DNZ-04-NGA-017: Difference between revisions

From Damngak Dzö
DNZ-04-NGA-017
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅། །ལམ་གྱི་གཙོ་བᨖ་རྣམ་གསུམ་གྱི་ཚᨑག་འགྲེལ་མདᨖར་བསྡུས་པ་སྐལ་བཟང་ཐར་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སᨖ། །
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=gdams ngag rin po che'i mdzod
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|totalvolumes=18
|author='jam mgon kong sprul
|authortib=འཇམ་མགོན་ཀོང་སྤྲུལ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=04
|volumeLetter=NGA
|textnuminvol=017
|pdflink=File:DNZ-04-NGA-017.pdf
|InitCategories=Damngak Rinpoché Dzö; DNZ-Volume-04-NGA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །ལམ་གྱི་གཙོ་བᨖ་རྣམ་གསུམ་གྱི་ཚᨑག་འགྲེལ་མདᨖར་བསྡུས་པ་སྐལ་བཟང་ཐར་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སᨖ། །


ན་མᨖཿ ཤཱཀྱ་མུ་ན་ཡེ། ངེས་པར་འབྱུང་བས་སྲིད་པའི་འདམ་ལས་བརྒལ། །བྱང་ཆུབ་སེམས་ཀྱིས་ཞི་བའི་མཐར་མི་གནས། །ཆོས་ཉིད་མངོན་སུམ་གཟིགས་པའི་རྣམ་འདྲེན་མཆོག །ཐུགས་རྗེ་ཆེ་ལྡན་ཤཱཀྱའི་རྒྱལ་པᨖར་འདུད། །ངེས་འབྱུང་ཚུལ་ཁྲིམས་གསེར་གྱི་ས་གཞི་ལ། །བྱང་སེམས་ཏིང་འཛᨑན་རི་གླིང་བཀོད་པས་མཛེས། །རྣམ་དག་ལྟ་བའི་ཤེས་རབ་སྣང་བྱེད་གསལ། །ཇོ་བᨖ་ཡབ་སྲས་བརྒྱུད་པར་བཅས་ལ་བསྔགས། །མཁྱེན་གཉིས་བློ་གྲᨖས་ནམ་མཁའི་ཁྱོན་ལྟར་ཡངས། །མཁས་བཙུན་བཟང་པᨖའི་གྲགས་པས་འཇིག་རྟེན་ཁྱབ། །བསྟན་ལ་སྟོན་པ་གཉིས་པའི་ཕྲིན་ལས་ཅན། །ངོ་མཚར་སྐྱེས་ཆེན་མཆོག་དེར་གུས་ཕྱག་འཚལ། །གང་དེས་གཞན་དྲིང་མི་འཇོག་མཁྱེན་སྤྱོད་ཀྱིས། །མདᨖ་རྒྱུད་དགོངས་པ་ཚུལ་བཞིན་ཐུགས་ཆུད་ནས། །བརྩེ་བས་གཞན་ལ་འདᨖམས་པའི་ལེགས་བཤད་ཀྱི། །སྙིང་པᨖ་ལམ་གཙོ་རྣམ་གསུམ་
ན་མᨖཿ ཤཱཀྱ་མུ་ན་ཡེ། ངེས་པར་འབྱུང་བས་སྲིད་པའི་འདམ་ལས་བརྒལ། །བྱང་ཆུབ་སེམས་ཀྱིས་ཞི་བའི་མཐར་མི་གནས། །ཆོས་ཉིད་མངོན་སུམ་གཟིགས་པའི་རྣམ་འདྲེན་མཆོག །ཐུགས་རྗེ་ཆེ་ལྡན་ཤཱཀྱའི་རྒྱལ་པᨖར་འདུད། །ངེས་འབྱུང་ཚུལ་ཁྲིམས་གསེར་གྱི་ས་གཞི་ལ། །བྱང་སེམས་ཏིང་འཛᨑན་རི་གླིང་བཀོད་པས་མཛེས། །རྣམ་དག་ལྟ་བའི་ཤེས་རབ་སྣང་བྱེད་གསལ། །ཇོ་བᨖ་ཡབ་སྲས་བརྒྱུད་པར་བཅས་ལ་བསྔགས། །མཁྱེན་གཉིས་བློ་གྲᨖས་ནམ་མཁའི་ཁྱོན་ལྟར་ཡངས། །མཁས་བཙུན་བཟང་པᨖའི་གྲགས་པས་འཇིག་རྟེན་ཁྱབ། །བསྟན་ལ་སྟོན་པ་གཉིས་པའི་ཕྲིན་ལས་ཅན། །ངོ་མཚར་སྐྱེས་ཆེན་མཆོག་དེར་གུས་ཕྱག་འཚལ། །གང་དེས་གཞན་དྲིང་མི་འཇོག་མཁྱེན་སྤྱོད་ཀྱིས། །མདᨖ་རྒྱུད་དགོངས་པ་ཚུལ་བཞིན་ཐུགས་ཆུད་ནས། །བརྩེ་བས་གཞན་ལ་འདᨖམས་པའི་ལེགས་བཤད་ཀྱི། །སྙིང་པᨖ་ལམ་གཙོ་རྣམ་གསུམ་
Line 61: Line 80:
འགྲེལ་བཤད་རྒྱལ་མཚན་མངོན་མཐོའི་རྩེར་བཀོད་ཀྱང༌། །བློ་རྨོངས་འཇུག་བདེའི་དགའ་སྟོན་འདི་བསྐྲུན་ཏོ། །སྲིད་པའི་དཔལ་ལས་ངེས་འབྱུང་བློ་གྲᨖས་བརྟན། །ལྷག་བསམ་བྱང་སེམས་གསེར་གྱི་ཡོལ་གོ་རུ། །རྣམ་དག་ལྟ་བའི་བདུད་རྩི་ཡོངས་བསྐྱིལ་བས། །ཐར་འདᨖད་རྒུད་པ་སེལ་བའི་ཉེར་འཚོར་ཤོག །བཀའ་གདམས་བརྒྱུད་པའི་ལྟ་སྤྱོད་དྲི་མ་མེད། །བདག་གཞན་འགྲᨖ་བའི་རྒྱུད་ལ་ལེགས་འབྱོར་ཏེ། །ཆོས་ལྟར་བཅོས་པས་ནམ་ཡང་མི་བསླུ་བར། །ཇོ་བᨖ་ཡབ་སྲས་དགོངས་པ་སྐོང་བྱེད་ཤོག །ཅེས་པ་འདི་ཉིད་ཀྱི་བཤད་རྒྱུན་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པᨖའི་ཞལ་སྔ་ནས་རྒྱལ་དབང་ལྔ་པ་ཆེན་པᨖ་དང་། པཎ་ཆེན་རིན་པᨖ་ཆེའི་འགྲེལ་ཊཱིཀ་སྟེང་ནས་བཀའ་དྲིན་དུ་སྩལ་བ་ཐོབ་ཅིང༌། གདམས་ངག་རིན་པᨖ་ཆེའི་མཛོད་དུ་རྒྱུན་བཞུགས་པ་ལ་ཉེ་བར་མཁᨖ་བས་མཚམས་སྦྱར་ཏེ། དངུལ་ཆུ་བ་དྷརྨ་བྷ་དྲའི་འགྲེལ་བསྡུས་སᨖར་བཞག་དᨖན་འདུས་གོ་
འགྲེལ་བཤད་རྒྱལ་མཚན་མངོན་མཐོའི་རྩེར་བཀོད་ཀྱང༌། །བློ་རྨོངས་འཇུག་བདེའི་དགའ་སྟོན་འདི་བསྐྲུན་ཏོ། །སྲིད་པའི་དཔལ་ལས་ངེས་འབྱུང་བློ་གྲᨖས་བརྟན། །ལྷག་བསམ་བྱང་སེམས་གསེར་གྱི་ཡོལ་གོ་རུ། །རྣམ་དག་ལྟ་བའི་བདུད་རྩི་ཡོངས་བསྐྱིལ་བས། །ཐར་འདᨖད་རྒུད་པ་སེལ་བའི་ཉེར་འཚོར་ཤོག །བཀའ་གདམས་བརྒྱུད་པའི་ལྟ་སྤྱོད་དྲི་མ་མེད། །བདག་གཞན་འགྲᨖ་བའི་རྒྱུད་ལ་ལེགས་འབྱོར་ཏེ། །ཆོས་ལྟར་བཅོས་པས་ནམ་ཡང་མི་བསླུ་བར། །ཇོ་བᨖ་ཡབ་སྲས་དགོངས་པ་སྐོང་བྱེད་ཤོག །ཅེས་པ་འདི་ཉིད་ཀྱི་བཤད་རྒྱུན་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པᨖའི་ཞལ་སྔ་ནས་རྒྱལ་དབང་ལྔ་པ་ཆེན་པᨖ་དང་། པཎ་ཆེན་རིན་པᨖ་ཆེའི་འགྲེལ་ཊཱིཀ་སྟེང་ནས་བཀའ་དྲིན་དུ་སྩལ་བ་ཐོབ་ཅིང༌། གདམས་ངག་རིན་པᨖ་ཆེའི་མཛོད་དུ་རྒྱུན་བཞུགས་པ་ལ་ཉེ་བར་མཁᨖ་བས་མཚམས་སྦྱར་ཏེ། དངུལ་ཆུ་བ་དྷརྨ་བྷ་དྲའི་འགྲེལ་བསྡུས་སᨖར་བཞག་དᨖན་འདུས་གོ་
སླའི་ཚུལ་དུ་ཐུབ་བསྟན་རིས་མེད་ལ་དད་པའི་སྣང་བ་ཡངས་པᨖར་བརྡལ་བ་ཀུ་སཱ་ལི་བློ་གྲᨖས་མཐའ་ཡས་ཀྱིས་ཁམས་ཀྱི་ཟབ་བུ་ལུང་རྫོང་ཤོད་ཀྱི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།    །།
སླའི་ཚུལ་དུ་ཐུབ་བསྟན་རིས་མེད་ལ་དད་པའི་སྣང་བ་ཡངས་པᨖར་བརྡལ་བ་ཀུ་སཱ་ལི་བློ་གྲᨖས་མཐའ་ཡས་ཀྱིས་ཁམས་ཀྱི་ཟབ་བུ་ལུང་རྫོང་ཤོད་ཀྱི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།།    །།
[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 13:42, 31 January 2025

Wylie title DNZ-04-NGA-017.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 4, Text 17, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༄༅། །ལམ་གྱི་གཙོ་བᨖ་རྣམ་གསུམ་གྱི་ཚᨑག་འགྲེལ་མདᨖར་བསྡུས་པ་སྐལ་བཟང་ཐར་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སᨖ། །

ན་མᨖཿ ཤཱཀྱ་མུ་ན་ཡེ། ངེས་པར་འབྱུང་བས་སྲིད་པའི་འདམ་ལས་བརྒལ། །བྱང་ཆུབ་སེམས་ཀྱིས་ཞི་བའི་མཐར་མི་གནས། །ཆོས་ཉིད་མངོན་སུམ་གཟིགས་པའི་རྣམ་འདྲེན་མཆོག །ཐུགས་རྗེ་ཆེ་ལྡན་ཤཱཀྱའི་རྒྱལ་པᨖར་འདུད། །ངེས་འབྱུང་ཚུལ་ཁྲིམས་གསེར་གྱི་ས་གཞི་ལ། །བྱང་སེམས་ཏིང་འཛᨑན་རི་གླིང་བཀོད་པས་མཛེས། །རྣམ་དག་ལྟ་བའི་ཤེས་རབ་སྣང་བྱེད་གསལ། །ཇོ་བᨖ་ཡབ་སྲས་བརྒྱུད་པར་བཅས་ལ་བསྔགས། །མཁྱེན་གཉིས་བློ་གྲᨖས་ནམ་མཁའི་ཁྱོན་ལྟར་ཡངས། །མཁས་བཙུན་བཟང་པᨖའི་གྲགས་པས་འཇིག་རྟེན་ཁྱབ། །བསྟན་ལ་སྟོན་པ་གཉིས་པའི་ཕྲིན་ལས་ཅན། །ངོ་མཚར་སྐྱེས་ཆེན་མཆོག་དེར་གུས་ཕྱག་འཚལ། །གང་དེས་གཞན་དྲིང་མི་འཇོག་མཁྱེན་སྤྱོད་ཀྱིས། །མདᨖ་རྒྱུད་དགོངས་པ་ཚུལ་བཞིན་ཐུགས་ཆུད་ནས། །བརྩེ་བས་གཞན་ལ་འདᨖམས་པའི་ལེགས་བཤད་ཀྱི། །སྙིང་པᨖ་ལམ་གཙོ་རྣམ་གསུམ་ འདི་རྨད་བྱུང༌། །གང་ཞིག་རྒྱལ་བའི་གསུང་རབ་མཐའ་དག་གི་སྙིང་པᨖར་གྱུར་པ། ཐར་འདᨖད་རྣམས་ཀྱི་འཇུག་ངོགས་བླ་ན་མ་མཆིས་པའི་བསྟན་བཅོས་འདི་འཆད་པ་ལ་གཉིས། བསྟན་བཅོས་འཆད་པའི་ཡན་ལག་མཚོན་ཙམ་སྨོས་པ་དང༌། བསྟན་བཅོས་དངོས་བཤད་པའོ། །དང་པᨖ་ལ་ལྔས་བསྟན་ཏེ། དང་པᨖ་འདི་ཉིད་མཛད་པ་པᨖ་སུ་ཞེ་ན། རྒྱལ་དང་རྒྱལ་བའི་སྲས་པᨖ་རྣམས་ཀྱིས་ཚད་མར་གྱུར་པའི་ལུང་མང་པᨖས་བསྟན་ཅིང༌། འཕགས་བལ་གངས་ཅན་རྣམས་སུ་བསྟན་པ་གསལ་བར་མཛད་པའི་པཎྜི་ཏ་འགའ་ཞིག་དང༌། ཁྱད་པར་བᨖད་དུ་མར་དᨖ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག །རྔོག་ལོ་བློ་ལྡན་ཤེས་རབ། མཚོ་སྣ་བ་ཤེས་རབ་བཟང་པᨖ་སᨖགས་སུ་སྐྱེ་བ་བཞེས་པའི་མཐར་དམ་པ་འདི་ཉིད་དུ་འཁྲུངས་ནས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་མཁྱེན་རབ་ཐོགས་པ་མེད་པས་མདᨖ་རྒྱུད་དགོངས་འགྲེལ་དང་བཅས་པ་ཐུགས་སུ་ཆུབ་ནས་གང་ལའང་འཇིགས་པ་མེད་པའི་སྤོབས་པ་ཐོབ། ཁྱད་པར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པའི་དབུ་མའི་ལྟ་བ་མཐར་ཐུག་པ་དང༌། དཔལ་ལྡན་མར་མེ་མཛད་ཀྱི་བཀའ་གདམས་རིན་པᨖ་ཆེའི་བསླབ་སྤྱོད་ཟུང་དུ་འབྲེལ་བའི་ཤིང་རྟའི་ལམ་སྲོལ་ཆེན་པᨖ་བཙུགས་ཏེ། མཁས་བཙུན་བཟང་པᨖའི་མཐར་ཕྱིན་པའི་སློབ་མ་བརྒྱ་ཕྲག་མང་པᨖས་རྒྱལ་བའི་བསྟན་པ་ས་ཆེན་པᨖའི་ཁᨖངས་སུ་ཁྱབ་པར་སྤེལ། ཁྱད་པར་འཕགས་པའི་མཛད་ཆེན་བཞིར་གྲགས་པ་སᨖགས་རླབས་པᨖ་ཆེའི་རྣམ་ཐར་དང་ཕྲིན་ལས་མཐའ་ཡས། རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་པས་གྲུབ་པའི་རྣམ་ཐར་ཐུན་མᨖང་མ་ཡིན་པ་མངའ་བས༑ དཔལ་གསང་བའི་བདག་པᨖས་ཀྱང་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་བསྔགས་པ་མཛད་པ་དང༌། སྐུ་ཚེ་དེའི་ཕྱི་མར་དགའ་ལྡན་དུ་རྒྱལ་བ་བྱམས་པའི་སྤྱན་སྔར་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པᨖར་འཁྲུངས་པ་སᨖགས་སྤྲུལ་པ་དུ་མར་སྟོན་ཅིང༌། བསྐལ་བཟང་གི་སངས་རྒྱས་བཅུ་གཅིག་པ་སྤྱན་ལེགས་སུ་འཚང་རྒྱ་བ་སᨖགས་ལུང་བསྟན་བརྙེས་པའི་གང་ཟག་དེ་ཉིད་ཀྱིས་སᨖ། །གཉིས་པ་སུ་ཞིག་གི་དᨖན་དུ་མཛད་ཅེ་ན༑ རིགས་ཅན་གསུམ་གྱི་གདུལ་བྱ་ཐར་པ་དᨖན་གཉེར་གྱི་སྐལ་བ་བཟང་པᨖ་དད་པ་ལྡན་པ་སྤྱི་དང༌། བྱེ་བྲག་སློབ་མ་རྣམས་ཀྱི་མཆོག་ཚེ་རབས་མང་པᨖར་ཐེག་པ་ཆེན་པᨖ་ལ་བློ་སྦྱངས་པའི་ལས་འཕྲོ་ཅན་ཚ་ཁᨖ་དབᨖན་པᨖ་ ངག་དབང་གྲགས་པས་ཞུས་པའི་ཆེད་དུའོ། །གསུམ་པ་ལུང་གང་ནས་བཏུས་ཤེ་ན། རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་མདᨖ་སྔགས་དགོངས་འགྲེལ་དང་བཅས་པའི་ཟབ་དᨖན་སྙིང་པᨖ་བསྡུས་པ་ཡིན་མᨖད་ཀྱི། ཁྱད་པར་ངེས་འབྱུང་འཁᨖར་ལོ་དང་པᨖ་དང༌། བྱང་སེམས་དང་ལྟ་བ་གཉིས་འཁᨖར་ལོ་བར་མཐའ་གཉིས་ཀྱི་གནད་དᨖན་སྙིང་པᨖ་བསྡུས་པའོ། །བཞི་པ་ཕྱོགས་གང་དུ་གཏོགས་ན། མདᨖ་སྔགས་གང་གི་སྒོར་ཞུགས་ཀྱང་ལམ་འདི་གསུམ་གཞི་དང་སྙིང་པᨖ་དང་སྲོག་ལྟ་བུ་ཡིན་པས་མེད་དུ་མི་རུང་བའི་ཕྱིར་ན། ཐེག་པ་ཆེ་ཆུང་གཉིས་ཀའི་ཕྱོགས་སུ་གཏོགས་པའོ། །ལྔ་པ་དབུ་ཞབས་བསྡུས་པའི་དᨖན་ནི། རྒྱལ་བའི་གསུང་རབ་ཀུན་གྱི་བརྗོད་བྱ་མཐའ་དག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་འདུ་བ་རྒྱལ་ཚབ་བྱམས་པ་དང་འཕགས་པ་ཐོགས་མེད་ཀྱིས་གསུངས། དེ་གསུམ་ཡང་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ལམ་ངེས་འབྱུང་དུ་འདུ། ཆེན་པᨖའི་ལམ་བྱང་ཆུབ་སེམས་སུ་འདུ། ཡང་དག་པའི་ལྟ་བ་ནི་ཐེག་པ་ཆེ་ཆུང་གཉིས་ཀར་མེད་དུ་མི་རུང་བའི་ཐུན་མᨖང་བ་སྟེ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མཐའ་དག་གནད་ཀྱི་སྙིང་པᨖ་གསུམ་གྱིས་བསྡུས་པའོ། །གཉིས་པ་ཚད་མར་གྱུར་པའི་བསྟན་བཅོས་དངོས་ཉིད་བཤད་པ་ལ་གསུམ། ཀླད་ཀྱི་དᨖན། གཞུང་གི་དᨖན། མཇུག་གི་དᨖན་ནོ། །དང་པᨖ་ལ་གསུམ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ། མཉན་པར་བསྐུལ་བའོ། །དང་པᨖ་ནི། རྗེ་བཙུན་ བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པས་སྟོན། དེ་ལ་རྗེ་བཙུན་ནི། བྷ་ཊྚཱ་ར་ཞེས་པའི་སྒྲ་དད་སྒྲོལ་ཅེས་འགྱུར་བས། རང་ཉིད་ལ་དད་པའི་གདུལ་བྱ་རྣམས་འཁᨖར་བ་སྤྱི་བྱེ་བྲག་དང་། དམན་ལམ་ལས་སྒྲོལ་བའམ། ཡང་ན༑ སྭཱ་མི་དང་བནྡྷེ་ཞེས་པ། རྗེ་དང་བཙུན་པ་ལ་འཇུག་པ་ལྟར། འགྲᨖ་བ་ལྷ་དང་བཅས་པའི་གཙུག་གི་ནོར་བུར་གྱུར་པས་ན་རྗེ། སྒོ་གསུམ་ཉེས་སྤྱོད་མཐའ་དག་ལས་བསྡོམ་པས་ན་བཙུན་ཞེས་བརྗོད་པ་ཡིན་ཅིང༌། བླ་མའི་སྐད་དᨖད་གུ་རུ་ལྕི་བ་སᨖགས་ཀྱི་དᨖན་ལ་འཇུག་པས། རྒྱུད་ཡོན་ཏན་གྱིས་གང་ཞིང་རང་ལ་བཀའ་དྲིན་ལྕི་བ་དང༌། བᨖད་སྐད་ལྟར་ན། ལྷ་དང་མི་རྣམས་ཀྱི་བླའམ་གོང་ན་བཞུགས་པའི་དᨖན་ཡིན་ཅིང༌། ཡུལ་དེ་ལྟ་བུ་ནི་རྗེ་རང་ཉིད་ལ་ཐུན་མᨖངས་མ་ཡིན་པར་རྗེས་སུ་བཟུང་བའི་བླ་མ་རྗེ་བཙུན་འཇམ་དཔལ་དབྱངས་དང༌། ཐུན་མᨖངས་བ་དབུ་མ་པ། རེད་མདའ་བ། ལྷོ་བྲག་གྲུབ་ཆེན། ཆོས་སྐྱབས་བཟང་པᨖ་ལ་སᨖགས་པ་རྣམས་ལ་སྒོ་གསུམ་གུས་པ་ཆེན་པᨖས་བཏུད་པའི་ཕྱག་མཛད་པའོ། །དེའི་དགོས་པའང་རང་ཉིད་སྔོན་གྱི་ལོ་པན་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་ཞིང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཡང་མིག་ལྟོས་བཟང་པᨖ་བཞག་པ་དང༌། བསྟན་བཅོས་རྩོམ་པའི་བར་ཆད་ཞི་ནས་རྩོམ་པ་མཐར་ཕྱིན་པར་འགྱུར་བ་སᨖགས་མདᨖར་ན་གནས་སྐབས་དང་མཐར་ཐུག་གི་བཞེད་དᨖན་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་ཕྱིར་རོ། །གཉིས་པ་རྩོམ་པར་དམ་བཅའ་བ་ནི། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པᨖའི་དᨖན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདᨖད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །ཞེས་གསུངས་ཏེ། རྒྱལ་བ་ཐུབ་པའི་དབང་པᨖའི་ཐེག་པ་ཆེ་ཆུང་གི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཀུན་གྱི་བརྗོད་བྱའི་སྙིང་པᨖའི་གནད་དᨖན་མཐའ་དག་མ་ཚང་བ་མེད་པར་བསྡུས་པ། རྗེ་བཙུན་འཇམ་པའི་དབྱངས་ དང་ཤིང་རྟ་ཆེན་པᨖ་ཀླུ་སྒྲུབ་དང་ཐོགས་མེད་ལ་སᨖགས་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལམ་དང་ལམ་མ་ཡིན་པ་འབྱེད་པ་ལ་ཕྲ་ཞིང་མཛངས་པའི་བློ་གྲᨖས་དང་ལྡན་པའི་དམ་པ་རྣམས་ཀྱིས་ལན་དུ་མར་བསྔགས་ཤིང་བསྟོད་པའི་ལམ་སྲོལ། སྐལ་བ་དང་ལྡན་པའི་གང་ཟག་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདᨖད་པ་རྣམས་ཀྱི་འཇུག་ངོགས་ཏེ། འཇུག་པའི་སྒོ་གཅིག་པུར་གྱུར་པའི་ལམ་གྱི་གཙོ་བᨖ་བསྡུས་ན་རྣམ་པ་གསུམ་སྟེ། དེའང་གསུང་རབ་ཡན་ལག་བཅུ་གཉིས་སᨖགས་རྒྱུད་ཀུན་གྱི་དགོས་དᨖན་འགྲᨖ་བ་རྣམས་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་ཐོབ་པའི་ཐབས་ཤ་སྟག་ཡིན་ཅིང༌། དེ་ལ་ཐོག་མཐའ་བར་གསུམ་དུ་དགོས་པའི་སྙིང་པᨖའི་དᨖན་ངེས་འབྱུང་གི་བསམ་པ་དང༌། བྱང་ཆུབ་ཀྱི་སེམས་དང༌། ཡང་དག་པའི་ལྟ་བ་བཅས་རྣམ་པ་གསུམ་པᨖ་དེ་ནི། རང་གི་བློས་ཇི་ལྟར་དཔᨖག་པར་ནུས་པ་བཞིན་དུ་སྣོད་ལྡན་གྱི་སློབ་མ་ངག་དབང་གྲགས་པ་ཁྱོད་ལ། བློ་བཟང་ གྲགས་པ་བདག་གིས་ལན་དང་རྣམ་པར་སྨིན་པ་ལ་མི་རེ་བར་བརྩེ་བའི་སེམས་ཀྱིས་བཤད་པར་བྱའོ་ཞེས་པའོ། །གསུམ་པ་མཉན་པར་བསྐུལ་བ་ནི། གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང༌། །དལ་འབྱོར་དᨖན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །ཅེས་གསུངས་ཏེ། དུས་དེར་གདམས་པའི་སྣོད་མཆོག་ཏུ་གྱུར་པའི་སློབ་མ་ངག་དབང་གྲགས་པས་མཚོན་སྐལ་བཟང་གདུལ་བྱ་གང་དག་ལྷ་མི་ལ་སᨖགས་པ་སྲིད་པ་འཁᨖར་བའི་བདེ་བ་ཐམས་ཅད་འགྱུར་བའི་སྡུག་བསྔལ་དུ་མཐོང་ནས། དེ་ལ་མ་ཆགས་ཤིང་མ་ཞེན་པར། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་ཆོས་སྒྲུབ་པའི་ལུས་རྟེན་ཁྱད་པར་ཅན་ལན་གཅིག་ཙམ་ཐོབ་པ་དེ་དᨖན་མེད་སྟོང་ལོག་ཏུ་མི་བཏང་བར་དᨖན་ཡོད་པར་བྱ་བའི་ཕྱིར་དུ་བརྩོན་འགྲུས་དྲག་པᨖ་བརྩམས་པ་ཡིས། ཕྱི་རོལ་མུ་སྟེགས་པ་དང༌། ཀླ་ཀློ་ལ་སᨖགས་པ་ཕྱི་ནང་གང་དུའང་མ་གཏོགས་པ་དང༌། ནང་པར་རློམ་ཡང་ཐབས་ཤེས་ཕྱོགས་རེ་བས་འཚང་རྒྱ་བར་འདᨖད་པའི་ལམ་ལྟར་སྣང་དགེ་ལ་བློ་མི་གཏོད་པར། དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་དགྱེས་པར་བསྐྱེད་པའི་ལམ་ངེས་འབྱུང༌། བྱང་སེམས། ཡང་དག་པའི་ལྟ་བ་སྟེ། བསྟན་པའི་གནད་ཐམས་ཅད་རྫོགས་པའི་གདམས་པ་འདི་ཉིད་ལ་ཡིད་ཤིན་ཏུ་རྟོན་པར་བྱེད་པའི་སྐལ་བ་དང་ལྡན་པའི་གཟུར་གནས་བློ་ལྡན་གྱི་གདུལ་བྱ་དེ་དག་སྣོད་ཀྱི་སྐྱོན་ གསུམ་སྤངས་ཤིང་འདུ་ཤེས་དྲུག་བསྟེན་ལ། དང་བ་ཆེན་པᨖའི་ཡིད་ཀྱིས་ཉོན་ཅིག་ཅེས་པའོ། །ཡང་ན། སྲིད་བདེ་ལ་མ་ཆགས་པས་ངེས་འབྱུང་དང༌། དལ་འབྱོར་དᨖན་ཡོད་བྱེད་པ་བྱང་སེམས་དང༌། རྒྱལ་བ་དགྱེས་པའི་ལམ་ཡང་དག་པའི་ལྟ་བ་སྟེ། དེ་གསུམ་ཉོན་ཅིག་པར་བསྐུལ་བར་བཤད་ཀྱང་རུང་ངོ༌། །གཉིས་པ་གཞུང་གི་དᨖན་ལ་གསུམ། ངེས་འབྱུང་བཤད་པ། བྱང་ཆུབ་ཀྱི་སེམས་བཤད་པ། ཡང་དག་པའི་ལྟ་བ་བཤད་པའོ། ། དང་པᨖ་ལ་གསུམ། ངེས་འབྱུང་འཚོལ་དགོས་པའི་རྒྱུ་མཚན། ངེས་འབྱུང་སྐྱེད་པའི་ཐབས། ངེས་འབྱུང་སྐྱེས་པའི་ཚད་བཤད་པའོ། །དང་པᨖ་ནི། རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དᨖན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཅེས་གསུངས་ཏེ། ཐར་འདᨖད་རྣམས་ཀྱིས་ཉམས་སུ་བླང་བྱའི་ཆོས་ཀྱི་རྣམ་གྲངས་ཆེས་མང་ཡང་། སྙིང་ནས་སངས་རྒྱས་བསྒྲུབ་པ་ལ་ཐོག་མར་ངེས་འབྱུང་རྣམ་པར་དག་པ་ཞིག་རྒྱུད་ལ་སྐྱེ་བ་དགོས་ཏེ། དེའང་ངན་སᨖང་གསུམ་ལས་ཐར་འདᨖད་ཙམ་མ་ཡིན་པར། འཁᨖར་བ་སྤྱི་ལས་བརྒལ་འདᨖད་རྣམ་པར་དག་པའི་ངེས་འབྱུང་གི་བསམ་པ་ཤུགས་དྲག་པᨖ་རང་རྒྱུད་ལ་སྐྱེས་པ་ཞིག་མེད་པར་གྱུར་ན། སྲིད་པ་འཁᨖར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པᨖ་ཡི་ནང་དུ་ཡང་དག་པའི་བདེ་བ་མེད་མᨖད། ཟག་བཅས་ཀྱི་བདེ་བའི་འབྲས་བུ་ཙམ་ལ་མི་གཙང་ དྲི་ལ་དགའ་བའི་སྦྲང་བུ་ལྟར་ཆགས་ཤིང་དᨖན་དུ་གཉེར་བའི་ཕྱིན་ཅི་ལོག་གི་བློ་ངན་འདི་གང་གིས་ཀྱང་ཞི་བ་སྟེ་ལྡོག་པའི་ཐབས་མེད་ལ། དེ་མ་ལྡོག་པར་སྲིད་པའི་བདེ་བ་སྤུ་གྲིའི་སᨖར་ཆགས་པའི་སྦྲང་རྩི་ལྟ་བུ་ལ་བརྐམ་པ་སྟེ་སྲེད་པའི་ཞགས་པ་ཡིས་ཀྱང་། རིགས་དྲུག་ཏུ་འཁྱམས་པའི་ལུས་ཅན་རྣམས་འཁᨖར་བར་ཀུན་ནས་དམ་དུ་འཆིང་བར་བྱེད་པའི་ཕྱིར་ན། ཐར་འདᨖད་རྣམས་ཀྱིས་ཐོག་མར་ཁᨖ་ནར་སྲིད་པའི་བདེ་འབྱོར་ཇི་སྙེད་པ་ཀུན་ཀྱང་སྡུག་བསྔལ་གྱི་འབྱུང་གནས་སུ་རིག་ནས། དེ་ལས་ཡིད་ངེས་པར་འབྱུང་བར་འདᨖད་པའི་བསམ་པ་རྣམ་པར་དག་པ་བཙལ་དགོས་སᨖ་ཞེས་པའོ། །སྲིད་པས་འཁᨖར་བར་འཆིང་བའི་ཚུལ་ནི། རྣམ་འགྲེལ་ལས། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང༌། །མ་བརྗོད་སྲེད་པ་ཉིད་བཤད་པས། །རྒྱུན་ནི་འཕེན་པར་བྱེད་ཕྱིར་དང༌། །དེ་མ་ཐག་ཕྱིར་ལས་ཀྱང་མིན། །དེ་ཡོད་ན་ཡོད་མེད་ཕྱིར་རོ། །ཞེས་དང༌། སྲེད་པ་ནི། ཡོད་ན་སླར་ཡང་འབྱུང་ཕྱིར་རོ༑ ༑ཞེས་གསུངས་པའི་ཕྱིར། འདི་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས། དང་པᨖ་འཁᨖར་བ་མཐའ་དག་ལ་ཡིད་འབྱུང་བའི་སྐྱོ་ཤས་ཤིག་མེད་ན། ཐོས་བསམ་སྒོམ་གསུམ་སᨖགས་ཅི་བྱས་ཐམས་ཅད་འཁᨖར་བ་དང་ངན་སᨖང་གི་རྒྱུ་ལས་མི་འདའ་བས་བསྐྱེད་རྫོགས་སᨖགས་ཟབ་པའང་རེ་ཞིག་བཞག་ནས་ངེས་འབྱུང་མ་སྐྱེས་བར་དུ་འབད་དགོས། ངེས་འབྱུང་ལ་དྲན་ཤེས་བསྟེན་པའི་དམིགས་རྣམ་གོམས་པར་མ་བྱས་ན། དགེ་བ་ཐམས་ཅད་ སྣང་ཤས་ཀྱིས་དབང་བྱས་ནས་འཁᨖར་བ་འབའ་ཞིག་གི་རྒྱུ་བྱེད་པ་ཡིན་ནོ། །དེས་ན་སྔགས་ལ་སᨖགས་པའི་གདམས་ངག་གང་ཟབ་ཟེར་བ་རྣམས་བཞག་ནས། ཐོག་མར་ངེས་འབྱུང་དང༌། བྱང་སེམས་ལ་མྱོང་བ་ཐོན་པ་རེ་བྱ་དགོས། ཞེས་རྗེ་རིན་པᨖ་ཆེ་ཉིད་ལ་གདམས་པའི་དགོས་པའོ། །དེས་ན་འཁᨖར་བ་མཐའ་དག་ལ་ངེས་པར་འབྱུང་བའི་བློ་རྣམ་པར་དག་པ་ཞིག་མེད་ན། ཚངས་སྤྱོད་ཚུལ་བཞིན་དུ་བསྲུང་བ་དང༌། ཐོས་བསམ་སྒོམ་གསུམ་ལ་བློ་སྦྱོང་བ་དང༌། གསང་སྔགས་གཉན་པᨖའི་དཀྱིལ་འཁᨖར་དུ་ཞུགས་ཤིང་དབང་བསྐུར་སྒྲུབ་མཆོད་བསྐྱེད་རྫོགས་བསྒོམ་པ་སᨖགས་གང་བྱས་ཀྱང་ཐར་པའི་ས་བᨖན་གྲུང་པᨖར་མི་འགྱུར་ཏེ། ཟག་བཅས་ཀྱི་བདེ་འབྲས་ཙམ་ལ་ཡིད་རྟོན་པའི་ཕྱིར། ཇོ་བᨖའི་ཞལ་ནས། སྡོམ་པ་གསུམ་ལ་གནས་ཤིང་དག་ཀྱང་ཁམས་གསུམ་འཁᨖར་བ་ལས་བློ་ཡིད་མ་ཕྱུང་ན་སླར་འཁᨖར་བའི་རྒྱུ་བྱེད། ཉིན་མཚན་དུ་སྒོ་གསུམ་དགེ་བ་ལ་འབད་ཀྱང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་མ་ཤེས་ན་ཕྱིན་ཅི་ལོག་གི་རྟོག་པ་འབའ་ཞིག་གིས་འཕེན། མཁས་བཙུན་སྟོན་སྒོམ་དུ་ཡོད་ཀྱང་འཇིག་རྟེན་ཆོས་བརྒྱད་ལ་བློ་མ་ལོག་ན་ཅི་བྱས་ཚེ་འདིའི་འདུན་མར་སᨖང་ནས་ཕྱི་མའི་ལམ་མི་རྙེད་གསུང༌། ཡང་། ཇོ་བᨖ་སྐུ་གཤེགས་ཁར་རྣལ་འབྱོར་པ་ཆག་ཁྲི་མཆོག་གིས། ཇོ་བᨖ་གཤེགས་པ་ན་བདག་གིས་སྒོམ་པར་ཞུ་ཞུས་པས། བྱ་བ་ངན་པ་ཡིན་བᨖར་ལ་ཐོང་གསུང༌། འོ་ན་འཆད་པར་ཞུ་ཞུས་པས་ཀྱང་ དེ་སྐད་གསུང༌། འོ་ན་རེས་བཤད་རེས་སྒོམ་མམ་ཞུས་པས་ཀྱང་དེ་སྐད་གསུང༌། འོ་ན་ཅི་བགྱི་ཞུས་པས། ཚེ་འདི་བློས་ཐོང་གསུང་། འབྲོམ་སྟོན་པ་སᨖགས་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་ཀྱང་དེ་ཁᨖ་ན་གསུངས་ཤིང་ཕྱག་ལེན་ལ་བཏབ་པས་དᨖན་གཉིས་མཐར་ཕྱིན་པར་བྱུང་ངོ༌། །གཉིས་པ་ངེས་འབྱུང་སྐྱེད་པའི་ཐབས་ལ་གཉིས། ཚེ་འདིའི་སྣང་ཤས་ལྡོག་ཐབས་དང༌། ཕྱི་མའི་སྣང་ཤས་ལྡོག་ཐབས་སᨖ། །དང་པᨖ་ནི། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ཅེས་གསུངས་ཏེ། འགལ་རྐྱེན་ཕྱི་ནང་གི་མི་ཁᨖམ་པ་བརྒྱད་དང་བྲལ་ནས་ཆོས་བྱས་པའི་ལོང་ཡོད་པའི་དལ་བ་བརྒྱད་དང༌། མཐུན་རྐྱེན་རང་དང་གཞན་གྱི་འབྱོར་བ་བཅུ་དང་ལྡན་པའི་རྟེན་འདིས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་མ་ལུས་པ་བསྒྲུབ་ནུས་པས་ན་དᨖན་ཆེ་ཚུལ་དང༌། རྒྱུ་དང་གྲངས་དང་དཔེ་རྣམས་ཀྱི་སྒོ་ནས་རྙེད་པར་དཀའ་ཚུལ་དང༌༑ ལན་གཅིག་ཙམ་རྙེད་པའི་རྟེན་དེ་ཡང་ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པས། འཇིག་རྟེན་འདིར་ཡུན་རིང་བསྡད་ལོང་མེད་པར་ངེས་པར་མྱུར་དུ་འཆི་ཞིང༌། ནམ་འཆི་ལ་ཡང་ངེས་པ་མེད་པ་དང༌། འཆི་བའི་ཚེ་ཆོས་རྣམ་དག་བྱས་པ་མ་གཏོགས་རྙེད་བཀུར་སྙན་གྲགས་སᨖགས་འཇིག་རྟེན་ཆོས་བརྒྱད་བསྒྲུབ་པའི་ཕྱིར་དུ་དཀའ་སྤྱོད་དྲག་པᨖས་འབད་ཀྱང་ཕན་པ་མེད་པར་མ་ཟད༌། ཚེ་འདིར་ངལ་ཞིང་དུབ་ལ་ཕྱི་མར་ སྡུག་བསྔལ་བའི་རྒྱུ་བྱེད་པའི་ཚུལ་རྣམས་ཡིད་ལ་ཡང་ཡང་བསམས་ཤིང་གོམས་པས་ཚེ་འདིར་ཡུན་རིང་སྡོད་པའི་གྲབས་བྱས་པ་ལ་དགོས་པ་མེད་པ་ཤེས་ནས། སྔར་ཚེ་འདིའི་བདེ་སྐྱིད་འདᨖད་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་བ་ཤས་ཆེར་ཡོད་པ་དེ་གོ་ས་ལྡོག་ནས་ཕྱི་མ་དᨖན་གཉེར་གྱི་བློ་ཤུགས་དྲག་སྐྱེའོ་ཞེས་པའོ། །དེའང་གཞི་དལ་འབྱོར་རྙེད་དཀའ་བསམ་པ་ལ། དལ་འབྱོར་གྱི་ངོ་བᨖ་ནི་མི་ཁᨖམ་པ་བརྒྱད་ལས་ལོག་པ་ཡིན་ལ༑ མི་ཁᨖམ་པ་བརྒྱད་ནི། བཤེས་སྤྲིང་ལས། ལོག་པར་ལྟ་བ་འཛᨑན་དང་དུད་འགྲᨖ་དང༌། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེས་པ་དང༌། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁᨖབ་ཏུ། །ཀླ་ཀློར་སྐྱེས་དང་གླེན་ཞིང་ལྐུགས་པ་ཉིད༑ ༑ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁᨖམ་སྐྱོན་བརྒྱད་པᨖ། །ཞེས་གསུངས་པ་ལྟར། ངན་སᨖང་གསུམ་དང་ལྷ་ཚེ་རིང་པᨖ་སྟེ་མི་མ་ཡིན་པའི་མི་ཁᨖམ་པ་བཞི་དང༌། མིའི་མི་ཁᨖམ་པ་ནི། མི་ཡིན་ཀྱང་རྒྱལ་བའི་བཀའ་མེད་སར་སྐྱེས་པ། འཁᨖར་རྣམ་བཞི་མི་རྒྱུ་བའི་མཐའ་འཁᨖབ་ཏུ་སྐྱེས་པ། ཡུལ་དབུས་སུ་སྐྱེས་ཀྱང་དབང་པᨖ་མ་ཚང་བ། དབང་པᨖ་ཚང་ཡང་མུ་སྟེགས་སᨖགས་ལོག་ལྟ་ཅན་དུ་སྐྱེས་པ་བཞི་ཡིན་ཅིང༌། འབྱོར་བ་བཅུ་ལ། རང་འབྱོར་ལྔ་ནི། མི་ཡིན་པ། ས་ཚᨑགས་སམ་ཆོས་ཚᨑགས་གང་རུང་གི་སྒོ་ནས་ཡུལ་དབུས་སུ་སྐྱེས་པ། དབང་པᨖ་ཚང་བ། སྡེ་སྣོད་གསུམ་དང་དེའི་བརྗོད་བྱ་ལས་འབྲས་ལ་དད་ཅིང་ཡིད་ཆེས་པ་དང་ལྔ། གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་སྟོན་པ། ཆོས་བསྟན་པ་དེ་གནས་པ། ཆོས་བསྟན་པ་ཉམས་སུ་བླངས་པས་ལམ་གྱི་རྟོགས་པ་མངོན་དུ་བྱས་པའི་རྗེས་སུ་འཇུག་པ། སྦྱིན་བདག་ལ་སᨖགས་པས་ཆོས་གོས་སᨖགས་དད་པས་སྟེར་བ་དང༌། ཆོས་འཆད་པ་པᨖས་སྙིང་བརྩེ་བས་ཆོས་སྟོན་པ་རྣམས་ཏེ། དེ་ལྟ་བུའི་དལ་བ་བརྒྱད་དང་། འབྱོར་བ་བཅུ་ཚང་བའི་རྟེན་ཁྱད་པར་ཅན་ཐོབ་པ་འདི་དᨖན་ཤིན་ཏུ་ཆེ་སྟེ། འདི་ལ་བརྟེན་ནས་མངོན་མཐོ་ལྷ་མིའི་གོ་འཕང་དང༌། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུ་སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སᨖགས་ཀྱང་བསྒྲུབ་ནུས་ཤིང༌། འཁᨖར་བ་ངན་སᨖང་གི་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ་ཞིང་ཡུན་རིང་པᨖར་མྱོང་ངེས་པའི་ལས་སྟོབས་ལྡན་རྣམས་ཀྱང༌། བླ་མ་མཚན་ཉིད་དང་ལྡན་པ་ཞིག་བསྟེན་ཅིང་། སྟོབས་བཞིའི་སྒོར་ཞུགས་ནས་འབད་པས་སྦྱང་ན་ཕལ་ཆེར་ཚེ་འདི་ཉིད་ལ་སྦྱོང་ནུས་པས་དᨖན་ཤིན་ཏུ་ཆེ། དཔེར་ན་ཆུ་བᨖ་ཆེན་པᨖ་བརྒལ་བ་ལ་གྲུ་ཡོད་ཙ་ན་བརྒལ་དགོས། གྲུ་མེད་ན་བརྒལ་ཐབས་མེད། དེ་བཞིན་དུ་འཁᨖར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་བ་ལ་ཡང་དལ་འབྱོར་གྱི་གྲུ་ཡོད་པ་ལ་བརྒལ་དགོས། དེ་མེད་ན་བརྒལ་ཐབས་མེད། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བᨖ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས། དལ་འབྱོར་ འདི་རྒྱུའི་སྒོ་ནས་རྙེད་དཀའ་བའི་ཚུལ། འཇུག་པ་ལས། སᨖ་སᨖ་སྐྱེ་བᨖ་རྣམས་དང་གསུང་སྐྱེས་དང༌། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌། །རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང༌། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་པས། སྤྱིར་བདེ་འགྲᨖ་ཙམ་ཐོབ་པ་ལ་ཡང་ཚུལ་ཁྲིམས་ལ་སᨖགས་པ་དགེ་བ་སྣ་རེ་དགོས་ཤིང༌། ཁྱད་པར་དལ་འབྱོར་ཚང་བའི་རྟེན་ཁྱད་པར་ཅན་ཐོབ་པ་ལ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་སᨖགས་ཀྱིས་གྲᨖགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་སᨖགས་དགོས་པ་ལས། རྒྱུ་དེ་ལྟ་བུ་བསྒྲུབ་པ་དཀོན་པས་འབྲས་བུ་དལ་འབྱོར་ཚང་བའི་རྟེན་ཁྱད་པར་ཅན་ཐོབ་པ་དཀོན་ཏེ༑ སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང༌། །དགེ་བ་བདག་གིས་མ་བྱས་ན༑ ༑ངན་སᨖང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲᨖའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་པ་ལྟར་འགྲᨖ་བ་རྣམས་ཕལ་ཆེར་མི་དགེ་བ་ལ་སྤྱོད་པའི་རྒྱུས་འབྲས་བུ་ངན་འགྲᨖ་ལས་མ་འདས་པས་དལ་འབྱོར་ལྟ་ཅི་མངོན་མཐོ་ཙམ་ཡང་རྙེད་པར་དཀའོ། །དེ་བཞིན་དུ་ངོ་བᨖའི་སྒོ་ནས་རྙེད་པར་དཀའ་བ་ནི། དཔེ་ཆོས་ལས། འོ་སྐོལ་མི་ལུས་ཐོབ་པ་ནི་ཉིན་མᨖའི་སྐར་མ་ཙམ་ཡིན་ལ། དུད་འགྲᨖ་ནི་ནུབ་མᨖའི་སྐར་མ་ཙམ། ཡང་། དུད་འགྲᨖ་ནི་ཉིན་སྐར་ཙམ། ཡི་དྭགས་ནི་ནུབ་མᨖའི་སྐར་མ་ཙམ། ཡང་། ཡི་དྭགས་ནི་ཉིན་སྐར་ཙམ། དམྱལ་བ་ནི་ནུབ་མᨖའི་སྐར་མ་ཙམ་ཡིན། ཞེས་བྱུང་བ་ལྟར། ས་འདᨖམ་གང་གྲུ་བཞི་ཙམ་གྱི་རྒྱར་དབྱར་དུས་སུ་ས་གུ་ཙེ་བགྲང་བར་དཀའ་ནའང་མི་བཅུ་ལས་མི་ཤོང་བ་མངོན་སུམ་གྱིས་གྲུབ་ཅིང༌། ལུང་བཞི་ལས་ཀྱང༌། ངན་འགྲᨖ་དང་བདེ་འགྲᨖ་ནས་ཤི་འཕོས་ཏེ་ངན་འགྲᨖར་འགྲᨖ་བ་ནི་ས་ཆེན་པᨖ་དང༌། དེ་ནས་བདེ་འགྲᨖར་འགྲᨖ་བ་ནི་ཕྱག་སེན་གྱི་རྩེ་མᨖས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པས་ཀྱང་ཤེས་ནུས་སᨖ། །དཔེའི་སྒོ་ནས་རྙེད་དཀའ་བ་ནི། ཤེལ་གྱི་ཁང་པའི་ལོགས་ལ་སྲན་མ་གཏོར་ན་ཆགས་པ་དང༌། ཁབ་རྩེར་ཉུངས་དཀར་ཆགས་པ་དཀོན་པ་ལས། དུད་འགྲᨖ་ལྟ་བུ་ནས་དལ་འབྱོར་ཐོབ་པ་དཀོན་པ་ཡིན་ནོ། །དལ་འབྱོར་ཐོབ་ཀྱང་ཚེ་ལ་ལོང་མེད་པས་ངེས་པར་འཆི་སྟེ། བཤེས་སྤྲིང་ལས། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་ལྦུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁᨖམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་འཚོ་བའི་རྐྱེན་ཉུང་ཞིང་འཆི་བའི་རྐྱེན་མང་བས་རླུང་གིས་བཏབ་པའི་ཆུའི་ལྦུ་བ་བཞིན་འཇིག་པར་ཤིན་ཏུ་སླ་བས་དᨖ་ནུབ་གཉིད་ལོག་ནས་ནང་པར་སད་རྒྱུ་ཡོད་པ་ངོ་མཚར་བའི་གནས་སུ་གསུངས་པ་དང༌། སྤྱོད་འཇུག་ལས། ཉིན་མཚན་ སྡོད་པ་ཡོངས་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །སྣོན་པའང་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པ་ལྟར། ཞག་གཅིག་སᨖང་གཉིས་སᨖང༌། ཟན་ཁམ་གཅིག་ཁམ་གཉིས་ཟོས་ཀྱིན། བཏུང་བ་ཧུབ་གཅིག་ཧུབ་གཉིས་བཏུང་གིན་འཆི་བ་ལ་ཇེ་ཉེར་སᨖང་ནས་མྱུར་དུ་འཆི་བས་ཚེ་ལ་ལོང་མེད། འཆི་བའི་ཚེ་ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་པ་མེད་པས་ཆོས་གཅིག་བྱ། དེ་ཡང་མྱུར་དུ་བྱ་ཞིང་འཆི་ལ་ངེས་པ་མི་འདུག་པས། ལུས་དང་ལོངས་སྤྱོད་གཉེན་གྲᨖགས་གང་གིའང་དབང་དུ་མི་གཏོང་བར་ད་ལྟ་རང་ནས་ཆོས་གཙང་སིང་ངེ་བ་བྱ་སྟེ། ཚོམས་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་སྔ་གཏོལ་མེད་པས། །སང་གི་ཚᨑས་ལ་མི་འབད་པར། །ཕྱི་མའི་དᨖན་ལ་འབད་པར་བྱ། །ཞེས་གསུངས་སᨖ། །དེ་ལ་ཚེ་བློས་ཐོངས་པའི་རྒྱུའི་གཙོ་བᨖ་འཆི་བ་མི་རྟག་པ་དྲན་པ་ཁᨖ་ན་ཡིན་ཏེ། རྗེ་རིན་པᨖ་ཆེའི་ཞལ་ནས། འཆི་བ་དྲན་པ་མ་སྒོམ་པའི་ཉེས་དམིགས་ནི། ད་གཟོད་མཐར་འཆི་བ་ཞིག་འོང་སྙམ་པ་ཀུན་ལ་ཡོད་ཀྱང༌། ཉི་མ་རེ་རེ་བཞིན་དེ་རིང་མི་འཆི། དེ་རིང་ཡང་མི་འཆི་སྙམ་དུ་བློས་མི་འཆི་བའི་ཕྱོགས་འཛᨑན་པ་འཆི་ཁ་ཚུན་ཆད་ལ་འབྱུང་ངོ༌། །དེའི་གཉེན་པᨖ་ཡིད་ལ་མ་བྱས་ན། དེ་ལྟ་བུའི་བློ་དེས་བསྒྲིབས་ནས་ཚེ་འདིར་སྡོད་པའི་བློ་སྐྱེས་ནས། འདི་དང་འདི་དགོས་སᨖ་ཞེས་ཚེ་འདི་ཙམ་གྱི་བདེ་བ་བསྒྲུབ་པ་དང་། སྡུག་བསྔལ་སེལ་ཐབས་འབའ་ཞིག་ སེམས་སེམས་ནས། ཚེ་ཕྱི་མ་དང་། ཐར་པ་ཐམས་ཅད་མཁྱེན་པ་སᨖགས་དᨖན་ཆེན་པᨖ་ལ་སྤྱོད་པའི་བློ་མི་སྐྱེ་བས་ཆོས་ལ་འཇུག་ཏུ་མི་སྟེར་ལ། བརྒྱ་ལ་ཐོས་བསམ་སྒོམ་པ་སᨖགས་ལ་ཞུགས་ཀྱང་ཚེ་འདི་པ་ཙམ་གྱི་ཆེད་དུ་སᨖང་ནས་དགེ་བ་ཅི་བྱས་པ་མཐུ་ཆུང་ཞིང་ཉེས་སྤྱོད་སྡིག་ལྟུང་དང་འབྲེལ་བར་འཇུག་པས་ངན་འགྲᨖའི་རྒྱུ་དང་མ་འདྲེས་པ་དཀོན་ནོ། །གལ་ཏེ་འཇིག་རྟེན་ཕྱི་མ་ལ་དམིགས་ནས་སྒྲུབ་ཏུ་ཆུག་ཀྱང་ཕྱི་ནས་སྒྲུབ་བᨖ་སྙམ་པའི་ཕྱི་བཤོལ་གྱི་ལེ་ལོ་འགོག་མི་ནུས་ཤིང༌། གཉིད་རྨུགས་དང༌། བྲེ་མᨖའི་གཏམ་དང༌། བཟའ་བཏུང་སᨖགས་ཀྱི་རྣམ་གཡེང་གིས་དུས་འདའ་བས་བརྩོན་པ་ཆེན་པᨖས་ཚུལ་བཞིན་དུ་སྒྲུབ་པ་མི་འོང༌། ཚུལ་བཞིན་དུ་སྒྲུབ་པ་མི་འོང་བ་དེ་ཙམ་དུ་མ་ཟད་ཚེ་འདིའི་ཕུན་ཚོགས་ལྷུར་བླངས་པས་ཉོན་མᨖངས་པ་དང་དེས་དྲངས་པའི་ཉེས་སྤྱོད་རྣམས་ཇེ་རྒྱས་སུ་སᨖང་ནས། ཆོས་ཀྱི་བདུད་རྩི་ལས་རྒྱབ་ཀྱིས་ཕྱོགས་ཏེ་ངན་སᨖང་དུ་འཁྲིད་པར་བྱེད་པས་དེ་ལས་མ་རུང་བ་ཅི་ཞིག་ཡོད། བཞི་བརྒྱ་པ་ལས། གང་ལ་འཇིག་རྟེན་གསུམ་མངའ་བདག །རང་ཉིད་འཆི་བདག་བྱེད་པᨖ་མེད། །ཡོད་ངེས་རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུང་གཞན་ཅི་ཡོད། །ཅེས་བྱ་བ་དང༌། སྤྱོད་འཇུག་ལས། ཐམས་ཅད་བᨖར་ཏེ་ཆས་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དᨖན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །ཞེས་སᨖ། །འཆི་བ་དྲན་པ་སྒོམ་པའི་ཕན་ཡོན་ནི། འཆི་བ་དྲན་པ་ སྒོམ་པའི་བློ་རྣལ་མ་ཞིག་སྐྱེས་ན། དཔེར་ན་དེ་རིང་སང་གནངས་འཆི་བར་ཐག་ཆོད་པ་ན། ཆོས་ཀྱི་གོ་བ་ཐག་ཐུག་ཡོད་པ་ཡན་ཆད་ལ་གཉེན་ལ་སᨖགས་པ་དང་འགྲᨖགས་སུ་མེད་པ་མཐོང་ནས། དེ་ལ་སྲེད་པ་ལྡོག་ཅིང་གཏོང་བ་ལ་སᨖགས་པའི་སྒོ་ནས་སྙིང་པᨖ་ལེན་འདᨖད་ཕལ་ཆེར་ལ་ངང་གིས་འབྱུང་བ་ལྟར། རྙེད་བཀུར་སᨖགས་འཇིག་རྟེན་གྱི་ཆོས་ཀྱི་འབད་པ་ཐམས་ཅད་སྙིང་པᨖ་མེད་པར་མཐོང་ནས་ཉེས་སྤྱོད་ལས་ལྡོག་ཅིང༌། སྐྱབས་འགྲᨖ་དང་ཚུལ་ཁྲིམས་ལ་སᨖགས་པའི་ལས་བཟང་པᨖ་གསᨖག་པས་གོ་འཕང་དམ་པར་རང་ཉིད་འཛེགས་ཏེ། འགྲᨖ་བ་རྣམས་ཀྱང་དེར་ཁྲིད་པས་དེ་ལས་དᨖན་ཆེ་བ་ཅི་ཞིག་ཡོད། དེའི་ཕྱིར་དཔེ་དུ་མས་ཀྱང་བསྔགས་ཏེ། མྱ་ངན་འདས་ཆེན་ལས། ཞིང་རྨོ་བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ན་བ་གླང་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདᨖད་པ་དང་། མ་རིག་པ་དང་། ང་རྒྱལ་ཐམས་ཅད་སེལ་ཏོ། །ཞེས་དང༌། དེ་བཞིན་དུ་ཉོན་མᨖངས་པ་ཐམས་ཅད་ཅིག་ཅར་འཇོམས་པའི་ཐོ་བ། དགེ་ལེགས་ཐམས་ཅད་ཅིག་ཅར་བསྒྲུབ་པའི་སྒོར་གྱུར་པ་ལ་སᨖགས་པས་བསྔགས་པའོ། །མདᨖར་ན་སྐྱེས་བུའི་དᨖན་བསྒྲུབ་པའི་དུས་ནི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདི་ཁᨖ་ན་ཡིན་ལ། འོ་སྐོལ་ཕལ་ཆེར་ངན་འགྲᨖར་བསྡད་ཅིང་བདེ་འགྲᨖར་ལན་རེ་ཙམ་འོངས་ཀྱང་མི་ཁᨖམ་པའི་ གནས་སུ་ཤས་ཆེ་བས་དེར་ཆོས་བསྒྲུབ་པའི་སྐབས་མ་རྙེད་ལ། བསྒྲུབས་པས་ཆོག་པའི་རྟེན་རེ་རྙེད་པ་ནའང་ཆོས་ཚུལ་བཞིན་དུ་མི་སྒྲུབ་པ་ནི། ད་དུང་མི་འཆི་སྙམ་པ་འདི་ལ་ཐུག་འདུག་པས་ན། བློས་མི་འཆི་བའི་ཕྱོགས་འཛᨑན་པ་ནི་རྒུད་པ་ཀུན་གྱི་སྒོ་དང༌། འཆི་བ་དྲན་པ་ནི་ཕུན་ཚོགས་ཐམས་ཅད་ཀྱི་སྒོའོ། །དེའི་ཕྱིར་འདི་ལས་ཆོས་ཟབ་མᨖ་གཞན་བསྒོམ་རྒྱུ་མེད་པ་རྣམས་ཀྱིས་ཉམས་སུ་ལེན་ནོ་སྙམ་པ་དང༌། བསྒོམ་བྱ་ཡིན་ཀྱང་དང་པᨖར་ཅུང་ཟད་སྒོམ་གྱི་རྒྱུན་དུ་ཉམས་ལེན་དུ་མི་འོས་སᨖ་སྙམ་དུ་མི་བཟུང་བར། ཐོག་མཐའ་བར་གསུམ་དུ་དགོས་འདུག་ལ་ངེས་པར་སྙིང་ཐག་པ་ནས་བསྐྱེད་དེ་བསྒོམ་པར་བྱའོ། །གསུངས། གཉིས་པ་ཕྱི་མའི་སྣང་ཤས་ལྡོག་ཐབས་ནི། ལས་འབྲས་མི་བསླུ་འཁᨖར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག །ཅེས་གསུངས་ཏེ། དཔེར་ན་ནས་འབྲས་གྲᨖ་སྲན་སᨖགས་ས་བᨖན་ཐ་དད་པ་བཏབ་པའི་མྱུ་གུའང་སᨖ་སᨖར་མ་འཆོལ་བར་སྐྱེ་བ་ལྟར། ལས་དཀར་ནག་གི་འབྲས་བུའང་བདེ་སྡུག་སᨖ་སᨖར་མ་འཆོལ་བར་རྐྱེན་དང་འཕྲད་ཚེ་འབྱིན་པས་ན་མི་བསླུ་བ་སᨖགས། མདᨖར་ན་ལས་ངེས་པ། འཕེལ་ཆེ་བ། མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མི་ཟ་བའི་ཚུལ་དང༌། སྡུག་བསྔལ་བརྒྱ་དང་། དྲུག་དང་། གསུམ་ལ་སᨖགས་པ་འཁᨖར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་རྣམས་བློ་ཁ་ནང་དུ་ཕྱོགས་ནས་ཡང་ནས་ཡང་དུ་ཞིབ་པར་བསམ་པ་ན། སྔར་ཕྱི་མ་ཕན་ཆད་དུ་ལྷ་མིའི་ དཔལ་འབྱོར་དᨖན་དུ་གཉེར་བའི་སྣང་བ་ཤས་ཆེར་ཡོད་པ་དེ་གོ་ས་ལྡོག་ནས་ཐར་པ་དᨖན་གཉེར་གྱི་བློ་ཤུགས་དྲག་སྐྱེའོ་ཞེས་པའོ། །འདི་ལ་ལས་འབྲས་བསམ་པ་དང༌། འཁᨖར་བའི་ཉེས་དམིགས་བསམ་པ་གཉིས་ལས༑ དང་པᨖ་ལ་ལས་ཀྱི་ལམ་བཅུར་གསུངས་ཏེ། སྲོག་གཅོད། མ་བྱིན་ལེན། ལོག་གཡེམ་སྟེ་ལུས་ཀྱི་ལས་གསུམ། རྫུན། ཕྲ་མ། ཚᨑག་རྩུབ། ངག་འཁྱལ་ཏེ་ངག་གི་ལས་བཞི། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་རྣམས་བསྡོམས་པས་བཅུ་པᨖ་ནག་པᨖའི་ལས་བཅུ་སྟེ། དེ་ལས་ལྡོག་པ་དཀར་པᨖའི་ལས་ལམ་བཅུར་དགེ་མི་དགེའི་ལས་ཐམས་ཅད་བསྡུས་པ་ཡིན་ལ། དེའང་ལས་ངེས་པ་ནི། ས་བᨖན་དཀར་ནག་སᨖ་སᨖ་ལས་འབྲས་བུ་དཀར་ནག་མི་འཆོལ་བར་འབྱུང་བ་བཞིན། ལས་མི་དགེ་བ་སྤྱད་ན་འབྲས་བུ་སྡུག་བསྔལ་ཁᨖ་ན་འབྱུང་བར་ངེས་ལ། ལས་དགེ་བ་སྤྱད་ན་འབྲས་བུ་བདེ་བ་འབྱུང་བར་ངེས་ཏེ། འཕགས་པ་དེས་པས་ཞུས་པའི་མདᨖ་ལས། ས་བᨖན་ཚ་བ་རྣམས་ཀྱིས་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བᨖན་མངར་བ་རྣམས་ཀྱིས་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱ་བ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང༌། །དཀར་པᨖའི་འབྲས་བུ་མངར་བ་ཡང༌། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་གསུངས། ལས་འཕེལ་ཆེ་བ་ནི། སྡིག་པའི་ལས་ཆེ་ཆུང་གང་ཡིན་ཀྱང་བཤགས་པ་སᨖགས་གཉེན་པᨖས་མ་བཅོས་ན། ཞག་རེ་བཞིན་སྐྱེད་རེ་འཕེལ་བ་དང་། རྗེས་སུ་ཡི་རང་ན་ལྷག་པར་འཕེལ་ཆེ་ཞིང༌། དགེ་བའི་ལས་རྣམས་ཀྱང་ངོམ་པ་དང་འགྱོད་པས་མ་ཟད་ན་དེ་བཞིན་དུ་འཕེལ་ཞིང་། བསྔོ་བས་རྒྱས་ཐེབས་ན་དེ་ལས་ཀྱང་འཕེལ་ཆེ་བས། རྒྱུ་ལས་ཀྱི་དུས་ཆུང་ངུ་ལས་མེད་ཀྱང་འབྲས་བུ་རྒྱ་ཆེར་སྨིན་པར་འགྱུར་ཏེ། ཚོམས་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་འཇིགས་ཆེན་འགྱུར། །ཕུང་ཁྲོལ་ཆེན་པᨖ་བྱེད་འགྱུར་ཏེ། །ཁᨖང་པར་སᨖང་བའི་དུག་བཞིན་ནོ། །བསᨖད་ནམས་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དᨖན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་གསུངས་པ་ལྟར་རོ། །ལས་མ་བྱས་པ་དང་མི་འཕྲད་པ་ནི། རང་གིས་བྱས་པའི་ལས་དགེ་སྡིག་ཆེ་ཆུང་གང་ཡིན་ཀྱང་འབྲས་བུ་བདེ་སྡུག་མི་འཆོལ་བར་འགྱུར་གྱི་མ་བྱས་པ་དང་འཕྲད་མི་སྲིད་དེ། མདᨖ་ལས། ལྷས་བྱིན་ཉིད་ཀྱིས་བྱས་པའི་ལས་རྣམ་པར་སྨིན་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་སᨖགས་པ་ལ་མི་སྨིན་གྱི་དེ་ཉིད་ཀྱིས་ཟིན་པའི་ཕུང་པᨖ་སᨖགས་ལ་སྨིན་པར་འགྱུར་བར་གསུངས་པས་མཚོན་ནོ། །ལས་ཆུད་མི་ཟ་བ་ནི། མདᨖ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ། ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སེམས་ཅན་རྣམས་ཀྱིས་བསགས་པའི་དཀར་ནག་གི་ལས་ནི་ནམ་ཡང་མེད་པར་མི་འགྱུར་བར་བསྐལ་པ་སᨖགས་དུས་ཡུན་རིང་བ་དག་གིས་ ཆོད་ནའང་ཞིང་ས་སྐམ་པᨖ་ལ་ས་བᨖན་ཡོད་པ་གཤེར་དང་འཕྲད་པ་བཞིན། ལས་གང་ཡིན་པ་དེ་ལ་གསᨖས་བཏབ་པ་དེའི་ཚེ་བདེ་སྡུག་གི་འབྲས་བུ་སྨིན་པར་འགྱུར་བ་སྟེ། མདᨖ་འདུལ་ལས་བྱུང་བའི་གཏམ་རྒྱུད་རྣམས་ལས་རྟོགས་པར་བྱས་ན་ངེས་ཤེས་འདྲོངས་པར་འགྱུར། དེས་ན་དང་པᨖར་ནག་པᨖའི་ལས་འབྲས་བསམ། དེ་ནས་དཀར་པᨖའི་ལས་འབྲས་བསམས་ནས་སྤྲོ་བའི་སེམས་ཀྱིས་དགེ་བ་ཆུང་ངུ་ལའང་མ་བརྙས་པར་བསྒྲུབ་པར་བྱའོ། །གཉིས་པ་འཁᨖར་བའི་སྡུག་བསྔལ་བསམ་པ་ནི། རྒྱལ་ཚབ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་ལྟར་འགྲᨖ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་ཁ་བ་རྒྱ་ཚྭ་ལ་སᨖགས་རེག་སྐྱེས་བཞིན། །ཞེས་གསུངས་པ་ལྟར། འཁᨖར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་ནམ་ཡང་མ་འདས་ཏེ། ཤིན་ཏུ་བཟོད་པར་དཀའ་བ་ངན་སᨖང་གསུམ་ནི། དམྱལ་བ་ཚ་གྲང༌། ཡི་དྭགས་བཀྲེས་སྐོམ༑ དུད་འགྲᨖ་གླེན་ལྐུགས་བཀོལ་སྤྱོད་ཀྱིས་ཉམ་ཐག་པ་འབྲས་ཚ་བའི་སྟེང་དུ་ཕོལ་མིག་བྱུང་བ་ལྟར་སྡུག་བསྔལ་གྱིས་སྡུག་བསྔལ་བ་ནི། བཤེས་སྤྲིང་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང༌། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་སᨖགས་གསུངས་པ་ལྟར། བཟོད་པའི་གླགས་མེད་ལ། བདེ་འགྲᨖར་སྐྱེས་ནས་ སྤྲིན་བར་གྱི་ཉི་མ་ལྟ་བུ་གནས་སྐབས་ལུས་སེམས་ཀྱི་བདེ་བ་ཅུང་ཟད་མྱོང་རུང་རྟག་མི་ཐུབ་པ་འགྱུར་བའི་སྡུག་བསྔལ་ཅན་ཡིན་པ་དང༌། ཞི་བ་ལྷས། བདེ་འགྲᨖར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པᨖ་སྤྱད་སྤྱད་ནས། ། ཤི་ནས་ངན་སᨖང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྷུང༌། །ཞེས་གསུངས་པ་ལྟར། བདེ་འགྲᨖར་སྐྱེས་ཀྱང་མི་ལ་སྐྱེ་རྒ་ན་འཆི་སᨖགས་སྡུག་བསྔལ་བརྒྱད་དང༌། ལྷ་མིན་ལ་འཐབ་རྩོད། ལྷ་ལ་འཆི་འཕོ་ལྟུང་བྱེད་སᨖགས་སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་བར་མ་ཟད། བཙོན་རར་ཆུད་པའི་མི་ཞིག་དེ་ནས་ཐོན་ཀྱང་སླར་བཙོན་ཁང་གཞན་དུ་མི་འཇུག་པའི་ངེས་པ་མེད་པ་བཞིན། བདེ་འགྲᨖ་ནས་ངན་འགྲᨖར་མི་འགྲᨖ་བའི་གདིང་ཚད་མ་རྙེད་པའི་ཕྱིར་ན། འཁᨖར་བ་ལས་མ་ཐར་ཕྱིན་སྡུག་བསྔལ་གྱི་ཟུག་རྔུ་དང་ནམ་ཡང་མི་འབྲལ་ལ། དེའི་རྩ་བ་ཡང་འདᨖད་ཡོན་ལྔ་ལ་ཆགས་པ་ཁᨖ་ནའི་སྐྱོན་ལས་བྱུང་བ་ནི། དཔེར་ན། སློབ་དཔᨖན་དབྱིག་གཉེན་གྱིས། རི་དྭགས་ཉིད་ནི་སྒྲ་ཙམ་གྱིས། །རེག་པས་གླང་པᨖ་བརླག་པར་འགྱུར། །གཟུགས་ཉིད་ཀྱིས་ནི་ཕྱེ་ལེབ་སྟེ། །རོ་ཡིས་ཉ་ཉིད་རྣམ་པར་བརླག །བུང་བ་དྲི་ལ་ཆགས་པས་ཏེ། །འདི་དག་རྒྱུ་ནི་རེ་རེ་ཡིན། །སྐྱེས་བུ་དག་ནི་གཅིག་ལ་ཡང༌། ། ལྔ་པᨖ་འདི་དག་རྟག་ལྡན་ཞིང༌། །ཉིན་མཚན་དུ་ནི་རབ་ཏུ་འཇོམས། །བདེ་གནས་ཇི་ལྟར་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། པᨖ་ཏོ་བའི་ཞལ་ནས། འོ་སྐོལ་འདᨖད་པའི་ཡོན་ཏན་ལྔའི་རྗེས་སུ་སྙེག་སྙེག་ནས། འཁᨖར་བ་འདི་ཐོག་མ་མེད་པ་ནས་གཏིང་མཐའ་མེད་པར་འཁྱམས་ཏེ་ཕུང་ཚབས་དང་བརླག་ཚབས་འདི་ལས་ཆེ་བ་མེད་གསུངས་སᨖ། །དེས་ན་རྟག་ཏུ་འདᨖད་ཡོན་ལ་བློ་ལྡོག་ཅིང་འཁᨖར་བའི་སྡུག་བསྔལ་སྤྱི་དང༌། ཁྱད་པར་འདུ་བྱེད་ཀྱི་སྡུག་བསྔལ་བསམ་པ་གལ་ཆེ་སྟེ། ཇི་སྐད་དུ། འཁᨖར་བའི་ཉེས་བརྒྱ་སེམས་དཔའི་ཚུལ། །མང་ཡང་སྡུག་བསྔལ་སྡུག་བསྔལ་གྱིས། །འཇིགས་ནས་ཐར་འདᨖད་ཕྱུགས་ལའང་ཡོད། །ཟག་བཅས་ཚོར་བ་བདེ་བ་ལས༑ ༑ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས། །དེས་ན་འདུ་བྱེད་རང་བཞིན་གྱི། །ཟག་བཅས་ཉེར་ལེན་ཕུང་པᨖ་འདི། །སྡུག་བསྔལ་འགྲུབ་དང་གྲུབ་པའི་སྣོད། །ནད་དང་འབྲས་དང་ཟུག་རྔུ་ལྟར། །དམིགས་ནས་བསྒོམས་ན་བྱིངས་གཡོ་ལགས། །ཞེས་བཤད་པ་ལྟར་རོ། །གསུམ་པ་ངེས་འབྱུང་སྐྱེས་པའི་ཚད་བཤད་པ་ནི། དེ་ལྟར་གོམས་པས་འཁᨖར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང༌། །ཉིན་མཚན་ཀུན་ཏུ་ཐར་པ་དᨖན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་གསུངས་ཏེ། དེ་ལྟར་འཁᨖར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་རང་རྒྱུད་ལ་བསྐོར་ནས་ཡང་ཡང་གོམས་པར་བྱས་པ་ལ་བརྟེན་ནས། ལྷ་མིའི་གཙོ་བᨖ་རྣམས་ཀྱི་བདེ་བས་མཚོན་སྲིད་པ་འཁᨖར་བའི་ཕུན་སུམ་ཚོགས་པ་གང་ལའང་སྐྱུགས་ནད་ཅན་གྱིས་ཟན་མཐོང་བ་ལྟར། འདི་ལྟ་བུ་ཐོབ་ན་སྙམ་པའི་ཡིད་ལ་སྨོན་པ་སྐད་ཅིག་ཙམ་ཡང་རྒྱུད་ལ་མི་སྐྱེ་ཞིང༌། ཉིན་མཚན་གྱི་དུས་ཀུན་ཏུ་ཟག་ བཅས་ཉེར་ལེན་གྱི་ཕུང་པᨖས་བསྡུས་པའི་ཡིད་རྟོན་མེད་པའི་འཁᨖར་བ་ལས་གྲᨖལ་བའི་ཐར་པ་མྱང་འདས་ཀྱི་བདེ་བ་ཞིག་ད་ལྟ་ཉིད་དུ་ཐོབ་ན་སྙམ་དུ་དᨖན་དུ་གཉེར་བའི་བློ་གཞན་རྐྱེན་གྱིས་ལྡོག་མི་ནུས་པའི་ཤུགས་དྲག་ལ་རྒྱུན་ རིང་བ་རྩོལ་མེད་དུ་སྐྱེ་བ་བྱུང་བ་ན། དུས་དེའི་ཚེ་ཐར་པ་ཆ་མཐུན་གྱི་དགེ་བ་བཅོས་མ་མ་ཡིན་པའི་ངེས་འབྱུང་གི་བསམ་པ་རྣམ་པར་དག་པ་རང་རྒྱུད་ལ་སྐྱེས་པ་ལགས་སᨖ། །ཞེས་པའོ། །རྒྱ་མ་བ་བློ་གྲᨖས་རྒྱལ་མཚན་གྱིས་ཀྱང་། དེ་ལྟར་བསམ་པས་ཚེ་འདིའི་འདᨖད་པ་ཐམས་ཅད་ལ་ཞེན་པ་ལོག །དེ་འཕེལ་བས་འཁᨖར་བ་མཐའ་དག་ལ་ཞེན་པ་ལོག་པ་ཞིག་བྱུང་ན། དེ་ཙ་ན་ཐར་པའི་ལམ་སྣ་ཟིན་པ་ཞེས་ཀྱང་བྱ་སྟེ། དེ་མེད་ན་ཅི་ཡོད་ཀྱང་ཐར་པའི་ལམ་སྣ་མི་ཟིན། དེ་བྱུང་ན་གཟོད་ཆོས་པའི་ཁྱུར་ཚུད་པ་ལགས་སᨖ། །ཞེས་གསུངས་སᨖ། །གཉིས་པ་བྱང་ཆུབ་ཀྱི་སེམས་བཤད་པ་ལ་གཉིས། བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་པའི་རྒྱུ་མཚན་དང༌། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་སᨖ། །དང་པᨖ་ནི། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་གསུངས་ཏེ། གོང་དུ་བཤད་པའི་སྐྱེས་བུ་ཆུང་འབྲིང་དང་ཐུན་མᨖང་བའི་ལམ་སྲིད་པའི་ཕུན་ཚོགས་ལས་ཡིད་ངེས་པར་འབྱུང་བ་ཙམ་གྱི་བསམ་པ་དེ་ཡང༌། མཁའ་མཉམ་གྱི་སེམས་ཅན་རྣམས་ཀྱི་ཆེད་དུ་ རྣམ་པར་དག་པའི་སེམས་བསྐྱེད་ཀྱི་རྩིས་ཟིན་པ་མེད་ན་བདེན་པ་བཞི་དང༌། རྟེན་འབྲེལ་བཅུ་གཉིས་དང༌། ཕར་ཕྱིན་དྲུག་ལ་སᨖགས་པ་ཡུན་རིང་པᨖར་ཉམས་སུ་བླངས་པ་རྣམས་ཀྱང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་རང་གཞན་གཉིས་ཀའི་དᨖན་ཕུན་སུམ་ཚོགས་པ་འགྲུབ་པའི་གཏན་གྱི་བདེ་བ་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་རུ་མི་འགྱུར་ཏེ། རང་དᨖན་ཡིད་བྱེད་དམན་པའི་ལམ་དུ་གོལ་བའི་སྐྱོན་ཡོད་པའི་ཕྱིར། དེ་བས་ན་རང་དᨖན་གཙོ་བᨖར་དᨖན་དུ་མི་གཉེར་བར་གཞན་དᨖན་རྒྱ་ཆེན་པᨖ་བསྒྲུབ་པར་བྱའོ་སྙམ་པའི་ཐེག་ཆེན་གྱི་རིགས་སད་པའི་བློ་གྲᨖས་ཀྱི་རྩལ་དང་ལྡན་པའི་དབང་རྣོན་སྐྱེས་བུ་མཆོག་གི་རིགས་ཅན་རྣམས་ཀྱིས༑ རྒྱུ་འབྲས་མན་ངག་བདུན་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་ཐེག་ཆེན་གྱི་ལམ་གྱི་གཞུང་ཤིང་ལྟ་བུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་མཆོག་ཏུ་བསྐྱེད་པར་བྱའོ། །ཞེས་པའོ། ། དེའང་བླ་ན་མེད་པའི་སངས་རྒྱས་འཐོབ་བྱེད་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་ལས་གཞན་ཅིའང་ཡོད་པ་མ་ཡིན་ཏེ། དཔེར་ན། ནས་ཀྱི་ས་བᨖན་ནི་ནས་ཀྱི་མྱུ་གུའི་ཐུན་མᨖང་མ་ཡིན་པའི་རྒྱུ་ཡིན་པས། དེ་ཡོད་ན་ནས་མྱུག་གི་ཐུན་མᨖང་བའི་རྒྱུ་ཆུ་ལུད་དྲོད་གཤེར་རྣམས་ཀྱང་ནས་མྱུག་གི་རྒྱུར་འགྱུར་གྱི། ནས་ཀྱི་ས་བᨖན་མེད་ན་ཆུ་ལུད་སᨖགས་ཡོད་ཀྱང་ནས་མྱུག་སྐྱེད་པར་མི་ནུས་པ་བཞིན་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། བདག་ཉིད་ དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདᨖད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པᨖ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་པ་དང༌། རྒྱུད་བླ་མ་ལས། ཐེག་མཆོག་ལ་མᨖས་ས་བᨖན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། །གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་སྲས། །ཞེས་གསུངས་པའི་ཕྱིར༑ དེ་ཡང་ཕ་ནི་བུ་ཡི་རང་གི་རིགས་ངེས་པའི་རྒྱུ་ཡིན་པས། ཕ་བᨖད་ལ་བུ་བᨖད་པ་ཁᨖ་ན་སྐྱེ་ཡི། རྒྱ་ཧོར་གྱི་རིགས་ཅན་མི་སྐྱེ། མ་ནི་བུ་དེ་ཡི་ཐུན་མᨖང་གི་རྒྱུ་ཡིན་པས། བᨖད་པ་དང་འགྲᨖགས་ན་བᨖད། རྒྱ་ཧོར་དང་འགྲᨖགས་ན་རྒྱ་ཧོར་གྱི་རིགས་ཅན་སྐྱེ་བ་ལྟར། བྱང་ཆུབ་ཀྱི་སེམས་ནི། རང་རྒྱུད་ལ་ལྡན་པའི་གང་ཟག་ཐེག་པ་ཆེན་པᨖ་བར་འཇོག་པའི་ས་བᨖན་ལྟ་བུ་དང༌། ཡང་དག་པའི་ལྟ་བ་ནི། ཉན་ཐོས་ཀྱི་བྱང་ཆུབ་དᨖན་གཉེར་གྱི་བསམ་པ་དང་འགྲᨖགས་ན། རང་རྒྱུད་ལྡན་གྱི་གང་ཟག་ཉན་ཐོས་ཀྱི་བྱང་ཆུབ་ཏུ་འཁྲིད་པར་བྱེད། རང་རྒྱལ་གྱི་བྱང་ཆུབ་དᨖན་གཉེར་གྱི་བསམ་པ་དང་འགྲᨖགས་ན། རང་རྒྱུད་ལྡན་གྱི་གང་ཟག་རང་རྒྱལ་གྱི་བྱང་ཆུབ་ཏུ་འཁྲིད་པར་བྱེད། རྫོགས་པའི་བྱང་ཆུབ་དᨖན་གཉེར་གྱི་བསམ་པ་དང་འགྲᨖགས་ན། རང་རྒྱུད་ལྡན་གྱི་གང་ཟག་སངས་རྒྱས་ཀྱི་སར་འཁྲིད་པར་བྱེད་པ་སྟེ་བྱང་ཆུབ་གསུམ་ཐུན་མᨖང་གི་རྒྱུ་ཡིན་པས། ཤེར་ཕྱིན་ལ་བསྟོད་པ་ན། ཡུམ་ཆེན་མᨖ་ཞེས་པ་དང༌། བྱང་ཆུབ་ཀྱི་སེམས་ལ་བསྟོད་པ་ན། སྡོང་པᨖ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བᨖན་ལྟ་བུའོ། །ཞེས་གསུངས། དེས་ན་རྒྱལ་བ་སྲས་དང་བཅས་པས་ཡང་ནས་ཡང་དུ་བསྔགས་ཤིང༌། འཕགས་པ་ཡབ་སྲས་དང་ཇོ་བᨖ་ཨ་ཏི་ཤ་ལ་སᨖགས་པ་རྣམས་ཀྱིས་འདི་ཁᨖ་ནར་གདམས་པའི་སྙིང་པᨖར་མཛད་པའི་ལོ་རྒྱུས་དང་གསུང་སྒྲོས་མཐའ་ཡས་པ་ལས་ཕྱོགས་ཙམ་མཚོན་ན༑ དགེ་བཤེས་སྨྱུག་རུམ་པའི་ཞལ་ནས། བྱང་ཆུབ་ཀྱི་སེམས་འདི་ཅིག་སྐྱེར་བཏུབ་ན་ཚོགས་ཁᨖ་རང་གིས་སᨖག །སྒྲིབ་པ་ཡང་ཁᨖ་རང་གིས་སྦྱོང༌། བར་ཆད་ཀྱང་ཁᨖ་རང་གིས་སེལ་ཏེ་གསུངས། འདི་ཅིག་མེད་པར། རྩ་དང་རླུང་དང་ཐིག་ལེ་དང༌། ལྷའི་སྐུ་དང་སྟོང་པ་ཉིད་ལ་སᨖགས་པ་བསྒོམས་ཀྱང་འདᨖད་པར་གོམ་པ་གང་བས་ཕྱེད་ཀྱང་མི་ཕྱིན་གསུངས། དེས་ན་མྱུར་དུ་འཚང་རྒྱ་བ་ལ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལས་གདམས་ངག་ལྷག་པ་མེད་པས། དེ་ལ་ངེས་པ་བསྐྱེད་པའི་ཕྱིར། ཉམས་ལེན་ཐམས་ཅད་དེའི་ཕྱིར་དུ་དྲིལ་ནས་བྱེད་པ་གལ་ཆེ་སྟེ། ལམ་རིམ་ཆེན་མᨖ་ལས། འཇིག་རྟེན་ན་རྩྭ་རྔ་བ་དང་ཟོར་བ་རྡོར་བའི་དཔེ་བརྗོད་པ་ལྟར། རིན་པᨖ་ཆེའི་སེམས་འདི་གནད་དུ་མ་སᨖང་བར་ཡུན་ཇི་ཙམ་དགེ་སྦྱོར་ལ་འབད་བློ་བྱས་ཀྱང་ཟོར་བ་ཤིན་ཏུ་རྟུལ་བས་རྩྭ་རྔ་བ་དང་འདྲ་སྟེ། ས་བཅད་པ་ཅི་ཡང་མེད་ལ། སེམས་འདི་ཉིད་གནད་དུ་ཞིག་སᨖང་ན། རེ་ཞིག་ལ་མི་རྔ་བར་ཟོར་བ་བརྡར་ ནས་རྣོན་པᨖར་བྱས་ཏེ་དེ་ནས་བརྔས་པ་ཅུང་ཟད་ཙམ་ལའང་མང་དུ་བརྔས་ཟིན་པ་དང་འདྲ་སྟེ། སྐད་ཅིག་རེ་རེ་ལའང་སྒྲིབ་པ་སྦྱོང་བ་དང་། ཚོགས་སྡུད་པ་བདེ་བླག་ཏུ་ནུས་ཤིང་། དགེ་བ་ཆུང་བ་དང་བར་སྐབས་སུ་འཛད་པ་རྣམས་ཀྱང་ཆེ་བ་དང་མི་ཟད་པར་བྱེད་པའི་ཕྱིར་ཞེས་པ་དང༌། དགེ་བཤེས་སྟོན་པ་ལ་དགེ་བཤེས་ལྷབ་ཆུང་སྟོན་པས། ཡང་དང་ཡང་དུ་བྱང་ཆུབ་ཀྱི་སེམས་སྦྱོངས་བྱ་བ་དེ། བླ་མའི་གདམས་ངག་བསྒོམས་པས་རྒྱུད་ལ་མ་སྐྱེས་ཀྱང་ཡང་དང་ཡང་དུ་བསྒོམས་པས་སྐྱེ་བྱ་བ་ལགས་སམ་ཞུས་པས། དགེ་བཤེས་སྟོན་པའི་ཞལ་ནས། ཇོ་བᨖ་སྟོན་པ། དེ་གཅིག་པུས་ཀྱང་མི་འོང༌། གཙོ་བᨖར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སྦྱོང་བའི་ཚུལ་བཞིན་ཡིད་ལ་བྱེད་པ་དེ་གཞི་མར་བྱས། ཞར་ལ་ཚོགས་བསག །ཞར་ལ་སྒྲིབ་པ་སྦྱང༌། ཞར་ལ་སྡིག་པའི་གྲᨖགས་པᨖ་སྤང་ཞིང༌། ཞར་ལ་དགེ་བའི་བཤེས་གཉེན་བསྟེན། ཞར་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་ཞིང་ཚུལ་བཞིན་ཡིད་ལ་བྱེད་ན་འོང་བ་ཡིན། ཞེས་གསུངས། སྤྱིར་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཙམ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་མདᨖར་བསྡུ་ན། སྤྱོད་འཇུག་ལས། མིང་དᨖན་གནས་འགྱུར་བ། སྡིག་པའི་གཉེན་པᨖ་བྱེད་པ། དགེ་བ་གོང་དུ་འཕེལ་བ། ངན་སᨖང་གི་སྐྱེ་སྒོ་གཅོད་པ། སངས་རྒྱས་ངེས་པར་ཐོབ་པ་དང་ལྔར་གསུངས་སᨖ། །གཉིས་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་ནི། ཤུགས་དྲག་ཆུ་བᨖ་བཞི་ཡི་རྒྱུན་གྱིས་ཁྱེར། ། བཟློག་དཀའ་ལས་ཀྱི་འཆིང་བ་དམ་པᨖས་བསྡམས། །བདག་འཛᨑན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཆུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། །ཅེས་གསུངས་ཏེ། རི་གཟར་ངོས་ཀྱི་འབབ་ཆུ་ལྟར་ཤུགས་ཤིན་ཏུ་དྲག་པའི་སྐྱེ་རྒ་ན་འཆིའམ། འདᨖད་པ། སྲིད་པ། མ་རིག་པ། ལྟ་བ་སྟེ། ཆུ་བᨖ་ཆེན་པᨖ་བཞི་ཡི་རྒྱུན་གྱི་ཆ་བསགས་པས་ངལ་བསᨖ་མེད་པར་སྡུག་བསྔལ་གྱི་རྒྱ་མཚོར་ནི་ཁྱེར། སངས་རྒྱས་ཀྱི་མཐུ་དང་རྫུ་འཕྲུལ་གྱིས་ཀྱང་བཟློག་ཅིང་གྲᨖལ་བར་དཀའ་བའི་ཟག་བཅས་ཀྱི་བསᨖད་ནམས་དང༌། བསᨖད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་གསུམ་གྱི་འཆིང་བའམ་ཞགས་པ་དམ་པོས་འཁོར་བའི་གནས་སུ་ནི་བསྡམས། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛᨑན་པ་བཅད་པར་དཀའ་བ་ལྕགས་ཀྱི་དྲ་བ་ལྟ་བུའི་སྦུབས་སུ་ནི་ཆུད། ཉེས་པ་ཐམས་ཅད་ཀྱི་རྩ་བ་ལས་འབྲས་དང་དེ་ཁᨖ་ན་ཉིད་སᨖགས་བྱ་བ་དང་བྱ་མིན་གྱི་གནས་ཚུལ་མི་ཤེས་པའི་མ་རིག་པའི་མུན་པ་སྟུག་པᨖའི་སྨག་རུམ་ཆེན་པᨖ་ཕྱོགས་ཀུན་ནས་ཆུའི་ཁུར་གྱིས་ནོན་པའི་དབྱར་གྱི་ཆར་སྤྲིན་ལྟ་བུར་ནི་འཐིབས། ཐོག་མ་དང་མཐའ་མའི་མུ་མཐའ་འདི་ཞེས་ངོས་བཟུང་དུ་མེད་པའི་སྲིད་པ་འཁᨖར་བའི་གནས་ངན་འདི་ལན་གཅིག་གཉིས་ཙམ་མ་ཡིན་པར། སྐྱེ་ཞིང་སྐྱེ་བ་རུ་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་གསུམ་གྱིས་སྐད་ཅིག་ཀྱང་རྒྱུན་ཆད་པ་མེད་པར་ནི་མནར་བ་སᨖགས་གནས་སྐབས་ཏེ། ངང་ཚུལ་ཆེས་བཟོད་པར་དཀའ་བ་འདི་འདྲ་བར་གྱུར་པའི་འགྲᨖ་བ་འདི་ཐམས་ཅད་རང་གི་ཚེ་རབས་སྔ་མའི་མར་མ་གྱུར་པ་གཅིག་ཀྱང་མེད་ཅིང༌། དེ་ཡང་ལན་མང་པᨖར་བྱས་ཤིང་། བྱས་རེས་ཀྱིས་གནོད་པ་ལས་བསྐྱབས་ནས་བདེ་བ་དཔག་མེད་སྦྱིན་པའི་དྲིན་ཅན་ཤ་སྟག་ཡིན་པས། མ་རྒན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བའི་ངང་ཚུལ་རང་ཉམས་ལ་དཔགས་ཏེ་ལེགས་པར་བསམས་པ་ལ་བརྟེན་ནས། དྲིན་ལན་དུ་བདེ་བ་དང་ལྡན་ན་སྙམ་པའི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེས་དྲངས་ཏེ། དེ་རྣམས་སྡུག་བསྔལ་ལས་གྲᨖལ་བ་བདག་གིས་བྱའོ་སྙམ་པའི་ལྷག་བསམ་གྱི་ཁུར་ཁྱེར་བ་ན། ད་ལྟ་ནི་བདག་ལ་དེ་ལྟ་བུའི་ནུས་པ་མེད། ནུས་པ་སུ་ལ་ཡོད་ན། རྫོགས་པའི་སངས་རྒྱས་ཉག་གཅིག་ལ་ཡོད་པར་ཤེས་ནས། སེམས་ཅན་གྱི་དᨖན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ་སྨོན་པའི་སེམས་དང༌། དེ་ལྟར་སྨོན་པ་ཙམ་གྱིས་ཀྱང་སངས་རྒྱས་མི་ཐོབ་པས། སངས་རྒྱས་ཐོབ་པའི་ཕྱིར་དེའི་རྒྱུ་ཕར་ཕྱིན་དྲུག་དང་། བསྡུ་བ་བཞི་སᨖགས་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་པར་བྱའོ་སྙམ་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་མཆོག་ཏུ་བསྐྱེད་པར་མཛོད་ཅིག་ཅེས་པའོ། །དེ་ལ་ཐོག་མར་དགེ་བའི་བཤེས་གཉེན་ལས་སམ། རྟེན་དང་དམིགས་པའི་སྒོ་ནས་ཤིང་རྟ་གཉིས་ཀྱི་རིང་ལུགས་ལྟར་བྱང་ཆུབ་ཏུ་སེམས་མ་སྐྱེས་པ་བསྐྱེད། སྐྱེས་པ་མི་ཉམས་ཤིང་གོང་དུ་འཕེལ་བའི་བསླབ་བྱ་སེམས་ཅན་བློས་མི་སྤོང་བ་སᨖགས་སྨོན་སེམས་དང༌། སྦྱིན་སᨖགས་ཕར་ཕྱིན་དྲུག །སྙན་སྨྲ་སᨖགས་བསྡུ་དངོས་བཞིས་མཚོན་པའི་སྤྱོད་པ་རྣམས་ཅི་ནུས་སུ་བསྒྲུབ་པར་བྱ་བ་ཡིན་ལ། ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་འབད་དགོས་ཏེ། དེའི་མན་ངག་ཇོ་བᨖ་རྗེ་ནས་བརྒྱུད་པ་ལ་ལུགས་གཉིས། ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲᨖས་གྲགས་ནས་བརྒྱུད་པ་ལ་རྒྱུ་འབྲས་རིམ་པ་ལྔའི་སྒོ་ནས་བསྒོམ་སྟེ། བདག་སངས་རྒྱས་ཐོབ་པའི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག །དེའི་རྒྱུར་སྙིང་རྗེ། དེའི་རྒྱུར་བྱམས་པ། དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་བཟོ་བ། དེའི་རྒྱུར་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཏུ་ཤེས་དགོས། འདི་རྣམས་སྡུག་བསྔལ་དང་བྲལ། བདེ་བ་ལ་དགོད་པའི་ཕྱིར་བདག་ཉིད་སངས་རྒྱས་ཐོབ་པར་བྱས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་སྙམ་དུ་བསམ་པ་དང༌། བྱ་ཡུལ་བའི་སློབ་མ་གཙང་པ་རིན་པᨖ་ཆེ་ནས་བརྒྱུད་པ་ལ་རྒྱུ་འབྲས་མན་ངག་བདུན་གྱིས་བློ་སྦྱོང་བར་གསུངས་ཏེ། འཐོབ་བྱའི་སངས་རྒྱས་ཉིད་རྒྱུ་བྱང་ཆུབ་ཀྱི་སེམས་ལས་སྐྱེ། དེ་ལྷག་བསམ་རྣམ་པར་དག་པ་ལས། དེ་སྙིང་རྗེ་ཆེན་པᨖ། དེ་བྱམས་པ་ཆེན་པᨖ། དེ་ཡིད་དུ་འོང་བ་ལས། དེ་བྱས་ཤེས་དྲིན་བཟོ། དེ་རྩ་བའི་མས་ཕན་བཏགས་པ་ལྟར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་ལས་སྐྱེས། དེས་ན་སེམས་ཅན་རེ་རེ་བཞིན་བྱམས་པ་དང༌། སྙིང་རྗེ་དང༌། སངས་རྒྱས་ལ་འགོད་འདᨖད་ཀྱི་ལྷག་པའི་བསམ་པ་ཁᨖ་ན་བསྒོམ་དགོས་ཤིང༌། དེའི་མན་ངག་ཁྱད་པར་དུ་འཕགས་པ། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་སྐྱོབ་པར་འདᨖད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང༌། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁᨖར་བ་ན་ཡང་བདེ་བ་མེད། །ཅེས་བདག་གཞན་མཉམ་པར་བརྗེ་བའི་བདེ་སྡུག་གི་གཏོང་ལེན་སྤེལ་མར་བྱེད་པ་ནི་ཉམས་ལེན་གྱི་གནད་འགག་ཆེ་ཤོས་ཡིན་པས། དེའི་ཚུལ་བློ་སྦྱོང་དᨖན་བདུན་མ་སᨖགས་ལས་ཤེས་པར་བྱའོ། །གསུམ་པ་ཡང་དག་པའི་ལྟ་བ་བཤད་པ་ལ་གཉིས། ཡང་དག་པའི་ལྟ་བ་འཚོལ་དགོས་པའི་རྒྱུ་མཚན། བཙལ་བའི་ལྟ་བ་དངོས་བསྟན་པའོ། །དང་པᨖ་ནི། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང༌༑ ༑སྲིད་པའི་རྩ་བ་བཅད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་གསུངས་ཏེ། ཆོས་རྣམས་ཀྱི་གནས་ལུགས་ཀྱི་དᨖན་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་པའི་ཟབ་མᨖའི་ཤེས་རབ་ དང་མི་ལྡན་ན། སྔར་བཤད་པའི་ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་གཉིས་ལ་ཡུན་རིང་པᨖ་ཇི་ཙམ་གོམས་པར་བྱས་པ་དང༌། བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛᨑན་ལ་བསྐལ་པའི་བར་དུ་གནས་ནུས་ཤིང༌༑ མངོན་ཤེས་དང་རྫུ་འཕྲུལ་མཐའ་ཡས་པ་དང་ལྡན་པར་གྱུར་ཀྱང༌། སྲིད་པ་འཁᨖར་བའི་སྡུག་བསྔལ་གྱི་རྩ་བ་མཐར་ཐུག་པ་བདག་འཛᨑན་ལྷན་སྐྱེས་ཀྱི་ཞེན་ཡུལ་སུན་དབྱུང་ཞིང་བཅད་པ་སྟེ་སླར་སྐྱེ་མི་རུང་གི་ཆོས་ཅན་དུ་བྱས་ཏེ་སྤོང་བར་མི་ནུས་པ་ཁᨖ་ན་ཡིན་པས། ཐར་འདᨖད་རྣམས་ཀྱིས་སྟོང་པ་ཉིད་ཀྱི་དᨖན་ཟབ་མᨖ་རྟེན་ཅིང་འབྲེལ་བར་འབྱུང་བས་འགྲུབ་པའི་ཚུལ་རྟོགས་པའི་ཐབས་ལ་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་འབད་པར་བྱའོ༑ ༑ཞེས་པའོ། །དེའང་ངེས་འབྱུང་དང་། བྱང་སེམས་སᨖགས་ཀྱིས་སྲིད་པའི་རྩ་བ་གཅོད་མི་ནུས་པའི་རྒྱུ་མཚན། འཁᨖར་བའི་སྡུག་བསྔལ་གྱི་རྩ་བ་མཐར་ཐུག་པ་ལྷན་སྐྱེས་ཀྱི་བདག་འཛᨑན་ཡིན་ལ། དེ་སྤོང་བ་ནི་དེའི་འཛᨑན་སྟངས་ཀྱི་ཞེན་ཡུལ་སུན་ཕྱུང་ནས་དེ་དང་འཛᨑན་སྟངས་དངོས་སུ་འགལ་བ་ཞིག་གིས་སྤང་དགོས་ཏེ། བཞི་བརྒྱ་པ་ལས། ཡུལ་ལ་བདག་མེད་མཐོང་བ་ནི། །སྲིད་པའི་ས་བᨖན་འགག་པར་འགྱུར། །ཞེས་གསུངས། ངེས་འབྱུང་སᨖགས་བདག་འཛᨑན་དང་འཛᨑན་སྟངས་འགལ་བ་མ་ཡིན་པས། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་དང༌། བྱམས་སᨖགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ ཚར་གཅོད་མིན། །ཅེས་གསུངས་སᨖ། །དེས་ན་བདག་འཛᨑན་སྤོང་བྱེད་ཀྱི་གཉེན་པᨖ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་ཡིན་ལ། དེའང་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་གང་ཟག་གི་བདག་དང༌༑ ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཕུང་སᨖགས་ཆོས་ལ་བདག་ཏུ་འཛᨑན་པ་སྤོང་བར་བྱེད་པས་ན། གཅིག་དུ་བྲལ་ལ་སᨖགས་པའི་རིགས་པ་ཡང་དག་ལ་བརྟེན་ནས་གང་ཟག་གི་བདག་བཀག་ནས་བདག་མེད་རྟོགས་པའང་ཤེས་རབ་གོམས་དགོས་ཏེ། དབུ་མ་ལ་འཇུག་པ་ལས། ཉོན་མᨖངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བ་བློ་ཡིས་མཐོང་གྱུར་ཅིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་དང༌། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲᨖལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དᨖན་ཡིན། །ཞེས་གསུངས་པས་སᨖ། །དེའང་གོང་དུ་སྨོས་པ་ལྟར། སངས་རྒྱས་འཐོབ་པའི་རྒྱུ་ཐུན་མᨖང་མ་ཡིན་པ་བྱང་ཆུབ་ཀྱི་སེམས་ཡིན་ཀྱང་། བུ་སྐྱེ་བ་ལ་ཕ་གཅིག་པུས་མི་འོང་བར་ཕ་མ་གཉིས་ཀ་ཚོགས་དགོས་པ་བཞིན། ཐེག་པ་གསུམ་གའི་ཐུན་མᨖང་གི་རྒྱུ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཟུང་དུ་འབྲེལ་དགོས་ཏེ། དཔེ་འགྲེལ་ལས། དཔེར་ན་སྐྱེས་བུ་མིག་དང་ལྡན་པ་ཞིག་གིས་ལམ་སྣ་དྲངས་ན་དམུས་ལོང་བརྒྱ་ཕྲག་དུ་མས་ཀྱང་གྲᨖང་ཁྱེར་ལ་སᨖགས་པ་གང་འདᨖད་དུ་འགྲᨖ་ནུས་པ་ཡིན། དཔེ་དེ་བཞིན་དུ། ཤེས་རབ་སྟོང་པ་ ཉིད་ཀྱི་དᨖན་རྟོགས་ནས་ཉམས་སུ་བླངས་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཡིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་ཐོབ་ཅིང་ཐམས་ཅད་མཁྱེན་པའི་ས་ལ་འགྲᨖ་བར་ནུས་ཏེ། ཕ་རོལ་ཕྱིན་པ་ལྔ་ཡི་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །ཞེས་པ་དང༌། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲᨖ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །ཞེས་གསུངས་པའི་དᨖན། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བདེན་པར་འཛᨑན་པའི་ཞེན་ཡུལ་སུན་མ་ཕྱུང་ན་ཕ་རོལ་ཏུ་ཕྱིན་པ་གཞན་ལ་རྒྱ་ཆེར་བསླབས་ཀྱང་བདག་མེད་རྟོགས་མི་ནུས། བདག་མེད་རྟོགས་པའི་ཤེས་རབ་གཉིས་ཀྱི་ནང་ནས་ཀྱང་གང་ཟག་གི་བདག་མེད་གཙོ་བᨖར་གསུངས་ཏེ། ལྷག་མཐོང་ཆེན་མᨖ་ལས། དེ་ཁᨖ་ན་ཉིད་ལ་ཇི་ལྟར་འཇུག་པའི་རིམ་པ་ནི་དང་པᨖར་འཁᨖར་བའི་ཉེས་སྐྱོན་བསམས་ནས་ཡིད་སུན་ཏེ་དེ་ལ་འདᨖད་པ་མི་སྐྱེས་པ་ཞིག་དགོས། དེ་ནས་དེ་རྒྱུ་མ་ལོག་ན་མི་ལྡོག་པར་མཐོང་ནས། འཁᨖར་བའི་རྩ་བ་གང་ཡིན་སྙམ་སྟེ་དེའི་རྩ་བ་རྩད་བཅད་པས་འཇིག་ལྟའམ་མ་རིག་པ་འཁᨖར་བའི་རྩ་བར་འགྲᨖ་ལུགས་ལ་ངེས་པ་གཏིང་ཐག་པ་ནས་འདྲོངས་ནས། དེ་སྤོང་བར་འདᨖད་པ་བཅོས་མ་མ་ཡིན་པ་སྐྱེས་པ་ཞིག་དགོས། དེ་ནས་འཇིག་ལྟ་ལྡོག་པ་དེ་ངེས་བཟུང་བའི་བདག་མེད་པར་རྟོགས་པའི་ཤེས་རབ་སྐྱེ་བ་ལ་རག་ལས་པར་མཐོང་ནས་བདག་དེ་དགག་དགོས་པར་མཐོང་སྟེ། བདག་དེ་ཡོད་པ་ལ་གནོད་ བྱེད་དང་། མེད་པའི་སྒྲུབ་བྱེད་ཀྱི་ལུང་དང་རིགས་པ་ལ་བརྟེན་ནས་ངེས་པ་རྙེད་པ་ཞིག་ཐར་པ་དᨖན་དུ་གཉེར་ན་མེད་པའི་ཐབས་མེད་དᨖ། །དེ་ལྟར་བདག་དང་བདག་གི་བ་ལ་རང་བཞིན་ཅུང་ཟད་ཀྱང་མེད་པར་ངེས་པའི་ལྟ་བ་རྙེད་ནས་དེའི་དᨖན་གོམས་པར་བྱས་པས་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བ་ཡིན་ནོ། །ཞེས་སᨖགས་ཚᨑག་གསལ་གྱི་ལུང་དང་བཅས་རྒྱས་པར་གསུངས་ལ། དེ་ལྟར་བདག་རང་བཞིན་མེད་པར་རྟོགས་ན་གཟུགས་ནས་རྣམ་མཁྱེན་བར་གྱི་ཕུང་པᨖ་ལྔ་སᨖགས་ཆོས་ཐམས་ཅད་ལ་བདེན་པར་འཛᨑན་པའང་ཤུགས་ལ་ལྡོག་པར་འགྱུར་ཏེ། དཔེར་ན། ཤིང་རྟ་འཚᨑག་ན་འཁᨖར་ལོ་ལ་སᨖགས་པ་དེའི་ཡན་ལག་ཐམས་ཅད་ལྷག་མ་མ་ལུས་པ་ཚᨑག་པ་ལྟ་བུ་སྟེ༑ ཚᨑག་གསལ་ལས། ཇི་ལྟར་ཤིང་རྟ་ཚᨑག་ན་དེའི་ཡན་ལག་དག་ཀྱང་ཚᨑག་པས་མ་དམིགས་པ་དེ་བཞིན་དུ་རྣལ་འབྱོར་པ་དག་གིས་གང་གི་ཚེ་བདག་མེད་པར་རྫོགས་པ་དེ་ཉིད་ཀྱི་ཚེ་ཕུང་པᨖའི་དངོས་པᨖ་བདག་གི་བ་ཡང་བདག་མེད་པར་རྟོགས་པར་འགྱུར་རོ། །ཞེས་སᨖ། །དེ་ལྟར་རྟོགས་པར་བྱེད་པ་ལ་ཤེས་རབ་ཟབ་མᨖ་དང་ལྡན་པ་གལ་ཆེ་སྟེ། དཔེ་འགྲེལ་ལས། ཟས་ལ་ལྕེས་རེག་པ་ཙམ་གྱིས་ཟས་ཀྱི་རོ་ཐམས་ཅད་མᨖད་ལ་ཚོར་ནས་ཡོང་ལ༑ གཟར་བུ་དེ་ཟས་ཀྱི་གསེབ་ཏུ་བཅུག་ཀྱང་རོ་མི་ཚོར། དེ་བཞིན་དུ་སྐྱེས་བུ་ཤེས་རབ་ལྡན་པས་ཆོས་ཐམས་ཅད་ཀྱི་དᨖན་ཚེགས་མེད་དུ་ལོན་ནས་ཡོང༌། ཤེས་རབ་མེད་ན་ཆོས་དང་རྟག་ཏུ་འགྲᨖགས་ཀྱང་ཆོས་ཀྱི་དᨖན་ མི་ལོངས་གསུང༌། དེས་ན་ཤེས་རབ་གལ་ཆེ་བས་ཤེས་རབ་འཕེལ་བའི་རྒྱུ་ལ་འབད་དགོས། ཤེས་རབ་འཕེལ་བའི་རྒྱུའི་གཙོ་བᨖ་ཐོས་བསམ་སྒོམ་གསུམ་རང་ཡིན་པས། དྲང་ངེས་ཇི་བཞིན་འབྱེད་པ་ལ་མཁས་པ་སᨖགས་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་ཚུལ་བཞིན་དུ་བསྟེན་ནས་ངེས་དᨖན་གྱི་གསུང་རབ་ཟབ་མᨖ་རྣམས་ཉན་པ་དང༌། བསག་སྦྱང་ལ་འབད་པ་དང༌། བླ་མ་དང་ཡི་དམ་གྱི་ལྷ་དབྱེར་མེད་དུ་བྱས་པ་ལ་གསᨖལ་འདེབས་ཤུགས་དྲག་བྱེད་པ་དང༌། དབུ་མའི་གཞུང་རྣམས་ལ་ཐོས་བསམ་སྒོམ་གསུམ་ཕུ་ཐག་ཆོད་པར་བྱེད་པ་དང༌། མ་འོངས་པར་ཤེས་རབ་ཆེ་བའི་རྒྱུ་ཁབ་སྐུད། སྣག་སྙུག་སᨖགས་ཟང་ཟིང་དང༌། ཐེག་ཆེན་གྱི་ཆོས་སྦྱིན་གཏོང་བའང་གལ་ཆེ་བར་བཤད་དᨖ། །གཉིས་པ་བཙལ་བའི་ལྟ་བ་དངོས་བསྟན་པ་ལ་གསུམ། ལྟ་བ་བསྟན་པ་དངོས། ལྟ་བ་རྒྱུད་ལ་སྐྱེས་པའི་ཚད། ལྟ་བའི་ཁྱད་ཆོས་སᨖ། །དང་པᨖ་ལ་གཉིས། སྣང་སྟོང་དབྱེར་མེད་དུ་རྟོགས་ན་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས་པར་བསྟན་པ་དང༌། སྣང་སྟོང་སᨖ་སᨖར་འཛᨑན་ན་རྒྱལ་བའི་དགོངས་པ་མ་རྟོགས་པར་བསྟན་པའོ། །དང་པᨖ་ནི། གང་ཞིག་འཁᨖར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང༌། །དམིགས་པའི་གཏད་སᨖ་གང་ཡིན་ཀུན་ཞིག་ན། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །ཞེས་གསུངས་ཏེ། རྣམ་གྲᨖལ་གྱི་ལམ་དᨖན་དུ་གཉེར་བའི་གདུལ་བྱ་གང་ཞིག་ཀུན་ནས་ཉོན་མᨖངས་ཕྱོགས་ཀྱི་བདེན་པས་བསྡུས་པའི་འཁᨖར་བ་དང༌། རྣམ་བྱང་ཕྱོགས་ཀྱི་བདེན་པས་བསྡུས་པའི་མྱང་འདས་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀྱི་རྒྱུ་རྐྱེན་ཉོན་མᨖངས་པ་དང་ལས་ཏེ་ཀུན་འབྱུང་བདེན་པ་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་བདེན་པ་དང༌། བསླབ་པ་གསུམ་སᨖགས་ལམ་བདེན་ལ་བརྟེན་ནས་འབྲས་བུ་འགོག་བདེན་ཆོས་ཉིད་དུ་འབྱུང་བ་སᨖགས་རྣམ་པར་གཞག་བྱ་འཇོག་བྱེད་དང༌། བསྐྱེད་བྱ་སྐྱེད་བྱེད་ཐམས་ཅད་དུས་ནམ་གྱི་ཚེ་ཡང་བསླུ་བ་མེད་པར་ཚད་མས་གྲུབ་པར་མཐོང་ཞིང༌། དེ་ལྟ་བུའི་རྒྱུ་འབྲས་དེ་དག་ལ་དᨖན་དམ་དཔྱོད་བྱེད་ཀྱི་རིགས་པས་ལེགས་པར་དཔྱད་པ་ན། ཡན་ལག་ཚོགས་པ་ལ་ཤིང་རྟར་བཏགས་པ་ཙམ་ལས་ཤིང་རྟ་དམིགས་སུ་མེད་པ་ལྟར། བདེན་གྲུབ་ཀྱི་མཚན་མར་འཛᨑན་པའི་དམིགས་པའི་གཏད་སᨖའི་ཡུལ་གང་ཡིན་པ་ཀུན་རང་སར་ཞིག་ནས་དᨖན་དམ་པར་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པར་རྟོགས་པ་ན། དེ་ནི་དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་དགྱེས་པ་བླ་ན་མེད་པ་སྐྱེད་པའི་ལམ་དབུ་མ་ཐལ་འགྱུར་བའི་ལྟ་བ་རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བ་དེ་ལ་ཞུགས་པ་ཡིན་ནོ་ཞེས་པའོ། །དེ་ལྟར་ཡང་རྩ་ཤེ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པའི་དགོངས་པའོ། །ཆོས་ཐམས་ཅད་
བཏགས་དᨖན་བཙལ་ན་རྡུལ་ཙམ་ཡང་བདེན་པར་གྲུབ་པ་མི་རྙེད་པའི་རང་བཞིན་སྟོང་པ་ཉིད་དུ་གནས་ཀྱང༌། སྣང་ཚུལ་རྟེན་འབྲེལ་གྱི་རྒྱུ་འབྲས་བསླུ་མེད་དུ་འཆར་བས་དᨖན་ལ་བདེན་པ་མེད་ཀྱང༌། འཆར་ཚུལ་བསླུ་མེད་མངོན་སུམ་པ་ལ་འགོག་པ་མེད་དེ། བཞིན་དང་མེ་ལོང་ཚོགས་པའི་རྟེན་འབྲེལ་ལས་གཟུགས་བརྙན་བྱད་བཞིན་དུ་བདེན་པར་མེད་ཀྱང་བྱད་བཞིན་གྱི་གཟུགས་བརྙན་གསལ་བར་སྣང་བ་བསྙོན་དུ་མེད་པ་དང་མཚུངས་ཏེ༑ ཡབ་སྲས་མཇལ་བ་ལས། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་སᨖ། །རྟེན་འབྱུང་སྣ་ཚོགས་གཟུགས་བརྙན་ལྟར་སྣང་བ་དང་། དེ་ཉིད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པར་ཤེས་པ་གཉིས་མི་འགལ་བ་ནི་སྒྱུ་མས་སྤྲུལ་པའི་གཟུགས་བརྙན་མི་བདེན་པར་ཤེས་བཞིན་དུ་སྣང་ངོ་ལ་འགོག་མེད་དུ་འཆར་བ་ལྟ་བུ་སྟེ། དབུ་མ་ལ་འཇུག་པ་ལས། དངོས་པᨖ་སྟོང་པ་གཟུགས་བརྙན་ལ་སᨖགས་པ། །ཚོགས་ལ་ལྟོས་པ་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སᨖགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པᨖ་ཐམས་ཅད་སྟོང་ན་ཡང༌། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེའང་བདེན་པ་མངོན་སུམ་དུ་གཟིགས་པའི་འཕགས་པའི་གང་ཟག་རྣམས་ལ་བདེ་སྡུག་གི་རྣམ་པ་ཅི་ཤར་ཡང་མི་བཟོད་པ་དང་། སྲེད་ཞེན་གྱི་རྣམ་པ་གང་ཡང་མི་འབྱུང་མᨖད། རང་རེ་སᨖ་སᨖ་སྐྱེ་བᨖ་རྣམས་ཀྱིས་བདེན་པ་མངོན་སུམ་དུ་མ་མཐོང་བའི་རིང་ལ། སྡུག་བསྔལ་ཕྲ་མᨖ་ཙམ་ཡང་མི་བཟོད་པ་ད་ལྟ་མྱོང་བས་གྲུབ་པ་འདི་ཀ་ཡིན་པས་སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤོང་ཞིང་། དགེ་བ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ་དགོས་ཏེ། རྨི་ལམ་དᨖན་ལ་མི་བདེན་པར་ཤེས་ཀྱང་འཁྲུལ་ཤེས་ཀྱི་ངོར་བདེན་པར་བཟུང་ནས་དགའ་སྡུག་ཉམས་སུ་མྱོང་བ་དང་མཚུངས་པའི་ཕྱིར། ཇོ་བᨖ་རྗེས། རྨི་ལམ་ཡུལ་གྱི་བཟང་ངན་རྣམས། །རྨི་ལམ་བློ་ལ་བདེན་པར་སྣང༌། །རྨི་ལམ་བདེན་པས་སྟོང་ན་ཡང༌། །འཁྲུལ་ཤེས་ཅན་དེ་བདེན་པར་འཁྲུལ། །དེ་བཞིན་འདི་ཡུལ་མ་ལུས་པའང༌། །བདེན་པས་སྟོང་ཡང་དེར་འཛᨑན་བློས། ། བདེན་པ་ཉིད་དུ་མངོན་པར་འཁྲུལ། །ཞེས་དང༌། འབྲོམ་རིན་པᨖ་ཆེས། ཆོས་ཐམས་ཅད་རྫུན་པའི་སྣང་བ་ཡང༌། །གཟུགས་མེད་ན་གཟུགས་བརྙན་ག་ལས་འབྱུང༌། །དེ་རྒྱུ་སᨖང་རྫུན་ཡང་འབྲས་འབྱུང་བས། །ལས་ཁྱད་དུ་མི་གསᨖད་ཉམས་ལེན་པའི། །དེ་ལྟ་བ་བརྒྱུད་པའི་བཀའ་གདམས་ཡིན། །ཅེས་སᨖགས་ལུང་དང་རིགས་པས་ཀྱང་འགྲུབ་པའི་ཕྱིར་རོ། །འདི་ལྟ་བུ་ནི་རྒྱལ་བ་སྲས་དང་བཅས་པ་དགྱེས་པའི་ལམ་མ་ནོར་བ་ཡིན་ཏེ། རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་དང་བཞི་སྟོང་བཀའ་སྩལ་པའི་དགོས་པ་འགྲᨖ་བ་རྣམས་གནས་སྐབས་མངོན་མཐོ་དང༌། མཐར་ཐུག་ངེས་ལེགས་ཐོབ་ཐབས་སུ་གསུངས་པ་ལས་གཞན་མེད་དེ། འཕགས་པ་ཀླུས། དང་པᨖར་ མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་པས། །རིམ་གྱིས་ངེས་པར་ལེགས་པ་འོང་། །ཞེས་གསུངས་པའི་མངོན་མཐོའི་གོ་འཕང་ནི་ལྷ་མིའི་ཐེག་པ་ལ་གནས་པ་ཡན་ཆད་ཀྱིས་ཐོབ་ཅིང༌། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་ལྟ་བ་རྣམ་པར་དག་པ་དགོས་ཏེ། དེའང་བྱེ་བྲག་ཏུ་སྨྲ་བ་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པའི་ལྟ་བ། མདᨖ་སྡེ་པ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་གྲུབ་པས་སྟོང་པའི་ལྟ་བ། སེམས་ཙམ་པ་གཟུང་བ་ཕྱི་རོལ་དᨖན་གྱིས་སྟོང་པའི་ལྟ་བ། དབུ་མ་རང་རྒྱུད་པ་ཆོས་ཐམས་ཅད་བདེན་པར་མ་གྲུབ་ཅིང་རང་བཞིན་གྲུབ་པར་ལྟ་བའི་ལྟ་བ་སᨖགས་མང་དུ་ཡོད་ཀྱང༌། མཐར་ཐུག་གི་ཐར་པ་ནི། དབུ་མ་ཐལ་འགྱུར་བའི་ལུགས། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པར་ལྟ་བ་འདི་ཁᨖ་ན་ལས་གཞན་གྱིས་མི་འཐོབ་པར་གསུངས་ཏེ། སློབ་དཔᨖན་ཟླ་བ་གྲགས་པས། སློབ་དཔᨖན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དᨖ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་ཐོབ་ཡོད་མིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སྣང་སྟོང་སᨖ་སᨖར་འཛᨑན་ན་རྒྱལ་བའི་དགོངས་པ་མ་རྟོགས་པར་བསྟན་པ་ནི། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སᨖ་སᨖར་སྣང་བ་དེ་སྲིད་དུ། ། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ཅེས་གསུངས་ཏེ། དྲང་དᨖན་གྱི་སྣང་བ་ཐམས་ཅད་རྒྱུ་མེད་དང་། མི་མཐུན་པའི་རྒྱུ་ལས་མི་འབྱུང་བར་རང་རང་གི་རྒྱུ་རྐྱེན་དང་འདᨖགས་བྱེད་ཀྱི་རྟོག་པ་ལ་བརྟེན་ནས་འབྱུང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་བསླུ་བ་གཏན་ནས་མེད་པའི་མི་འཆོལ་བའི་དᨖན་ལ་གཏིང་ཚུགས་པའི་གོ་བ་དང༌། ངེས་དᨖན་ལ་དཔྱོད་པའི་རིགས་པས་བཏགས་དᨖན་བཙལ་བ་ན་རྙེད་རྒྱུའི་རང་བཞིན་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཉིད་ལ་བདེན་གྲུབ་ཀྱི་ཀུན་རྫོབ་གང་ཡང་ཁས་ལེན་རྒྱུ་དང་བྲལ་བའི་དᨖན་ལ་གཏིང་ཚུགས་པའི་གོ་བ་གཉིས་པᨖ་དེ། ཇི་སྲིད་དུ་སᨖ་སᨖར་སྣང་ཞིང་ཚ་གྲང་ལྟར་འགལ་བར་མཐོང་བ་དེ་སྲིད་དུ། ད་དུང་ཐུབ་པའི་མཐར་ཐུག་གི་དགོངས་པ་ཀླུ་སྒྲུབ་ཀྱིས་བཀྲལ་བ་ཇི་ལྟ་བ་བཞིན་རྟོགས་པའི་སྐབས་མེད་དᨖ། །ཞེས་པའོ། །སྐབས་འདིར་སྟོང་པ་ཁས་ལེན་དང་བྲལ་བའི་གོ་བ་ཞེས་པ། སྤྱིར་ཡིན་མིན་དང་ཡོད་མེད་སᨖགས་ཀྱི་ཁས་ལེན་མེད་པ་ལ་མི་ཟེར་གྱི། རིགས་ཤེས་ཀྱིས་བཏགས་དᨖན་བཙལ་བའི་ཚེ་ཀུན་རྫོབ་གང་ཡང་ཁས་ལེན་དང་བྲལ་བ་ལ་བྱེད་པ་ཡིན་ཏེ། རྗེ་བཙུན་རེད་མདའ་བའི་ཞལ་ནས། ཐལ་འགྱུར་བ་ལ་ཁས་ལེན་གང་ཡང་མེད་ཟེར་བའི་དᨖན་གནས་ལུགས་ལ་དཔྱོད་པའི་ཚེ་ལྐུགས་པ་བཞིན་དུ་ཅི་ཡང་མི་སྨྲ་བར་སྡོད་པ་ཡང་མིན་གྱི། གནས་ལུགས་ངེས་པའི་ཚེ་རིགས་ངོ་དེར་ཀུན་རྫོབ་གང་ཡང་ཁས་ལེན་རྒྱུ་མེད་པ་ལ་ཟེར་གསུངས། ཞེས་སᨖགས་ལེགས་བཤད་ སྙིང་པᨖ་ལས་འབྱུང༌། གཞན་ཡང༌། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་དང་། དᨖན་དམ་རང་བཞིན་གྱིས་སྟོང་པ་གཉིས་ངོ་བᨖ་གཅིག་ཡིན་ཏེ། མྱུ་གུ་ལྟ་བུ་རང་གི་དᨖན་དམ་ངོ་བᨖ་ཐ་དད་ཡིན་ན། དེ་རང་ཉིད་བདེན་པས་སྟོང་པའི་སྟོང་ཉིད་དང་ངོ་བᨖ་ཐ་དད་དུ་འགྱུར་བས། དེ་བདེན་གྲུབ་ཏུ་འགྱུར་བའི་ཕྱིར་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁᨖ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་དག་བཞིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་གཟུགས་ཕུང་རང་གི་གདགས་གཞི་ལ་བརྟེན་ནས་མིང་དང་རྟོག་པས་ཕར་བཏགས་པ་ཙམ་མ་གཏོགས་གཟུགས་ཕུང་དང་པᨖ་ནས་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པས་སྟོང་པས་ན། ཤེས་རབ་སྙིང་པᨖ་ལས། གཟུགས་སྟོང་པའོ། །ཞེས་གསུངས། གཟུགས་རུང་དེ་ཉིད་རང་ངོས་ནས་གཟུགས་སུ་མ་གྲུབ་པས། དེ་ལ་གཟུགས་ཀྱི་ཐ་སྙད་ཤེས་པའི་ཕྱིར་དུ། མིང་དང་རྟོག་པས་དེ་ལ་གཟུགས་ཞེས་པའི་བརྡ་སྦྱར་བས། ཐ་སྙད་དེའི་དབང་གིས་དེ་གཟུགས་སུ་འཐད་ཀྱི་སྒྲར་མི་འཐད་པས། སྟོང་པ་ཉིད་གཟུགས་སᨖ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་ཟབ་མᨖ་སྟོང་པ་ཉིད་བཞི་སྦྱོར་གྱིས་གསུངས་སᨖ། །ཞེས་སᨖ། །གྲུབ་མཐའ་འོག་མ་རྣམས་ཀྱིས་མཐར་ཐུག་མི་འཐོབ་པའི་རྒྱུ་མཚན་ཡང༌། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པᨖར་འཛᨑན་ཡོད་པ། ། དེ་སྲིད་དེ་ལ་ངར་འཛᨑན་ཡོད། །ངར་འཛᨑན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་པ་ལྟར། ཕུང་པᨖ་རང་བཞིན་གྱིས་གྲུབ་པར་འཛᨑན་པའི་བདེན་འཛᨑན་ལྷན་སྐྱེས་དེ་འཁᨖར་བའི་རྩ་བ་ཡིན་པ་ལ་དེ་སྤོང་མ་ནུས་པས་སᨖ། །སྐབས་འདིར་ཐལ་རང་གཉིས་ཀྱིས་དᨖན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱ་ལ་ཕྲ་རགས་ཀྱི་ཁྱད་པར་ཡང༌། ཐལ་འགྱུར་བས་ཆོས་ཐམས་ཅད་རྟོག་པའི་དབང་ཙམ་གྱིས་བཞག་པར་འདᨖད་ཅིང་། རྟོག་པའི་དབང་ཙམ་གྱིས་བཞག་པ་མ་ཡིན་པར་དང་པᨖ་ནས་རང་ངོས་ནས་གྲུབ་པ་ཞིག་ཡོད་ན་བདེན་གྲུབ་ཏུ་འགྱུར་བར་འདᨖད། རང་རྒྱུད་པ་རྣམས་ཆོས་རྣམས་རྟོག་པའི་དབང་ཙམ་གྱིས་འཇོག་མི་ནུས་པས། བློ་གནོད་མེད་ལ་སྣང་བའི་དབང་གིས་འཇོག་ཅིང༌། དེ་ཡང་བུམ་པ་འཇོག་བྱེད་ཀྱི་བློ་གནོད་མེད་དེས་འཇལ་རྒྱུའི་བུམ་པ་ནི། བློ་དེ་ལ་ལྟོས་མེད་ཀྱི་ཚུལ་གྱིས་དང་པᨖ་རང་ནས་གྲུབ་གྲུབ་པ་གཅིག་ལ་འདᨖད་ཅིང༌། དེ་ལྟར་གྲུབ་པ་དེ་བུམ་པ་རང་ངོས་ནས་གྲུབ་པའི་དᨖན་ཡིན་ཞེས་བཞེད་དེ། ཐལ་འགྱུར་བ་ནི། བུམ་པ་དེ་ཁᨖ་རང་འཇལ་བྱེད་ཀྱི་ཚད་མ་ལ་ལྟོས་མེད་ཀྱིས་དང་པᨖ་ནས་མ་གྲུབ་པར། བུམ་པ་དང་བུམ་པ་འཇལ་བྱེད་ཀྱི་ཚད་མ་གཉིས་ཕན་ཚུན་ལྟོས་ནས་གྲུབ་པར་བཞེད་དེ། ཚᨑག་གསལ་ལས། ཚད་མ་དག་ཡོད་ན་གཞལ་བྱའི་དᨖན་དག་ཏུ་འགྱུར་ལ། གཞལ་བྱའི་དᨖན་དག་ཡོད་ན་ཚད་མའི་དᨖན་དག་ཏུ་འགྱུར་གྱི། ཚད་མ་དང་གཞལ་བྱ་གཉིས་ངོ་བᨖ་ཉིད་ཀྱིས་གྲུབ་པ་ཡོད་པ་ མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་ཆོས་ཐམས་ཅད་དང་པᨖ་ནས་མ་གྲུབ་པ་ལ། འདᨖགས་བྱེད་ཀྱི་རྟོག་པའི་དབང་གིས་གློ་བུར་དུ་གྲུབ་པ་ཡིན་ཏེ། ཇོ་བᨖའི་ཞལ་ནས། རྒྱུས་མེད་བྱིས་པ་གློ་བུར་ཡིན། ། དᨖན་མེད་སྣང་སྟོང་དཔྱད་ཡུལ་མིན། །སྣང་ཙམ་ལྟོས་ལ་དྲི་བ་ཞོག །ཐ་སྙད་དཔྱད་ན་འཇིག་པ་ཡིན། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། ཐལ་འགྱུར་བ་རྣམས་གང་ཟག་གི་ཕུང་པᨖ་རེ་རེ་བ་གང་ཟག་ཡིན་ནམ། དེ་ཚོགས་པ་གང་ཟག་ཡིན་ནམ། དེ་ལས་དᨖན་གཞན་དུ་གྱུར་པའི་གང་ཟག་ཡོད་སྙམ་དུ་དཔྱད་པ་ན། གང་ཟག་རྙེད་རྒྱུ་ཅུང་ཟད་ཀྱང་མེད་ཅིང༌། དེལྟར་མ་རྙེད་པ་དེ་གང་ཟག་བདེན་པར་མེད་པའི་དᨖན་ཡིན་གྱི། གང་ཟག་གཏན་ནས་མེད་པའི་དᨖན་མ་ཡིན་པར་བཞེད། དེ་ལྟར་བཙལ་བས་མ་རྙེད་ན་མ་རྙེད་པའི་ངང་ལ་རྩེ་གཅིག་ཏུ་བཞག་ཅིང༌། འཛᨑན་སྟངས་ཤུགས་ཆུང་དུ་སᨖང་ན་བློ་ཟུར་ཞིག་གིས་སྔར་ལྟར་དཔྱད་ནས་འཛᨑན་སྟངས་ཀྱི་ཤུགས་གསᨖས་པ་ན། དཔྱད་ཅིང་དཔྱད་མཐར་ཡང་ཅུང་ཟད་མཉམ་པར་འཇོག་པ་ཡིན་གྱི། བཏགས་དᨖན་བཙལ་ནས་མ་རྙེད་པ་ན་ད་དུང་དེའི་སྟེང་དུ་རང་བཞིན་གྱིས་གྲུབ་པ་མེད་སྙམ་པའི་དགག་བྱའི་ཁྱད་པར་བསྣན་ནས་སྒོམ་པ་མ་ཡིན་པ་སᨖགས་རྒྱས་པར་བྱུང་ངོ༌། །གཉིས་པ་ལྟ་བ་རྒྱུད་ལ་སྐྱེས་པའི་ཚད་ནི། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛᨑན་སྟངས་ཀུན་ འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་གསུངས་ཏེ། སྔར་བཤད་པའི་ལྟ་བ་དེ་ཉམས་སུ་བླངས་ན། དུས་ནམ་ཞིག་གི་ཚེ་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་སᨖགས་ཀུན་རྫོབ་སྣང་ཕྱོགས་ཀྱི་བྱ་བྱེད་ཐམས་ཅད་འཐད་ལྡན་བསླུ་མེད་དུ་འཆར་བའི་གོ་བ་དང༌། རྒྱུ་འབྲས་སᨖགས་འཁᨖར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་སྒྱུ་མའི་རྟ་གླང་དང་རྨི་ལམ་གྱི་བྱ་བྱེད་བཞིན། སྣང་ཡང་ངོ་བᨖས་སྟོང་པའི་གོ་བ་གཉིས་རང་རྒྱུད་ལ་གཅིག་གི་གོ་བ་རྙེད་ཚེ་ཅིག་ཤོས་ཀྱི་དᨖན་ཕྱིན་ཅི་ལོག་ཏུ་འགྲᨖ་བ་དེ། རེས་མᨖས་སུ་འཇོག་པ་མེད་པར་བློའི་ཡུལ་དུ་སྣང་སྟོང་ཅིག་ཅར་དུ་རྟེན་འབྲེལ་མི་བསླུ་བར་གཏན་ཚᨑགས་རྣམ་དག་གི་རིག་པས་མཐོང་བ་ཙམ་ཉིད་ཀྱི་བྱེད་པ་ལ་བརྟེན་ནས་ལྟ་བ་ལ་ངེས་ཤེས་ལྷང་གིས་སྐྱེ་ཞིང༌། དེས་ཡུལ་རང་བཞིན་གྱིས་གྲུབ་པར་འཛᨑན་པའི་འཛᨑན་སྟངས་ཀུན་ལྷག་མ་མེད་པར་འཇིག་པར་བྱེད་ཐུབ་པས་ན། དུས་དེའི་ཚེ་ལྟ་བ་ལ་ཐོས་བསམ་གྱི་དཔྱད་པ་རྫོགས་པ་སྟེ། ལྟ་བ་རྣམ་དག་རྒྱུད་ལ་སྐྱེས་པ་ལགས་སᨖ། །ཞེས་པའོ། །དེ་ལྟར་ཡང་བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བརྟེན་པ་གང༌། །ངོ་མཚར་ལས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང༌། །ཞེས་དང༌། ཇོ་བᨖས། རྣམ་རྟོག་འདི་ཡིས་ཅི་ཡང་ཤེས། །གཞི་མེད་མཚན་ཉིད་དུ་མ་འགོད། །ད་ནི་སྣ་ཚོགས་སྣང་གྱུར་ཀྱང༌། །ཅི་ཡང་ མེད་ཀྱིས་ཅིར་མ་འཛᨑན། །དེས་ན་བདེ་སྡུག་ལ་སᨖགས་པ། །རྣམ་རྟོག་ཇི་ཙམ་འདུས་གྱུར་ཀྱང༌། །སྣང་བ་ཙམ་ཞིག་ཁᨖ་ནར་ཟད། །བདེན་པ་སྲིད་པ་ཙམ་ཡང་སྟོན། །སྣང་བ་དེ་ནི་ཉིད་དུ་སྤྱོད། །ཅེས་སᨖགས་མང་དུ་འབྱུང་སྟེ། དབུ་མའི་ལྟ་བ་ལ་ངེས་པ་རྙེད་པའི་གང་ཟག་གི་བློ་ཡུལ་དུ་སྣང་བ་རྟེན་འབྲེལ་ལ་སྙོན་མེད་དུ་འཆར་བ་དང་། སྟོང་པ་དᨖན་དམ་གྱི་འདུག་ལུགས་གཉིས་ཅིག་ཅར་དུ་འཆར་བ་མི་འགལ་བ་ཡང༌། དཔེར་ན་སྒྱུ་མ་མཁན་གྱིས་རྡོ་ཤིང་རྟ་གླང་དུ་སྤྲུལ་པའི་ཚེ། སྒྱུ་མ་མཁན་རང་ཉིད་ཀྱི་མིག་ཤེས་ལ་རྡོ་ཤིང་རྟ་གླང་དུ་སྣང་བ་དང༌། དེས་རྡོ་ཤིང་རྟ་གླང་གིས་སྟོང་པར་ངེས་པ་མི་འགལ་བ་ལྟ་བུ་ཡིན་པར་གསུངས་སᨖ། །འདིའི་ཚᨑག་རྐང་གསུམ་པའི་དᨖན་འཆད་པ་ལ་འབྲུ་གཉེར་མང་ཡང༌། གཙོ་བᨖ་བདག་འཛᨑན་ཤགས་འདེབས་ལས། ངེས་ཤེས་ཡུལ་གྱི་འཛᨑན་སྟངས་ཀུན་འཇིག་ན། །རང་བཞིན་གྲུབ་པའི་འཛᨑན་སྟངས་ཡིན་པར་གོ །ཞེས་པ་ལྟར། ངེས་ཤེས་བདེན་འཛᨑན་དང་། འཛᨑན་སྟངས་དེའི་འཛᨑན་སྟངས་བཤད་པ་དང༌། སྤྱན་སྔ་བློ་གྲᨖས་རྒྱལ་མཚན་གྱི་ལྟ་ཁྲིད་ལས། ངེད་རང་ལ་ཇི་ལྟར་སྣང་བ་འདི་ཡོད་ན་རང་གི་ངེས་ཤེས་ཀྱི་འཛᨑན་སྟངས་ཐམས་ཅད་དང་། དམིགས་པའི་གཏད་སᨖ་ཐམས་ཅད་འཇིག་པ་ཇི་ལྟར་འོང༌། དེས་ན་འཁྲུལ་པ་འཇིག་ཐབས་མེད་པའི་ལུང་རིགས་འདིས་གནོད་ཅིང་འདི་དང་འགལ་བས་སᨖ། །སᨖ་སᨖ་སྐྱེ་བᨖའི་མིག་ཤེས་སᨖགས་ཀྱང་སྣང་ཡུལ་ལ་འཁྲུལ་པ་དང་། དེའི་གཟུགས་སᨖགས་ཐམས་ཅད་སྣང་བ་ལྟར་མ་གྲུབ་པ་དང༌། དེ་ལྟར་ཤེས་ན་དམིགས་གཏད་འཇིག་པ་དང་འཛᨑན་སྟངས་ཐམས་ཅད་འཇིག་པ་སᨖགས་ཀྱི་དᨖན་ཡང་ངེད་རང་སᨖ་སྐྱེ་ཐམས་ཅད་ལ་ཐུན་མᨖང་དུ་སྣང་བཞིན་པ་བཀག་ནས་སྒོམ་པའི་དᨖན་ཡིན། ཞེས་བཤད་པ་སᨖགས་སᨖ། །གསུམ་པ་ལྟ་བའི་ཁྱད་ཆོས་ནི། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང༌། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛᨑན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་ལ་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་བཞག་འཇོག་པ་མི་འགལ་བ་མ་ཟད། ཐལ་འགྱུར་བའི་ཐུན་མᨖང་མ་ཡིན་པའི་ཁྱད་ཆོས་གཞན་ཡང་ཡོད་དེ། དཔེར་ན། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མ་གྲུབ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། ཞེས་རྟགས་གསལ་བཀོད་ན། ཐལ་འགྱུར་བས་འདᨖད་ལན་གདབ་དགོས་ལ། དེའི་ཕྱིར་རྟགས་ལ་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་རྟེན་པ་ནི་གཞན་ལ་བརྟེན་པ་ཡིན་ཅིང་གྲᨖགས་གཞན་ལ་བརྟེན་ནས་གྲུབ་དགོས་ན། དེའི་ནུས་པས་མྱུ་གུ་རྩོད་གཞི་དེ་རང་ངོས་སམ་རང་བཞིན་གྱིས་མ་གྲུབ་པར་གོ་ནུས་པས་ན། སྣང་བ་རྟེན་འབྲེལ་གྱིས་མྱུ་གུ་རང་བཞིན་ཡོད་པའི་རྟག་མཐའ་སེལ་བ་དང༌། གསལ་བ་ལ་རང་བཞིན་གྱིས་མ་གྲུབ་སྟེ། ཞེས་དམིགས་ཀྱིས་བཀར་བས་ན། མྱུ་གུ་རང་བཞིན་གྱིས་མ་གྲུབ་པ་ཡིན་གྱི། སྤྱིར་མ་གྲུབ་པ་མ་ཡིན་པ་གོ་ ནུས་པས་ན། རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་ཀྱིས་མྱུ་གུ་སྤྱིར་མེད་པའི་ཆད་མཐའ་སེལ་ཞིང༌། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་རྒྱུ་དང་འབྲས་བུར་ནམ་ཡང་བསླུ་བ་མེད་པར་འཆར་བའི་ཚུལ་ཚད་མའི་སྟོབས་ཀྱིས་ལེགས་པར་ཤེས་པ་ན། སྒྲོ་འདᨖགས་པ་རྟག་པ་དང་སྐུར་པ་འདེབས་པ་ཆད་པའི་མཐར་འཛᨑན་པའི་ལྟ་བ་ངན་པས། སྔར་བཤད་པའི་དབུ་མའི་ལྟ་བ་རྣམ་པར་དག་པ་དེའི་དᨖན་འཕྲོག་ནུས་པར་མི་འགྱུར་བའི་ཕྱིར་རོ། །ཞེས་པའོ། །དེའང་རང་རྒྱུད་པ་མན་ཆད་ཀྱིས་སྣང་བས་མེད་མཐའ་སེལ་ཞིང་། སྟོང་པས་ཡོད་མཐའ་སེལ་བ་ཡིན་ལ། སྣང་བ་རང་བཞིན་གྱིས་གྲུབ་པར་འདᨖད་དེ། རང་བཞིན་གྱིས་གྲུབ་པ་ལ་རྒྱུ་རྐྱེན་གྱིས་གསར་དུ་བཅོས་པ་དང༌། ལྟོས་ས་ལྟོས་ཆོས་འཇོག་པ་སᨖགས་ཀྱི་བྱ་བྱེད་གང་ཡང་གཞག་ཏུ་མེད་དེ། རྩ་ཤེ་ལས། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང༌། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་གསུངས་སᨖ། །ཐལ་འགྱུར་བའི་ལུགས་ལ་དེ་ལས་ལྡོག་སྟེ་སྣང་བས་ཡོད་མཐའ་དང༌། སྟོང་པས་མེད་མཐའ་སེལ་ཞིང༌། རང་བཞིན་གྱིས་གྲུབ་པ་ལ་སྔར་མེད་གསར་དུ་བཅོས་སུ་རུང་བ་དང༌། སྔར་ཡོད་གློ་བུར་དུ་མེད་པར་འགྱུར་བ་དང་། རྒྱུ་རྐྱེན་སᨖགས་གཞན་ལ་ལྟོས་པ་བཞག་ཏུ་མི་རུང་བས། རང་བཞིན་གྱིས་གྲུབ་པས་སྟོང་པའི་རྒྱུ་དེ་ཉིད་རང་ངོས་ནས་མ་གྲུབ་པའི་རྒྱུ་མཚན་གྱིས། རང་གི་རྒྱུ་ལ་བལྟོས་ནས་འབྲས་བུ་དང༌། རང་གི་འབྲས་བུ་ལ་བལྟོས་ནས་རྒྱུར་འགྱུར་ཚུལ་དང༌། འབྲས་བུ་ཡང་རང་གི་རྒྱུ་དང་འབྲས་བུ་ལ་བལྟོས་ནས་འབྲས་བུ་དང་རྒྱུ་གཉིས་ཀར་འཆར་བའི་ཚུལ་དང༌། རེས་འགའ་ཡོད་ཅིང་ཡང་གློ་བུར་དུ་མེད་པར་འགྱུར་བའི་ཚུལ་ཚད་མའི་སྟོབས་ཀྱིས་ལེགས་པར་ཤེས་ན། རྟག་ཆད་མཐར་འཛᨑན་གྱི་ལྟ་བ་ལས་གྲᨖལ་བར་འགྱུར་རོ། །རྟེན་འབྲེལ་གྱི་རིགས་པ་འདིས་རྟག་ཆད་ཀྱི་མཐའ་གཉིས་དུས་ཅིག་ཅར་དུ་སེལ་བས། རིགས་པའི་རྒྱལ་པᨖ་ཞེས་གསུངས་པ་ཡིན་ཏེ། འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིག་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པའི་ཕྱིར། རྟེན་འབྲེལ་གྱི་གཏན་ཚᨑགས་ཀྱི་གནད་འདི་མ་གོ་བས། དངོས་སྨྲ་བ་རྣམས་ཀྱིས། ས་མྱུག་གཉིས་རང་བཞིན་གྱིས་གྲུབ་སྟེ། ས་བᨖན་གྱིས་མྱུ་གུ་སྐྱེད་པའི་དᨖན་བྱེད་ནུས་པའི་ཕྱིར། ཞེས་སྨྲས་ལ། ཐལ་འགྱུར་བས་གཞལ་ན། འགལ་ཁྱབ་ཡིན༑ ཕྱི་རོལ་པ་རྣམས་ཀྱིས་རྟེན་འབྲེལ་གྱི་གནད་མ་གོ་བར་དངོས་པᨖ་རྣམས་རྒྱུ་མེད་དང༌། ངོ་བᨖ་ཉིད་ཀྱི་རྒྱུ་དང༌། དབང་ཕྱུག་རྟག་པ་སᨖགས་ལས་སྐྱེ་བར་འདᨖད་དགོས་པ་བྱུང་བ་ཡིན་ཅིང༌། རྒྱུ་རྐྱེན་ལས་བྱུང་བའི་རྟེན་འབྲེལ་ནི། རང་རྒྱུད་པ་མན་ཆད་དང་ཐུན་མᨖང་བའི་རྟེན་འབྲེལ་དང༌། རྟོག་པས་བརྟགས་པ་ཙམ་ལས་བྱུང་བའམ་གྲུབ་པ་ནི་ཐལ་འགྱུར་བའི་ཐུན་མᨖང་མ་ཡིན་པའི་རྟེན་འབྲེལ་གྱི་དᨖན་ཡིན་ཞིང༌། དེ་ལྟ་བུའི་ཐལ་འགྱུར་བའི་ ཐུན་མᨖང་མ་ཡིན་པའི་རྟེན་འབྲེལ་དེ་ནི་སངས་རྒྱས་ཀྱི་དགོངས་བཞེད་ཐུན་མᨖང་མ་ཡིན་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མᨖ་ཞེས་བྱ་བ། །ཆོས་ཀྱི་ཁུད་པ་ཡིན་ཤེས་གྱིས། །ཞེས་གསུངས་སᨖ། །གཞན་ཡང་མྱུ་གུ་རང་བཞིན་གྱིས་མ་གྲུབ་པའི་རྒྱུ་མཚན་གྱིས་ས་བᨖན་དང་ཆུ་ལུད་དྲོད་གཤེར་སᨖགས་ཀྱི་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཚོགས་ན་སྐྱེ་ཡི། རྡོ་བ་དང་མགལ་དུམ་སᨖགས་ལས་མི་སྐྱེ་བ་ནི། སྟོང་པ་རྟེན་འབྲེལ་གྱི་དᨖན་དུ་ཤར་བ་དང༌། མྱུ་གུ་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་བའི་རྒྱུ་མཚན་གྱིས་རང་ངོས་ནས་སྐྱེ་བ་མ་གྲུབ་པ་ནི། རྟེན་འབྲེལ་སྟོང་པའི་དᨖན་དུ་ཤར་བའི་གནད་ཡིན་ནོ། །གསུམ་པ་མཇུག་གི་དᨖན་ལ་གཉིས། ཉམས་སུ་བླངས་པར་བསྐུལ་བ་དང༌། རྩོམ་པ་མཐར་ཕྱིན་པའི་བྱ་བའོ། །དང་པᨖ་ནི། དེ་ལྟར་ལམ་གྱི་གཙོ་བᨖ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བརྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་གསུངས་ཏེ། གོང་དུ་བཤད་པ་དེ་ལྟར་ངེས་འབྱུང༌། བྱང་སེམས། ཡང་དག་པའི་ལྟ་བ་སྟེ། ལམ་གྱི་གཙོ་བᨖ་རྣམ་པ་གསུམ་ཉམས་སུ་ལེན་ཚུལ་གྱི་ཟབ་མᨖའི་གནད་འགག་རྣམས་ཐོས་བསམ་གྱིས་གཏན་ལ་ཕབ་ནས་རང་གིས་ཇི་ལྟ་བ་བཞིན་དུ་འཁྲུལ་བ་མེད་པ་རྟོགས་པ་དེའི་ཚེ་ན། ཆོས་བརྒྱད་དང་འདུ་འཛᨑས་དབེན་ཞིང་གྲᨖང་ལས་རྒྱང་གྲགས་ཀྱིས་འཕགས་པའི་སྤང་ལྗོངས་སམ་ནགས་ཚལ་གྱི་དགོན་པ་ཡིད་དང་མཐུན་པ་བརྟེན་པར་བྱས་ཏེ། གནས་སྐབས་ཀྱི་བདེ་བའི་རོ་ལ་མ་སྲེད་པར་དྲག་ལ་ཡུན་རིང་བའི་མི་རྟག་པའི་ལྕག་གིས་བསྐུལ་བའི་བརྩོན་འགྲུས་ཀྱི་སྟོབས་ཆེས་ཆེར་བསྐྱེད་ནས་རྩེ་གཅིག་ཏུ་ཉམས་སུ་ལོང་ལ། རང་གཞན་གྱི་དᨖན་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་སྐྱེ་བ་གཏན་གྱི་འདུན་མ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་སྒྲུབས་ཤིག་བུ་སྐལ་ལྡན་ངག་དབང་གྲགས་པ། ཞེས་རྗེ་རིན་པᨖ་ཆེས་གདམས་པ་ཡིན་ནོ། །དེའང་ངེས་འབྱུང་དང་སྙིང་རྗེ་ཉམས་སུ་ལེན་ཚུལ་ནི་སྔར་སྨོས་པ་ལྟར་ལ། རྗེ་རིན་པᨖ་ཆེས། བཀའ་གདམས་ལྟ་བའི་སྐྱོང་ཚུལ་སྟོང་པ་ཉིད་འཛᨑན་སྟངས་ཀྱི་ཡུལ་དུ་བྱས་ནས་སྐྱོང་བར་གསུངས་པའི་དᨖན། ཐོས་བསམ་གྱི་དུས་སུ་དབུ་མ་ནས་བཤད་པའི་རིགས་པ་ཡང་དག་གིས་གཏན་ལ་ཕབ་པའི་བདག་མེད་ཀྱི་དᨖན་དེ་ཉིད་སྒོམ་པས་ཉམས་སུ་ལེན་པའི་ཚེ་ནའང་། འཁᨖར་བའི་རྩ་བར་གྱུར་པའི་བདག་འཛᨑན་དེ། སྟོང་ཉིད་ཀྱི་དᨖན་ལ་སᨖ་སᨖར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་པའི་སྟོབས་ཀྱིས་དྲངས་པའི་ལྷག་མཐོང་གིས་སྤང་དགོས་པའི་ཕྱིར། ལྟ་བ་བསྒོམ་པའི་ཚེ་སྟོང་ཉིད་རང་རྒྱུད་ཀྱི་བློའི་དམིགས་ཡུལ་ཙམ་དུ་བྱས་པས་མི་ཆོག་གི །འཛᨑན་སྟངས་ཀྱི་ཡུལ་དུ་བྱས་ནས་སྒོམ་དགོས་པར་གསུངས་ཏེ། པᨖ་ཏོ་བའི་བེའུ་བུམ་ལས། ཁ་ཅིག་ཐོས་བསམ་ དུས་ན་རིགས་པས། །རང་བཞིན་མེད་པར་གཏན་ལ་ཕབ་ལ། །སྒོམ་དུས་མི་རྟོག་འབའ་ཞིག་སྒོམ་ཟེར། །དེ་ལྟ་ན་ནི་འབྲེལ་མེད་སྟོང་ཉིད། །ལོགས་སུ་སྒོམ་ཕྱིར་གཉེན་པᨖར་མི་འབྱུང༌། །དེ་ལྟ་བས་ན་སྒོམ་དུས་ཉིད་ནའང༌། །གཅིག་དང་དུ་བྲལ་རྟེན་འབྲེལ་ལ་སᨖགས། །གང་ལ་གོམས་པས་སᨖ་སᨖར་བརྟག་ཅིང༌། །ཅུང་ཟད་མི་རྟོག་ཉིད་དུ་རང་གནས་བྱ། །དེ་ལྟར་བསྒོམས་ན་ཉོན་མᨖངས་གཉེན་པᨖ། །ལྷ་གཅིག་རྗེས་སུ་འབྲང་བར་འདᨖད་ཅིང༌། ། ཕ་རོལ་ཕྱིན་ལུགས་སྤྱོད་པར་འདᨖད་པས། །ཤེས་རབ་སྒོམ་པའི་ལུགས་ནི་དེ་ཡིན། །དེ་ཡང་གང་ཟག་བདག་མེད་གོམས་པས། །དེ་ནས་དེ་ལྟར་རྗེས་སུ་འཇུག་བྱ། །ཞེས་གསུངས། སྒོམ་ཚུལ་འདི་དག་ནི་ཕ་རོལ་ཏུ་ཕྱིན་པའི་ལྟ་བའི་སྐྱོང་ཚུལ་ཡིན་ཞིང༌། དེའི་ནང་ནས་ཀྱང་སᨖ་སྐྱེ་ལས་དང་པᨖ་པས་ལྟ་བ་ཐོག་མར་སྐྱོང་བའི་སྐབས་ཡིན་པས། གཏན་ཚᨑགས་སམ་རྒྱུ་མཚན་ཡང་དག་ལ་བརྟེན་པའི་རིགས་ཤེས་རྗེས་དཔག་གིས་བདག་མེད་བསྒོམ་པ་ཡིན་ལ། དེ་ལ་བདག་མེད་པའི་རྒྱུ་མཚན་ཡང་ཡང་བསམས་པའི་དཔྱད་པ་མ་བྱས་ན། རིགས་ཤེས་དེས་དྲངས་པའི་བདག་མེད་ངེས་པའི་ངེས་ཤེས་ཤུགས་ཅན་མི་སྐྱེ་ཞིང༌། དེ་མ་སྐྱེས་ན་བདག་མེད་ལ་དམིགས་པའི་སྒོམ་བྱུང་སྐྱེ་བ་མི་སྲིད། དེ་མ་སྐྱེས་ན་བདག་མེད་མངོན་དུ་འགྱུར་བ་མི་སྲིད་པའི་ཕྱིར། དཔེར་ན་མི་རྟག་པ་དང་། ལས་འབྲས་དང་། འཁᨖར་བའི་ཉེས་དམིགས། བྱམས་སྙིང་རྗེ། བྱང་ཆུབ་ཀྱི་སེམས་སᨖགས་སྒོམ་པའི་ཚེ། བདག་ནི་འཆིའོ་སྙམ་པ་ཙམ་གྱི་འཛᨑན་སྟངས་གཅིག་ཁᨖ་ན་བཟུང་བས་མི་ཆོག་པར། བདག་ངེས་པར་འཆི། མྱུར་དུ་འཆི། ནམ་འཆི་ལ་ངེས་པ་མེད་པའི་རྒྱུ་མཚན་ཞིབ་ཏུ་བསམ་དགོས་པ་བཞིན་ཡིན་པའི་ཕྱིར་ཏེ། དེ་ལྟར་ཡང་ལྷག་མཐོང་ཆེན་མᨖ་ལས། ལུང་དང་རིགས་པས་སྒོ་དུ་མ་ནས་དཔྱོད་པ་ནི་བདག་མེད་པའི་དᨖན་མ་རྟོགས་པས་རྟོགས་པའི་དᨖན་དུ་ཡིན་ལ། ལྟ་བ་ཡང་རྙེད་ཟིན་པས་སྒོམ་པའི་ཚེ་མི་དགོས་སᨖ་སྙམ་ན། དེ་ལྟར་མཐོང་ལམ་དུ་བདག་མེད་པ་མངོན་སུམ་དུ་རྟོགས་པ་ཡིན་པས། དེ་ནས་མཐོང་ཟིན་པ་དེ་སྒོམ་པ་དᨖན་མེད་པར་འགྱུར་རོ། །གལ་ཏེ་དེ་ནི་བསྒོམ་དགོས་ཏེ་སྒོམ་སྤང་རྣམས་གོམས་པས་སྤོང་གི །མཐོང་བ་ཙམ་གྱིས་མི་སྤོང་ངོ་སྙམ་ན། མཚུངས་ཏེ་འདིར་ཡང་སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པས་ངེས་ཟིན་ཀྱང་གཏན་ལ་འབེབས་པ་ལ་གོམས་པར་བྱེད་དགོས་པའི་ཕྱིར་ཏེ། ཇི་ཙམ་གཏན་ལ་འབེབས་པ་དེ་གོམས་པར་བྱས་པ་དེ་ཙམ་དུ་ངེས་པ་ཤུགས་དྲག་པ་དང་རྒྱུན་རིང་བ་རྣམས་གསལ་བ་དང་བརྟན་པར་འགྱུར་བ་སᨖགས་སུ་མཐོང་བའི་ཕྱིར་རོ། །དེས་ན་རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདᨖགས་ཡིད། །གནོད་བྱ་གནོད་བྱེད་ངོ་བᨖའི་ཕྱིར། །ཞེས་གསུངས་པ་ལྟར། དེ་གཉིས་གནོད་བྱ་གནོད་བྱེད་ཡིན་པ་ངེས་པ་ཇི་ལྟར་བརྟན་པ་དང་ཤུགས་དྲག་པ་སᨖགས་སུ་སᨖང་བ་དེ་ཙམ་དུ་སྒྲོ་འདᨖགས་ལ་གནོད་པས། འདིར་ཡང་རང་བཞིན་མེད་པའི་ངེས་པ་ཇེ་འཕེལ་དུ་བཏང་དགོས་ལ། དེ་ཡང་གནོད་བྱེད་དང་སྒྲུབ་བྱེད་དུ་མའི་སྒོ་ནས་བསམ་དགོས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། མི་རྟག་པ་དང་ལས་འབྲས་དང་འཁᨖར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་དང༌། བྱམས་པ་དང་སྙིང་རྗེ་སᨖགས་ལའང་དེ་དག་གི་གོ་བ་རྙེད་ནས་མི་དཔྱོད་པར། བདག་ནི་འཆིའོ་སྙམ་པ་ཙམ་གྱི་འཛᨑན་སྟངས་ཁᨖ་ན་བཟུང་ནས་བསྐྱང་དགོས་པར་འགྱུར་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ། །དེས་ན་ངེས་པ་རྣམ་དག་འདྲེན་པ་ལ་ནི་བདག་ནི་འཆིའོ་སྙམ་པ་དང༌། སེམས་ཅན་གྱི་དᨖན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་དང༌། སེམས་ཅན་སྙིང་རེ་རྗེ་སྙམ་པ་ཙམ་ལ་སᨖགས་པའི་དམ་བཅའ་ཙམ་རེས་མི་ཆོག་གི །རྒྱུ་མཚན་སྒོ་དུ་མ་ནས་བསམ་དགོས་པ་བཞིན་དུ། རང་བཞིན་མེད་པའི་ངེས་པ་བརྟན་པ་དང་ཤུགས་དྲག་པ་སᨖགས་ཀྱང་དམ་བཅའ་ཙམ་ཞིག་བཟུང་བས་མི་ཆོག་གི །གནོད་བྱེད་དང་སྒྲུབ་བྱེད་སྒོ་དུ་མ་ནས་བསམ་དགོས་ཏེ། སྐྱེས་བུ་ཆུང་ངུའི་སྐབས་སུ་ཡང་དང་ཡང་དུ་བཤད་ཟིན་ཏོ། །ཞེས་གསུངས་པ་ལྟར་རོ། །ལམ་གཙོ་གསུམ་པᨖ་འདི་མདᨖ་རྒྱུད་ཀུན་གྱི་གནད་འདུས་ཡིན་པའི་ཕྱིར། བཀའ་གདམས་པའི་དགེ་བཤེས་གོང་མ་རྣམས་ཀྱི་ཡང་གདམས་པའི་སྙིང་པᨖ་བླ་ན་མེད་པར་མཛད་དེ། དགེ་བའི་བཤེས་གཉེན་འབྲོམ་སྟོན་པ་ལ་འཕན་ཡུལ་སྤྲས་ཀྱི་འབྲོམ་མིང་སྲིང་གཉིས་ཀྱིས་བསྙེན་བསྐུར་ཞུས་ནས། བཤེས་གཉེན་ཆེན་པᨖ་ལ་ཇོ་བᨖ་རྗེ་ལྷ་ཅིག་གི་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་མངའ་བ་ལགས་པས། དེ་རིང་སངས་རྒྱས་ཐོབ་པའི་གདམས་ངག་གཅིག་མི་གསང་བར་ཞུ་འཚལ་ཞུས་པས། སྟོན་པའི་ཞལ་ནས། དང་པᨖ་འཆི་བ་མི་རྟག་པ་དང་ལས་རྒྱུ་འབྲས་མང་དུ་བསྒོམས་ལ་རང་གིས་ཁས་བླངས་པའི་སྲུང་སྡོམ་ཀུན་དག་པར་བྱ། བྱམས་པ་དང་སྙིང་རྗེ་མང་དུ་བསྒོམས་ལ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ། དེའི་ཕྱིར་ཚོགས་གཉིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསག །སྡིག་པ་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྦྱང་བ་ལ་འབད་པར་བྱ། ཆོས་ཐམས་ཅད་འཁᨖར་གསུམ་མི་དམིགས་པའི་རྩིས་ཟིན་པས་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མᨖང་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ། དེ་ལྟར་བྱས་ན་ཇོ་བᨖ་རྗེ་དང་མ་མཇལ་སྙམ་པའི་མྱ་ངན་བྱ་མི་དགོས། འཚང་རྒྱ་བར་བྱེད་པ་ལ་ཆོས་དེ་ལས་མེད། ཕྱིས་ནས་འབྲོམ་རྒན་པᨖ་དང་མ་འཕྲད་སྙམ་པའི་མྱ་ངན་བྱ་མི་དགོས་གསུངས་ཨང༌། ཡང་དགེ་བཤེས་སྟོན་པ་ལ་སློབ་མ་སྐུ་མཆེད་གསུམ་གྱིས་ཐམས་ཅད་མཁྱེན་པའི་ལམ་ཐམས་ཅད་ཀྱི་དᨖན་མདᨖར་བསྡུས་ནས་ཉམས་སུ་བླང་བའི་ཐབས་གཅིག་ཞུ་ལགས་ཞུས་པས། འབྲོམ་སྟོན་པའི་ཞལ་ནས། རྟེན་གྱི་གང་ཟག་གཅིག་གིས་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་ལམ་གྱི་འཇུག་སྒོ་བསླབ་བྱ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། རྒྱུད་ལ་སྐྱེ་བར་བྱ་རྒྱུའི་དངོས་པᨖ་གཅིག་ལས་མེད། གཅིག་པᨖ་གང་ཡིན་ན། སྟོང་ཉིད་སྙིང་རྗེའི་སྙིང་པᨖ་ཅན་ཡིན། དེ་ལ་བྱེ་ བྲག་ཏུ་ཕྱེ་ན། སྟོང་པ་ནི་དᨖན་དམ་བྱང་ཆུབ་ཀྱི་སེམས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་ཡེ་ནས་སྐྱེ་མེད་དུ་རྟོགས་པ་དེ་ཡིན། སྙིང་རྗེ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པᨖ་སྐྱེས་པ་དེ་ཡིན། དེས་ན་ཐེག་པ་ཆེན་པᨖའི་ཉམས་སུ་ལེན་པ་ནས་ཀྱི་དང་པᨖ་བྱང་ཆུབ་ཀྱི་སེམས་གཉིས་པᨖ་དེ་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་ལ་འབད་ཅིང༌། བར་དུ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་པ་དེ་ཉིད་ལ་སྦྱངས་པས། ཐ་མ་མཐར་ཕྱིན་པའི་འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་མངོན་སུམ་དུ་ཐོབ་ངེས་པ་ཡིན། དེ་ལ་དང་པᨖ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་མ་སྐྱེས་པ་སྐྱེ་བར་བྱེད་པའི་ཐབས་མང་ཡང༌། མདᨖར་བསྡུ་ནས་ཉམས་སུ་ལེན་པ་ལ། ཐབས་ཀྱི་རྩ་བ་གསུམ། ཡན་ལག་གི་གཙོ་བᨖ་དགུ་ལས་མེད། དང་པᨖ་རྩ་བ་གསུམ་ནི། བློ་སྦྱོང་བ་དང༌། ཚོགས་བསགས་པ་དང༌། ཏིང་ངེ་འཛᨑན་བཙལ་བ་དང་གསུམ་དུ་འདུས། དེ་དག་གི་ཡན་ལག་གི་གཙོ་བᨖ་དགུ་ནི། དང་པᨖ་བློ་སྦྱོང་བའི་ཐབས་མང་ཡང༌། མི་རྟག་པ་བསྒོམ་པ་དང༌། བྱམས་སྙིང་རྗེ་བསྒོམ་པ་དང༌། བདག་མེད་གཉིས་བསྒོམ་པ་དང་གསུམ་གཙོ་བᨖ་ཡིན་ཏེ། བློ་སྦྱོང་གི་ཐབས་སུ་དེ་གསུམ་ཁᨖ་ན་གཙོ་ཆེ་ཞིང་གཞན་ཐམས་ཅད་དེའི་ཁᨖངས་སུ་འདུས། ཚོགས་བསག་པ་ལ་བསག་ཐབས་མང་ཡང༌། བླ་མའི་བསྙེན་བཀུར་དང༌། དཀོན་མཆོག་གི་མཆོད་པ་དང༌། དགེ་འདུན་གྱི་བསྙེན་བཀུར་དང་གསུམ་གཙོ་བᨖ་ཡིན་ཏེ། ཚོགས་གསᨖག་གི་ཐབས་དེ་གསུམ་ཁᨖ་ན་ཆེ་ཞིང་འདུས། ཏིང་ངེ་འཛᨑན་བཙལ་བ་ལ་བཙལ་ཐབས་མང་ཡང༌། ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང༌། བརྒྱུད་པའི་བླ་མ་ལ་གསᨖལ་བ་གདབ་པ་དང༌། ལུས་སེམས་དབེན་པར་བསྟེན་པ་དང་གསུམ་གཙོ་བᨖ་ཡིན་ཏེ། ཞི་གནས་ལྷག་མཐོང་གི་ཏིང་ངེ་འཛᨑན་བཙལ་བའི་ཐབས་སུ་དེ་གསུམ་ཁᨖ་ན་ཆེ་ཞིང་འདུས། དེ་ལྟར་དᨖན་དགུ་པᨖ་དེ་དྲིལ་ནས་ཉམས་སུ་བླངས་པས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ངམ་ངམ་ཤུགས་ཀྱིས་རྒྱུད་ལ་སྐྱེ་སྟེ། དᨖན་དམ་བྱང་ཆུབ་ཀྱི་སེམས་སྐྱེས་ཙམ་ན་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པ་སྐྱེ་མེད་སྤྲོས་བྲལ་དུ་ལྷན་གྱིས་རྟོགས་པ་འབྱུང༌། དེ་ཙམ་ན་རང་གི་ནང་དུ་བློ་བདེ་རྙེད་པ་ཡིན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེས་ཙམ་ན། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་ལྷག་པར་སྐྱེ་སྟེ། བྱ་རྒྱུ་སེམས་ཅན་གྱི་དᨖན་ལས་མེད་པ་ཞིག་འབྱུང༌། དེ་ཙ་ན་ཅི་བྱས་སེམས་ཅན་གྱི་དᨖན་དུ་འགྱུར་བ་ཅིག་འོང་བ་ཡིན། དེ་གཉིས་ཟུང་དུ་འབྲེལ་ཏེ་སྟོང་པའི་དུས་ཉིད་ན་མ་འགགས་པའི་སེམས་ཅན་ལ་སྙིང་རྗེ་ལྷག་པར་སྐྱེ་ལ། སྙིང་རྗེའི་དུས་ཉིད་ན་བདག་དང་སེམས་ཅན་གྱི་དངོས་པᨖ་མ་མཐོང་སྟེ། སྣང་བ་སྒྱུ་མ་ལྟ་བུའི་ངོ་བᨖ་སྟོང་པར་རྟོགས་ཏེ་ཟུང་འབྲེལ་དུ་སྐྱེས་ཙ་ན་ཐེག་པ་ཆེན་པᨖའི་ལམ་ཕྱིན་ཅི་མ་ལོག་པར་ཚུད་པ་ཡིན། དེ་ཉིད་ལ་སྦྱངས་པས་གོམས་པ་མཐར་ཕྱིན་ཙམ་ན་ཆོས་སྐུ་དང་ གཟུགས་སྐུ་ལྷུན་གྲུབ་ཐོབ་པ་ཡིན་ཏེ། དᨖན་དམ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ལས་ཆོས་སྐུ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ལས་གཟུགས་སྐུ། དེ་གཉིས་དབྱེར་མེད་དུ་སྦྱངས་པ་ལས་ཆོས་སྐུ་དང་གཟུགས་སྐུ་དབྱེར་མེད་དུ་ཐོབ་གསུངས། གཞན་ཡང་འདི་དག་གི་གསུང་སྒྲོས་དང་ཞལ་གདམས་ནི་ཤིན་ཏུ་མང་བར་འབྱུང་ངོ༌། །གཉིས་པ་རྩོམ་པ་མཐར་ཕྱིན་པའི་བྱ་བ་ནི། ཞེས་པ་འདི་ནི་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་ཚ་ཁᨖ་དཔོན་པᨖ་ངག་དབང་གྲགས་པ་ལ་གདམས་པའོ། །ཞེས་གསུངས་ཏེ། རྒྱལ་བས་གསུངས་པའི་མདᨖ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་མ་གཟིགས་པའམ་མ་མཁྱེན་པ་གང་ཡང་མེད་པས་མང་དུ་ཐོས་ཤིང༌། ཐོས་དᨖན་བསམ་པས་རྣམ་པར་ངེས་པ་དང༌། བསྒོམས་པས་ཉམས་བཞེས་མཐར་ཕྱིན་པ་ངོ་བᨖ་འཇམ་དཔལ་གཞོན་ནུ་དང་གཉིས་སུ་མེད་ཀྱང་། རྣམ་པ་དགེ་སློང་རྡོ་རྗེ་འཛᨑན་པའི་ཚུལ་དུ་བཞུགས་པ་ཡོངས་སུ་གྲགས་པའི་མཚན་བློ་བཟང་གྲགས་པའི་དཔལ་གྱིས། སློབ་མའི་ཐུ་བᨖ་ངོ་མཚར་བའི་རྣམ་ཐར་དུ་མ་མངའ་ཞིང་སྐུ་ཚེ་ཕྱི་མར་ཀུན་མཁྱེན་ལེགས་པ་དᨖན་གྲུབ་ཏུ་འཁྲུངས་ནས་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པ་རྒྱལ་རོང་ཚ་ཁᨖ་དཔོན་པᨖ་ངག་དབང་གྲགས་པ་ལ་ཐུགས་བརྩེ་བས་གདམས་པའི་སྙིང་པᨖར་གནང་བའོ། །རྒྱལ་གསུང་སྙིང་པᨖ་བསྡུས་པའི་ལེགས་བཤད་ཕུལ། །འཇམ་དབྱངས་གཉིས་པའི་གཞུང་བཟང་བཻ་ཌཱུརྱ། ། འགྲེལ་བཤད་རྒྱལ་མཚན་མངོན་མཐོའི་རྩེར་བཀོད་ཀྱང༌། །བློ་རྨོངས་འཇུག་བདེའི་དགའ་སྟོན་འདི་བསྐྲུན་ཏོ། །སྲིད་པའི་དཔལ་ལས་ངེས་འབྱུང་བློ་གྲᨖས་བརྟན། །ལྷག་བསམ་བྱང་སེམས་གསེར་གྱི་ཡོལ་གོ་རུ། །རྣམ་དག་ལྟ་བའི་བདུད་རྩི་ཡོངས་བསྐྱིལ་བས། །ཐར་འདᨖད་རྒུད་པ་སེལ་བའི་ཉེར་འཚོར་ཤོག །བཀའ་གདམས་བརྒྱུད་པའི་ལྟ་སྤྱོད་དྲི་མ་མེད། །བདག་གཞན་འགྲᨖ་བའི་རྒྱུད་ལ་ལེགས་འབྱོར་ཏེ། །ཆོས་ལྟར་བཅོས་པས་ནམ་ཡང་མི་བསླུ་བར། །ཇོ་བᨖ་ཡབ་སྲས་དགོངས་པ་སྐོང་བྱེད་ཤོག །ཅེས་པ་འདི་ཉིད་ཀྱི་བཤད་རྒྱུན་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པᨖའི་ཞལ་སྔ་ནས་རྒྱལ་དབང་ལྔ་པ་ཆེན་པᨖ་དང་། པཎ་ཆེན་རིན་པᨖ་ཆེའི་འགྲེལ་ཊཱིཀ་སྟེང་ནས་བཀའ་དྲིན་དུ་སྩལ་བ་ཐོབ་ཅིང༌། གདམས་ངག་རིན་པᨖ་ཆེའི་མཛོད་དུ་རྒྱུན་བཞུགས་པ་ལ་ཉེ་བར་མཁᨖ་བས་མཚམས་སྦྱར་ཏེ། དངུལ་ཆུ་བ་དྷརྨ་བྷ་དྲའི་འགྲེལ་བསྡུས་སᨖར་བཞག་དᨖན་འདུས་གོ་ སླའི་ཚུལ་དུ་ཐུབ་བསྟན་རིས་མེད་ལ་དད་པའི་སྣང་བ་ཡངས་པᨖར་བརྡལ་བ་ཀུ་སཱ་ལི་བློ་གྲᨖས་མཐའ་ཡས་ཀྱིས་ཁམས་ཀྱི་ཟབ་བུ་ལུང་རྫོང་ཤོད་ཀྱི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།