DNZ-12-NA-002: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །ནི་གུའི་འཁྲུལ་འཁོར་རྩ་འགྲེལ་བཞུགས་སོ། ། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=gdams ngag rin po che'i mdzod | |||
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད། | |||
|totalvolumes=18 | |||
|author='jam mgon kong sprul | |||
|authortib=འཇམ་མགོན་ཀོང་སྤྲུལ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=12 | |||
|volumeLetter=NA | |||
|textnuminvol=002 | |||
|pdflink=File:DNZ-12-NA-002.pdf | |||
|InitCategories=Damngak Rinpoché Dzö; DNZ-Volume-12-NA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །ནི་གུའི་འཁྲུལ་འཁོར་རྩ་འགྲེལ་བཞུགས་སོ། ། | |||
ཨ་སྭ་སྟི། ན་མོ་གུ་རུ། རྩ་མདུད་དགྲོལ་དང་རྩ་སྲོང་དང༌། །དབུ་མར་སྡུད་དང་རྩ་འགྲེམ་བཞིའོ། །ལངས་འདྲེན་བསྒྱུར་དང་སྟོད་གནོན་གསུམ། །རྐང་གཅིག་རྐང་གཉིས་གཅུ་བ་དང༌། །བུ་ཆུང་ཚུལ་དུ་འཕར་བ་ལྔ། །ཁ་འབྱེད་གཉིས་ནི་བསྣོལ་དང་བགྲད། །དབུ་མར་འཇུག་དང་དབུ་མར་འདྲེན། །དབུ་མར་སྡུད་པ་གསུམ་དུ་བཞེད། ། | ཨ་སྭ་སྟི། ན་མོ་གུ་རུ། རྩ་མདུད་དགྲོལ་དང་རྩ་སྲོང་དང༌། །དབུ་མར་སྡུད་དང་རྩ་འགྲེམ་བཞིའོ། །ལངས་འདྲེན་བསྒྱུར་དང་སྟོད་གནོན་གསུམ། །རྐང་གཅིག་རྐང་གཉིས་གཅུ་བ་དང༌། །བུ་ཆུང་ཚུལ་དུ་འཕར་བ་ལྔ། །ཁ་འབྱེད་གཉིས་ནི་བསྣོལ་དང་བགྲད། །དབུ་མར་འཇུག་དང་དབུ་མར་འདྲེན། །དབུ་མར་སྡུད་པ་གསུམ་དུ་བཞེད། ། | ||
Line 17: | Line 36: | ||
སོ་སོར་དམིགས་པའི་གནད་རེ་ཕལ་ཆེར་ལ་ཡོད་དེ། རྩ་བའི་གཞུང་ཚིག་ལས་ཤེས་པར་བྱའོ། །དེ་ལྟར་ན་འདི་རྣམས་ཡེ་ཤེས་མཁའ་འགྲོ་ནི་གུའི་ཞལ་གྱི་གདམས་པ། རླུང་སེམས་དབུ་མར་ཐིམ་པ་དང༌། རྩ་མདུད་གྲོལ་བའི་མན་ངག་རང་ལུས་ཐབས་ལྡན་གཙོ་བོར་གྱུར་པ། གྲོལ་ལམ་མཆོག་སྒྲུབ་ཀྱི་མན་ངག །ལུས་སྦྱོང་བཅོ་བརྒྱད་པ་ཞེས་བྱ་བ་ཡིན་ཏེ། འདིའི་རྩ་བའི་གཞུང་ནི། ཞལ་ཤེས་ཅུང་ཟད་གབ་པ་དང༌། ཚིག་མང་པའི་གསེབ་ཏུ་ | སོ་སོར་དམིགས་པའི་གནད་རེ་ཕལ་ཆེར་ལ་ཡོད་དེ། རྩ་བའི་གཞུང་ཚིག་ལས་ཤེས་པར་བྱའོ། །དེ་ལྟར་ན་འདི་རྣམས་ཡེ་ཤེས་མཁའ་འགྲོ་ནི་གུའི་ཞལ་གྱི་གདམས་པ། རླུང་སེམས་དབུ་མར་ཐིམ་པ་དང༌། རྩ་མདུད་གྲོལ་བའི་མན་ངག་རང་ལུས་ཐབས་ལྡན་གཙོ་བོར་གྱུར་པ། གྲོལ་ལམ་མཆོག་སྒྲུབ་ཀྱི་མན་ངག །ལུས་སྦྱོང་བཅོ་བརྒྱད་པ་ཞེས་བྱ་བ་ཡིན་ཏེ། འདིའི་རྩ་བའི་གཞུང་ནི། ཞལ་ཤེས་ཅུང་ཟད་གབ་པ་དང༌། ཚིག་མང་པའི་གསེབ་ཏུ་ | ||
འཐོར་བས་སྡུད་མི་ཤེས་པ་དག་མང་དུ་ཡོད་ལ། མི་མཁས་པས་སྦྱར་བའི་སྡོམ་ཐན་ཐུན་ཡོད་སྲིད་ནའང༌། ལག་ལེན་གསལ་པོར་ཐོན་པ་མེད་པར་མངོན་པས། འདིའི་ལག་ལེན་ནུབ་ཏུ་ཉེ་བར་མཐོང་བའི་ཕྱིར། མི་ནུབ་ཅིང་རྒྱས་པར་བྱ་བའི་དོན་དུ་དཔལ་ལྡན་ཤངས་པའི་བཀའ་བརྒྱུད་ལ་མོས་པ་ཅུང་ཟད་ཐོབ་པ། ཏཱ་ར་ནཱ་ཐས་མ་སྦས་ཤིང་གསལ་བར་བཀོད་པའོ།། །། | འཐོར་བས་སྡུད་མི་ཤེས་པ་དག་མང་དུ་ཡོད་ལ། མི་མཁས་པས་སྦྱར་བའི་སྡོམ་ཐན་ཐུན་ཡོད་སྲིད་ནའང༌། ལག་ལེན་གསལ་པོར་ཐོན་པ་མེད་པར་མངོན་པས། འདིའི་ལག་ལེན་ནུབ་ཏུ་ཉེ་བར་མཐོང་བའི་ཕྱིར། མི་ནུབ་ཅིང་རྒྱས་པར་བྱ་བའི་དོན་དུ་དཔལ་ལྡན་ཤངས་པའི་བཀའ་བརྒྱུད་ལ་མོས་པ་ཅུང་ཟད་ཐོབ་པ། ཏཱ་ར་ནཱ་ཐས་མ་སྦས་ཤིང་གསལ་བར་བཀོད་པའོ།། །། | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 14:10, 31 January 2025
Wylie title | Rigpe Dorje Publications, 2024
| |
---|---|---|
Location | gdams ngag rin po che'i mdzod Volume 12, Text 2, Pages (Folios to ) | |
Author | འཇམ་མགོན་ཀོང་སྤྲུལ་ | |
Citation | ||
Side notes | ||
More details More details | ||
Genre |