DNZ-18-TSHA-001: Difference between revisions
No edit summary |
No edit summary |
||
Line 7: | Line 7: | ||
|author='jam mgon kong sprul | |author='jam mgon kong sprul | ||
|authortib=འཇམ་མགོན་ཀོང་སྤྲུལ་ | |authortib=འཇམ་མགོན་ཀོང་སྤྲུལ་ | ||
|citation= | |compiler='jam mgon kong sprul | ||
|citation='jam mgon kong sprul. ''''. In ''Gdams ngag rin po che'i mdzod'', Vol. 18: . Kalimpong: Rigpe Dorje Publications, 2024. | |||
|language=Tibetan | |language=Tibetan | ||
|volumenumber=18 | |volumenumber=18 | ||
| | |volnumtib=༡༨ | ||
|volyigtib=ཚ | |||
|practicelineage=Jonang | |||
|versonotes=jo nang khrid brgya skor | |||
|textnuminvol=001 | |textnuminvol=001 | ||
|pdflink=File:DNZ-18-TSHA-001.pdf | |pdflink=File:DNZ-18-TSHA-001.pdf | ||
Line 18: | Line 21: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀུན་འདུས་ཀྱི་བླ་མ་མཆོད་པའི་ཆོ་ག་བྱིན་རླབས་དངོས་གྲུབ་ཡོན་ཏན་ཀུན་གྱི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། ། | ||
ན་མོ་གུ་རུ་བུདྡྷའ ་ཡ། ཕྱོགས་བཅུའི་རྒྱལ་བ་རྡུལ་སྙེད་བསྐལ་པ་རུ། །བསྙེན་བཀུར་བགྱིས་པའི་བསོད་ནམས་དེ་ཀུན་ཀྱང༌། །གང་གི་བ་སྤུའི་བུ་གར་ཏིལ་མར་གྱི། །ཐིགས་པས་བཀུས་པ་ཤིན་ཏུ་འཕགས་པར་བསྔགས། །ཚེ་གཅིག་སྐུ་གསུམ་གོ་འཕང་ལ་སྦྱོར་བ། །རྩ་བའི་བླ་མ་བརྒྱུད་པར་བཅས་པ་ལ། །སྤྱི་བོར་བཏུད་ནས་དེར་བརྟེན་ཚོགས་གསོག་པའི། །རིམ་པ་གོང་མའི་གསུང་ལ་བརྟེན་ནས་དགོད། །གངས་ཅན་འདིར་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བླ་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་མཆོད་ཅིང་གསོལ་བ་གདབ་པའི་ཚུལ་ནི། སྤྱིར་བླ་མཆོད་ལ་མདོ་སྔགས་ལུགས་སྤྱི་འགྲོ་གཉིས། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཆོ་གའི་རིམ་པ་རྣམས་སུ་ཡོད་པ་ལས། འདིར་མདོ་སྔགས་ཐུན་མོང་བའི་སྤྱི་འགྲོའི་ཕྱག་བཞེས་ལྟར་བཀོད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྦྱོར་བ་ནི། གནས་ཁང་ཡིད་དུ་འོང་བ་གཙང་ཞིང་རྒྱན་གྱི་བཀོད་པ་ཇི་ལྟར་འབྱོར་པས་མཛེས་པར་བརྒྱན་པའི་གུང་དུ་དཀོན་མཆོག་གི་སྐུ་གསུང་ཐུགས་ཀྱི་རྟེན་དང༌། འདིར་སྨོས་པའི་བླ་མ་བརྒྱུད་པ་རྣམས་ཀྱི་སྐུ་བརྙན་བྲིས་འབུར་གང་འབྱོར་ལེགས་པར་བཀྲམ་པའི་སྤྱན་སྔར་སྟེགས་མཐོ་ལ་ཡངས་པ་གོས་བཟང་པོས་གཡོགས་པའི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིས་བྱུག་པ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་བྲིས་པ་ལ་འབྲུའི་ཚོམ་བུ་བཀོད་པའམ། རྡུལ་ཚོན་མ་ལྕོགས་ན་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །མཐའ་བསྐོར་དུ་བརྒྱན་བཀོད་པ་འཕྲུལ་སྟེགས་ལ་བཞག །མཆོད་པ་ནི་བརྒྱ་རྩ་སོགས་འབྱོར་པས་གང་ལྕོགས་ནུས་པས་བསྲིང་བ་བཤམ་དགོས་པས། ཆུ་གཉིས་ཉེར་སྤྱོད་རྣམས་མང་ན་ཕྱི་ནང་རིམ་པར་བསྐོར་བཤམ་བྱ། མ་མཐའ་ཡང་ཚར་དགུ་མེད་ཐབས་མེད་པས་ཕྱོགས་མཚམས་བརྒྱད་དུ་ཚར་བརྒྱད། མདུན་དུ་གཅིག་ཕྲེང་ཚར་དུ་བཤམ། འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། རིན་ཆེན་བདུན་སོགས་ཀྱང་བྲིས་འབུར་གང་བདེར་བཀོད། མཆོད་པའི་མཎྜལ། འབུལ་གཏོར་ཟླུམ་པོ་ཁ་ཟས་བཟང་དགུ་དང་བཅས་པའང་མདུན་དུ་བཀོད། རོལ་མོའི་བྱེ་བྲག །འཐོར་ནས་སོགས་ཚོགས་པར་བྱའོ། །གཉིས་པ་ཆོ་གའི་སྔོན་དུ་འགྲོ་བ་ནི། འཁོར་བ་ལ་སྐྱོ་ཤས་དང་ངེས་པར་འབྱུང་བའི་ཤུགས་ཀྱིས་དྲངས་པའི་བླ་མ་དཀོན་མཆོག་ལ་མོས་གུས་ཀྱི་ཡིད་རྩེ་གཅིག་པ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མ་བྲལ་བས། | ༄༅། ན་མོ་གུ་རུ་བུདྡྷའ ་ཡ། ཕྱོགས་བཅུའི་རྒྱལ་བ་རྡུལ་སྙེད་བསྐལ་པ་རུ། །བསྙེན་བཀུར་བགྱིས་པའི་བསོད་ནམས་དེ་ཀུན་ཀྱང༌། །གང་གི་བ་སྤུའི་བུ་གར་ཏིལ་མར་གྱི། །ཐིགས་པས་བཀུས་པ་ཤིན་ཏུ་འཕགས་པར་བསྔགས། །ཚེ་གཅིག་སྐུ་གསུམ་གོ་འཕང་ལ་སྦྱོར་བ། །རྩ་བའི་བླ་མ་བརྒྱུད་པར་བཅས་པ་ལ། །སྤྱི་བོར་བཏུད་ནས་དེར་བརྟེན་ཚོགས་གསོག་པའི། །རིམ་པ་གོང་མའི་གསུང་ལ་བརྟེན་ནས་དགོད། །གངས་ཅན་འདིར་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བླ་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་མཆོད་ཅིང་གསོལ་བ་གདབ་པའི་ཚུལ་ནི། སྤྱིར་བླ་མཆོད་ལ་མདོ་སྔགས་ལུགས་སྤྱི་འགྲོ་གཉིས། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཆོ་གའི་རིམ་པ་རྣམས་སུ་ཡོད་པ་ལས། འདིར་མདོ་སྔགས་ཐུན་མོང་བའི་སྤྱི་འགྲོའི་ཕྱག་བཞེས་ལྟར་བཀོད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྦྱོར་བ་ནི། གནས་ཁང་ཡིད་དུ་འོང་བ་གཙང་ཞིང་རྒྱན་གྱི་བཀོད་པ་ཇི་ལྟར་འབྱོར་པས་མཛེས་པར་བརྒྱན་པའི་གུང་དུ་དཀོན་མཆོག་གི་སྐུ་གསུང་ཐུགས་ཀྱི་རྟེན་དང༌། འདིར་སྨོས་པའི་བླ་མ་བརྒྱུད་པ་རྣམས་ཀྱི་སྐུ་བརྙན་བྲིས་འབུར་གང་འབྱོར་ལེགས་པར་བཀྲམ་པའི་སྤྱན་སྔར་སྟེགས་མཐོ་ལ་ཡངས་པ་གོས་བཟང་པོས་གཡོགས་པའི་དབུས་སུ་རིན་པོ་ཆེའི་མཎྜལ་དྲིས་བྱུག་པ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་བྲིས་པ་ལ་འབྲུའི་ཚོམ་བུ་བཀོད་པའམ། རྡུལ་ཚོན་མ་ལྕོགས་ན་མེ་ཏོག་གི་ཚོམ་བུ་དབུས་སུ་གཅིག །མཐའ་བསྐོར་དུ་བརྒྱན་བཀོད་པ་འཕྲུལ་སྟེགས་ལ་བཞག །མཆོད་པ་ནི་བརྒྱ་རྩ་སོགས་འབྱོར་པས་གང་ལྕོགས་ནུས་པས་བསྲིང་བ་བཤམ་དགོས་པས། ཆུ་གཉིས་ཉེར་སྤྱོད་རྣམས་མང་ན་ཕྱི་ནང་རིམ་པར་བསྐོར་བཤམ་བྱ། མ་མཐའ་ཡང་ཚར་དགུ་མེད་ཐབས་མེད་པས་ཕྱོགས་མཚམས་བརྒྱད་དུ་ཚར་བརྒྱད། མདུན་དུ་གཅིག་ཕྲེང་ཚར་དུ་བཤམ། འདོད་ཡོན་ལྔ། བཀྲ་ཤིས་རྫས་རྟགས། རིན་ཆེན་བདུན་སོགས་ཀྱང་བྲིས་འབུར་གང་བདེར་བཀོད། མཆོད་པའི་མཎྜལ། འབུལ་གཏོར་ཟླུམ་པོ་ཁ་ཟས་བཟང་དགུ་དང་བཅས་པའང་མདུན་དུ་བཀོད། རོལ་མོའི་བྱེ་བྲག །འཐོར་ནས་སོགས་ཚོགས་པར་བྱའོ། །གཉིས་པ་ཆོ་གའི་སྔོན་དུ་འགྲོ་བ་ནི། འཁོར་བ་ལ་སྐྱོ་ཤས་དང་ངེས་པར་འབྱུང་བའི་ཤུགས་ཀྱིས་དྲངས་པའི་བླ་མ་དཀོན་མཆོག་ལ་མོས་གུས་ཀྱི་ཡིད་རྩེ་གཅིག་པ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མ་བྲལ་བས། | ||
སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གྲངས་གསུམ་མམ་བདུན་ལ་སོགས་པ་བརྗོད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཚད་མེད་བཞི་བསྒོམ། བགེགས་བསལ་བ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀ་འབར་བ་ཆེན་པོའི་སྐུར་གྱུར། ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ཅིའང་རུང༌། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་སྐུ་ཡིས་ནི། །ལུས་སྲུལ་ལས་སྐྱེས་འགས་པར་བྱེད། །གལ་ཏེ་གང་ཞིག་བདག་ལས་འདའ། །རྣམ་པར་བརླག་འགྱུར་གཞན་དུ་མིན། །ༀ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་དང་རོལ་མོ་ཚམ་རྔམ་བྱ། | སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གྲངས་གསུམ་མམ་བདུན་ལ་སོགས་པ་བརྗོད། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཚད་མེད་བཞི་བསྒོམ། བགེགས་བསལ་བ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཧེ་རུ་ཀ་འབར་བ་ཆེན་པོའི་སྐུར་གྱུར། ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ཅིའང་རུང༌། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་སྐུ་ཡིས་ནི། །ལུས་སྲུལ་ལས་སྐྱེས་འགས་པར་བྱེད། །གལ་ཏེ་གང་ཞིག་བདག་ལས་འདའ། །རྣམ་པར་བརླག་འགྱུར་གཞན་དུ་མིན། །ༀ་སུམྦྷ་ནི་སོགས་ཧཱུྃ་བཞིའི་སྔགས་དང་རོལ་མོ་ཚམ་རྔམ་བྱ། | ||
སྣ་ཚོགས་འོད་ཀྱི་འཕྲོ་འདུ་ལས། །ཕྱོགས་ཀུན་རྡོ་རྗེ་འབར་བའི་གུར། །ཕྱི་རོལ་ཡེ་ཤེས་མེ་དཔུང་འབར། །རབ་བརྟན་བསྲུང་བའི་འཁོར་ལོར་གྱུར། །ༀ་བཛྲ་ཙཀྲ་རཀྵ་བྷཱུྃ་ཧཱུྃ་ཞེས་པས་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ། གནས་ཡོ་བྱིན་རླབས་ནི། ཨ་མྲ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ༑ འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས། མཆོག་གི་མ་ད་ན་དང་རྡོ་རྗེའི་རིག་མ་བཅུ་དྲུག་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་བདེ་སྤྱོད་ཀྱི་མཆོད་རྫས་ཡུལ་ནམ་མཁའི་མཐར་ཁྱབ་ཅིང༌། དུས་འཁོར་བ་ཇི་སྲིད་བར་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཧཱུྃ་སྭཱ་ཧཱ། ༀ་བཛྲ་ཨ?ཾ་ཨཱཿ ཧཱུྃ། ནས། ཤབྡའི་བར་དང༌། མཆོད་པའི་སྤྲིན། རོལ་མོ་བྱིན་རླབས་སྔགས་རྣམས་བརྗོད། གཉིས་པ་དངོས་གཞིའི་ཐོག་མར་ཚོགས་རྟེན་གསལ་གདབ་པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་བ་ཤུདྡྷོ྅ཧཾ། གཟུང་འཛིན་སྣང་བ་སྟོང་ཉིད་དབྱིངས་སུ་ཐིམ། །འོད་གསལ་ངང་ལས་ཟུང་ | སྣ་ཚོགས་འོད་ཀྱི་འཕྲོ་འདུ་ལས། །ཕྱོགས་ཀུན་རྡོ་རྗེ་འབར་བའི་གུར། །ཕྱི་རོལ་ཡེ་ཤེས་མེ་དཔུང་འབར། །རབ་བརྟན་བསྲུང་བའི་འཁོར་ལོར་གྱུར། །ༀ་བཛྲ་ཙཀྲ་རཀྵ་བྷཱུྃ་ཧཱུྃ་ཞེས་པས་ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ། གནས་ཡོ་བྱིན་རླབས་ནི། ཨ་མྲ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་བརྩེགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ༑ འདོད་ཡོན་ལྔ། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས། མཆོག་གི་མ་ད་ན་དང་རྡོ་རྗེའི་རིག་མ་བཅུ་དྲུག་ལ་སོགས་པ་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་རྣམ་པ་བདེ་སྤྱོད་ཀྱི་མཆོད་རྫས་ཡུལ་ནམ་མཁའི་མཐར་ཁྱབ་ཅིང༌། དུས་འཁོར་བ་ཇི་སྲིད་བར་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་བརྟ་ཡ་ཧཱུྃ་སྭཱ་ཧཱ། ༀ་བཛྲ་ཨ?ཾ་ཨཱཿ ཧཱུྃ། ནས། ཤབྡའི་བར་དང༌། མཆོད་པའི་སྤྲིན། རོལ་མོ་བྱིན་རླབས་སྔགས་རྣམས་བརྗོད། གཉིས་པ་དངོས་གཞིའི་ཐོག་མར་ཚོགས་རྟེན་གསལ་གདབ་པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་བ་ཤུདྡྷོ྅ཧཾ། གཟུང་འཛིན་སྣང་བ་སྟོང་ཉིད་དབྱིངས་སུ་ཐིམ། །འོད་གསལ་ངང་ལས་ཟུང་ |
Revision as of 16:04, 11 April 2025
Wylie title | Rigpe Dorje Publications, 2024
| |
---|---|---|
Location | gdams ngag rin po che'i mdzod Volume 18, Text 1, Pages (Folios to ) | |
Author | འཇམ་མགོན་ཀོང་སྤྲུལ་ | |
Citation | 'jam mgon kong sprul. '. In Gdams ngag rin po che'i mdzod, Vol. 18: . Kalimpong: Rigpe Dorje Publications, 2024. | |
Side notes | Verso: jo nang khrid brgya skor | |
More details More details | ||
Genre |