DNZ-01-KA-005: Difference between revisions
No edit summary |
No edit summary |
||
Line 47: | Line 47: | ||
གནད་ལ་ཕེབས་པའི་དགོས་པ་དག་གིས་ཤེས་པར་བྱ། །དེ་ལས་དང་པོ་རྩ་རླུང་གནད་ལ་དབབ་པའི་ཐབས་ནི་གསུམ་སྟེ། ལུས་དང་རྩ་དང་རླུང༌། །གནད་ལ་དབབ་པར་བསྟན་པ་སྟེ། །དང་པོ་ལུས་གནད་ལ་དབབ་པ་ལ་བདུན་ཏེ། ལུས་ལ་བདེ་བ་བསྐྱེད་པ་ནི་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་དུ་བྱས། ལག་པས་དྲོད་ཀྱི་མེ་ལོང་བསྡམས་པས་དྲོད་བསྐྱེད་པ་དང༌། །རླུང་སོར་གཞུག་པ་ནི་འཁོར་ལོ་ཉི་ཤུ་རྩ་བརྒྱད་གནད་ལ་དབབ་པ་དང༌། དར་ཡུག་ནམ་མཁའི་མཐོངས་སུ་བསྟན་པ་དང༌། ཉི་ཟླའི་དལ་བསྐོར་བའི་ཐབས་དང་རླུང་ཐམས་ཅད་རང་སོར་ཚུད་པར་བྱེད་པ་ཡིན། མི་རྟོག་བསྐྱེད། །པ་ནི་དཔག་བསམ་ཤིང་གི་ལོ་མ་དགུག་པ་དང༌། འདོད་ཆགས་ཀྱི་རྩ་གནད་ལ་བོར་བ་དང༌། ཉི་ཟླ་རི་བོའི་རྩེ་ལ་མནན་པ་སྐྱེ་བ་ཡིན། དྲོད་དང་བདེ་བ་མྱུར་བར་བྱེད་པའི་ལུས་གནད་ནི་དང་པོར་བསྡམས། བར་དུ་སྤྲུགས། ཐ་མར་སྒྲིམས་པའི་ཐབས་ | གནད་ལ་ཕེབས་པའི་དགོས་པ་དག་གིས་ཤེས་པར་བྱ། །དེ་ལས་དང་པོ་རྩ་རླུང་གནད་ལ་དབབ་པའི་ཐབས་ནི་གསུམ་སྟེ། ལུས་དང་རྩ་དང་རླུང༌། །གནད་ལ་དབབ་པར་བསྟན་པ་སྟེ། །དང་པོ་ལུས་གནད་ལ་དབབ་པ་ལ་བདུན་ཏེ། ལུས་ལ་བདེ་བ་བསྐྱེད་པ་ནི་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་དུ་བྱས། ལག་པས་དྲོད་ཀྱི་མེ་ལོང་བསྡམས་པས་དྲོད་བསྐྱེད་པ་དང༌། །རླུང་སོར་གཞུག་པ་ནི་འཁོར་ལོ་ཉི་ཤུ་རྩ་བརྒྱད་གནད་ལ་དབབ་པ་དང༌། དར་ཡུག་ནམ་མཁའི་མཐོངས་སུ་བསྟན་པ་དང༌། ཉི་ཟླའི་དལ་བསྐོར་བའི་ཐབས་དང་རླུང་ཐམས་ཅད་རང་སོར་ཚུད་པར་བྱེད་པ་ཡིན། མི་རྟོག་བསྐྱེད། །པ་ནི་དཔག་བསམ་ཤིང་གི་ལོ་མ་དགུག་པ་དང༌། འདོད་ཆགས་ཀྱི་རྩ་གནད་ལ་བོར་བ་དང༌། ཉི་ཟླ་རི་བོའི་རྩེ་ལ་མནན་པ་སྐྱེ་བ་ཡིན། དྲོད་དང་བདེ་བ་མྱུར་བར་བྱེད་པའི་ལུས་གནད་ནི་དང་པོར་བསྡམས། བར་དུ་སྤྲུགས། ཐ་མར་སྒྲིམས་པའི་ཐབས་ | ||
དང་རླུང་ནད་གཞོམ་པ་ནི་དཔུང་མགོ་དྲང་པོར་ཚིགས་དཀྲུག །ཡུལ་ལྗོངས་དཀྲུག །ལུས་བྱིང་དུ་བསྒུལ་ཞིང་བརྡེག་པའི་ཐབས་དང་། །དྲོད་དང་བདེ་བ་གསལ་བར་བྱེད་པ་ལུས་ཀྱི་གནད། །ནི་ཐབས་དེ་རྣམས་ཐམས་ཅད་ཀྱིས་སོ། །གཉིས་པ་རྩ་གནད་ལ་དབབ་པ་ལ་བཞི་ལས། | དང་རླུང་ནད་གཞོམ་པ་ནི་དཔུང་མགོ་དྲང་པོར་ཚིགས་དཀྲུག །ཡུལ་ལྗོངས་དཀྲུག །ལུས་བྱིང་དུ་བསྒུལ་ཞིང་བརྡེག་པའི་ཐབས་དང་། །དྲོད་དང་བདེ་བ་གསལ་བར་བྱེད་པ་ལུས་ཀྱི་གནད། །ནི་ཐབས་དེ་རྣམས་ཐམས་ཅད་ཀྱིས་སོ། །གཉིས་པ་རྩ་གནད་ལ་དབབ་པ་ལ་བཞི་ལས། | ||
དང་པོ་འཁོར་ལོ་དྲུག་བརྩེགས་ༀ་དང་། ཨཱཿ དང་། ཧཱུྃ་དང༌། ཀྵ་དང༌། | དང་པོ་འཁོར་ལོ་དྲུག་བརྩེགས་ༀ་དང་། ཨཱཿ དང་། ཧཱུྃ་དང༌། ཀྵ་དང༌། རཾ་དང༌། ཡྃ་གི་འཁོར་ལོའི་སྲོག་ཤིང་གསུམ། །ནི་རོ་མ་དང་རྐྱང་མ་དང་ཀུན་འདར་མའོ། །དེ་ལས་རོ་མ་ལ་ཆོས་དྲུག་དང་ལྡན་ཏེ། དབྱིབས་སྦྲུལ་གྱི་ཕྲུ་གུ་ལྟ་བུ་རྩ་བ་ཟླུམ་པ། སྐེད་པ་བགས་ཀྱིས་ལྡིར་བ། རྩེ་མོ་ཕྲ་བའོ༑ ༑སྦོམ་ཕྲ་ནི་རྟ་རྔ་སུམ་སྒྲིལ་ཙམ་མོ། །གནས་ནི་སྒལ་ཚིགས་པའི་སྟེ་ཀུན་འདར་མའི་གཡས་ན་གནས་སོ། །རྟེན་ནི་དྲི་ཆུ་དང་ཞེ་སྡང་གི་རྟེན་བྱེད་དོ། །ལས་ནི་ཡེ་ཤེས་ཀྱི་སྒོ་འཆར་བར་བྱེད་པའོ། །རྐྱང་མའི་དབྱིབས་དང་སྦོམ་ཕྲ་ནི་གོང་མ་དང་མཐུན་ནོ། །ཁ་ཅིག་ནི་སྨུག་ལ་དབལ་དམར་བའོ། ། | ||
གནས་ནི་སྒལ་ཚིགས་པའི་སྟེ་ཀུན་འདར་མོའི་གཡོན་ན་གནས་སོ། །རྟེན་ནི་རཀྟ་དང་འདོད་ཆགས་ཀྱི་རྟེན་བྱེད་དོ། །ལས་ནི་དབྱིབས་ཀྱི་དོན་གསལ་བར་བྱེད་དོ། །ཀུན་འདར་མའི་དབྱིབས་ནི་རག་དུང་གྱེན་དུ་བསླང་བ་ལྟར་གནས་སོ། །ཁ་དོག་སྨུག་ལ་དབལ་མཐིང་པའོ། །སྦོམ་ཕྲ་ནི་རྟ་རྔ་རྐྱང་མ་ཙམ་མོ༑ ༑གནས་ནི་རོ་རྐྱང་གཉིས་ཀྱི་དབུས་ན་གནས་སོ། །རྟེན་ནི་བྱང་སེམས་དང་གཏི་མུག་གི་རྟེན་བྱེད་དོ། །ལས་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་གསལ་བར་བྱེད་དོ། །ལྗོན་པའི་ཚལ་གྱིས་རྒྱས་པ་ནི་ཙཀྲ་དྲུག་གི་རྩ་འདབ་ཡིན་ཏེ། གདུགས་དང་ཡུ་བ་དང་འཁོར་ལོ་དང་ཉི་མའི་འོད་ཟེར་དང་དྲག་པོའི་ཨེ་ཁུང་དང༌། འོད་མའི་གཞུ་བདུངས་པ་ལྟ་བུའི་རྣམ་པ་དང་ལྡན་པ་ཡིན། སྟེ། །སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་གི་ཚུལ་ལོ། །ཡན་མན་གཉིས་སུ་ཟུག་པ་ཡིས། །ཞེས་པ་ནི་རོ་མ་དང་རྐྱང་མའི་ཡར་སྣ་སྨིན་མའི་ནང་ཟུར་གཉིས་ལ་བྱ་རོག་གི་སྡེར་མོ་ལྟར་ཟུག་གོ །མར་སྣ་མེ་རླུང་གཉིས་ཀྱི་མཚམས་སུ་འདམ་གྱི་ཕུར་པ་ལྟར་ཟུག་གོ །ཀུན་འདར་མའི་ཡར་སྣ་སྨིན་མཚམས་སུ་པདྨ་ཁ་འབུས་པ་བཞིན་ཟུག་གོ །མར་སྣ་རོ་རྐྱང་གཉིས་དང་འབྲེལ་ནས་ཡོད་དོ། །རྩ་དེ་རྣམས་ཀྱིས་ལུས་ཀྱི་རྟེན་བྱེད། སྲོག་གི་ཟུངས་འཛིན་པས་རྩ་གནད་ལ་ | གནས་ནི་སྒལ་ཚིགས་པའི་སྟེ་ཀུན་འདར་མོའི་གཡོན་ན་གནས་སོ། །རྟེན་ནི་རཀྟ་དང་འདོད་ཆགས་ཀྱི་རྟེན་བྱེད་དོ། །ལས་ནི་དབྱིབས་ཀྱི་དོན་གསལ་བར་བྱེད་དོ། །ཀུན་འདར་མའི་དབྱིབས་ནི་རག་དུང་གྱེན་དུ་བསླང་བ་ལྟར་གནས་སོ། །ཁ་དོག་སྨུག་ལ་དབལ་མཐིང་པའོ། །སྦོམ་ཕྲ་ནི་རྟ་རྔ་རྐྱང་མ་ཙམ་མོ༑ ༑གནས་ནི་རོ་རྐྱང་གཉིས་ཀྱི་དབུས་ན་གནས་སོ། །རྟེན་ནི་བྱང་སེམས་དང་གཏི་མུག་གི་རྟེན་བྱེད་དོ། །ལས་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་གསལ་བར་བྱེད་དོ། །ལྗོན་པའི་ཚལ་གྱིས་རྒྱས་པ་ནི་ཙཀྲ་དྲུག་གི་རྩ་འདབ་ཡིན་ཏེ། གདུགས་དང་ཡུ་བ་དང་འཁོར་ལོ་དང་ཉི་མའི་འོད་ཟེར་དང་དྲག་པོའི་ཨེ་ཁུང་དང༌། འོད་མའི་གཞུ་བདུངས་པ་ལྟ་བུའི་རྣམ་པ་དང་ལྡན་པ་ཡིན། སྟེ། །སྡོང་པོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་གི་ཚུལ་ལོ། །ཡན་མན་གཉིས་སུ་ཟུག་པ་ཡིས། །ཞེས་པ་ནི་རོ་མ་དང་རྐྱང་མའི་ཡར་སྣ་སྨིན་མའི་ནང་ཟུར་གཉིས་ལ་བྱ་རོག་གི་སྡེར་མོ་ལྟར་ཟུག་གོ །མར་སྣ་མེ་རླུང་གཉིས་ཀྱི་མཚམས་སུ་འདམ་གྱི་ཕུར་པ་ལྟར་ཟུག་གོ །ཀུན་འདར་མའི་ཡར་སྣ་སྨིན་མཚམས་སུ་པདྨ་ཁ་འབུས་པ་བཞིན་ཟུག་གོ །མར་སྣ་རོ་རྐྱང་གཉིས་དང་འབྲེལ་ནས་ཡོད་དོ། །རྩ་དེ་རྣམས་ཀྱིས་ལུས་ཀྱི་རྟེན་བྱེད། སྲོག་གི་ཟུངས་འཛིན་པས་རྩ་གནད་ལ་ | ||
དབབ་པའི་དེ་ཁོ་ན་ཉིད་དོ། །དང་པོ་རླུང་གནད་ལ་དབབ་པ་ལ་བཞི་ལས། དང་པོ་རླུང༌དབང་དུ་བྱེད་པ་ལ་གཉིས་ཏེ། སྟེང་རླུང་དབང་དུ་བྱ་བ་དང༌། འོག་རླུང་དབང་དུ་བྱ་བའོ། །སྟེང་རླུང་ལ་གཉིས་ཏེ། རླུང་སྦྱང་བ་དང༌། རླུང་བུམ་པར་གཞུག་པའོ། །སྦྱང་བ་ནི་ཕྱིར་འགྲོ་ཚད་དུ་བཏང༌། ནང་དུ་འདྲོངས་ཚད་དུ་དྲང་ངོ༌། །བུམ་པར་གཞུག་པ་ནི་གཞི་འཛིན་པར་བྱེད་པའི་ལྟོ་བ་རུ་འབྱུང་འཇུག་མེད་པར་ཐུབ་ཐང་དུ་གཟུང་བའོ། །འོག་རླུང་ལའང་གཉིས་ཏེ། རླུང་སྦྱང་བ་དང༌། བུམ་པར་གཞུག་པའོ། །སྦྱང་བ་ནི་ཨ་ལོང་ནས་ལྟེ་བའི་བར་དུ་འགྲོ་ལྡོག་བྱེད་པའོ། །བུམ་པར་གཞུག་པ་ནི་དྲོད་ཀྱི་མེ་ལོང་གི་སྟེང་དུ་རྩོལ་བ་བསྐྱེད་ལ་ཐུབ་ཚད་བཟུང་བར་བྱའོ། །དང་གཉིས་པ་རྒྱས་པར་བྱ་བ་ལ་གསུམ་སྟེ། རོ་མ་ལ་བཙུད་ལ་ཡེ་ཤེས་ཆེན་པོའི་སྣང་བ་རྒྱས་པར་བྱེད་པ་དང༌། རྐྱང་མ་ལ་བཙུད་ལ་བདེ་བ་ཆེན་པོའི་སྟོང་ཉིད་རྒྱས་པར་བྱ་བ་དང༌། ཀུན་འདར་མོ་ལ་བཙུད་ལ་གཉིས་སུ་མེད་པའི་ཆོས་ཉིད་རྒྱས་པར་བྱ་བའོ། །རྩ་རོ་མ་ལ་རླུང་བཟུང་བ་ནི་སྣ་བུག་གཡས་པ་ནས་རླུང་རྒྱུ་བའི་དུས་སུ་འོག་རླུང་བཛྲ་བོ་ཏི་ས་མ་ཡ་ཧཱུྃ་གིས་དྲག་པོར་བཟུང༌། སྟེང་རླུང་རྡོ་རྗེ་རི་རབ་ཀྱི་སྦྱོར་བས་འཇམ་པར་གཟུང༌། རླུང་དེ་གཉིས་གཞི་འཛིན་པའི་ལྟེ་བར་ཁ་སྤྲད་ལ་ཅུང་ཞིག་བསྒོམ། དེ་ནས་ཁམས་གསེང་ལ་དྲོད་ཀྱི་མེ་ལོང་གི་སྟེང་དུ་ཕབ་ལ་བསྒོམ། དེ་ནས་ཁམས་གསེང་ལ་མེ་རླུང་བརྩིགས་པའི་ཙཀྲ་ལ་ཕབ་ལ་བསྒོམ། དེ་ནས་རླུང་སེམས་འདུས་པའི་རང་བཞིན་འོད་དཀར་པོའི་ཐིག་ལེ་སྲན་མའི་གའུ་ཙམ་དུ་གྱུར་ནས། རྩ་རོ་མའི་ནང་ན་ཡར་རྩེག་ཆི་ལི་ལི་སོང་བས། རྩ་དེ་སྦྲུལ་གྱི་ཕྲུ་གུ་འོ་མས་གསོས་པ་བཞིན་ཏུ་དཀར་ལྡང་གིས་སོང་ནས། ཕྱི་ནང་དང་སྒྲིབ་གཡོགས་མེད་པར་གསལ་དྭངས་ཀྱིས་སོང་བར་བསྒོམ་མོ། །རྩ་རྐྱང་མ་ལ་རླུང་གཟུང་བ་ནི། རླུང་སྣ་བུག་གཡོན་ནས་རྒྱུ་བའི་དུས་སུ། འོག་རླུང་བཛྲ་ཀྲོ་ཏི་ཤྭ་རི་བ་ག་པད་མ་རྒྱ་ཧཱུྃ་གིས་དྲག་པོར་གཟུང༌། སྟེང་རླུང་པདྨ་ཁ་ | དབབ་པའི་དེ་ཁོ་ན་ཉིད་དོ། །དང་པོ་རླུང་གནད་ལ་དབབ་པ་ལ་བཞི་ལས། དང་པོ་རླུང༌དབང་དུ་བྱེད་པ་ལ་གཉིས་ཏེ། སྟེང་རླུང་དབང་དུ་བྱ་བ་དང༌། འོག་རླུང་དབང་དུ་བྱ་བའོ། །སྟེང་རླུང་ལ་གཉིས་ཏེ། རླུང་སྦྱང་བ་དང༌། རླུང་བུམ་པར་གཞུག་པའོ། །སྦྱང་བ་ནི་ཕྱིར་འགྲོ་ཚད་དུ་བཏང༌། ནང་དུ་འདྲོངས་ཚད་དུ་དྲང་ངོ༌། །བུམ་པར་གཞུག་པ་ནི་གཞི་འཛིན་པར་བྱེད་པའི་ལྟོ་བ་རུ་འབྱུང་འཇུག་མེད་པར་ཐུབ་ཐང་དུ་གཟུང་བའོ། །འོག་རླུང་ལའང་གཉིས་ཏེ། རླུང་སྦྱང་བ་དང༌། བུམ་པར་གཞུག་པའོ། །སྦྱང་བ་ནི་ཨ་ལོང་ནས་ལྟེ་བའི་བར་དུ་འགྲོ་ལྡོག་བྱེད་པའོ། །བུམ་པར་གཞུག་པ་ནི་དྲོད་ཀྱི་མེ་ལོང་གི་སྟེང་དུ་རྩོལ་བ་བསྐྱེད་ལ་ཐུབ་ཚད་བཟུང་བར་བྱའོ། །དང་གཉིས་པ་རྒྱས་པར་བྱ་བ་ལ་གསུམ་སྟེ། རོ་མ་ལ་བཙུད་ལ་ཡེ་ཤེས་ཆེན་པོའི་སྣང་བ་རྒྱས་པར་བྱེད་པ་དང༌། རྐྱང་མ་ལ་བཙུད་ལ་བདེ་བ་ཆེན་པོའི་སྟོང་ཉིད་རྒྱས་པར་བྱ་བ་དང༌། ཀུན་འདར་མོ་ལ་བཙུད་ལ་གཉིས་སུ་མེད་པའི་ཆོས་ཉིད་རྒྱས་པར་བྱ་བའོ། །རྩ་རོ་མ་ལ་རླུང་བཟུང་བ་ནི་སྣ་བུག་གཡས་པ་ནས་རླུང་རྒྱུ་བའི་དུས་སུ་འོག་རླུང་བཛྲ་བོ་ཏི་ས་མ་ཡ་ཧཱུྃ་གིས་དྲག་པོར་བཟུང༌། སྟེང་རླུང་རྡོ་རྗེ་རི་རབ་ཀྱི་སྦྱོར་བས་འཇམ་པར་གཟུང༌། རླུང་དེ་གཉིས་གཞི་འཛིན་པའི་ལྟེ་བར་ཁ་སྤྲད་ལ་ཅུང་ཞིག་བསྒོམ། དེ་ནས་ཁམས་གསེང་ལ་དྲོད་ཀྱི་མེ་ལོང་གི་སྟེང་དུ་ཕབ་ལ་བསྒོམ། དེ་ནས་ཁམས་གསེང་ལ་མེ་རླུང་བརྩིགས་པའི་ཙཀྲ་ལ་ཕབ་ལ་བསྒོམ། དེ་ནས་རླུང་སེམས་འདུས་པའི་རང་བཞིན་འོད་དཀར་པོའི་ཐིག་ལེ་སྲན་མའི་གའུ་ཙམ་དུ་གྱུར་ནས། རྩ་རོ་མའི་ནང་ན་ཡར་རྩེག་ཆི་ལི་ལི་སོང་བས། རྩ་དེ་སྦྲུལ་གྱི་ཕྲུ་གུ་འོ་མས་གསོས་པ་བཞིན་ཏུ་དཀར་ལྡང་གིས་སོང་ནས། ཕྱི་ནང་དང་སྒྲིབ་གཡོགས་མེད་པར་གསལ་དྭངས་ཀྱིས་སོང་བར་བསྒོམ་མོ། །རྩ་རྐྱང་མ་ལ་རླུང་གཟུང་བ་ནི། རླུང་སྣ་བུག་གཡོན་ནས་རྒྱུ་བའི་དུས་སུ། འོག་རླུང་བཛྲ་ཀྲོ་ཏི་ཤྭ་རི་བ་ག་པད་མ་རྒྱ་ཧཱུྃ་གིས་དྲག་པོར་གཟུང༌། སྟེང་རླུང་པདྨ་ཁ་ |
Revision as of 17:49, 7 February 2025
Wylie title | ma mo gsang ba las kyi thig le | Rigpe Dorje Publications, 2024
|
---|---|---|
Location | gdams ngag rin po che'i mdzod Volume 1, Text 5, Pages 139-151 (Folios 1a1 to 7a3) | |
Author | པདྨ་འབྱུང་གནས་ | |
Citation | Pad+ma 'byung gnas. Ma mo gsang ba las kyi thig le. In Gdams ngag rin po che'i mdzod, Vol. 1: 139-151. Kalimpong: Rigpe Dorje Publications, 2024. | |
Side notes | Recto: gsang ba la thig Verso: rnying ma'i skor | |
More details More details | ||
Genre | Activity Practices - las tshogs | |
Deity | ma mo |