཅིག་ལ་གྲᨖལ་བར་བྱེད་པའི་མན་ངག་རྫོགས་སᨖ༔ ༈ འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་པ་བཞུགས་སᨖ༔ ན་མཿ ཤྲཱི་གུ་རུ་ཡེ༔ རང་རིག་རྟོགས་པའི་གདིང་ལ་ཕྱག་འཚལ་ལོ༔ ཡིན་པར་གྲུབ་པ་མེད་པའི་རིག་པ་འདི༔ རང་སྣང་འཆར་ཚུལ་ཅིར་ཡང་མ་ངེས་པས༔ སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་འཆར༔ ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲᨖལ༔ དེ་དᨖན་བདེ་གཤེགས་ཀུན་གྱི་དགོངས་པ་ནི༔ བརྒྱལ་བ་བསླང་ཕྱིར་ཚᨑག་དྲུག་མན་ངག་ནི༔ འཁོར་འདས་གཉིས་ཀྱི་གདᨖད་ཐག་བཅད་པའི་ཕྱིར༔ འཆི་ཀའི་ཞལ་ཆེམས་སྙིང་གི་དཀྱིལ་དུ་སྦོས༔ ས་མ་ཡ་མ་ཏི་ཀྲ་མ་ཐཱ༔ དགོངས་པ་རང་གནས་གདིང་ལ་ཕྱག་འཚལ་ལོ༔ དᨖན་གྱི་དགོངས་པ་ཡེ་ཤེས་ཆེན་པᨖའི་ལུང་༔ འདི་ནི་སྣང་བའི་ཡེ་ཤེས་ཆེན་པᨖ་དེ༔ རི་དྭགས་རྒྱ་ལ་ཇི་ལྟར་ཚུད་པ་བཞིན༔ བྱ་བྱེད་བྲལ་བའི་མཁའ་ལ་བརྟག་པར་བྱོས༔ ཇི་ལྟར་བདག་གི་བླᨖ་ལ་དགོངས་ཤར་བའི༔ བརྒྱལ་བ་བསླང་ཕྱིར་དᨖན་གྱི་དགོངས་པ་འདི༔ རིག་པའི་གཏད་ས་ལུས་ཀྱི་ གནད་དང་བསྟུན༔ དགོངས་དᨖན་མན་ངག་དྲུག་གིས་ཕྱེ་ནས་བསྟན༔ ཀྱེ་མ་ཀྱེ་མ་རིགས་ཀྱི་བུ་ཆེན་པᨖ༔ དᨖན་གྱི་རིག་པ་གཅེར་བུ་མངོན་སུམ་དུ་ལྟ་བར་འདᨖད་ན༔ རིག་པའི་ཡུལ་དབྱིངས་བཙལ་བ་དང༔ ལུས་ཀྱི་གནད་ལྟ་སྟངས་གཟིར་བ་དང༔ འགྲᨖ་འོང་གི་ལམ་རླུང་བཅད་པ་དང༔ གཏད་པའི་འབེན་དབྱིངས་ལ་གཟུད་པ་དང༔ མི་འགུལ་བ་ལ་གཞི་བཅའ་བ་དང༔ རྒྱ་ཆེ་བ་ནམ་མཁའ་སྤར་གྱིས་དབྱིངས་རིག་འདྲེས་པ་བཟུང་བའོ༔ ཐོག་མ་ཀ་དག་བབས་ཀྱི་ཡུལ་དང༔ འཁྲུལ་པ་སྣང་བ་ལྷུན་གྲུབ་ཀྱི་ཡུལ་དང༔ གནས་བརྟེན་པ་ཡུལ་གྱི་ཡུལ་དང༔ ཉམས་སུ་བླང་བྱ་ནམ་མཁའ་སྤྲིན་དང་བྲལ་བའི་ཡུལ་དང༔ གསལ་བ་དངོས་སྣང་ཁ་དᨖག་འོད་ཀྱི་ཡུལ་དང༔ ཐ་མ་འགྲᨖ་ས་རང་སྣང་བར་དᨖའི་ཡུལ་ལོ༔ ༡༽ སེང་གེའི་འདུག་སྟངས་ཀྱིས་རིག་པ་གཅུན་པ་དང༔ གླང་པᨖ་ཆེའི་འདུག་སྟངས་ཀྱིས་ལྟ་བ་དང༔ འདབ་ཆགས་ཀྱི་ལྡིང་ཐབས་ཀྱིས་ལྟ་བ་སྤྱི་རྒྱ་རླབས་ཀྱིས་གཅོད་པ་དང༔ ཝ་མᨖའི་ཟུར་འགྲᨖས་ཀྱིས་ས་མནན་པ་དང༔ སྐྱེས་བུའི་རྒྱང་ཐབས་ཀྱིས་བར་སྣང་དུ་ཡིད་ཙམ་བཟུང་བ་དང༔ རྒྱ་མདུད་ཀྱི་དྲིལ་ལུགས་ཀྱིས་ལུ་གུ་རྒྱུད་ཀྱི་ཁུངས་བཅད་པའོ༔ ༢༽ ཁ་སྣའི་དབུགས་ཡིད་ཙམ་ནང་དུ་འཐེན་པས་མ་རིག་པ་ལས་ཀྱི་རླུང་ལྡོག༔ ཤེས་པ་ནམ་མཁའ་ལ་གཏད་པས་རྣམ་རྟོག་གི་འགྲུལ་ཆོད༔ རིག་པ་མིག་ཏུ་བཅུག་པས་ངོ་བᨖ་ལ་འཁྲུལ་པ་མེད༔ དབྱིངས་ཕྱི་ནང་འདྲེས་པས་རིག་པ་ལ་ འགྲᨖས་མེད༔ དེ་ཉིད་དབྱིངས་དང་མ་བྲལ་བས་ཡིད་ཀྱི་རྣམ་རྟོག་ཆོད༔ རིག་པ་དབྱིངས་དང་འདྲེས་པས་འཁྲུལ་པ་གཞི་ལ་སངས་པའོ༔ ༣༽ ནམ་མཁའ་སྤྲིན་དང་བྲལ་བ་དང༔ དབྱིངས་རྣམ་པར་དག་པ་དྲི་མ་དང་བྲལ་བ་དང༔ སྣང་བ་སྒྲིབ་གཡོགས་དང་བྲལ་བ་དང༔ ཐིག་ལེ་སྤྲོ་བསྡུ་དང་བྲལ་བ་དང༔ འོད་སྣང་གསལ་འགྲིབ་བྲལ་བ་དང༔ ལུ་གུ་རྒྱུད་འགྲᨖ་འོང་དང་བྲལ་བ་ལ་རང་གི་དེ་བཞིན་ཉིད་ལ་གཏད་པའོ༔ ༤༽ ལུས་མི་འགུལ་བས་སྣང་བ་བཞི་ལ་བཞག་པ་དང༔ མིག་མི་འགུལ་བས་ལུ་གུ་རྒྱུད་ལ་གཟེར་ཐེབས་པ་དང༔ རིག་པ་མ་འགུལ་བས་སྣང་སྲིད་ཆོས་སྐུར་གྲᨖལ་བ་དང༔ དེ་ཉིད་མ་འགུལ་བས་འཁྲུལ་པའི་སྣང་བ་རྒྱུན་ཆད་པ་དང༔ དེ་ལྟར་ཆོས་སྐུ་འགུལ་བ་མེད་པས་ཡེ་ཤེས་ངོས་ཟིན་པ་དང༔ སྟོང་པ་ལས་འགུལ་བ་མེད་པས་འགྱུ་བྱེད་རང་སར་དྭངས་པའོ༔ ༥༽ སྣང་སྲིད་རིག་སྟོང་གསལ་བར་ཤར་བས་བེམ་པᨖ་ལས་གྲᨖལ་བ་དང༔ ནམ་མཁའི་ཁམས་སུ་ལུ་གུ་རྒྱུད་ཀྱིས་ཁྱབ་པས་ཆོས་ཉིད་མ་ཐོག་ཏུ་གྲᨖལ་བ་དང༔ ཅིར་སྣང་འོད་སྣང་ལས་མ་འདས་པས་འབྱུང་བ་ལྔའི་བདུད་ལས་གྲᨖལ་བ་དང༔ འཁོར་འདས་རང་ངོ་ཤེས་པས་ལྟོས་པའི་ཆོས་ལས་གྲᨖལ་བ་དང༔ སྟོང་པ་གསལ་བ་རིག་པ་འདྲེས་པས་རྒྱུད་ལུང་གི་ཚᨑག་ལས་གྲᨖལ་བ་དང༔ དག་པའི་དབྱིངས་རྒྱ་བསྐྱེད་པས་རིག་པ་རང་ཐོག་ཏུ་སྤར་གྱིས་ཟིན་པ་ཞེས་བྱའོ༔ ༦༽ ཨྠ ི ༔ འཇམ་དཔལ་བཤེས་གཉེན་དགོངས་པ་ཡོངས་སུ་མྱ་ངན་ལས་ འདས་པའི་ཚེ་འོད་ཟེར་གྱི་ཕུང་པᨖ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པས་ཤྲཱི་ས་ཧ་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏེ་ཀྱི་ཧུད་ཀྱི་སྒྲ་ཆེན་པᨖ་ཕྱོགས་བཅུར་འབᨖད་ཅིང་གནས་པ་ལས༔ ནམ་མཁར་སྒྲ་ཆེན་པᨖ་ཞིག་གྲགས་པར་གྱུར་ཏེ༔ དེ་ཉིད་ཀྱིས་བརྒྱལ་སངས་ནས་བལྟས་པས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས༔ མཉྫུ་ཤྲཱིས་ཕྱག་གཡས་པ་ཕྱུངས་ཏེ་བརྒྱལ་བ་བསླང་བའི་དᨖན་དུ༔ ཤྲཱི་ས་ཧའི་ཕྱག་མཐིལ་དུ་རིན་པᨖ་ཆེའི་ཟ་མ་ཏོག་གི་ནང་དུ་བཻ་ཌཱུ་མཐིང་ཁ་ཞུན་མས་རང་ནན་དུ་བྲིས་པ་གཅིག་དུར་ཁྲོད་ཆེན་པᨖ་སᨖ་ས་གླིང་དེ་ཉིད་དུ་བབས་སᨖ༔ དེ་ཉིད་བབས་པ་ཙམ་གྱིས་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ འདི་ནི་འཇམ་དཔལ་བཤེས་གཉེན་གྱི་ཞལ་ཆེམས་སྒོམ་ཉམས་དྲུག་གིས་སྐྱེ་མེད་སྟོང་པའི་ཀློང་དུ་མྱ་ངན་ལས་འདའ་བར་བྱེད་པའི་མན་ངག་གསང་བ་བས་ཀྱང་ཆེས་གསང་བར་གྱུར་པ། ཉམས་སུ་བླང་བའི་ཕྱོགས་སུ་བསྟན་པ་རྫོགས་སᨖ༔ ༈ ཤྲཱི་ས་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་བཞུགས་སᨖ༔ སརྦ་སནྟི་ཀ༔ སྟོང་གསལ་ཤེས་རབ་རྫོགས་ལ་ཕྱག་འཚལ་ལོ༔ ཀུན་ཏུ་ཁྱབ་ཅིང་སྣ་ཚᨖགས་སྣང་བ་ཡིས༔ རིག་པའི་ཡེ་ཤེས་ རྒྱ་ཡན་ཕྱོགས་མེད་དེ༔ མི་འགྱུར་ས་ལ་གཟེར་ཆེན་བཏབ་པའི་ཕྱིར༔ འཁོར་འདས་འཕྲང་ལ་གཟེར་ཆེན་བདུན་བཏབ་པས༔ མི་འགྱུར་བདེ་ཆེན་བདག་གི་བླᨖ་ལ་ཤར༔ དེ་དᨖན་མན་ངག་ཉི་མའི་ཟེར་འདྲ་བ༔ བརྒྱལ་བ་བསླང་ཕྱིར་དགོངས་དᨖན་གསང་བ་འདི༔ གསལ་བའི་ཤེས་རབ་མཛོད་ཀྱི་སྒོ་ཕྱེ་ལ༔ ཡིད་བཞིན་ནོར་འདྲའི་དᨖན་འདི་རྟོགས་པར་གྱིས༔ གསལ་བའི་ཡེ་ཤེས་ཟང་ཐལ་གྱི་གཟེར་གྱིས་འཁོར་འདས་གཉིས་ཀྱི་མཚམས་སུ་ཐོབ་ཅིག༔ སྒྲོན་མ་རང་སྣང་གི་གཟེར་གྱིས་ཡུལ་སེམས་གཉིས་ཀྱི་བར་དུ་ཐོབ་ཅིག༔ ངོ་བᨖ་རང་དག་གི་གཟེར་བླᨖ་དངོས་གཉིས་ཀྱི་བར་དུ་ཐོབ་ཅིག༔ ལྟ་བ་གྲᨖལ་ཡན་གྱི་གཟེར་རྟག་ཆད་གཉིས་ཀྱི་བར་དུ་ཐོབ་ཅིག༔ རིག་པ་ཆོས་ཉིད་ཀྱི་གཟེར་ཆོས་ཅན་ཆོས་ཉིད་ཀྱི་བར་དུ་ཐོབ་ཅིག༔ སྒོ་ལྔ་རྒྱ་ཡན་གྱི་གཟེར་བྱིང་རྒོད་གཉིས་ཀྱི་བར་ལ་ཐོབ་ཅིག༔ ཆོས་སྐུ་ཡེ་རྫོགས་ཀྱི་གཟེར་སྣང་སྟོང་གཉིས་ཀྱི་བར་ལ་ཐོབ་ ཅིག༔ ཨྠ ི༔ གསལ་བ་རང་ངོས་མ་སྒྲིབ་པ་ཤེས་རབ་རང་གྲᨖལ་གཞན་ངོ་ལ་བཞག་པ་ནི་རྩྭ་དང་མེ་འཕྲད་པ་ལྟ་བུའོ༔ སྣང་བ་གཅེར་གྲᨖལ་དུ་ཤེས་པས་དྲན་བསམ་ལ་བྱན་ཚུད་པ་ནི་མུན་ཁང་དང་སྣང་བ་འཕྲད་པ་ལྟ་བུའོ༔ རིག་པ་ཡེ་དག་གི་དགོངས་པ་གཞི་མངོན་དུ་ཤེས་པ་ནི་ཡིད་མཐུན་པའི་ཕོ་མᨖ་འཕྲད་པ་ལྟ་བུའོ༔ རང་ངོ་ཕྱོགས་བྲལ་གྱི་ཡེ་ཤེས་རང་རྐྱེན་དུ་ཤར་བས་ཡིན་མིན་གྱི་རྩིས་ལས་འདས་པ་བཞིན་དང་མེ་ལོང་འཕྲད་པ་ལྟ་བུའོ༔ ལྟ་སྒོམ་ལས་གྲᨖལ་བའི་རྟོག་པ་སྣ་ཚᨖགས་རོལ་པར་ཤར་བས་བ་མᨖ་དང་ཉི་མ་རེག་པ་ལྟ་བུའོ༔ སྣང་སྲིད་སᨖར་བཞག་གི་དགོངས་པ་ཡེ་རྒྱས་བཏབ་པས་ཡུལ་ཅན་མཉམ་པ་ཉིད་དུ་ཤེས་པ་ནི་བུ་གཅིག་པᨖ་དང་ འཕྲད་པ་ལྟ་བུའོ༔ ཆོས་སྐུ་འབད་རྩོལ་མེད་པར་ཡེ་ནས་རང་དང་འདུ་འབྲལ་མེད་པ་ཡིན་པས་སྣོད་བཅུད་རང་སར་གྲᨖལ་བ་ནི་དབུལ་པᨖ་གཏེར་མཛོད་དང་འཕྲད་པ་ལྟ་བུའོ༔ ཨྠ ི༔ ཤྲཱི་ས་ཧ་དགོངས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་འོད་ཟེར་གྱི་ཕུང་པᨖ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པས༔ ཡེ་ཤེས་མདᨖ་བརྒྱལ་ཞིང་ས་ལ་འགྱེལ་བར་གྱུར་ཏེ་ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་བསྒྲགས་པས༔ ནམ་མཁའ་ལ་སྒྲ་ཆེན་པᨖ་གྲགས་ཏེ༔ དེ་ཉིད་ཀྱིས་བརྒྱལ་སངས་ནས་བལྟས་པས༔ འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ༔ ཡེ་ཤེས་མདᨖ་བརྒྱལ་བ་ལས་བསླང་བའི་དᨖན་དུ་རིན་པᨖ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་ཕྱག་མཐིལ་དུ་བབས་སᨖ༔ དེ་ཉིད་བབས་པ་ཙམ་གྱིས་རྟོགས་པ་དང་ལྡན་པར་གྱུར་ཏོ༔ བཀྲ་ཤིས་ཁྲི་སྒོར་བབས་པ༔ ཤྲཱི་ས་ཧའི་ཞལ་ཆེམས་གཟེར་བུ་བདུན་པ་ལོང་བའི་སྣ་ཁྲིད་དང་འདྲ་བ་རྫོགས་སᨖ༔ ༈ ཡེ་ཤེས་མདᨖའི་ཞལ་ཆེམས་བཞག་ཐབས་བཞི་པ་བཞུགས་སᨖ༔ སརྦ་ཨེ་ཀ་ར༔ སྟོང་པ་ཡེ་དག་ངང་ལ་ཕྱག་འཚལ་ལོ༔ གསང་སྔགས་གསང་བའི་མདᨖ་དᨖན་འདིར་སྣང་བ༔ དུས་གསུམ་བཞུགས་པའི་ཐུགས་ཀྱི་དགོངས་ཤར་བ༔ བླᨖ་ཡི་མུན་སེལ་སྒྲོན་མ་འོད་པᨖ་ཆེ༔ འཇིག་རྟེན་རབ་རིབ་རྣམས་ནི་བསལ་བྱའི་ཕྱིར༔ རང་རིག་ཡེ་ཤེས་རྟོགས་དཀའ་ཀུན་སྤངས་པ༔ འགྱུར་མེད་ཐབས་ཀྱི་རྒྱ་ཡིས་བཟུང་བྱས་ཏེ༔ རྒྱ་ཆེ་རབ་ཟབ་དབྱིངས་སུ་བཅུག་ནས་ཀྱང་༔ མཐའ་བྲལ་ཉག་གཅིག་ངང་དུ་བཞག་པར་བྱོས༔ བརྒྱལ་བ་རྣམས་ནི་འདི་ཡིས་དབུགས་ཕྱུངས་ཏེ༔ སངས་རྒྱས་རྣམས་དང་མཉམ་པ་ཉིད་དུ་གྲགས༔ གང་ཞིག་བཟུང་བས་མ་ཟིན་རིག་པ་དེ༔ དེ་ཉིད་འཛᨑན་འདᨖད་སྐལ་ལྡན་བླᨖ་ཆེ་བ༔ ཡི་གེ་འདི་ལ་ རྟག་ཏུ་གོམས་པར་གྱིས༔ ཨེ་མ་ཧོ༔ འདི་ལ་རྟག་ཏུ་གོམས་པར་བྱས་ན་བདེ་བ་ཤུགས་ལ་འབྱུང་ངོ༔ ཀྱེ་མ་མཉམ་པ་ཆེན་པᨖའི་ས་ཐོབ་པར་འདᨖད་ན་འདི་ཉིད་ལ་རྟག་ཏུ་གོམས་པར་གྱིས་ཤིག༔ སྤྱོད་པ་ཐམས་ཅད་ལ་རྩལ་སྦྱོང་བར་འདᨖད་ན༔ སྣང་བ་ཅོག་བཞག་གིས་སྣང་བ་ཐམས་ཅད་ཅེར་བཞག་ཏུ་ཞོག་ཅིག༔ སྒོམ་པ་ཐམས་ཅད་ལ་སྟོབས་རྙེད་པར་འདᨖད་ན༔ རྒྱ་མཚᨖ་ཅོག་བཞག་གི་དགོངས་པས་བླᨖ་དངོས་གཉིས་གཅིག་ཏུ་དྲིལ་ལ་ཞོག་ཅིག༔ ལྟ་བ་ཐམས་ཅད་ལས་རང་གྲᨖལ་བར་འདᨖད་ན༔ རི་བᨖ་ཅོག་བཞག་གི་ལྟ་བས་ཆོས་ཐམས་ཅད་ཟད་སར་སྐྱོལ་ཞིག༔ འབྲས་བུ་ཐམས་ཅད་རང་སར་གནས་པར་འདᨖད་ན༔ རིག་པ་ཅོག་བཞག་གི་ལྟ་བས་མན་ངག་ལ་འཁྲུལ་པ་ཐམས་ཅད་རང་སར་གྲᨖལ་བར་ཞོག་ཅིག༔ སྣང་བ་རང་བཞག་ཡིན་པས་ཡེ་ནས་སྟོང་པ་དང་འབྲེལ་བ་དང༔ བླᨖ་རང་སར་བཞག་པས་ཡེ་ནས་དངོས་པᨖ་དང་འབྲེལ་བ་དང༔ ཆོས་རྣམས་རང་སར་བཞག་པས་དབྱིངས་རིག་དང་འབྲེལ་བ་དང༔ འཁྲུལ་པ་ཐམས་ཅད་ཅོག་བཞག་ཡིན་པས་ཡེ་ནས་རང་གྲᨖལ་དང་འབྲེལ་བའོ༔ ཝལ་པᨖ་རྗེས་མེད་ཆུ་ཡི་རི་མᨖ་ལྟ་བུས་སྣང་བ་གཅིག་ཐོག་ཏུ་གཅིག་བཞག་ པ་དང༔ དྲན་པ་རྗེས་མེད་མཁའ་ལ་བྱ་འཕུར་བ་ལྟ་བུས་བསམ་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང༔ འཁྲུལ་པ་རང་དག་མཁའ་འགྲᨖ་སྙི་ལས་བཏོན་པ་ལྟ་བུས་སྟོང་པ་གཅིག་ཐོག་ཏུ་གཅིག་བཞག་པ་དང༔ དག་པ་ལྡོག་མེད་རིམས་ནད་བྱང་བ་ལྟ་བུས་རིག་པ་གཅིག་ཐོག་ཏུ་གཅིག་གྲᨖལ་པའོ༔ ཨྠ ི༔ སྣང་བ་སྤྱོད་ཅིང་བསྒྱུར་ནུས་པ་ཆང་དང་ར་རོ་བ་ལྟ་བུས་འབྱུང་བ་ལྔ་རང་སར་བཞག་པ་དང༔ སེམས་གནས་ཤིང་ཚད་ཟིན་པ་རྔོན་པས་རི་དྭགས་རྒྱ་ལ་ཟིན་པ་བཟུང་བ་ལྟ་བུས་སེམས་རང་སར་བཞག་པ་དང༔ ཆོས་ལ་མི་གནས་པའི་ཤེས་པས་རིག་པ་མཐོང་བ་བཞིན་དང་མེ་ལོང་ལྟ་བུས་ཆོས་ཐམས་ཅད་རང་སར་བཞག་པ་དང༔ འཁྲུལ་པ་མ་ཐོག་ཏུ་གྲᨖལ་བ་སྦྲུལ་དང་མདུད་པ་ལྟ་བུས་འཁྲུལ་དང་མ་འཁྲུལ་མེད་པ་རང་སར་བཞག་པའོ༔ སྣང་བ་རང་གྲᨖལ་བ་གཟུ་བᨖའི་བླᨖ་ཅན་ལྷ་ཁང་དུ་ཕྱིན་པ་ལྟ་བུའོ༔ བསམ་པ་ཐམས་ཅད་གཞི་ལ་ཐིམ་པ་རྒྱ་མཚᨖ་རླུང་གིས་མ་བསྐྱོད་པ་ལྟ་བུའོ༔ དབྱིངས་དང་རིག་པ་རང་འཕྲད་པ་རི་རྒྱལ་གྱི་རྩེ་མᨖར་ཕྱིན་པ་ལྟ་བུའོ༔ སྐུ་གསུམ་ཕྱིར་མི་ལྡོག་པ་རང་ས་ལ་སླེབ་པ་བསེ་ཤིང་གི་འབྲས་བུ་ལྟ་བུའོ༔ ལྟ་སྒོམ་སྤྱོད་པའི་སྲོག་ཤིང་ཡིན༔ རེངས་པ་རྣམས་ཀྱི་གཉའ་གཅོག་ཡིན༔ སྟོར་བ་རྣམས་ཀྱི་རྗེས་གཅོད་ཡིན༔ ལྟེབས་པ་རྣམས་ཀྱི་རྒྱངས་ཤིང་ཡིན༔ རྒྱ་ཆེ་སྤར་གྱིས་བཟུང་བའི་མན་ངག༔ རྨུ་རྒོད་འཐུར་སྲབ་འཇུག་པའི་མན་ངག༔ རྣོ་ལ་ངར་གྱིས་འདᨖགས་པའི་མན་ངག༔ བྱས་པ་ཐམས་ཅད་རང་སར་བཞག་པའི་མན་ངག་གོ༔ ཨྠ ི༔ སྣ་ཚᨖགས་ལམ་དུ་ཁྱེར་བའི་རྐང༔ དྲན་པ་རྒྱུན་ཐག་གཅོད་པའི་ལག༔ རིག་པ་དངོས་ལ་ལྟ་བའི་མིག༔ འཁྲུལ་པ་གཞི་ལ་དག་པའི་ཁྲུས་སᨖ༔ སྣང་བ་ཐུག་ཕྲད་ཀྱི་ལམ༔ རིག་པ་ཐུག་ཕྲད་ཀྱི་གཞི༔ མཐོང་བ་ཐུག་ཕྲད་ཀྱི་ཡུལ༔ གྲᨖལ་བ་ཐུག་ཕྲད་ཀྱི་འབྲས་བུའོ༔ ཛྙཱ་ན་སཱུ་ཏྲ་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ༔ བི་མ་ལ་མི་ཏྲ་བརྒྱལ་ཞིང་ས་ལ་འགྱེལ་ཏེ་ཀྱེ་མ་ཀྱི་ཧུད་ཀྱི་སྒྲ་ཆེན་པᨖ་འདᨖན་ཞིང་གནས་པ་ལས་ནམ་མཁའ་འོད་ཕུང་གི་དཀྱིལ་ནས་སྒྲ་ཆེན་པᨖ་གྲགས་ཏེ་བརྒྱལ་སངས་ནས་བལྟས་པས༔ ཕྱག་གཡས་པའི་གྲུ་མᨖ་མན་ཆད་ཕྱུངས་ཏེ༔ བི་མ་ལ་མི་ཏྲའི་ཕྱག་གཡས་པའི་མཐིལ་དུ་རིན་པᨖ་ཆེའི་ཟ་མ་ཏོག་སེན་གང་བ་གཅིག་བབས་སᨖ༔ དེ་ཞལ་ཕྱེས་ནས་གཟིགས་པས་བཻ་ཌཱུ་མཐིང་ཀས་རང་ནན་དུ་རིན་པᨖ་ཆེ་ལྔའི་ཤོག་བུ་ལ་བྲིས་པ་གཅིག་བཞུགས་འདུག་སྟེ༔ བི་མ་ལས་བལྟས་པ་ཙམ་གྱིས་རྟོགས་པའི་གདིང་དང་ལྡན་པར་གྱུར་ཏོ༔ དུར་ཁྲོད་ཆེན་པᨖ་བྷ་སེང་དུ་སྣང་བར་བྱས་པ༔ ཡེ་ཤེས་མདᨖའི་ཞལ་ཆེམས་བཞག་ཐབས་བཞིས་རྟེན་གཅིག་ལ་སངས་རྒྱ་བར་བྱེད་པ༔ མུན་ཁུང་གི་སྒྲོན་མེ་དང་འདྲ་བ་རྫོགས་སᨖ༔ སྤྱོད་པ་རང་བཞག༔ སྒོམ་པ་རང་བཞག༔ ལྟ་བ་རང་བཞག༔ འབྲས་བུ་རང་བཞག་གི་གདམས་ངག་གོ༔ ས་མ་ཡ༔ ཨྠ ི༔ རིག་འཛᨑན་བཞིའི་ཞལ་ཆེམས་དང་པᨖས་ཁྲེགས་ཆོད་ཐོད་རྒལ་གཉིས་ཀ་ཡི་ངོ་སྤྲོད་རྩ་བ་སྟོན། གཉིས་པས་ཐོད་རྒལ་གྱི་སྒོམ་པ་གཙོ་བᨖར་སྟོན། གསུམ་པས་བᨖགས་འབྱིན་དང་གེགས་སེལ་སྟོན། བཞི་པས་ཁྲེགས་ཆོད་ཀྱི་བཞག་ཐབས་གཙོ་བᨖར་སྟོན། བཞི་ཀས་ཀྱང་བཞི་ཀ་སྟོན་པས་ན་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་ཆ་རྐྱེན་རྫོགས་པར་སྟོན་པ་ ཡིན་ནོ། །མངྒ་ལཾ་བྷ་བ་ཏུ།། །།