DNZ-05-CA-011: Difference between revisions

From Damngak Dzö
DNZ-05-CA-011
No edit summary
m (Text replacement - "ནྲ" to "ནྲྀ")
 
(6 intermediate revisions by 2 users not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་འབྲིང་པོ་དཔལ་ཕག་མོ་གྲུ་པའི་གསུང་ལ་བདེ་བར་གཤེགས་པ་དཔལ་སྟག་ལུང་པ་ཆེན་པོས་ཟིན་བྲིས་མཛད་པ།
|fulltitle=lam 'bras bu dang bcas pa'i khrid yig 'bring po dpal phag mo gru pa'i gsung la bde bar gshegs pa dpal stag lung pa chen pos zin bris mdzad pa
|citation=Stag lung khri, 1st (Stag lung pa bkra shis dpal). ''Lam 'bras bu dang bcas pa'i khrid yig 'bring po dpal phag mo gru pa'i gsung la bde bar gshegs pa dpal stag lung pa chen pos zin bris mdzad pa''. In ''Gdams ngag rin po che'i mdzod'', Vol. 5: 577-617. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|collectiontitle=gdams ngag rin po che'i mdzod
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|author=Stag lung khri, 1st
|totalvolumes=18
|sourceauthor=phag mo gru pa rdo rje rgyal po
|author='jam mgon kong sprul
|compiler='jam mgon kong sprul
|authortib=འཇམ་མགོན་ཀོང་སྤྲུལ་
|tibgenre=Notes - zin bris
|citation=
|terma=No
|practicelineage=Sakya Lamdre
|cycle=Gsung ngag rin po che lam 'bras bu dang bcas pa
|cycletib=གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=05
|volumenumber=05
|volumeLetter=CA
|volnumtib=
|volyigtib=ཅ
|totalvolumes=18
|textnuminvol=011
|textnuminvol=011
|pagenumbers=577-617
|totalpages=41
|beginfolioline=1a1
|endfolioline=21a5
|totalfolios=21
|multivolumework=No
|rectonotes=lam 'bras zin bris
|versonotes=sa skya'i skor
|colophontib=ཉམས་བཞི་མན་ངག་ཞལ་གདམས་དེ། །སྐལ་ལྡན་རྣམས་ལ་ཕན་དོན་དུ། །བཀྲ་ཤིས་དཔལ་གྱིས་ཡི་གེར་བཀོད།  །བླ་མ་མཁའ་འགྲོར་བཟོད་པར་གསོལ།  །ལམ་འབྲས་ཀྱི་ཁྲིད་བླ་མ་རིན་པོ་ཆེའི་ཞལ་ལས་བརྒྱུད་པའི་གདམས་ངག་རྫོགས་སོ།།  །།ཨྠིྀ།  དགེའོ།  །ཤུ་བྷཾ།།
|colophonwylie=nyams bzhi man ngag zhal gdams de/_/skal ldan rnams la phan don du/_/bkra shis dpal gyis yi ger bkod/__/bla ma mkha' 'gror bzod par gsol/__/lam 'bras kyi khrid bla ma rin po che'i zhal las brgyud pa'i gdams ngag rdzogs so//___//a+thi+-i/___dge'o/__/shu b+haM//
|pdflink=File:DNZ-05-CA-011.pdf
|pdflink=File:DNZ-05-CA-011.pdf
|sourceauthortib=ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་
|authortib=སྟག་ལུང་པ་བཀྲ་ཤིས་དཔལ་
|InitCategories=Damngak Rinpoché Dzö; DNZ-Volume-05-CA
|InitCategories=Damngak Rinpoché Dzö; DNZ-Volume-05-CA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅།  །ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་འབྲིང་པᨖ་དཔལ་ཕག་མᨖ་གྲུ་པའི་གསུང་ལ་བདེ་བར་གཤེགས་པ་
{{TibP|༄༅།  །ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་འབྲིང་པོ་དཔལ་ཕག་མོ་གྲུ་པའི་གསུང་ལ་བདེ་བར་གཤེགས་པ་དཔལ་སྟག་ལུང་པ་ཆེན་པོས་ཟིན་བྲིས་མཛད་པ་བཞུགས་སོ།
དཔལ་སྟག་ལུང་པ་ཆེན་པᨖས་ཟིན་བྲིས་མཛད་པ་བཞུགས་སོ།


དབང་བཞི་རབ་རྫོགས་སྐུ་ལྔ་ལྷུན་གྱིས་གྲུབ། །ཕྱི་ནང་མཁའ་འགྲᨖའི་ཚོགས་ལ་མངའ་བརྙེས་པའི། །རྗེ་བཙུན་རིན་ཆེན་བིའི་ཞབས་པད་ལ། །ཡང་དག་གུས་པ་མཆོག་གིས་རབ་བཏུད་ནས། །འདུས་པ་གསུམ་ལ་ཉམས་བཞིའི་གདམས་པ་དེ། །རིན་ཆེན་གསུང་སྒྲོས་ཡི་གེར་གསལ་བར་བྱ། །ལམ་འབྲས་ཀྱི་ལུགས་ཀྱི་ནང་ཉམས་མྱོང་མ་སྐྱེས་པར་ཕྱི་སྒྲོ་འདᨖགས་མི་ཆོད། སྒྲོ་འདᨖགས་ཆོད་པར་བྱེད་པ་ལ་གཞུང་གདམས་ངག་དང་སྦྱོར་བའི་དུས་སུ་ལུང་དང་མི་སྦྱོར། གཞུང་ལུགས་དང་སྦྱོར་བའི་དུས་སུ་གདམས་ངག་མི་སྦྱོར། ནང་ཉམས་མྱོང་སྐྱེ་བར་བྱེད་པ་ལ། དང་པᨖ་མཎྜལ་ལ་བརྟེན་ཏེ་ཚོགས་བསགས་པ་དང༌། ཡི་གེ་བརྒྱ་པ་ལ་བརྟེན་ཏེ་སྒྲིབ་པ་སྦྱང་བ་གཉིས་སྔོན་དུ་འགྲᨖ་བ་ནི། དཔེར་ན་སྣམ་བུ་ཞིག་ཚོས་སུ་འཚོད་པ་ལ་དག་པར་བཀྲུས་ནས་བཙོས་ན་ཚོས་ཁ་གསལ་བ་དང་འདྲ་བར། མི་ཞིག་བླ་ན་མེད་པའི་བྱང་ཆུབ་པར་བྱེད་པ་ལ། ཚོགས་གསོག་པ་དང༌། སྒྲིབ་པ་དག་པར་བྱེད་དགོས་པ་ལ། མཎྜལ་གྱི་དུས་སུ་རང་ཡི་དམ་དུ་བསྒོམ། སྤྱི་བᨖར་བླ་མ་དྲན་པ་ཙམ་བྱ་གསུང༌། ཁྲིད་རྒྱས་བསྡུས་གང་བྱེད་ཀྱང༌། ཁྲིད་འགོ་ནི་ཡར་གྱི་ཚེས་གསུམ་མམ་ལྔའམ་ཁ་ཡར་ཅིག་ལ་འཇུག །གཏོར་མའང་མཐེབ་སྐྱུ་གསུམ་མམ་ལྔ་པ་བྱ། མཎྜལ་གསུམ་ཡང་འབུལ་ལོ༑ ༑ཡི་གེ་བརྒྱ་པ་ཚར་གསུམ་ཡང་བཟླ། འདིའི་ལུགས་ཀྱི་ཁ་ཡར་ལ་བྱེད་པ་ནི། བླ་མ་ལ་རྟེན་འབྲེལ་གྱིས་བྱེད་པ་མིན་པ་གཞན་མེད་གསུང༌། མདུན་གྱི་ནམ་མཁའ་ལ་བདག་མེད་མ་ལྷ་མᨖ་བཅོ་ལྔ། རྗེ་བི་པ། ནག་པᨖ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི། སེ་སྟོན་ཀུན་རིག །ཞང་དགོན་པ་བ། བླ་མ་ས་སྐྱ་པ་ཆེན་པᨖ་རྣམས་བཞུགས་པར་བསམས་ལ། མཎྜལ་ཚོམ་བུ་བདུན་པ་དེ་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་རིན་པᨖ་ཆེས་གང་བར་བསམ་ཞིང་གྲངས་བཟུང་ནུས་ཚད་འབུལ་བ་ནི་མཎྜལ་ལ་བརྟེན་ཏེ་ཚོགས་བསགས་པའོ། །དེ་ནས་ཡི་གེ་བརྒྱ་པ་ལ་བརྟེན་ཏེ་སྡིག་པ་སྦྱང་བ་ནི། རང་གི་སྤྱི་བᨖར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཞབས་གཡོན་བསྐུམ་པ། ཞབས་གཡས་ཀྱི་མཐེ་བᨖང་རང་གི་ཚངས་བུག་ནས་མར་རེག་གེ་འདུག་པ། དུང་དང་ཀུནྡ་ལྟར་དཀར་བ། རུས་པའི་རྒྱན་དྲུག་དང་ལྡན་པ། ཞལ་གཅིག་སྤྱན་གསུམ་པ་ཁྲོ་བᨖའི་ཚུལ་དུ་འདུག་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བསྣམས་པ་རྡོ་རྗེ་སྙེམས་མ་ལ་འཁྱུད་པ། ཡུམ་སྐུ་མདᨖག་ཞལ་ཕྱག་རྒྱན་ཆ་ཡབ་དང་འདྲ་བ། མེ་རིའི་ནང་ན་ཕྱག་ཞབས་གཉིས་ཀས་ཡབ་ལ་འཁྱུད་པ། ཞལ་སྦྱོར་དུ་བཞུགས་པ། དེ་ལྟ་བུའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པᨖ་དངུལ་ཆུའི་མདᨖག་འདྲ་བ་ཞིག་བསམས་ལ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་དཔའ་བᨖ་མཁའ་འགྲᨖ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ།
༄༅།  །དབང་བཞི་རབ་རྫོགས་སྐུ་ལྔ་ལྷུན་གྱིས་གྲུབ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་མངའ་བརྙེས་པའི། །རྗེ་བཙུན་རིན་ཆེན་བིའི་ཞབས་པད་ལ། །ཡང་དག་གུས་པ་མཆོག་གིས་རབ་བཏུད་ནས། །འདུས་པ་གསུམ་ལ་ཉམས་བཞིའི་གདམས་པ་དེ། །རིན་ཆེན་གསུང་སྒྲོས་ཡི་གེར་གསལ་བར་བྱ། །ལམ་འབྲས་ཀྱི་ལུགས་ཀྱི་ནང་ཉམས་མྱོང་མ་སྐྱེས་པར་ཕྱི་སྒྲོ་འདོགས་མི་ཆོད། སྒྲོ་འདོགས་ཆོད་པར་བྱེད་པ་ལ་གཞུང་གདམས་ངག་དང་སྦྱོར་བའི་དུས་སུ་ལུང་དང་མི་སྦྱོར། གཞུང་ལུགས་དང་སྦྱོར་བའི་དུས་སུ་གདམས་ངག་མི་སྦྱོར། ནང་ཉམས་མྱོང་སྐྱེ་བར་བྱེད་པ་ལ། དང་པོ་མཎྜལ་ལ་བརྟེན་ཏེ་ཚོགས་བསགས་པ་དང༌། ཡི་གེ་བརྒྱ་པ་ལ་བརྟེན་ཏེ་སྒྲིབ་པ་སྦྱང་བ་གཉིས་སྔོན་དུ་འགྲོ་བ་ནི། དཔེར་ན་སྣམ་བུ་ཞིག་ཚོས་སུ་འཚོད་པ་ལ་དག་པར་བཀྲུས་ནས་བཙོས་ན་ཚོས་ཁ་གསལ་བ་དང་འདྲ་བར། མི་ཞིག་བླ་ན་མེད་པའི་བྱང་ཆུབ་པར་བྱེད་པ་ལ། ཚོགས་གསོག་པ་དང༌། སྒྲིབ་པ་དག་པར་བྱེད་དགོས་པ་ལ། མཎྜལ་གྱི་དུས་སུ་རང་ཡི་དམ་དུ་བསྒོམ། སྤྱི་བོར་བླ་མ་དྲན་པ་ཙམ་བྱ་གསུང༌། ཁྲིད་རྒྱས་བསྡུས་གང་བྱེད་ཀྱང༌། ཁྲིད་འགོ་ནི་ཡར་གྱི་ཚེས་གསུམ་མམ་ལྔའམ་ཁ་ཡར་ཅིག་ལ་འཇུག །གཏོར་མའང་མཐེབ་སྐྱུ་གསུམ་མམ་ལྔ་པ་བྱ། མཎྜལ་གསུམ་ཡང་འབུལ་ལོ༑ ༑ཡི་གེ་བརྒྱ་པ་ཚར་གསུམ་ཡང་བཟླ། འདིའི་ལུགས་ཀྱི་ཁ་ཡར་ལ་བྱེད་པ་ནི། བླ་མ་ལ་རྟེན་འབྲེལ་གྱིས་བྱེད་པ་མིན་པ་གཞན་མེད་གསུང༌། མདུན་གྱི་ནམ་མཁའ་ལ་བདག་མེད་མ་ལྷ་མོ་བཅོ་ལྔ། རྗེ་བི་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི། སེ་སྟོན་ཀུན་རིག །ཞང་དགོན་པ་བ། བླ་མ་ས་སྐྱ་པ་ཆེན་པོ་རྣམས་བཞུགས་པར་བསམས་ལ། མཎྜལ་ཚོམ་བུ་བདུན་པ་དེ་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་རིན་པོ་ཆེས་གང་བར་བསམ་ཞིང་གྲངས་བཟུང་ནུས་ཚད་འབུལ་བ་ནི་མཎྜལ་ལ་བརྟེན་ཏེ་ཚོགས་བསགས་པའོ། །དེ་ནས་ཡི་གེ་བརྒྱ་པ་ལ་བརྟེན་ཏེ་སྡིག་པ་སྦྱང་བ་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཞབས་གཡོན་བསྐུམ་པ། ཞབས་གཡས་ཀྱི་མཐེ་བོང་རང་གི་ཚངས་བུག་ནས་མར་རེག་གེ་འདུག་པ། དུང་དང་ཀུནྡ་ལྟར་དཀར་བ། རུས་པའི་རྒྱན་དྲུག་དང་ལྡན་པ། ཞལ་གཅིག་སྤྱན་གསུམ་པ་ཁྲོ་བོའི་ཚུལ་དུ་འདུག་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བསྣམས་པ་རྡོ་རྗེ་སྙེམས་མ་ལ་འཁྱུད་པ། ཡུམ་སྐུ་མདོག་ཞལ་ཕྱག་རྒྱན་ཆ་ཡབ་དང་འདྲ་བ། མེ་རིའི་ནང་ན་ཕྱག་ཞབས་གཉིས་ཀས་ཡབ་ལ་འཁྱུད་པ། ཞལ་སྦྱོར་དུ་བཞུགས་པ། དེ་ལྟ་བུའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་འདྲ་བ་ཞིག་བསམས་ལ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། རྡོ་རྗེ་སེམས་དཔའི་ཚངས་བུག་ན་མར་བྱོན། ལུས་ཀྱི་ནང་སྐྱ་ལྟེམ་གྱིས་གང་ནས། ཞབས་གཡས་པའི་ཤ་དང་སེན་མོའི་བར་ནས་རང་གི་ཚངས་བུག་ན་མར་བྱོན། སྡིག་པ་དང་སྒྲིབ་པ་ཁ་དོག་ནག་པོ་སོལ་ཁུ་ལྟ་བུར་ཡོད་པ་དེ་དྲི་ཆེན་དང་དྲི་ཆུའི་ལམ་དང་སོར་མོ་བཅུའི་བར་ན་མར་དེད་པར་བསམ་ཞིང༌། ངག་ཏུ་རྩིས་འཛིན་ལ་ༀ་བཛྲ་སཏྭ་ཧཱུྃ་ནུས་ཚད་བཟླའོ། །དེ་ནས་ཁྲིད་གོང་ལྟར་བྱེད་ཀྱང་བར་ཆད་འོང་ངམ་མི་འོང་གི་རླུང་བལྟ་བ་ནི། རླུང་ཞག་གཅིག་ལ་གཡས་གཡོན་དུ་རྒྱུ་བ་ལན་ལྔ། བལྟ་བའི་དུས་ནི། བླ་མས་བསྟན་པའི་དུས་དེ་རང་དང༌། དོ་ནུབ་ཉལ་བ་དང༌། ནང་པར་སད་པའི་དུས་དང༌། ལམ་མམ་མལ་ནས་བླ་མའི་དྲུང་དུ་འོང་བ་དང༌། བླ་མའི་དྲུང་དུ་ཕྱིན་ནས་བླ་མས་དྲིས་པའི་སྔོན་ལ་བལྟ་བ་དང་ལྔའོ། །དེ་ལ་བལྟ་བ་བླ་མས་དྲིས་པའི་དུས་སུ། དེ་གསུམ་གྱི་གྲངས་མ་ནོར་བར་བླ་མ་ལ་བཟླའོ། །བླ་མས་དེའི་ཚེ་སྲོག་དང་སྒྲུབ་པ་ལ་བར་ཆད་འོང་ངམ་མི་འོང་བལྟ་བ་ནི། ཡི་གེ་བརྒྱ་པ་དང་མཎྜལ་ཡང་མ་ཚང་ན་བར་ཆད་འོང་བས་བླ་མ་ལ་དབང་བསྐུར་ཞུ། ཚང་ན་མི་འོང༌། རླུང་གཡས་སུ་རྒྱུ་བ་མང་ན་ཚེ་ལ་བར་ཆད་འོང༌། སྒྲུབ་པ་ལ་བར་ཆད་འོང་བས། ཁྭ་ཏས་ནུ་མ་བཅུད་ལ་འབོར། །འཕྲལ་དུ་འབྱུང་བ་ངོ་མཚར་ཆེ། །ཞེས་པས་ས་དེར་བསླུ་བའི་ཐབས་ནི། ལག་པ་གཡོན་པས་གཡས་པའི་གྲུ་མོ་ལ་བཟུང་ལ་ནུ་མ་གཡས་པ་མནན་ནས་སམ། ཡ་གཅིག་ཀྱང་ལག་པའི་ཞབས་སུ་བཅུག་ལ་ལག་མཐིལ་འགུམ་པ་ལ་བླན་ཏེ་རླུང་གཡོན་དུ་འཕོའམ་བལྟ། འཕོས་ན་བསླུས་པ་ཡིན་པས་ཕྱིས་རླུང་ཐུན་རེ་མནན་པས་ཆོག་གོ །གཡོན་དུ་མ་འཕོས་ན་མ་བསླུས་པ་ཡིན་པས་ཐབས་གཞན་བྱའོ། །སྔ་ནས་རླུང་རྒྱུ་བ་གཡོན་མང་ན་ཚེ་སྲོག་ལ་བར་ཆད་མི་འོང༌། དེའི་མཎྜལ་བླ་མ་ལ་ཕུལ་བས་ཚོགས་བསགས་པ་དང༌། ཡི་གེ་བརྒྱ་པ་འདོན་པ་ལ་བརྟེན་ནས་སྒྲིབ་པ་སྦྱང་བའོ། །རླུང་གཡས་གཡོན་དུ་རྒྱུ་བ་གོང་གི་ལྟས་ཀྱིས་ཚེ་སྲོག་དང་སྒྲུབ་པ་ལ་བར་ཆད་འོང་ངམ་མི་འོང་བལྟ་བ་དེ་རྟེན་སྒྲུབ་པའོ། །སྒོམ་པ་ལ་སྔོན་དུ་འགྲོ་བའི་ཆོས་དགུ་ནི། དབེན་པ་རྣམ་པ་གསུམ། སྔོན་དུ་འགྲོ་བ་གསུམ། གནད་ལ་དབབ་པ་གསུམ་སྟེ་དགུའོ། །དེ་ལ་དབེན་པ་གསུམ་ནི། ལུས་དབེན་པ་འགྲོ་འདུག་དང༌༑ གཡེང་བ་ངལ་དུབ་སྤང༌། ངག་དབེན་པ་སྨྲ་བརྗོད་དང༌། འདོན་ཟློས་སྤང༌། སེམས་དབེན་པ་ནི། རྣམ་རྟོག་སྤང༌། སྐྱོ་ཤས་བསྐྱེད། གནད་ལ་དབབ་པ་གསུམ་ལ། དང་པོ་ལུས་གནད་ལ་དབབ་པ་ནི། སྟན་ཟླ་ཚང་ཅན། རྒྱབ་སོར་བཞིས་མཐོ་བ། མདུན་སོར་བཞིས་དམའ་བར་བྱས་པའི་སྟེང་དུ། ཁྲག་མཁྲིས་ཅན་ཡིན་ན་མཉམ་པའི་སྐྱིལ་ཀྲུང་བྱ། བསམ་གཏན་གྱི་ཡན་ལག་ལྔས་གནས་པར་བྱ། གྲང་བ་ཅན་ཡིན་ན། ལུས་གཏུམ་མོ་བསྒོམ་པའི་འཁྲུལ་འཁོར་བཞིན་ཙོག་པུར་བསྡད། རྐང་པ་བསྣོལ། ལག་པ་སྒོམ་ཐག་བྱ། དེ་ཁང་པའི་རྨང་བྱེད་པ་དང་འདྲའོ། །སྔོན་དུ་འགྲོ་བ་གསུམ་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ། ཡི་དམ་གྱི་ལྷ་བསྒོམ་པ། བླ་མ་བསྒོམ་པ་དང་གསུམ་མོ། །དང་པོ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ། བདག་གིས་ལམ་འབྲས་བུ་དང་བཅས་པའི་ཁྲིད་བསྒོམ་སྙམ་དུ་བསམས་ལ། ཡི་དམ་བསྒོམ་པ་ནི། ཆུན་ན་ཕོ་བྲང་ལྔའི་ལྷར་སྐད་ཅིག་གིས་གསལ་གདབ། དེ་མ་ཆུན་ན་རིགས་ལྔར་བསྒོམ། དེའང་མ་ཆུན་ན་ཡི་དམ་དུ་བསྒོམ། ཡི་དམ་མེད་ན་དེའི་དོད་པོ་ཐུགས་མི་བསྐྱོད་པའམ་ཁྲོ་བོ་གང་རུང་རུས་པའི་རྒྱན་དྲུག་དང་ལྡན་པ། རོ་མགོ་གཡོན་དུ་བསྟན་པ་ཞིག་གི་གདན་ལ་བཞུགས་པ་གཅིག་ཏུ་བསྒོམ། བླ་མ་བསྒོམ་པ་ནི། སངས་རྒྱས་ཡེ་ཤེས་ཞབས་ཀྱི་གསུང་སྣང་བ་མཐའ་ཡས་དེ་བླ་མའི་ {{TibChung|རེས་གཅིག་ངོ་བོ་ནི་བླ་མ། རྣམ་པ་ནི་མི་བསྐྱོད་པ་རྐྱང་པ་མདུན་གྱི་ནམ་མཁའ་ལ་བསམ་ཡང་གསུངས།}} ངོ་བོ་ཡིན་གསུངས། རྗེ་བི་པས་ཐུགས་མི་བསྐྱོད་པ་བླ་མའི་ངོ་བོ་ཡིན་གསུངས་པས། འདིར་ཐུགས་མི་བསྐྱོད་པ་བསྒོམ་པ་ནི། རང་གི་ཐུགས་ཀའི་ཉི་མའམ་ཟླ་བའི་སྟེང་ན་ཧཱུྃ་གནས་པ་ལས་འོད་འཕྲོས་ནས་རང་བཞིན་གྱི་གནས་ནས་ངོ་བོ་ནི་བླ་མ། རྣམ་པ་ནི་མི་བསྐྱོད་པ་ཡབ་ཡུམ་གཉིས་ཀྱི། ཡབ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་ནས། ཡུམ་མཱ་མ་ཀི་ལ་འཁྱུད་པ། རུས་པའི་རྒྱན་དྲུག་དང་ལྡན་པ། སྤྱན་གསུམ་པ་ཡུམ་ཡང་ཞལ་གཅིག་སྤྱན་གསུམ་པ། ཕྱག་གཉིས་ཀྱི་གཡས་གྲི་གུག །གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ལྔ་དང་ལྡན་པ། དེ་ལྟ་བུ་ཞིག་སྤྱན་དྲངས་ལ། མདུན་གྱི་ནམ་མཁའ་ལ་བསམས་ལ་ {{TibChung|རེས་གཅིག་མི་བསྐྱོད་པ་རྐྱང་པ་བསམས་ལ། ལུས་ལོངས་སྤྱོད་ཕུལ་ནས། རང་གི་སྤྱི་བོར་ཐིམ་པ་ལ་བླ་མ་རཏྣ་གསུམ་གྱི་ངོ་བོ་ཡིན་ཨང་སྙམ་པས་ཆོག་ཀྱང་རེས་གཅིག་གསུངས།}} ཕྱི་ནང་དེ་ཁོ་ན་ཉིད་ཀྱི་མཆོད་པ་གསུམ་འབུལ་བ་ནི། ཕྱིའི་མཆོད་པ་རང་གི་ཐུགས་ཀའི་ས་བོན་ལས་མར་མེ་ལ་སོགས་པ་སྤྲོས་ནས་མཆོད་པར་བསམ། ནང་གི་མཆོད་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་མཁའ་འགྲོ་མ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ་རྣམས་སྤྲོས་ནས་ཤ་ལྔ་བདུད་རྩི་ལྔ་སྤྲོས་ནས་མཆོད་པར་བསམ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཡབ་ཡུམ་སྙོམས་འཇུག་ཏུ་བཞུགས་པར་བསམ་པ་ནི་བདེ་བའི་མཆོད་པའོ། །དེ་ནས་ཡིད་ཀྱིས་ནི། བླ་མ་མི་བསྐྱོད་པའི་རྣམ་པ་ཅན་དེ་རང་གི་སྤྱི་བོ་ན་མར་ཐིམ་ནས། མར་མེས་མུན་པ་བསལ་བ་བཞིན་དུ་རང་ལྷར་གསལ་བར་བསམ། ངག་ཏུ་ནི། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་ཡང་ནི་དགེ་འདུན་ཡིན། །ཨང་སྙམ་པ་ལན་གསུམ་བསམ། དེ་ནི་སྔོན་དུ་འགྲོ་བ་གསུམ་མོ། །གནད་ལ་དབབ་པ་གསུམ་གྱི། ལུས་གནད་ལ་དབབ་པ་གོང་དུ་ཐལ། གཉིས་པ་ངག་གནད་ལ་དབབ་པ་ནི། གཡས་གཡོན་གྱི་ཕྲག་གོང་མཐོང་བར་སྐེ་གཅུ་ལ་སྣ་སྒོར་ལན་གསུམ་དྲག་ཏུ་བུས་པས། རྩའི་སྐྱོན་བསལ་བ་ནི། ཁང་པ་ཕྱག་བདར་བྱེད་པ་དང་འདྲའོ། །གསུམ་པ་སེམས་ཞི་བ་ལྷུག་པར་ལ་ཤོག་ཙམ་བཞག་པ་ནི། རྟ་ལ་ཤུགས་འབྱིན་པ་དང་འདྲ་སྟེ༑ སེམས་གནད་ལ་དབབ་པའོ། །དེ་ནི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་དགུའོ། །ད་བསྒོམ་པ་ནི། ཁམས་འདུས་པ་དང་པོ་ལ། རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད། ཁམས་འདུས་པ་བར་པ་ལ། ཐིག་ལེ་བདེ་སྟོང་གི་ལམ་ཁྲིད༑ ཁམས་འདུས་པ་ཐ་མ་ལ། གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པའོ། །འདུས་པ་དང་པོ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་ཁྲིད་པ་ནི། ཞི་བ་ལྷུག་པ་ལ་བཞག་པའི་རྟིང་ལ། རླུང་ཕྱིར་རྒྱུ་བ་ནས་མགོ་བཙུགས་ནས། ཕྱིར་རྒྱུས་ནང་དུ་རྒྱུས་སྙམ་པར་བསམ་པ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འཇོག་ཁར་ནང་དུ་རྒྱུས་པ་ལ་བཞག་གོ །རླུང་རྒྱུ་བ་བསམ་པ་ལ་རྔན་དགས་སྦྱིན་པ་ཟེར་གསུངས། སྔོན་དུ་འགྲོ་བ་དགུ་པོ་བྱས་པའི་རྟིང་ལ་རླུང་གི་འགྲོ་ལྡོག་མི་བརྩི་བར་ཕྱིར་རིང་དུ་རྒྱུས། ཕྱིར་རིང་དུ་རྒྱུས་སྙམ་པ་བཅུ། ནང་དུ་རྒྱུས་སྙམ་པ་རེ། དེ་བཞིན་དུ་སྒ་ར་ར་ཡིད་ཀྱིས་བསམས་ལ། སྒོམ་ཙམ་ན་ཕྱིར་རྒྱུས་པ་ནས་མགོ་གཟུགས།འཇོག་ཙམ་ན་ནང་དུ་རྒྱུས་པ་ལ་བཞག་གོ །དེ་ལྟར་ཐུན་གྲངས་དང༌། ཐུན་མཚམས་མེད་པར་བྱའོ། །དེ་ནི་སྐྱོན་ཅན་ཕྱིར་འདོན་པའོ། །ད་ནི་སྐྱོན་ཅན་ནང་དུ་སྦ་བ་བྱ་བ་ཡིན་པས། སྔོན་འགྲོ་དགུ་པོ་འདི་ནམ་ཡང་དགོས་པས། དེ་སྔོན་དུ་སོང་བའི་རྗེས་ལ་ནང་དུ་རྒྱུས་པར་བསམ་པ་ནས་མགོ་བཙུགས་ལ་ནང་དུ་རིང་དུ་རྒྱུས། ནང་དུ་རིང་དུ་རྒྱུས་སྙམ་པ་བཅུ་བཅུ། ཕྱིར་ཐུང་དུ་རྒྱུས་སྙམ་པ་ {{TibChung|ཡང་རེ་ཞིག་སེམས་མ་ཟིན་ནའང༌། འདི་ལྟར་ཡང་བྱ་གསུངས་པས། རླུང་ལྔའི་ཁ་དོག་དང་མེའི་ཁ་དོག་དང་སྦྱར་ལ་མེ་ཁ་དོག་དཀར་པོ་ལ་ཆུ་རླུང་འཛིན་དུ་གཞུག །གཞན་ལ་དེས་འགྲེའོ། །འདི་པའི་ལུགས་ནི་མིན་གསུངས།}} རེ་རེ་བྱ། འཇོག་ཙམ་ན་ནང་དུ་རིང་དུ་རྒྱུས་པ་ལ་བཞག་གོ །འདི་པའི་ལུགས་ཀྱིས་ཉམས་སུ་ལེན་པའི་དུས་སུ་སྲོག་རྩོལ་འདིའི་མིང་ནི་རྔན་དགས་རིམ་གྱིས་སྦྱིན་པ་ཟེར། གཞན་དུ་ནི་སྲོག་གི་རྣལ་འབྱོར་ཞེས་ཟེར། སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ལ་བཞི་སྟེ། སེམས་གནས་པའི་གདམས་ངག་སྐྱོན་གང་སྐྱེ་བ་དང༌། ཏིང་ངེ་འཛིན་གང་སྐྱེ་བ་དང༌། མཐར་ཕྱིན་པའི་ཚད་དོ། །དེ་ལ་གོང་གི་དམིགས་པ་གསུམ་པོའམ་རེ་རེ་ལའང་བཞི་ཀ་ཚང་སྟེ། གསུམ་ཀ་བསྡུས་ན། སེམས་གནས་པའི་གདམས་ངག་ཡིན། རླུང་རྒྱུ་བ་བསམ་པ་ཙམ་གྱིས་སེམས་ཟིན་པ་འཇུག་པ་སེལ་བའི་ལམ། གནས་པ་དེའང་སྟོང་སངས་ཀྱིས་སོང་ན་ཆགས་པ་གཅོད་པའི་ལམ། དེའི་ངང་ལ་དུ་བ། སྨིག་རྒྱུ་ལ་སོགས་པ་མཐོང་ན་བྱང་ཆུབ་ཆེན་པོ་ཟུང་འཇུག་གི་ལམ། སྐྱོན་གང་སེལ་ན། སྲོག་དང་རྩོལ་བ་བསྒོམས་པས་འཆི་བ་བསླུ། སྲོག་དང་རྩོལ་བ་གང་ཞེ་ན། གཡས་ནས་རྒྱུ་བ་རྩོལ་བ། གཡོན་ནས་རྒྱུ་བ་སྲོག  །ཕྱིར་རྒྱུ་བ་རྩོལ་བ། ནང་དུ་རྒྱུ་བ་སྲོག་གོ །ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་པོ་གང་རུང་སྐྱེ་གསུང་། མཐར་ཕྱིན་པའི་ཚད་ནི། རྒྱུ་བ་ངེས་པ་དང༌། རྣམ་པ་གསལ་བ་གཉིས་ཏེ། སྲོག་དང་རྩོལ་བ་གོམས་ནས། ས་རླུང་རྒྱུ་བའི་དུས་སུ་ས་རླུང་རྒྱུས་སྙམ་པ་ནི་རྒྱུ་བ་ངེས་པ། དེའི་དུས་སུ་རླུང་ཁ་དོག་སེར་པོར་མཐོང་བ་ནི་རྣམ་པ་གསལ་བའོ། །མེ་རླུང་ལ་སོགས་པ་བཞི་པོའང་དེས་འགྲེའོ། །དེའི་དུས་སུ་ཞི་རྒྱས་དབང་དྲག་གི་ལས་གང་བསྒྲུབ་ཀྱང་འགྲུབ་བོ། །རྒྱས་པར་བསྒྲུབ་པར་འདོད་ན། ས་རླུང་རྒྱུ་བའི་དུས་སུ་ {{TibChung|སྔགས་དང་ཐབས་གཞན་གང་ཡང་མི་དགོས་པར༑}} གོང་བཞིན་བྱའོ། །ཞི་བར་འདོད་ན་ཆུ་རླུང་རྒྱུ་བའི་དུས་སུ། གང་དང་གང་ཡིན་པ་དབང་དུ་བྱ་བར་འདོད་ན། མེ་རླུང་རྒྱུ་བའི་དུས་སུ་གོང་བཞིན་བྱའོ། །དྲག་པོའི་ལས་གང་བསྒྲུབ་པར་འདོད་ཀྱང་རླུང་གི་རླུང་དང༌། ནམ་མཁའི་རླུང་རྒྱུ་བའི་དུས་སུ་གང་རྒྱས་པར་འདོད་པ་དེ་རྒྱས་པར་བསམས་ནས། རླུག་མནན་པས་ཆོག་གསུངས། གོང་བཞིན་དུ་བྱས་ན། དྲག་པོའི་ལས་གང་ཡང་འགྲུབ་པར་འགྱུར་རོ། །སྔོན་དུ་འགྲོ་བ་དགུ་པོ་བྱས་པའི་རྗེས་ལ། གཡས་ཀྱི་མཛུབ་གུས་སྣ་བུག་གཡས་མནན་ལ། རླུང་སྣ་བུག་གཡོན་ན་ཕར་ལ་འཕུལ་ཞིང་ཕར་བཀག །དམིགས་པ་སྣ་བུག་གཡོན་པའི་ནང་དུ་གཏད། མ་ཐུབ་ཙམ་ན་སྣ་ནང་ཚུར་ལ་ཧྲིལ་ཧྲིལ་གཏོང་ངོ༌༑ ༑འདིའི་མིང་ནི་རྩོལ་བ་བཀག་སྟེ་སྲོག་ནས་འདོན་པའོ། །འདི་ལའང་བཞི་སྟེ། རླུང་གནས་པའི་གདམས་ངག་ནི། རྩོལ་བ་བཀག་སྟེ་སྲོག་ནས་འདོད་པ་དེ་རང་ཡིན། སྐྱོན་གང་སེལ་ན་མཁར་ཁང་ཞིག་པ་ལ་སོགས་པའི་ཡེ་འདྲོགས་གློ་བུར་སེལ། ཏིང་ངེ་འཛིན་གང་སྐྱེ་ན་བདེ་དྲོད་སྐྱེ། མཐར་ཕྱིན་པའི་ཚད་ནི། རླུང་ཕར་ལ་བཀག་ནས་ཚུར་ལ་འོང་རྒྱུ་མེད་ན། རླུང་རང་གནས་སུ་ཞི་བ་ཡིན་ཏེ་མཐར་ཕྱིན་པའི་ཚད་དོ། །དེ་ཡང་སྔོན་འགྲོ་དགུ་པོ་བྱས་པའི་རྗེས་ལ། སྣ་གཉིས་ཀ་ནས་ཕར་ལ་རླུང་འཕུལ་ཞིང་བཏང༌། དམིགས་པ་སྨིན་མཚམས་སུ་འདི་ལ་གཏད་ཟེར་རྒྱུ་མེད་པར་གཏད་ལ། རླུང་ཕར་བཀག་མ་ཐུབ་ན། སྣ་གཉིས་ནས་ཚུན་ལ་ཧྲིལ་ཧྲིལ་བཏང་ངོ་། །དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །ལར་འདིའི་རེ་རེ་ལའང་བླ་མས་བཞི་བཞིར་བྱེད་དེ་མིང་དང་ལྔར་འདུག་གསུངས། འདིའི་མིང་ནི་ཤུགས་བསྐྱེད་དེ་གཉིས་ཀ་ནས་གདོན་པའོ། །འདི་ལ་བཞི། སེམས་གནས་པའི་གདམས་ངག་འདི་རང་ཡིན། སྐྱོན་གང་སེལ་ན་འགོ་བའི་ནད་ཐམས་ཅད་སེལ། ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་པོ་གང་རུང་སྐྱེ། མཐར་ཕྱིན་པའི་ཚད་ནི། རླུང་ཕར་མནན་ནས་ཚུར་ལའང་རྒྱུ་བ་མེད་པར་རང་གནས་སུ་ཞི་བ་སྟེ་མཐར་ཕྱིན་པའི་ཚད་དོ། །སྔོན་འགྲོ་བྱས་པའི་རྗེས་ལ། ཁ་ནས་སྒྲ་བཅས་སུ་འདོན་པ་སྟེ། སོ་བར་དུ་རྟ་རྔ་ཐར་བ་ཙམ་བྱས་ལ་སི་ཞེས་ཕར་ལ་རླུང་མནན། སེམས་མི་རྟོག་པ་ལ་དམིགས། རླུང་མ་ཐུབ་ཙམ་ན་ཁ་ན་ཚུར་ལ་ཧྲིལ་ཧྲིལ་བཏང་ངོ་། །འདི་ལའང་སེམས་གནས་པའི་གདམས་ངག་ཁ་ནས་སྒྲ་བཅས་སུ་འདོན་པ་དེ་རང་ཡིན། སྐྱོན་གང་སེལ་ན། ཁྲག་མཁྲིས་ཀྱི་ན་ཚ་སེལ། དེའང་ཁོ་བོས་མྱང་བས་གྲུབ་པས་ཁམས་མ་བདེ། ཚད་པ་སྐྱེས་པའི་དུས་སུ་ཐུན་རེ་བསྒོམ་ཙ་ན་བསིལ་སིང་སིང་བྱུང་གསུངས། ཡོན་ཏན་ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་པོ་གང་རུང་སྐྱེ་ཟེར་ཏེ། ཁོ་བོས་འདི་ཙུག་བསྒོམས་ཙམ་ན་བདེ་བས་བསྡུས་པའི་གསལ་བ་དེ་སྐྱེ་བར་འདུག་གསུངས། མཐར་ཕྱིན་པའི་ཚད་ནི། རླུང་རང་གནས་སུ་ཞི་བ་སྟེ་གོང་དང་མཐུན། དེར་སྲོག་དང་རྩོལ་བའི་རྒྱུ་བ་རྣམ་པ་གསུམ་དང་གཅིག །ཕྱིར་འདོན་པ་རྣམ་པ་གསུམ་ཐལ། ད་དགང་བ་གཉིས་ཀྱི་དང་པོ་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་ནི། སྔོན་དུ་འགྲོ་བ་བྱས་པའི་རྗེས་ལ་སྣ་བུག་གཡས་པ་མཛུ་གུས་མནན་ལ། རླུང་སྣ་བུག་གཡོན་པ་ནས་ཚུར་ལ་དགང༌། དམིགས་པ་སྣ་ཕོར་ནང་དུ་གཏད་ཅིང་བསྒོམ་མོ། །འདི་ལའང་སེམས་གནས་པའི་གདམས་ངག་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་དེ་རང་ཡིན། ཕྲིན་ལས་བཞི་གང་བྱེད་ན། ཐོག་བབས་པའམ་ཁང་པ་ཞིག་པ་ལ་སོགས་པ་ཡེ་འདྲོག་གློ་བུར་བ་སེལ། ཏིང་ངེ་འཛིན་གང་སྐྱེ་ན། བདེ་དྲོད་གཉིས་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་ཏེ་གོང་དང་མཐུན། གཉིས་པ་ཁ་ནས་སྒྲ་མེད་དུ་དགང་བ་ནི། སྔོན་འགྲོ་དགུ་པོ་བྱས་པའི་རྗེས་ལ། རང་གི་ལྟེ་བའི་རྩ་འདབ་ཀྱི་དབུས་སུ་རྩ་གྲུ་གསུམ་དམར་པོ་ནང་སྟོང་པ་ཞིག་བསམ། དེའི་ནང་དུ་རྩ་སྒོ་ང་གཏུབ་པའི་ཕྱེད་ཚལ་ལྟ་བུ་ཕྱི་དཀར་ལ་ནང་དམར་བ་ཞིག་བསམ། དེའི་ནང་གི་ནམ་མཁའ་སྟོང་པ། མར་སྒོ་ང་ལ་མ་རེག་པའི་ནང་དུ་ཡིན། ཨ་ཐུང་ཡིན་པའི་ཨ་ཤད་སེར་པོ་ཞིག་བསམས་ལ། རང་གི་སོ་བར་དུ་རྟ་རྔ་ཐར་ཙམ་བྱ། རླུང་ཁ་ན་ཚུར་ལ་དགང་ཞིང༌། ཨ་ཤད་ལ་ཐིམ་པར་བསམ་པ་མིན་པའི་རླུང་གི་ཁ་དོག་ནི་མི་བསམ་གསུངས། རླུང་དགང་ཟིན་པ་དང༌། ཨ་ཤད་ལ་དམིགས་ལ་རླུང་མནན་མ་ཐུབ་ན་སྣར་མི་བཏང་ལ་ཁ་ནས་ཕར་ལ་བཏང༌། དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །འདི་ལའང་བཞི། རླུང་གནས་པའི་གདམས་ངག །ཁ་ནས་སྒྲ་མེད་དུ་དགང་བ་དེ་ཡིན། སྐྱོན་གང་སེལ་ན། སྐྲན་དང་མ་ཞུ་བ་སེལ། ཡོན་ཏན་ཏིང་ངེ་འཛིན་གང་བསྐྱེད་ན། ཉམས་བཅོ་ལྔ་པོ་གང་རུང་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་ཏེ་གོང་དང་མཐུན། རྦ་རླབས་གསུམ་གྱི་དང་པོ་འོག་སྒོ་བསྐྱོད་པ་ལུས་ཀྱི་རྦ་རླབས་བསྒོམ་པ་ནི། ལུས་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་བྱ། སྒལ་ཚིགས་བསྲང༌། མིག་སྣ་རྩེར་ཕབ་ལ་འདིར་ཙོག་པུ་མི་བྱ། སྔོན་འགྲོ་གཞན་གོང་དང་མཐུན། དེ་བརླ་གཡས་པ་དང་པོ་གཡོན་དུ་ཚུར་ལ་བསྐྱོད། དེ་ནས་གཡོན་པ་ཚུར་ལ་གཡས་སུ་བསྐྱོད་པས་རླུང་ངན་ཕྱིར་སོང་ནས་འོག་སྒོ། འོག་རླུང་རང་སོ་བཟུང་བ་ཞེས་བྱ་བས། ད་རུང་འོག་རླུང་ཡར་མི་འཐེན་པར་རང་སོར་བཟུང༌། ཚུར་དམ་དུ་འོང༌། དེ་ནས་རླུང་སྣ་ནས་ཚུར་ལ་རྔུབས་ལ་རང་གི་ལྟེ་བ་ན་རྩ་མདུད་གྲུ་གསུམ་གློ་ན་ཚུར་བུ་ག་སྔོ་སེང་ངེ་བ་ཞིག་ཡོད་པར་བསམས་ལ་དམིགས་པ་དེ་ལ་གཏད། རླུང་སྟེང་འོག་ཁ་སྦྱར། ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། རླུང་ཕར་གཏོང་བའི་དུས་སུའང་སྣ་ནས་ཕར་བཏང༌། ཚངས་བུག་ཏུ་འགྲོ་བར་བསམ་ཡང་མི་དགོས་གསུངས། འདིའི་མིང་ནི། རྒྱ་གར་སྐད་དུ། ཞི་བ་ཤཱནྟི་ཀ། བོད་སྐད་དུ། ཁ་སྦྱོར་རམ། བུམ་པ་ཅན་ཞེས་བྱའོ། །འདི་ལའང་བཞི། རླུང་གནས་པའི་གདམས་ངག །ཞི་བ་ཤཱནྟི་ཀ་དེ་རང་ཡིན། སྐྱོན་གང་སེལ་ན། རྣལ་མར་བསྒོམས་ན་ནད་འདུ་བ་རྣམ་བཞི་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་འགྲོ། ཡོན་ཏན་ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་མ་ལུས་པ་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་པས་སྟེང་འོག་ཁ་སྦྱོར་ཞིང་བསྒོམས་པས་ཕྱིར་འོང་རྒྱུ་མེད་པ་ཡིན་ཏེ་གོང་དང་མཐུན། འདི་ལའང་ཞག་མང་བར་ཁྲིད་བྱས་ན། དང་པོ་སྐྱིལ་ཀྲུང་ལ་ཞག་གསུམ་ཁྲིད། དེ་ནས་ཕྱིན་གན་དུ་ཉལ་ཞིང་བསྒོམ་པ་ལ་ཞག་གསུམ་དུ་ཁྲིད་ {{TibChung|ཡང་རེས་གཅིག་སེམས་ཞི་བ་ལྷུག་པར་བཞག་ལ། རྐང་པ་སྐྱིལ་ཀྲུང་བྱས་ལ། ལག་པ་གཡས་མདུན་དུ། གཡོན་རྒྱབ་ཏུ་བརྐྱངས། རེས་ཅུང་ཞིག་གཅུ་ཞིང་ཡང་བརྐྱངས། རེས་གཡོན་མདུན་དུ། གཡས་རྒྱབ་ཏུ། དེ་བཞིན་བྱ། དེ་ནས་རྐང་པ་གཡོན་མདུན་དུ། གཡས་རྒྱབ་ཏུ། དེ་བཞིན་བྱ། དེ་ནས་རྐང་པ་གཉིས་ཀྱང་གཡུགས་ཤིང་རྐྱོང་རེས་བྱ། དེ་ལྟར་བྱེད་དུས་སུ་རྩ་ཆད་དོགས་ཡོད་པས། རླུང་ཅུང་ཞིག་བསྡམ་པ་གལ་ཆེ་གསུངས། ཞི་བ་ཤཱནྟི་ཀའི་རིགས་གཅིག་ཡིན་གསུངས།}} དོ། །འདི་ལ་གནད་གསུམ་མ་འཁྲུལ་བ་གལ་ཆེ་གསུངས་པས། གནད་གསུམ་ནི། ཁ་ནས་དགང་རྒྱུ་སྣ་ནས་ཚུར་ལ་བཀག་ནའང་འཁྲུལ། ཁ་ནས་གདོན་རྒྱུ་སྣ་ནས་བཏོན་ནའང་འཁྲུལ། སྣ་ནས་དགང་རྒྱུ་ཁ་ནས་བཀང་ནའང་འཁྲུལ།  སྣ་ནས་གདོན་རྒྱུ་ཁ་ནས་གཏོང་ནའང་འཁྲུལ། སྲོག་ནས་དགང་རྒྱུ་རྩོལ་བ་ནས་བཀང་ནའང་འཁྲུལ། སྲོག་ནས་བཏོན་རྒྱུ་རྩོལ་བ་ནས་བཏོན་ནའང་འཁྲུལ་པས་དེ་མ་འཁྲུལ་བ་གལ་ཆེ་གསུངས། ཡང་ན་འཁྲུལ་པའི་གནད། མ་འཁྲུལ་པའི་གནད། ཡོན་ཏན་ཁྱད་པར་ཅན་གྱི་གནད་དང་གསུམ་ལས། དང་པོ་འཁྲུལ་བའི་གནད་ནི། འོག་རླུང་ཡར་འཐེན་ཡང་མ་ཟིན། སྟེང་རླུང་མར་མནན་ཡང་མ་ཟིན་ན་འཁྲུལ་པའི་གནད་ཡིན། འོག་རླུང་ཡར་ལ་འཐེན་ཡང་ཟིན། སྟེང་རླུང་མར་ལ་མནན་ཡང་ཟིན། མ་འཁྲུལ་པའི་གནད་ཡིན། འོག་རླུང་ཡར་འཐེན་པ་ཙམ་གྱིས་སྟེང་རླུང་ཡང་ཟིན། སྟེང་རླུང་མར་མནན་པ་ཙམ་གྱིས་འོག་རླུང་ཡང་ཟིན་ན༑ ཡོན་ཏན་ཁྱད་པར་ཅན་གྱི་གནད་ཡིན། དེར་དེ་ཡན་ཆོད་དུ་ཅི་ཐལ་ན། སྲོག་དང་རྩོལ་བའི་རྒྱུ་བ་རྣམ་པ་གསུམ་གཅིག་ཏུ་བརྩི་བ་དང་གཅིག །རྩོལ་བ་བཀག་སྟེ་སྲོག་ནས་གདོན་པ། ཤུགས་བསྐྱེད་དེ་གཉིས་ཀ་ནས་གདོན་པ། ཁ་ནས་སྒྲ་བཅས་སུ་གདོན་པ་དང་གདོན་པ་རིགས་གསུམ། ཁ་ནས་སྒྲ་མེད་དུ་དགང་བ་དང༌། རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་དང་དགང་བ་རིགས་གཉིས། ཁ་སྦྱོར་ཞིང་ཤཱན་ཏི་ཀའི་རླུང་གནས་པའི་ཡན་ལག་ཡིན་པ་དང་བདུན་གྱིས། ལམ་ན་བཞི། སྦྱོར་བ་ན་རྣམ་པ་བདུན་ཐལ། འདུས་པ་དང་པོ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པའི་རླུང་གི་སྦྱོར་བ་བདུན་ཐལ། {{TibChung|རེས་གཅིག་རིམ་གྱིས་ཁྲིད་པས་ཁ་སྦྱོར་ཞི་བ་ཤཱན་ཏི་ཀའི་རིང་ལ་ལམ་བཞི་བསྒོམ་པས་ཉམས་བཞི་སྐྱེད་པར་བྱེད་པ་ཁྲིད་པ་ནི། རང་ཡི་དམ་གྱི་ཐུགས་ཀར་ཧཱུྃ་མཐིང་ནག་ཅིག་བསམ། དེ་གྱུར་པ་ལས་མི་བསྐྱོད་པ་ཡབ་ཡུམ་དུ་བསམ་པའི་ཡབ་ཀྱི་སྤྱན་དབུས་ལ་དམིགས་པ་གཏད་ཅིང་ཡང་ཡང་བསྒོམ། རླུང་མི་བསྒོམ་ཡང་གསུངས། རེས་གཅིག་མི་བསྐྱོད་པའི་སྤྱན་དབུས་མ་ལ་གཏད་ཅིང་བསྒོམས་པའི་རྟིང་ལ། ལུས་སྟོང་པའི་ནང་དུ་མེ་དམར་སྐྱ་བསྒོམ་ཡང་གསུངས།}} དབའ་རླབས་གསུམ་གྱི་འོག་སྒོ་བསྐྱོད་པ་ལུས་ཀྱི་རྦ་རླབས་ཐལ། ཏིང་ངེ་འཛིན་སེམས་ཀྱི་དབའ་རླབས་དབང་གསུམ་པའི་སྐབས་སུ་འོང་འདིར་མི་འོང༌། ངག་ཞི་རགས་འདྲེན་པ་ངག་གིས་དབའ་རླབས་བསྒོམ་པ་ནི། སྔོན་དུ་འགྲོ་བ་བྱས་པའི་རྗེས་ལ་སྐྱིལ་ཀྲུང་མི་བྱ། ཙོག་པུར་བསྡད་པའི་པུས་མོའི་བར་ལ་མར་ལ་མགོ་གཏད་ལ། ངག་ཏུ་ཧཱུྃ་ཞེས་ཞི་བ་དྲངས་ལ། མགོ་ཇེ་བཀྱག་ལ་
རྡོ་རྗེ་སེམས་དཔའི་ཚངས་བུག་ན་མར་བྱོན། ལུས་ཀྱི་ནང་སྐྱ་ལྟེམ་གྱིས་གང་ནས། ཞབས་གཡས་པའི་ཤ་དང་སེན་མᨖའི་བར་ནས་རང་གི་ཚངས་བུག་ན་མར་བྱོན། སྡིག་པ་དང་སྒྲིབ་པ་ཁ་དᨖག་ནག་པᨖ་སོལ་ཁུ་ལྟ་བུར་ཡོད་པ་དེ་དྲི་ཆེན་དང་དྲི་ཆུའི་ལམ་དང་སོར་མᨖ་བཅུའི་བར་ན་མར་དེད་པར་བསམ་ཞིང༌། ངག་ཏུ་རྩིས་འཛᨑན་ལ་ༀ་བཛྲ་སཏྭ་ཧཱུྃ་ནུས་ཚད་བཟླའོ། །དེ་ནས་ཁྲིད་གོང་ལྟར་བྱེད་ཀྱང་བར་ཆད་འོང་ངམ་མི་འོང་གི་རླུང་བལྟ་བ་ནི།  
བཏང་ངོ༌། །གཡས་དང་གཡོན་དུ་ཡང་དེ་ལྟར་ཞི་བ་དྲང་ངོ༌། །ཡང་པུས་མོ་གཉིས་ཀྱི་བར་ན་ཧཱུྃ་ཞེས་རགས་པ་དྲང་ངོ༌། །གཡས་དང་གཡོན་དུའང་དེ་ལྟར་རགས་པ་དྲང་ངོ༌། །ཁམས་སྙོམས་མ་སྙོམས་བྱུང་ན། ཁམས་དང་སྦྱང་ལ་རགས་པ་བཞག་ལ་ཞི་བ་དྲང༌། དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འདི་མན་ཆད་ལ་སྐྱོན་ཡོན་གྱི་བཤད་པ་མེད་གསུངས། སྔོན་འགྲོ་དགུ་པོ་མ་ལུས་པར་བྱས་པའི་རྗེས་ལ། རང་གི་སྙིང་དེ་སྟོང་པར་བསམ་པའི་ནང་དུ་ཐུགས་མི་བསྐྱོད་པ་སྐུ་མདོག་མཐིང་ནག་ཞལ་གཅིག །སྤྱན་གསུམ་པ་ཕུག་རོན་གྱི་མིག་འདྲ་བ་དམར་ཀྱི་ལི་བ། མཆེ་བ་བཞི་གཙིགས་པ། རལ་པའི་ཅོད་པན་ཅན། ཕྱག་གཉིས་ཀྱི་གཡས་རྡོ་རྗེ། གཡོན་དྲིལ་བུ་རྡོ་རྗེ་ལ་ཡུ་བ་བྱས་པ་བསྣམས་ནས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱངས། གཡོན་བསྐུམས་ནས། སྙིང་སྟོང་པར་ཟེར་ཀྱང་པདྨ་འདབ་བརྒྱད་དུ་ཡོད་པ་ལ་བྱས་ནས་བཞུགས་པ། རུས་པའི་རྒྱན་དྲུག་དང་ལྡན་པ་དེ་ལྟ་བུ་ལ་ཡུམ་ཆུ་ཡོངས་སུ་དག་པ་མཱ་མ་ཀི་ཡང་སྐུ་མདོག་ཞལ་སྤྱན་མཆེ་བ་ཡབ་དང་འདྲ་བ་ཕྱག་གཉིས་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ལྔ་དང་ལྡན་པའི་ཡུམ་དེ་ལྟ་བུ་དང་སྙོམས་པར་འཇུག་པར་བསམ་པའམ། མི་བསྐྱོད་པ་ཐུགས་ཀར་བསམ་པ་ལ་དམིགས་ལ་རླུང་སྟེང་འོག་ཁ་སྦྱར་ལ་གོང་བཞིན་བསྒོམ་མོ། །སྔོན་འགྲོ་བྱས་པའི་རྗེས་ལ་རང་གི་མགྲིན་པར་གསུང་སྣང་བ་མཐའ་ཡས་སྐུ་མདོག་དམར་བ། ཕྱག་གཡས་ན་པདྨ། གཡོན་ན་པདྨས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་མེ་ན་བཟའ་དཀར་མོ་ལ་འཁྱུད་པ། གཞན་ཡབ་ཡུམ་གྱི་ཞལ་ཕྱག་རྒྱན་ཆ་ལུགས་ཐམས་ཅད་གོང་དང་མཐུན་ནོ། །{{TibChung|སྒོམ་ལུགས་ཀྱང་གོང་དང་མཐུན།}} སྤྱི་བོར་སྐུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཕྱག་གཡས་ན་འཁོར་ལོ་དཀར་པོ། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣོམས་ནས་ཡུམ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པ། འདིའི་ཡང་ཡབ་ཡུམ་ཐམས་ཅད་རྒྱན་ཆ་ལུགས་ཞལ་ཕྱག་སྒོམ་ཐབས་ཐམས་ཅད་གོང་དང་མཐུན་ནོ། །ལྟེ་བ་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་བཙོ་མ་འདྲ་བ་ཕྱག་གཡས་རིན་པོ་ཆེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་ས་རྣམ་པར་དག་པ་སྤྱན་མ་ལ་འཁྱུད་པ། འདིའི་ཡང་རླུང་གི་སྒོམ་ཐབས་ཐམས་ཅད་གོང་དང་མཐུན་ནོ། །གསང་གནས་སུ་དོན་ཡོད་གྲུབ་པ་སྐུ་མདོག་སྔོན་པོ་ཕྱག་གཡས་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་རླུང་དམ་ཚིག་སྒྲོལ་མ་ལ་འཁྱུད་པ། གཞན་ཡབ་ཡུམ་གྱི་ཞལ་ཕྱག་རྒྱན་ཆ་ལུགས་བཞུགས་ཚུལ། རླུང་གི་སྒོམ་ཐབས་སྔོན་འགྲོ་ཐམས་ཅད་གོང་གི་མི་བསྐྱོད་པའི་སྒོམ་ཐབས་དང་འདྲ། ཡུམ་ཐམས་ཅད་ཁ་དོག་རང་རང་གི་ཡབ་དང་འདྲ། ཀུན་གྱིས་ཀྱང་གཡས་གྲི་གུག །གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ་ཡིན། ཁྲིད་ཡུན་རིང་དུ་བྱེད་ན། འདི་རྣམས་རེ་རེ་ལའང་ཞག་གསུམ། འབྲིང་ལྔ། ཐ་མ་དགུ། དེ་ཙམ་བྱེད་པ་ཡིན། {{TibChung|ཡང་རེས་གཅིག་དེ་ལྟར་མི་གསལ་ན། གེགས་སེལ་ཡིན་པས་འདི་ལྟར་བྱ་གསུངས་པས། ཡི་དམ་དུ་གསལ་གདབ་པའི་སྤྱི་བོར་བླ་མ་བསྟིམ་པས་ལྟེ་བར་ཨ་སེར་པོ། ཐུགས་གར་ཧཱུྃ་སྔོན་པོ། མགྲིན་པར་ཨཱཿ དམར་པོ། སྤྱི་བོར་ༀ་དཀར་པོ། གསང་གནས་སུ་ཏཱྃ་ལྗང་གུ་དེ་རྣམས་ཀྱུར་གྱིས་གྱུར་པ་ལས། རིན་འབྱུང༌། མི་བསྐྱོད་པ། སྣང་བ་མཐའ་ཡས། རྣམ་སྣང༌། དོན་གྲུབ་ཡབ་ཡུམ་རྣམས་རིམ་པ་བཞིན་དུ་གསལ་གདབ་ཅིང་བསྒོམ། དེ་ནི་ཡོན་ཏན་ཏིང་ངེ་འཛིན་སྣང་སྟོང་མཐར་ཐུག་པ་བསྐྱེད། སྐྱོན་ལུས་ལ་མཚན་མི་སྡུག་པ་ཡོད་ན་དག་པ་འབྱུང༌། མཐར་ཐུག་གི་ཚད་རེག་པ་དང༌། སྣང་བའི་མཚན་མ་འོང་སྟེ། དཔེར་ན་ནག་བསྒོམ་བསོད་ནམས་རྒྱལ་མཚན་བཞིན་ནོ།}} །ལུས་སྟོང་པའི་ནང་དུ་མེ་དམར་སྐྱ་བསྒོམ་པ་ནི། སྔོན་འགྲོ་བྱས་པའི་རྗེས་ལ། རང་གི་ལུས་དེ་སྟོང་པར་བསམ་པའི་ནང་དུ་ཅི་ཙུག་བྱུང་ཆ་མེད་པར་མེ་དམར་སྐྱ་ཞིག་གིས་ལྷག་གིས་གང་ནས། བ་རྟའི་སྒྲོ་ཕྱིར་སྒྱུར་བྱས་པ་བཞིན་དུ་བསམས་ལ། རླུང་སྟེང་འོག་ཁ་སྦྱར་ལ། ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །{{TibChung|ཁྲིད་འབྲིང་དུ་བྱེད་ན། རླུང་གི་དམིགས་པ་བདུན་པོ་དང་གཏུམ་མོའི་མགོ །ཁྲིད་བྱེད་ཙམ་ན་འདི་ཡིན་པས། འདི་དང་གསང་གནས་ནས་མེ་འབར་བ་དང་སྦྲེལ་ལ་ཁྲིད་དོ། །}}དབང་གསུམ་པའི་བསྒོམ་པ་ནི། སྔོན་ཏུ་འགྲོ་བ་བྱས་པའི་སྟེང་ལ༑ བདག་ཉིད་ཧེ་རུ་ཀར་བསྒོམས་པའི་མདུན་དུ་མིའི་བུ་མོ་ངོ་བོ་ནི་བདག་མེད་མའམ། ཇོ་མོ་རྡོ་རྗེ་རྣལ་འབྱོར་མའམ་མཱ་མ་ཀི་ཡིན་པ་གཟུགས་དང་ལོང་ཚོ་དང་ལྡན་པ། སྐུ་སྟོད་ཀྱི་ཤ་ཤིན་ཏུ་མཁྲེགས་ལ་ནུ་མ་འབུར་བ། སྨད་ཀྱི་ཤ་ཤིན་ཏུ་རྒྱས་ལ་ཟླུམ་པ། རྐེད་པ་མཁྲིག་མ་གང་ཡོད་པ། སྐྲ་སེར་ལ་ལི་བ་དེ་ལྟ་བུ་ཞིག་བསམ་པ་དེ་དང་ལྷན་ཅིག་སྙོམས་པར་ཞུགས་པར་བསམ། ཐིག་ལེ་ཉམས་ཉམས་འདྲ་ན་ཧཱུྃ་གིས་ཡར་དྲངས་ཤིང་བསྒོམ། ཡང་ན་བསྒྲད་པའི་མཐས་ཀྱང་བསྲུང་གསུངས། དེ་ལྟར་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ་བའི་རླུང་གི་སྦྱོར་བ་བདུན་པོ་ཐལ། ལམ་བཞི་བསྒོམས་པས་ཉམས་བཞི་སྐྱེད་པར་བྱེད་པ་ལ། དང་པོ་བསྐྱེད་པའི་རིམ་པ་དབྱིབས་བསྒོམ་པ་ཐལ། གཏུམ་མོ་ཙ་ལཱི་བསྒོམ་པ་ཐལ། དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་དབང་གསུམ་པ་ཡང་ཐལ་ནས། རྡོ་རྗེ་དབའ་རླབས་གསུམ་དུ་རེངས་པའི་ལམ་བསྒོམ་པ་ནི། སྔོན་དུ་འགྲོ་བ་བྱས་པའི་རྟིང་ལ། རང་ཡི་དམ་ཧེ་རུ་ཀ་གང་རུང་བསྒོམས་པའི་མདུན་དུ་ངོ་བོ་ནི་ཇོ་མོ་རྣལ་འབྱོར་མའམ། བདག་མེད་མའམ། རང་གང་མོས་སུ་བསམ་པའི་རྣམ་པ་ནི་མིའི་བུ་མོ་པད་ཅན་མའམ། རི་དྭགས་ཅན་མ་ལྟ་བུ། ཤ་རྩ་དམར་སེར་དུ་འདུག་པ། རྐང་ལག་གི་མཐིལ་དམར་བ། སྐྲ་སེར་ལ་ལི་བ། སྟོད་ཀྱི་ཤ་འཁྲེགས་ལ་ནུ་མ་འབུར་བ། སྨད་ཀྱི་ཤ་རྒྱས་ལ་ཟླུམ་པ། རྐེད་པ་ལ་ལག་པའི་མཁྲིགས་མ་གང་ལས་མེད་པ། གསུང་ཁུ་བྱུག་གི་སྐད་དང་འདྲ་བ་དེ་ལྟ་བུ་དང་རང་སྙོམས་པར་ཞུགས་པར་བསམས་ལ། {{TibChung|རེས་གཅིག་ཐིག་ལེ་ཉམས་ཉམས་འདྲ་ན། ཧཱུྃ་གིས་ཡར་དྲངས་ཤིང་བསྒྲད་པའི་མཐས་བསྲུང་བ་བྱ། རང་གི་རྩ་གསུམ་གྱི་གཡས་དམར་བ། གཡོན་དཀར་བ། དབུ་མ་ཕྱི་དཀར་ནང་དམར་བ་གསུམ་ཀའི་མར་སྣ་གསང་བའི་རྡོ་རྗེ་ལ་ཐུག་པ། ཡར་སྣ་ཧྃ་ལ་ཞུགས་པར་བསམས་ལ། ཐིག་ལེ་དཀར་དམར་གཉིས་ཀ་རང་གི་རྩ་གསུམ་གྱི་ནང་ན། ཧྃ་ལ་ཐིམ་པར་བསམ། ཐིག་ལེ་ཉམས་པའི་ཚད་ནི། དེ་མི་དགོས་ཀྱང་གསུངས།}} རང་གི་ཐིག་ལེ་ཡུམ་གྱི་མཁའ་ཀློང་དུ་ཕྱིན་ནས་དེ་ནས་ཐིག་ལེ་དཀར་དམར་གཉིས་ཁ་ཁ་རང་རང་གི་རྩ་དབུ་མ་ནས་ཧྃ་ལ་ཐིམ་ནས་འགྲོས་བཞི་ཐིམ་པའི་རྟེན་འབྲེལ་རྫོགས་ཨང་སྙམ་དུ་བསམ་ཞིང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ་མོ། །སྔོན་ཏུ་འགྲོ་བ་བྱས་པའི་རྗེས་ལ། རང་གི་མདུན་ཏུ་ {{TibChung|རེས་གཅིག་ཡང་མི་གསུངས།}} རིག་མ་མཚན་དང་ལྡན་པ། གོང་གི་ཇི་སྐད་བཤད་པ་ལྟ་བུའི་ཕྱག་རྒྱ་ཞིག་བསམ། དེའི་སྨིན་མཚམས་སུ་དམིགས་པ་གཏད་ལ་རང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་གནས་སུའང་གཏད་ཅིང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ། དེ་རྣམས་རེ་མོས་བྱས་ཤིང་བསྒོམ། སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ཁྲིད་པའང་ཐལ། ལམ་བཞི་བསྒོམས་ནས་ཉམས་བཞི་བསྐྱེད་པའང་ཐལ་ནས། ཁམས་འདུས་པ་དང་པོ་ལ། རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པ་གོང་གི་དེའང་ཡིན་ཡང་མགོ་འདི་ཡིན་གསུང་བས་སྔོན་ཏུ་འགྲོ་བ་བྱས་པའི་རྗེས་ལ། རེའུ་མིག་ལྟར་བསྣོལ་བའི་ཙོག་པུ་འཕོངས་སོར་བཞིས་མཐོ་བར་འདིའི་ལུགས། ལག་ལ་སྒོམ་ཐག་བྱས་ནས་རྐང་པའི་རྒྱུ་ཞབས་ཀུང་ཀུང་གི་ནང་དུ། རམ་སྐོར་བུའམ་གྲུ་གསུམ་ཉིས་བརྩེགས་སམ། གང་རུང་རེ་བསམས་ནས། དེ་ལས་མེ་ཁྱུག་ཁྱུག་བརླའི་རྩ་བོ་ཆེའི་ནང་ནས་གསང་གནས་ན་ཡར་ལ་མེ་སོར་བཞི་ཙམ་འབར་བ་ལ་དམིགས་ལ། འོག་སྒོ་ཡར་ཐོན། མར་ཕུལ། {{TibChung|རེས་གཅིག་དང་པོ་སྟེང་རླུང་མར་མནན། དེ་ལ་འོག་རླུང་ཡར་འཐེན་གསུངས། འདིའི་དུས་སུ་ཡང་གྲངས་མེད་ཡིན་པ་ལ། ཁྲིད་ཡུན་རིང་བར་བྱེད་ན་གསང་གནས་ནས་མེ་འབར་བ་འདི་ནས་གྲངས་ཅན་བྱེད་དགོས་པ་ཡིན་པས། རླུང་ཐུན་གཅིག་གི་ནང་དུ་འདིར་བརྩིར་མེད་པ་བཅུ་གཉིས་ལ་སོགས་པ་བརྩི་བ་གཉིས་གཉིས། གྲངས་མེད་ལ་དམིགས་པ་མིན་པའི་མི་བརྩི་བར་རླུང་ཐུན་གཅིག་མནན། དེ་བཞིན་ཏུ་མི་བརྩི་བར་རླུང་མནན་པ་བཅུ་གཉིས། བར་བར་དུ་བཅུ་གཉིས་ལ་སོགས་པ་བཅུ་གཉིས་བར་དུ་བརྩི་ཞིང༌། རླུང་ཐུན་རེ་མནན་པའི་རླུང་གྲངས་ཅན་བཅུ་གཉིས་མནན། གྲངས་མེད་ཐུན་བཅུ་གཉིས་མནན་པའི་རླུང་གྲངས་ཅན་གྲངས་མེད་པ། ཉི་ཤུ་རྩ་བཞི་ལ་ཐུན་གཅིག་ཏུ་བརྩིས་པའི་ཐུན་བཞིའི་ངེས་པ་བསྒོམ་མོ།}} །ཡང་ཡར་འཐེན། མར་འཕུལ་ལ་རླུང་ངན་ཕྱིར་བུད་ལ། ས་ན་ཚུར་འོག་སྒོ་བསྡམས་པ། སྟེང་སྒོ་མར་མནན་ལ། མེ་ལ་དམིགས་ལ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །{{TibChung|རེས་གཅིག་གྲངས་ཅན་གྲངས་མེད་པ་ལ་མེ་སྐོར་བུ་ནས་གྲངས་ཅན།}} འདིའི་མིང་ནི་གསང་གནས་ནས་མེ་འབར་བ་ཟེར། སྔོན་ཏུ་འགྲོ་བ་བྱས་ནས། གསང་གནས་ཀྱི་ {{TibChung|རེས་གཅིག་འདི་ཐམས་ཅད་གྲངས་ཅན། གྲངས་མེད་འཁྲུལ་འཁོར་ལ་སོགས་གོང་དང་འདྲ། དམིགས་པ་འཕྲོ་བ་ཐིག་ལེའི་འཐབ་མོ་ཡིན། རླུང་ཕྱིར་བཏང་བའི་རྟིང་ལ་ཐིག་ལེ་གཉིས་གསང་གནས་ཀྱི་རྩེ་མོའི་སྟེང་དུ་བརྩེགས་མར་འདུག་པར་བསམ་གསུངས།}} མེའི་སྟེང་དུ། མེའི་རྡོག་པོ་རིལ་མ་ཙམ་ཞིག་བསམ། ལྟེ་བའི་ཐད་སོའི་ནམ་མཁའ་སྟོང་པ་ལ་ཡང་མེའི་རྡོག་པོ་རིལ་མ་ཙམ་ཞིག་བསམས་ལ། སྟེང་རླུང་འོག་ཁ་སྦྱར་བ་ཙམ་གྱིས་མེའི་རྡོག་པོ་གཉིས་ཐུག་ནས། ཁོང་པའི་ནང་ཐམས་ཅད་མེས་དམར་ཐག་གིས་གང་བར་བསམ། རླུང་ཕྱིར་གཏོང་ཙ་ན་མེ་གཉིས་ཁ་ཁ་མལ་དུ་ཕྱིན་པར་བསམ་ཞིང་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འདིའི་མིང་ནི་ཐིག་ལེ་གཉིས་ཀྱི་འཐབ་མོ་ཟེར། འདི་ཡན་ཆད་ལ་ཐུན་གྲངས་དང་ཐུན་མཚམས་མེད་གསུང་པས། {{TibChung|འདི་མན་ཆད་ལ་ཐུན་གྲངས་དང་ཐུན་མཚམས་ཀྱང་ཡོད་གསུངས།}} སྔོན་འགྲོ་ཐམས་ཅད་བྱས་པའི་རྗེས་ལ། རང་གི་གསང་གནས་ཀྱི་མེ་སོར་བཞི་པའི་སྟེང་དུ་ཐིག་ལེ་གཉིས་བརྩེགས་ནས་སྤྱིར་སོར་བརྒྱད་ཡོད་པས། ལྟེ་བའི་ཐད་སོར་སླེབ་པའི་སྟེང་དུ། མེའི་སྐོར་བུ་མཁལ་མ་ལ་སོར་གསུམ་གྱིས་ཅུང་མ་སླེབས་པ་ཞིག་བསམས་ལ། རླུང་སྟེང་འོག་ཁ་སྦྱར་བ་ཙམ་གྱིས་མེ་དེ་གཡོན་ཏུ་ཀྱི་ལི་ལི་འཁོར་བ་ལ་དམིགས་ཤིང་རླུང་མནན་པ་གཅིག །ཡང་མདུན་ཏུ་ {{TibChung|རེས་གཅིག་འདི་ནས་སྐོར་བུ་རེ་རེའི་རྩེ་མོར་ཧཱུྃ་གཉིས་གཉིས་ཡོད་པར་བསམ་ཞིང༌། ཕྱིའི་ཕྱག་རྒྱ་མ་མི་བསམ། རྩིས་ཀྱི་གྲངས་ཅན་གྲངས་མེད་གོང་བཞིན་བསྒོམ་གསུངས།}} གོང་དུ་ཇི་ལྟར་བཤད་པ་ལྟ་བུའི་ཕྱག་རྒྱ་གཟུགས་དང་ལང་ཚོ་ལྡན་པ་ཞིག་བསམ། སྒོས་སུ་འདིར་གཏད་ཟེར་རྒྱུ་ནི་མེད། གཟུགས་སྤྱི་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་བཞིན་ཏུ་རེས་མོས་ནང་དུ་མེ་འཁོར་བ་ལ་དམིགས་པ་བཅུ་གཉིས་ཀྱི་ཕྱག་རྒྱ་ལ་དམིགས་པ་བཅུ་གཉིས་དང༌། ཉི་ཤུ་རྩ་བཞི་ཐུན་གཅིག་ཏུ་བྱས་པའི་བཞིར་བསྒོམ་མོ། །འདིའི་མིང་ནི་མེ་སྐོར་བུ་ཟེར། སྔོན་ཏུ་འགྲོ་བར་བྱས་པའི་རྗེས་ལ། ལྟེ་བའི་འོག་ཏུ་གོང་དུ་ཇི་ལྟར་བཤད་པའི་མེ་སྐོར་བུའི་རྩེ་མོ་བཞིར་ཧཱུྃ་མེའི་རང་བཞིན་སོར་རེ་བ་ཙམ་བཞི་བསམས་ནས་གཡོན་ཏུ་འཁོར་བ། རེས་འགའ་ཧཱུྃ་ལ་མེ་གཅུ་ཞིང་འབར་བར་ཡང་བསམ། སྐོར་བུའི་རྩེ་མོར་ཧཱུྃ་ཡོད་མེད་དེ་མིན་པའི་གོང་མ་དང་ཁྱད་མེད་དོ། །སྔོན་འགྲོ་བྱས་ནས་སྐོར་བུའི་རྩེ་མོ་བཞིར་ཧཱུྃ་གཉིས་གཉིས་བརྒྱད་བསམས་ནས་གཡོན་ཏུ་འཁོར་བ་དང༌། ཕྱག་རྒྱ་ལ་དམིགས་པ་དང༌། ཐུན་གྲངས་དང་ཐུན་ཚད་གོང་དང་འདྲ༑ སྔོན་ཏུ་འགྲོ་བ་ཐམས་ཅད་བྱས་ནས། རང་གི་ལྟེ་བའི་སྐོར་བུའི་སྣེ་མོ་རེ་རེ་ལའང་ཧཱུྃ་དམར་ཤད་དེ་བ་མགོ་སྤྲད་ནས་སྐོར་བུ་ལ་ཚུར་བསྟན་པའི་བཞི་ཡོད་པར་བསམ། {{TibChung|རེས་གཅིག་མེའི་སྐོར་བུ་སྣེ་མོར་ཧཱུྃ་བཞི་བཞི་རེ་ནི་བསམ། སྐོར་བུའི་ལྟེ་བའི་མེ་དེ་ནི་མི་བསམ་ཞིང༌། རྩིས་ཀྱི་གྲངས་ཅན་དང་གྲངས་མེད་ཐམས་ཅད་གོང་དང་འདྲ། བདེ་བ་ཤས་ཆུང་ན་གསང་སྔགས་ཀྱི་ལམ་བདེ་བ་ཡིན་པས། བར་བར་དང་སྐབས་སུ་བདེ་བ་བོགས་འདོན་བྱ་གསུང་བས། བདེ་བ་ཆུང་ན་མདུན་ཏུ་ཕྱག་རྒྱ་མ་རང་གང་མོས་པའི་གཟུགས་དང་ལང་ཚོ་ལྡན་པ་ཞིག་བསམ་ཞིང༌། རྩིས་ཀྱི་གྲངས་ཅན་གྲངས་མེད་སྒོམ་པའི་དུས་སུ་བར་བར་དུ་དེ་ལ་ཕྱིར་སེམས་གཏད་གསུངས།}} སྐོར་བུའི་ལྟེ་བ་ན་མེ་རྩེ་ལྔ་པ་སོར་བཞི་ཙམ་ཞིག་འབར་བར་བསམ་ཞིང་བསྒོམ། གཞན་ཐུན་གྲངས་ལ་སོགས་པ་ཐམས་ཅད་གོང་དང་ཁྱད་མེད་འདྲའོ། །འདིའི་མིང་མེ་འབར་བ་ཟེར། ཧཱུྃ་བཞིས་ཕྱག་རྒྱ་དང་སྦྱར་ན་དགའ་བཞི་མཚོན། ཧཱུྃ་བརྒྱད་ཀྱིས་དགའ་བ་དང་སྦྱར་ན་དགའ་བ་བརྒྱད་མཚོན། ཧཱུྃ་བཅུ་དྲུག་གིས་ཐིག་ལེ་དང་སྦྱར་ན་དགའ་བ་བཅུ་དྲུག་མཚོན། སྔོན་འགྲོ་བྱས་ནས། རང་གི་ལྟེ་བའི་སྐོར་བུའི་སྟེང་གི་མེ་སོར་བཞི་རྩེ་ལྔ་པ་དེ་ཡར་ནི་རིང་དུ་མ་སྐྱེས་ {{TibChung|རེས་གཅིག་ལ་སྐོར་བུའི་སྣེ་སོར་བཞི་ལྟེ་བ་དང་ལྔར་མེ་མཛུབ་རེ་ཙམ་པ་ལྔ་ཡར་འབར་བར་བསམ། གཞན་ཐམས་ཅད་གོང་དང་འདྲའོ། །མེའི་འཁོར་ལོ་གསུང༌། རེས་གཅིག་ཀྱང་འདི་རང་གི་རྟིང་ལ་མེ་རྩེ་ལྔ་པ་དེ་ཡར་སྐྱེས་ནས་སྙིང་ག་ཙམ་ན་ཡར་འབར་བ་ལ། ཧཱུྃ་མེའི་རང་བཞིན་ཆུང་ངུ་ན་ཆར་པ་བཞིན་བབ་པས་ལུས་ཀྱི་ནང་གང་བར་བསམ་ཞིང་བསྒོམ། འཁོར་རང་མི་བསམ། གཞན་ཐམས་ཅད་ཐུན་ལ་སོགས་པ་གོང་དང་འདྲའོ། །རེས་གཅིག་མེ་རྩེ་ལྔ་པ་དེ་ཡར་སྐྱེས་ནས་མགྲིན་པར་སླེབ་པ་ལ། ཨཱཿ མེའི་རང་བཞིན་ཅན་གྱི་ཆར་བབ་པར་བསམ། གཞན་སྔོན་འགྲོ་ལ་སོགས་པ་མེ་ཆེར་འབར་བ་ཐམས་ཅད་གོང་དང་འདྲ་གསུང༌། རེས་གཅིག་ཀྱང་གཞན་ཐམས་ཅད་གོང་དང་འདྲ། མགྲིན་པའི་མེ་དེས་རང་གི་ཚངས་བུག་ནས་ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་མེ་འབར་བར་བསམ་ཞིང་བསྒོམ། འདིའི་མིང་ནི་མ་ལུས་པ་མེར་འབར་བ་ཞེས་གསུངས།}} རྩེ་མོ་ཕྱིར་འཁྱིལ་ནས་མཚོན་ཆའི་འཁོར་ལོའི་དབྱིབས་འདྲ་བའི་ཟུར་དྲུག་པ་ཞིག་གི་ཟུར་རེ་རེའི་སྟེང་དུ་ཧཱུྃ་སོར་རེ་བ་ཙམ་རེ་རེ་དྲུག་བསམས་པ། རླུང་སྟེང་འོག་ཁ་སྦྱར་བ་ཙམ་གྱིས་འོག་གི་སྐོར་དུ་ནི་མི་འཁོར། སྟེང་གི་མེའི་འཁོར་ལོ་ཟུར་དྲུག་པ་དེ་གཡས་སུ་བསྐྱོད་གཡོན་ཏུ་བསྐྱོད་པར་བསམ་པ་ལ་ཐུན་གཅིག །ཡང་གོང་གི་ཇི་ལྟར་བཤད་པའི་ཕྱག་རྒྱ་ལ་དམིགས་ནས་རླུང་མནན་པ་ཐུན་གཅིག །ཡང་ནང་གི་མེའི་འཁོར་ལོ་སྐྱེས་ནས་ལུས་གང་བ་ལ་དམིགས་པ་གཅིག །དེ་ལྟར་ནང་དུ་གོང་བཞིན་བཅུ་གཉིས། ཕྱག་རྒྱ་ལའང་དམིགས་པ་བཅུ་གཉིས་གོང་བཞིན་རེས་མོས་བྱའོ། །སྔོན་ཏུ་འགྲོ་བ་ཐམས་ཅད་བྱས་ནས། རང་ལྟེ་བའི་སྟེང་གི་མེའི་འཁོར་ལོ་དེ་སྐྱེས་ནས། སྙིང་གའི་སྟེང་ན་ཡར་སོར་བཞི་ཙམ་འབར་བ་ཡིན། མེ་སྟག་ཡིན་ཡང་ཨཱ་ལི་ཀཱ་ལིའི་རྣམ་པ་མེའི་ཕྲོམ་ཕྲོམ་བྱེད་པ། དེའང་ལྷག་པར་ཨཱ་ལིའི་རྣམ་པར་བྱེད་པར་བསམས་ལ་རླུང་ཐུན་གཅིག་མནན། ཡང་མེས་ལུས་ཐམས་ཅད་གང་བར་དམིགས་ལ་རླུང་ཐུན་གཅིག་མནན། དེ་ལྟར་ཐུན་བཅུ་གཉིས་རེ་ཉི་ཤུ་རྩ་བཞི་གོང་བཞིན་བྱ། ཕྱིར་ལ་ཕྱག་རྒྱ་ལ་དམིགས་པ་འདིར་མི་དགོས་གསུངས། སྔོན་འགྲོ་བྱས་ནས། རང་གི་སྙིང་གའི་མེ་དེ་མགྲིན་པ་ན་ཡར་ལ་འབར་ནས་རྩེ་མོ་དེ་པདྨ་འདབ་མ་བཅུ་དྲུག་པ་བཞིན་ཏུ་ཡོད་ནས། འདབ་མ་རེ་རེའི་སྟེང་ན་ཨཱ་ལི་བཅུ་དྲུག་གཡོན་སྐོར་དུ་མེའི་རང་བཞིན་ཏུ་སོང་བར་བསམས་ལ། རླུང་གོང་བཞིན་ཏུ་ཐུན་གྲངས་གོང་བཞིན་བསྒོམ་མོ། །སྔོན་འགྲོ་ཐམས་ཅད་བྱས་ནས། རང་གི་མགྲིན་པའི་མེ་པདྨ་བཅུ་དྲུག་པ་འདྲ་བའི་སྟེང་ན་ཡར་མེ་མར་མེ་ལྔ་འབར་ལྟ་བུའི་རྩེ་ལྔ་པ་ཞིག་ཧྃ་ལ་ཅུང་མ་སླེབ་པ་ཙམ་དུ་འབར་བར་བསམས་ལ། རླུང་མནན་པ་དང་ཐུན་གྲངས་གོང་དང་མཐུན་ནོ། །སྔོན་འགྲོ་བྱས་ནས་རླུང་ཐུན་གཅིག་མནན། རང་གི་ལུས་སྤྱི་མེ་འབར་བ་ལ་ཐུན་གཅིག་དམིགས་པ་གཏད། ཡང་རླུང་ཐུན་གཅིག་མནན། ཕྱིར་ལ་ཕྱག་རྒྱ་གོང་དུ་ཇི་ལྟར་བཤད་པ་ལྟ་བུ་ཞིག་ལ་དམིགས་པ་གཏད། དེ་ལྟར་ཐུན་གྲངས་དང་སྒོམ་ཐབས་གོང་དང་འདྲའོ། །སྔོན་འགྲོ་བྱས་ནས། སྟོང་གསུམ་ཙམ་མེར་འབར་བ་ལ་དམིགས་ལ་རླུང་གོང་ལྟར་བྱའོ། །མེ་འབར་བ། ཆེར་འབར་བ། སྟོང་གསུམ་ཙམ་འབར་བ་ཞེས་བྱའོ། །དེ་ལྟར་རླུང་བརྔན་དགས་རིམ་གྱིས་སྦྱིན་པ་ཞེས་བྱ་བ་སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་བཙལ་བའི་རླུང་གི་དམིགས་པ་བདུན་པོ་དེ་ཁྲིད་བསྡུས་པ་བྱེད་ན་འདུས་པ་གསུམ་ཀ་ལ་འོང་བ་ཡིན་པ་ལ། འདིར་རྒྱས་པ་བྱེད་པས་འདུས་པ་གསུམ་གང་ལའང་མ་གཏོགས་སོ། །སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ཁྲིད་པ་སྔོན་ཏུ་འགྲོ་བ་ཡིན། འདུས་པ་དང་པོ་ལ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པས་རླུང༌། གཏུམ་མོ་བསྒོམས་པས་རླུང་ལོག་དེས་རྩ་དྲལ། དེས་གཏུམ་མོའི་མེ་འབར་བས་ཁམས་བྱང་ཆུབ་ཀྱི་སེམས་བཞུས་པས་ལྷན་སྐྱེས་ཀྱི་བདེ་བའི་ཉམས་བསྐྱང་ངོ༌། །དེར་བདེ་བ་མ་སྐྱེས་ན། འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པའི་དུས་སུ་བདེ་བ་སྐྱེ་བར་བྱེད་པའི་ཐབས་ནི། གོང་དུ་རང་གིས་མཐོང་མཐོང་བའི་མིའི་བུ་མོ་གཟུགས་དང་ལང་ཚོར་ལྡན་པ་རང་གང་ཆགས་པ་གཅིག་གམ་བཅུ་ལ་སོགས་པ་སྔོན་འགྲོ་བྱས་ནས། མདུན་ཏུ་ཡོལ་བས་བཅད་པའི་རྒྱབ་ཏུ་བསམས་ལ། ཁྲོ་མོ་རྣལ་འབྱོར་མ་དྲན་ཙམ་བྱ། དེ་ནས་ཆགས་པའི་མེ་སྦར། ཐིག་ལེ་དབབ། བསྒྲད་པའི་མཐས་བསྲུང༌། གསང་ཐུབ་པར་བྱ། ཞེས་བཞི་ཡོད་པ་ལས། དང་པོ་ཆགས་པའི་མེ་སྦར་བ་ནི། མདུན་གྱི་ཕྱག་རྒྱ་དེ་བཤུག་གླུ་ལེན་པ་དང༌། རྩེད་མོ་བྱེད་པ་ལ་སོགས་པའི་སྒྲ་ལ་ཉན་པ་དང༌། གཟུགས་ལ་བལྟས་པས། ལྷན་སྐྱེས་ཀྱི་བདེ་བ་ཅི་སྐྱེ་བྱ། དེས་བདེ་བ་མ་སྐྱེས་ན། ཐིག་ལེ་དབབ་པ་ནི། རང་གི་ལག་པའི་མཐེ་བོང་གཉིས་ཚངས་པའི་ནང་དུ་བཙུག་ལ། ཁུ་ཚུར་བཅངས་ལ་བྲང་དུ་བསྣོལ། མིག་གཉིས་ནམ་མཁའ་ལ་བལྟས་ལ། ལུས་དུམ་ཙམ་བསྒུལ། དེ་ནས་ཐིག་ལེ་ཉམས་ཚད་ན། བསྒྲད་པའི་མཐས་བསྲུང་བ་ནི། མིག་དང་ལག་པ་གོང་ལྟར་བྱས་ལ། ལྟེ་བ་སྒལ་པ་ལ་བཅར་ལ། རོ་སྟོད་དུམ་ཞིག་བསྒུལ་ལོ། །དེ་ནས་གསང་ཐུབ་པར་བྱ༑ ཞེས་པ་ནི། སྔགས་པ་ཡིན་ན་ལྷན་ཅིག་ཏུ་གནས་པར་མི་བྱ། དཀའ་ཐུབ་ཡིན་ན། ཡོལ་བའི་ནང་དུ་ཕྱག་རྒྱ་དེ་མི་བསམ་མོ། །དེ་ལྟར་བདེ་བ་མ་སྐྱེས་ཀྱི་བར་དུ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། རླུང་མནན་མི་དགོས་སོ། །དེ་ལྟར་བྱས་པས་དགའ་བ་བཅུ་དྲུག་སྐྱེས་ན་དེས་ཆོག །མ་སྐྱེས་ན་ཡང་འདི་ལྟར་བྱ། སྔོན་ཏུ་འགྲོ་བ་བྱས་ནས། རང་གི་སྣ་བུག་གཉིས་ནས་ཕར་ལ་རླུང་སྔོ་ནར་གྱིས་བྱུང༌། མདུན་ཏུ་ཡོལ་བའི་རྒྱབ་ཏུ་ཕྱག་རྒྱ་གོང་བཞིན་བསམ་པའི་སྣ་གཉིས་ན་ཕར་སོང༌། གསང་གནས་ནས་ཚུར་བྱུང༌། ཡང་རང་གི་སྣ་ནས་ཕར་སོང༌། དེ་ལྟར་སྒ་ར་ར་ཐུན་གྲངས་ཐུན་མཚམས་མེད་པར་བྱའོ། །སྔོན་ཏུ་འགྲོ་བ་བྱས་ནས། རང་གི་མདུན་གྱི་ཡོལ་བའི་ནང་དུ་གོང་བཤད་པའི་ཕྱག་རྒྱ་དེ་བསམས་ལ། དེའི་ལུས་ལ་ནི་མི་རེག་པར་རྟ་བོང་ལ་སོགས་པའི་ཆགས་པའི་གཏམ་བྱ་བར་བསམ། སྨིན་མཚམས་དང༌། མགྲིན་པ་དང༌། ནུ་མ་གཉིས་ཀྱི་བར་དང༌། ལྟེ་བ་དང༌། གསར་གནས་ལ་སོགས་པ་གང་ཆགས་པའི་སར་བལྟ་ཞིང༌། རྩེད་མོ་དང་ཀུ་རེ་ཆགས་པའི་གཏམ་བྱ་ཞིང་གཟུགས་ལ་བལྟ། སྒྲ་ལ་ཉན། དེ་ལྟར་ཆགས་པའི་མེ་སྦར་བས། བདེ་བ་སྐྱེས་ནས་ཐིག་ལེ་ཉམས་ཚད་ན། བསྒྲད་པའི་མཐས་བསྲུང་བ་གོང་བཞིན་བྱ། དེ་ནས་གསང་ཐུབ་པར་བྱ་བ་ནི། ཕྱག་རྒྱ་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་མི་བསམ་མོ། །རླུང་ནི་གནོན་མི་དགོས་པའི་ཐུན་གྲངས་དང༌། ཐུན་མཚམས་མེད་པར་བསྒོམ་མོ༑ ༑{{TibChung|ཕྱག་རྒྱ་བཞིའི་དབང་དུ་བྱས་ན། བཞི་ལས་ལས་ཀྱི་ཕྱག་རྒྱ་མངོན་གྱུར་ལ་བསླབ་པ་ནི། སྔགས་པས་དངོས་སུ་ཕྱག་རྒྱ་བསྟེན་པ་ཡིན། ཆོས་ཀྱི་ཕྱག་རྒྱ་ལྐོག་གྱུར་ལ་སློབ་པ་ནི། སྒོམ་པའི་དུས་ཀྱི་རྩལ་དམིགས་པ་དེ་རང་ཡིན། ཡེ་ཤེས་ཕྱག་རྒྱ་རང་སྣང་གི་རིག་མ་ལ་བསླབ་པ་ནི། ད་ལྟ་མདུན་ཏུ་བསམས་ནས་ཁྲིད་པ་འདི་རང་ཡིན། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་ལ་བསླབ་པ་ཡིན། འདི་པའི་ལུགས་ཀྱིས་ཕྱེད་དང་བཅུ་གསུམ་ན་གྲུབ་པ་ཐོབ་པའི་དུས་ལ་ཕྱེད། འདི་ཡང་བླ་མས་རིག་ཙམ་གསུང་བཟུང་བ་ཡིན་གསུངས།}} དེར་མ་མཐོང་བའི་སྒྲ་ལ་བསླབ་པ་ཐལ། མཐོང་བའི་གཟུགས་ལ་བསླབ་པ་ཐལ་ནས། སྔོན་ཏུ་འགྲོ་བ་བྱས་ལ། གོང་གི་ཕྱག་རྒྱ་གཟུགས་དང་ལང་ཚོར་ལྡན་པ་དེ་ཇོ་མོར་བསམས་ལ། དེའི་ནུ་མ་མཉེ་བ་དང༌། བགད་བཞད་བྱེད་པར་བསམ་ཞིང་ཆགས་པའི་མེ་སྦར། དེས་བདེ་བ་སྐྱེས་ན་ཐིག་ལེ་ཕེབས་ནས་ཉམས་ཚད་ན། གོང་བཞིན་བགྲད་པའི་མཐས་བསྲུང༌། གསང་ཐུབ་པར་བྱ་བ་ནི། ད་རུང་ཡང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་མི་བྱའོ། །སྔོན་ཏུ་འགྲོ་བ་བྱས་ནས། གོང་གི་ཕྱག་རྒྱ་དེའི་གསང་བ་དང༌། རང་གི་གསང་བ་ {{TibChung|བོ་ལ་ཀཀྐོ་ལ་}} གཉིས་འཕྲད་ཙམ་འཕྲད་ཙམ་བྱེད་པར་བསམ་ཞིང་བསྒོམ། ད་རུང་སྲུབ་པ་དང་སྲུབ་པའི་སྦྱོར་བ་བྱེད་པ་ནི་མིན། དེར་ཆགས་པའི་མེ་སྦར་བས་ཐིག་ལེ་ཕེབས་ནས་ཉམས་ཚད་ན་གོང་བཞིན་བསྒྲད་པའི་མཐས་བསྲུང༌། གསང་ཐུབ་པར་བྱ་བ་ནི། ཐིག་ལེ་ཉམས་སུ་མི་བཅུག་པའོ། །དེས་དགའ་དང༌། དགའ་བྲལ་བསྟན་ནས། དེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་སྐྱེས་ན། སྔོན་ཏུ་འགྲོ་བ་བྱས་པའི་རྗེས་ལ་གོང་གི་ཆོས་བཞི་འདིར་ཡོད་དགོས་པས། དང་པོ་ཆགས་པའི་མེ་སྦར་བས། སྲུབ་པ་དང༌། སྲུབ་པའི་སྦྱོར་བ་བྱས་པས། ཐིག་ལེ་ཕེབས་ནས་ཉམས་ཚད་ན། {{TibChung|འདི་ལམ་འབྲས་རང་གི་ལུགས་ཡིན་གསུངས།}} ཉམས་སུ་མི་བཅུག་པར་བསྒྲད་པའི་མཐས་བསྲུང་བ་གོང་བཞིན་བྱ། གསང་ཐུབ་པར་བྱ་བ་ནི། ཐིག་ལེ་ཉམས་སུ་མི་བཅུག་པ་ཡིན་ནོ། །དེས་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་སྐྱེས་ན་སྐྱེ་བའི་ཐབས་ནི། སྔོན་དུ་འགྲོ་བ་བྱས་ལ། གོང་གི་ཆོས་བཞི་འདིར་ཡང་དགོས་པས། དང་པོ་ཆགས་པའི་མེ་སྦར་བས་ལྷན་ཅིག་སྙོམས་པར་ཞུགས་ནས། ཐིག་ལེ་དབབ་པའི་ཐབས་སྲུབ་པ་དང་སྲུབ་པའི་སྦྱོར་བ་བྱས་ལ། དེས་ཐིག་ལེ་ཕེབས་ནས་གཉིས་ཤོར་གཉིས་མ་ཤོར་བའི་དུས་སུ་བསྒྲད་པའི་མཐས་བསྲུང་བས་གཉིས་མ་ཤོར་བ་ {{TibChung|འདི་དགྱེས་རྡོར་བའི་ལུགས་ཡིན་གསུངས།}} དེའི་དུས་སུ་རྟགས་ཅི་འོང་ན་བཤང་བའི་ལམ་ཚ་ལ་འཚུབ་པའམ་སྤུ་ཟིང་ཟིང་བ་འོང༌། ཐིག་ལེ་གཉིས་ཤོར་གཉིས་ལུས་པའི་དུས་དེར་ཐིག་ལེའི་ཟུག་མི་བཟོད་པས་ངུ་བའི་སྐད་འོང་བདེ་བ་དེ་ལྟ་བུ་འོང་བའི་དུས་སུ། སྟོང་པ་དང་ཟུང་དུ་འཇུག་པའི་ཐབས་ལ། རང་གི་རྩ་གཉིད་ལོག་མཛུ་གུས་མནན་ན་མི་རྟོག་པར་འགྲོ་བས། གོང་གི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ཟེར་བ་དེ་དེ་ཡིན་གསུངས། ཐིག་ལེ་གཉིས་དེ་མ་ཤོར་བ་ལ་གསང་ཐུབ་ཟེར། དེས་ཁམས་འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པ་དེ་ཚར་བ་ཡིན། ད་དེ་ཡུལ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་མ་སྐྱེས་ན། ད་འདུས་པ་ཐ་མ་ལ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པ་ནི། མཚོ་མཚེའུའི་འགྲམ་དུ་འགྲོ་ལ། སྔོན་དུ་འགྲོ་བ་བྱས་ལ། ཤིང་ངམ། རྡོའི་གྲིབ་མ་མཚོ་འམ། མཚེའུ་ཡི་ནང་ན་མར་ལ་ཤར་བ་ལ། སྔ་དྲོ་ཁ་ཤར་དུ་གྱུ། ཕྱི་འཕྲེད་ནུབ་ཏུ་གྱུ་ལ་བལྟ། ཡང་སེམས་ཞི་བ་ལྷུག་པ་ལ་བཞག  །ཡང་རྡོའམ་ཤིང་ལ་བལྟ་ཞིང་བསྒོམ། ཡང་སེམས་ཞི་བ་ལྷུག་པ་ལ་བཞག  །དེ་གསུམ་སྒ་ར་ར་བྱ། ཡུན་རིང་དུ་ཁྲིད་བྱེད་ན་དེ་རེ་རེ་ལའང་ཤོག་རེ་བསྒོམ་པ་ཡིན་གསུངས། དེས་ཡུལ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེའོ། །ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་མ་སྐྱེས་ན་སྐྱེ་བའི་ཐབས་ནི། རང་གི་མདུན་གྱི་ས་གཞི་བས་ཡར་ལ་འདོམ་གང་གིས་མཐོ་བའི་ཐད་སོར་དམིགས་ལ་བསྒོམ་ཡང་མིག་བཙུམ་ལ། སེམས་ཞི་བ་ལྷུག་པ་ལ་བཞག །དེས་ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེའོ། །གོང་གི་ཁྲིད་ཀྱིས་ལུས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་གོང་དུ་མ་སྐྱེས་ན། སྐྱེ་བར་བྱེད་པ་ནི་རབ་བྱུང་ངམ་ཡེ་ཤེས་ཀྱི་ཡིན་ན་ནི་བསམ་པར་བྱ། དངོས་སུ་ལས་ཀྱི་ཕྱག་རྒྱ་ཡིན་ན། མདུན་ཏུ་གཅེར་བུར་ཕུད་ལ་དེའི་སྨིན་མཚམས་སུ་ཤེས་པ་གཏད་ལ་བསྒོམ། ཡང་རང་གི་སེམས་ཞི་བ་ལྷུག་པར་བཞག །དེས་ཀྱང་མ་སྐྱེས་ན། དེ་བཞིན་ཏུ་ནུ་མའི་བར་དང༌། ལྟེ་བ་དང༌། གསང་གནས་སུ་ཡང་གཏད་ཅིང་སེམས་ཞི་བ་ལྷུག་པ་ལ་བཞག་པ་རེ་མོས་སྒ་ར་ར་བྱའོ། །དེས་ལུས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེའོ། །དེར་གཉུག་མའི་སེམས་ཀྱི་རང་སྒོ། བཅོས་མིན་སེམས་ཀྱི་ངོ་བོ། ཉམས་བདེ་སྟོང་མཉམ་རྗེས་མེད་པར་སྐྱེ་བ་འདུས་པ་ཐ་མའི་ཏིང་ངེ་འཛིན་ཡིན། དེའི་དུས་སུ་མངོན་ཤེས་མེད་ན་སྐྱེད་པར་བྱེད་པའི་ཐབས་ནི། གོང་དུ་མཐོང་བའི་ཕྱག་རྒྱ་གཅིག་གི་མཁའ་ཀློང་དུ་རང་གི་རྩ་གསུམ་ནས་ཐིག་ལེ་དབབ་པ། ཡང་རྩ་གསུམ་ན་ཡར་དྲངས་ལ་མིག་གི་མངོན་པར་ཤེས་པ་འདོད་ན་མིག་རྩ་གཉིས་སུ་ཡང་ཡང་དྲང་ངོ༌། །རྣ་བའི་རྣམ་པར་ཤེས་པ་འདོད་ན་རྣ་བའི་རྩ་གཉིས་སུ་ཡང་ཐིག་ལེ་དྲང་ངོ༌། །སྣའི་མངོན་པར་ཤེས་པ་འདོད་ན་སྣ་རྩ་གཉིས་སུ་ཐིག་ལེ་ཡང་ཡང་དྲང་ངོ༌། །ལྕེའི་མངོན་པར་ཤེས་པ་འདོད་ན་ལྕེའུ་ཆུང་གཉིས་སུ་ཐིག་ལེ་ཡང་ཡང་དྲང་ངོ༌། །ཡིད་ཀྱི་མངོན་པར་ཤེས་པ་འདོད་ན། ལུས་སྤྱི་ཁྱབ་པར་བསམ་མོ། །དེས་མངོན་པར་ཤེས་པ་འོང་ངེས། དེས་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་ཁྲིད་པ་སྔོན་དུ་ཐལ། ལམ་བཞི་བསྒོམ་པས་ཉམས་བཞི་སྐྱེ་བ་ཡང་ཐལ། དེ་ནས་ཁམས་འདུས་པ་དང་པོ་ལ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པ་ཐལ། འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པ་ཐལ། འདུས་པ་ཐ་མ་ལ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པའང་ཐལ་ལ། ཁྲིད་བསྡུས་པར་བྱེད་ན། རླུང་གི་སྦྱོར་བ་བདུན་པོ་རྐྱང་པ་བྱ། དེའི་ཁྲིད་ལུགས་ནི། ཁམས་འདུས་པ་དང་པོ་ལ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ། འདུས་པ་བར་པ་ལ་གདོན་པ་གསུམ་ལ་སོགས་པའི་རླུང་གི་སྦྱོར་བ་བར་གྱི་ལྔ་པོས་བཙལ། འདུས་པ་ཐ་མ་ལ་སྦྱོར། ཞི་བ་ཤཱན་ཏི་ཀས་ལམ་བཙལ། དེའི་དུས་སུ་དབང་པོ་རབ་ལ་ཉམས་སྐྱོན་མེད་རྣམ་པ་གསུམ་སྐྱེས་ཀྱང༌། ཁྲིད་འོག་མ་ཀུན་སློབ་པས་ཆོག །ཁྲིད་མི་དགོས། དབང་པོ་འབྲིང་ལ་ཁྲིད་འབྲིང་དུ་བྱེད་ན། འདུས་པ་དང་པོ་ལ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ། འདུས་པ་བར་པ་ལ་ཁ་སྦྱོར་ཞི་བ་ཤཱན་ཏི་ཀ་པར་གཏོགས་ཀྱི་རླུང་གི་སྦྱོར་བ་དྲུག་པོས་བསམ་གཏན་གྱི་ལམ་བཙལ། འདུས་པ་ཐ་མ་ལ་མན་ངག་གི་གནད་ལ་བརྟེན་པའི་གཏུམ་མོས་བསམ་གཏན་གྱི་ལམ་བཙལ། དེའི་དུས་སུ་ཉམས་སྐྱོན་མེད་གསུམ་སྐྱེས་ཀྱང་ཁྲིད་འོག་མ་ཀུན་སློབ་པས་ཆོག །ཁྲིད་མི་དགོས། རྒྱས་པར་བྱེད་ན་གྲགས་ཚོད་མ་ལུས་པར་བྱེད་པ་ཡིན་ཏེ་འདི་རང་ཡིན། རླུང་གི་སྦྱོར་བ་བདུན་པོ་ནས་སྔོན་ཏུ་ཁྲིད་པས་སྔོན་དུ་འགྲོ་བ་མིན་པའི་འདུས་པ་གསུམ་གང་ལའང་མ་གཏོགས། ལར་ཁྲིད་རྒྱས་བསྡུས་གང་ལྟར་བྱེད་ཀྱང་ཉམས་སྐྱོན་མེད་རྣམ་པ་གསུམ་གར་སྐྱེས་ཀྱང་དེ་ནས་གཞན་པ་སློབ་པ་མིན་པའི་ཁྲིད་མི་དགོས་སོ། །བླ་མས་རླུང་སྦྱོར་བདུན་པོའི་གོང་གི་རྒྱུ་བ་གསུམ་གཅིག་ཏུ་བརྩི་བ་ལ་སྲོག་རྩོལ་ཞེས་ཟེར། སྲོག་རྩོལ་ལ་རྔན་དགས་རིམ་གྱིས་སྦྱིན་པས་དྲིད་ནས་རླུང་གནས་པར་བྱེད་འདོད་ཙམ་ན། རླུང་ལ་བཅས་བཅོས་བྱེད་པ་ཀུན་རླུང་གནས་པའི་ཐབས་ཡིན་པས་རླུང་གི་སྦྱོར་བ་བདུན་པོ་ཀུན་ལ་རྔན་དགས་རིམ་གྱིས་སྦྱིན་པ་ཟེར་བ་གོ་གསུངས། འོག་རླུང་གི་བྱེད་ལུགས་རེས་ནམ་བྱུང་རེས་ནམ་བྱུང་བས་མ་ཤེས་ནས། ལམ་འབྲས་པའི་ལུགས་ཀྱི་ངེས་པའི་ནམ་ནས་རན་པ་ཡིན་ཞུས་པས། རིན་པོ་ཆེའི་ཞལ་ནས། མ་མཐུན་པ་དེ་རྣམས་བཤད་པ་གདམས་ངག་ཅི་ཚར་གྱི་ཐབས་ཡིན། ད་དེ་ཁྱེད་ལ་ཟློ་འཚལ། སྙིང་ཐག་པ་ནས་ཉམས་སུ་ལེན། ཡོན་ཏན་ཅི་སྐྱེ་བྱེད་ན། སྟེང་རླུང་མནན་པ་ཙམ་གྱིས་འོག་རླུང་རང་བསྡམས་ལ་ནམ་བྱུང་བའི་དུས་སུ་འོག་རླུང་རན་པ་ཡིན། དེ་མིན་བར་འོག་རླུང་སྔས་ན་ཟོང་པོ་ཟོང་ཟད་དུ་འགྲོ་བས་ཡོན་ཏན་མི་འབྱུང༌། མཁལ་རྐེད་ལ་སོགས་པའི་སྐྱོན་ཏུ་འགྱུར་གསུང་ངོ༌། །ༀ་སྭ་སྟི། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལམ་འབྲས་ཀྱི་ཁྲིད་བྱེད་པའི་དུས་སུ། རྨི་ཉམས་དང༌། ལུས་ཉམས་དང༌། སེམས་ཉམས་གསུམ། མཐོང་སྣང་གི་ཉམས་དང་བཞི་ལས། དང་པོ་སྲོག་རྩོལ་གྱི་གནས་སྐབས་སུ་ཕོ་རོག་གིས་སྐྱ་ཀའི་མགོ་བཏོག་པ་རྨིས་ན། དུད་འགྲོའི་ས་བོན་དུཿ ཡིག་དུད་ཁར་རླུང་སེམས་གཉིས་མཉམ་པར་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། ཕྱིང་པ་དཀར་པོ་ལ་ནག་ཐིག་ཡོད་པ་གྱོན་པར་རྨིས་ན་གྲིབ་བྱུང་བའི་རྟགས་ཡིན༑ དེའང་རང་གི་བླ་མ་འདྲ་བ་ཞིག་ལ་མ་གུས་པའམ་མ་མོས་པ་བྱས་པའི་རྟགས་རྨི་ཉམས་ཡིན་པས་དེ་སེལ་བའི་ཐབས་ནི། རང་གི་མདུན་གྱི་ནམ་མཁར་རང་མ་གུས་པ་བྱས་པ་གང་ཡིན་པའི་བླ་མ་དེ་བསམས་ལ༑ རང་གི་སྨིན་མཚམས་སུ་བསམ་པ་ཡང་ཡང་བྱ། དེས་སེལ་ལོ། །ཐང་སྟོངས་པའི་དཀྱིལ་ན་འདུག་པ་ལ་དགྲས་ཁྱེར་དོགས་ཡོད་སྙམ་པ་རྨིས་པ་ན་ལྷ་མ་ཡིན་གྱི་ས་བོན་སུཿ ཡིག་སེར་པོར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། ཆུ་དམར་ཆེན་པོ་ལ་འགྲོ་ཚད་པ་རྨིས་ན་ཆུ་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། རང་གི་ཕ་མའམ་ཉེ་དུ་རྨིས་ན། རྣམ་རྟོག་སྔོན་ཏུ་སོང་བའི་དྲོད་བྱ་བ་རྩ་གཡས་པའི་མར་སྣར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། བུ་སྲིང་ལྟ་བུ་རྨིས་ན། རྩ་དབུ་མའི་མར་སྣ་ཌཱ་ཀིའི་གདོང་བྱ་བ་རླུང་སེམས་འདུས་པའི་རྨི་ཉམས་ཡིན། གདོན་ས་གསུམ་གྱི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མེ་ཆེན་པོ་ལ་འགྲོ་ཚད་པ་ལ་སོགས་པ་རྨིས་ན། མགྲིན་པར་མེ་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། བཙོན་གྱི་བདག་པོ་བྱེད་པ་རྨིས་ན། ནྲྀ་ཡིག་སྔོན་པོར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། རང་གི་གཞོགས་གཡས་པ་ན་
རླུང་ཞག་གཅིག་ལ་གཡས་གཡོན་དུ་རྒྱུ་བ་ལན་ལྔ། བལྟ་བའི་དུས་ནི། བླ་མས་བསྟན་པའི་དུས་དེ་རང་དང༌། དᨖ་ནུབ་ཉལ་བ་དང༌། ནང་པར་སད་པའི་དུས་དང༌། ལམ་མམ་མལ་ནས་བླ་མའི་དྲུང་དུ་འོང་བ་དང༌། བླ་མའི་དྲུང་དུ་ཕྱིན་ནས་བླ་མས་དྲིས་པའི་སྔོན་ལ་བལྟ་བ་དང་ལྔའོ། །དེ་ལ་བལྟ་བ་བླ་མས་དྲིས་པའི་དུས་སུ། དེ་གསུམ་གྱི་གྲངས་མ་ནོར་བར་བླ་མ་ལ་བཟླའོ། །བླ་མས་དེའི་ཚེ་སྲོག་དང་སྒྲུབ་པ་ལ་བར་ཆད་འོང་ངམ་མི་འོང་བལྟ་བ་ནི། ཡི་གེ་བརྒྱ་པ་དང་མཎྜལ་ཡང་མ་ཚང་ན་བར་ཆད་འོང་བས་བླ་མ་ལ་དབང་བསྐུར་ཞུ། ཚང་ན་མི་འོང༌། རླུང་གཡས་སུ་རྒྱུ་བ་མང་ན་ཚེ་ལ་བར་ཆད་འོང༌། སྒྲུབ་པ་ལ་བར་ཆད་འོང་བས། ཁྭ་ཏས་ནུ་མ་བཅུད་ལ་འབᨖར། །
ཡང་སྦྲུལ་ཆེན་པོ་འགྲོ་བ་ལྟ་བུ་རྨིས་ན་རྩ་གཡས་པའི་ནང་དུ་རླུང་སེམས་འདུས་པའི་རྨི་ཉམས་ཡིན། འདྲེ་མིན། ལུས་ཉམས་ལ་གཞོགས་གཡས་པ་ན་ཡར་འབར་བ་ལྟ་བུ་བྱུང་ན། ཕོ་རླུང་གི་འབར་བྱ་བ་ལ་སོགས་པ་ཡིན་པས༑ རྩ་གཡས་པ་ལ་བརྟེན་ཏེ་ཐེས་སུ་ཕོ་རླུང་རྒྱུ་བ་ཡིན་པས་དེའི་ཉམས་ཡིན། རྨི་ལམ་དུ་ཤི་བ་ཁོ་ན་རྨིས་ན། ཉམ་ང་མྱ་ངན་འདྲེའི་རྩ་བྱ་བ་མཐེ་བོང་རྩ་བར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། རྟ་སྔོན་པོ་ཞོན་པ་རྨིས་ན་རླུང་གི་རླུང་ཟིན་པའི་རྨི་ཉམས་ཡིན། ཁ་ནས་སྒྲ་གེང་དུ་དགང་བ་ལ་སོགས་པའི་དགང་བ་གཉིས་ཀྱི་གནས་སྐབས་སུ། ཉམས་བཞི་པོ་ལ་རྨི་ཉམས་སུ་རང་གི་སྤྱི་བོ་ན་ཡར་རྡོལ་ལ་ཁད་པ་རྨིས་ན་མ་ལས་ཐོབ་པའི་རཀྟ་སྤྱི་བོ་ན་ཡར་འབུས་པའི་རྨི་ཉམས་ཡིན། ནམ་ཕྱེད་ཡིན་པ་ལ་དཀར་སང་ངེ་འདུག་སྙམ་པ་རྨིས་ན་ཕ་ལས་ཐོབ་པའི་བྱང་སེམས་དཀར་པོ་བག་ཙམ་དབུ་མའི་ནང་དུ་འདུས་པའི་རྨི་ཉམས་ཡིན། ཁ་སྦྱོར་ཞི་བ་ཤཱན་ཏི་ཀའི་གནས་སྐབས་སུ་ཉམས་བཞི་ལ། རྨི་ཉམས་སུ་སྦལ་པ་དང་ལ་ཕུག་རྨིས་ན། དུད་འགྲོའི་ས་བོན་དུཿ ཡིག་དུད་ཁའི་ཡན་ལག་སྦལ་པ་དང༌། ལ་ཕུག་འདྲ་བ་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། འདམ་ལ་ནུབ་ནས་མི་ཐོན་པའམ། ས་ལས་བྱེད་པ་ལ་སོགས་པ་རྨིས་ན། ས་རླུང་རང་གནས་སུ་ལྟེ་བར་ཟིན་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། བ་ལ་མཐུར་བཅུག་པ་རྨིས་ན། ནི་ཡིག་སྔོན་པོ་ལས་འཁོར་འདས་ཐམས་ཅད་ཀྱི་རྩས་ཁྱབ་ནས་ཡོད་པའི་སྟོད་ཕྱོགས་ནས། རྩ་བའི་གཟུགས་འདྲ་བ་ཡོད་པ་ལ་རྩ་ཕྲ་མོ་མང་པོས་མཐུར་བཅུག་པ་བཞིན་ཏུ་དཀྲིས་ནས་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། མི་མགོ་ཁ་ཉེར་ཉེར་བྱེད་པ་རང་གི་མདུན་ན་སྣང་བ་རྨིས་ན། ཡི་གེ་བཅུ་བཞི་པོ་མིན་པའི་ཡི་གེ་བསམ་གྱིས་མི་ཁྱབ་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། རང་གི་ཐིག་ལེ་ཤོར་བས་རང་གི་གོས་ལྟེམས་ཀྱིས་གང་བ་རྨིས་ན། གོས་ཀྱི་ཕྱོགས་གཡོན་པ་ཡིན་ན་རྩ་གཡོན་པ་ཡིན། གོས་ཀྱི་ཕྱོགས་གཡས་པ་གང་བ་རྨིས་ན། རྩ་གཡས་པའི་ནང་དུ་བྱང་སེམས་དཀར་པོ་དེ་གནས་པའི་ཐིག་ལེའི་རྨི་ཉམས་ཡིན། རང་གི་ལུས་ལ་སྦྲུལ་གྱིས་དཀྲིས་པ་རྨིས་ན། རྩ་གཡས་གཡོན་གྱི་མདུད་པ་ཅུང་ཞིག་གྲོལ་ནས། སྦྲུལ་གཅུས་པ་བཞིན་ཏུ་རང་གི་ལུས་དཀྲིས་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས་པའི་རྩའི་རྨི་ཉམས་ཡིན། རང་རྟ་པ་ལྟ་བུའི་ཟླ་ལ་སོང་བ་ཤིན་ཏུ་མགྱོགས་པ་རྨིས་ན། རླུང་གི་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། འདིའི་དུས་སུ་རྨི་ལམ་ཡེ་མ་བྱུང་ན། མ་ཀི་ཤེས་རབ་ཀྱི་ཨར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། ལམ་བཞི་བསྒོམས་པས་ཉམས་བཞི་སྐྱེད་པར་བྱེད་པའི་རིམ་པ་དབྱིབས་བསྒོམས། དེའི་དང་པོ་མི་བསྐྱོད་པའི་སྤྱན་ལ་དམིགས་པའི་གནས་སྐབས་སུ། ཉམས་བཞི་ལ་རྨི་ཉམས་སུ་ཆུ་ཚན་ལ་ཞུགས་པ་རྨིས་ན། ཆུ་རླུང་རང་གནས་སུ་སྙིང་གར་ཟིན་པ་རྨི་ཉམས་སུ་ཡིན། ལུས་པོ་ཁོང་སྟོང་གི་ནང་དུ་མེ་དམར་སྐྱ་འབར་བའི་གནས་སྐབས་སུ་ཉམས་བཞི་པ་ལ་རྨི་ཉམས་ཡིན། མ་བྱུང་ན་ལམ་འབྲས་བུའི་ལུགས་ཀྱིས་རྟེན་འབྲེལ་བཞིའི་ཉམས་བྱ་བ་བཟང་པོར་བྱེད་པ་ཡིན། དེ་ལ་ཐབས་ཀྱི་ལམ་དབང་གསུམ་པ་བསྒོམ་པའི་གནས་སྐབས་སུ་ཉམས་བཞི་པོ་ལ་རྨི་ཉམས་སུ༑ ཞིང་ལ་ཆུ་འགྱེད་ཅིང་ཚིགས་བཅད་ཟློ་ཞིང་འདུག་པ་མཐོང་བ་རྨིས་ན། ས་རླུང་ཆུ་རླུང་གཉིས་དུས་མཉམ་དུ་རང་གནས་སུ་ཅུང་ཞིག་ཟིན་པའི་རྨི་ཉམས་ཡིན། བུད་མེད་འགའ་རེ་ཙམ་གྱི་ནང་དུ་རང་གིས་ཆགས་པ་བྱས་པ་ལ་འགའ་རེ་དགའ། འགའ་རེ་མི་དགའ་བར་འདུག་པ་རྨིས་ན། ཚེ་སྔ་མ་ཡང་སྔ་ལ་རང་ལ་དམ་ཚིག་གི་སེལ་ལམ་གྲིབ་བྱུང་བ་ཡིན་པས། ཉིན་རེ་ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་ཤོག་ཅིག་བརྗོད་པར་བྱ། ནུབ་མོ་དཀར་སངས་སངས་པ་བྱུང་ན། ཐིག་ལེའི་ཉམས་ཡིན། རྡོ་རྗེ་རྦ་རླབས་གསུམ་དུ་རེངས་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་རང་གི་དྲི་ཆེན་གྱི་ནང་དུ་རིང་བསྲེལ་འོད་དང་ལྡན་པའམ་མཆོད་རྟེན་ནམ་གདུགས་རྟེན་བྱོན་པ་རྨིས་ན་བག་ད་ལའི་ཡི་གེ་བཅུ་བཞི་པོའི། ༀ་དཀར་པོའི་ནང་དྲི་ཆེན་གྱི་དྭངས་མ་དང་བྱང་སེམས་དཀར་པོ་གཉིས་ཅུང་ཞིག་འདྲེས་པའི་རྨི་ཉམས་ཡིན། འཕུར་བ་རྨིས་ན་རླུང་གི་རླུང་རང་གནས་སུ་ཅུང་ཞིག་ཟིན་པའི་རྨི་ཉམས་ཡིན། འཇིགས་ཤིང་དགྲས་ཁྱེར་དོགས་པ་རྨིས་ན། རང་གི་མཁལ་མ་གཉིས་ཀྱི་སྟེང་ན་འཇིགས་ཤིང་ཉམ་ང་བའི་རྩ་བྱ་བ་ལུག་རུ་ལྟ་བུ་གཉིས་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས་པའི་དུས་སུ་བླ་མ་བརྒྱས་མཐའ་མ་བསྐོར་ཡང་འཇིགས་ཤིང་སྐྲག་པ་འོང་བ་ཡིན་པས་དེའི་རྨི་ཉམས་ཡིན། གསང་གནས་ནས་མེ་འབར་བའི་གནས་སྐབས་སུ་ཉམས་བཞི་པོ་ལ་རྨི་ཉམས་སུ་ཤར༑ དམར་པོ་ཁྲག་འདྲ་འབྱུང་བ་ལ་གབ་པའམ་བྲོས་པ་རྨིས་ན་བྱང་སེམས་ཁྲག་གི་ཆ་དེ་ཅུང་ཞིག་འདུས་པའི་རྨི་ཉམས་ཡིན། བུད་མེད་ཕྱེ་བཏགས་པའི་རོགས་རང་གིས་བྱེད་པ་རྨིས་ན། རྩ་དབུ་མའི་མར་སྣ་ཌཱ་ཀིའི་གདོང་བྱ་བར་རླུང་སེམས་ཅུང་ཞིག་གནས་པའི་རྨི་ཉམས་ཡིན། ཐིག་ལེ་གཉིས་ཀྱི་འཐབ་མོའི་གནས་སྐབས་སུ་ཉམས་བཞི་ལས། ལྟོ་བའི་འོག་སྦུ་གུའི་ལྟག་རུ་ན་རླུང་གི་རླུང་རང་གནས་སུ་ཟིན་པའི་ལུས་ཉམས་ཡིན༑ བླ་མ་རབ་གནས་བྱེད་པ་ལ་བུ་ཚ་མང་པོས་ནམ་མཁའ་ན་ཚུར་སྐོར་བ་བྱེད་པ་རྨིས་ན་འགས་ལྷའི་བུ་ཡིན་ཟེར། འགས་ཆོས་སྐྱོང་ཡིན་ཟེར་ཏེ། དེ་གཉིས་གང་ཡང་མིན་པས། འདི་པའི་ལུགས་ཀྱི་མི་བསྐྱོད་པ་དང་བླ་མ་གཉིས་གཅིག་པས། དེའི་ས་བོན་དེ་རང་གི་ཐུགས་ཀའི་ཧཱུྃ་མཐིང་ནག་དེ་ཡིན་པས། དེ་ལ་བྱང་ཆུབ་སེམས་ཅུང་ཞིག་བབས་ནས་མར་བྱོན་པས་ལྟེ་བའི་ནི་ཡིག་སྔོན་པོའི་ནང་དུ་འདུས་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། མེ་སྐོར་བུའི་སྣེ་མོ་རེ་རེར་ཧཱུྃ་གཉིས་ཡོད་པའི་གནས་སྐབས་སུ་ཉམས་བཞི་ལ་རང་གི་ལུས་ཆེར་སོང་སྙམ་པ་བྱུང་ན། ས་རླུང་རང་གནས་སུ་ཟིན་པའི་ལུས་ཉམས་ཡིན། སྤྲང་པོ་མང་པོའི་ནང་དུ་འདུག་པར་རྨིས་ན་རླུང་དང་བྱང་སེམས་ཀྱི་དྭངས་མ་མིན་པའི་སྙིགས་མ་ཅུང་ཞིག་འདུས་པའི་ཉམས་ཡིན། མེ་སྐོར་བུའི་སྣེ་མོར་ཧཱུྃ་བཞི་བཞི་ཡོད་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མིའི་ཤའམ་ཀླད་པ་ཟ་བ་རྨིས་ན་སྡིག་པ་དག་པའི་རྟགས་ཀྱང་ཡིན། མ་ཀི་ཤེས་རབ་ཀྱི་ཨར་རླུང་སེམས་ཅུང་ཞིག་འདུས་ཀུན་གཞི་བྱིན་གྱིས་བརླབས་པའི་ཉམས་ཡིན། མིས་མདའ་རྒྱབ་པ་རྨིས་ན་ལྷ་མ་ཡིན་གྱི་ས་བོན་སུཿ ཡིག་སེར་པོར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། མེ་རྩེ་ལྔ་པ་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ལམ་དུ་རང་རྟ་ལ་ཞོན་ནས་ཁྱི་དང༌། ར་ལུག་གི་ནང་དུ་འགྲོ་བ་ལ་ཁྱི་བུ་མོས་བཀག་ཅིང་འདུག་ཙམ་ན། རང་ཡང་བུ་མོར་སོང་བ་རྨིས་ན། དུད་འགྲོའི་ས་བོན་དུཿ ཡིག་དུད་ཁར་མ་ལས་ཐོབ་པའི་རཀྟ་དེ་ཅུང་ཞིག་འདུས་ནས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། རྟ་ཞོན་པ་དེའི་དུས་སུ་རླུང་གི་རླུང་རང་གནས་སུ་ཟིན་པ་ཡིན། མེ་རྩེ་ལྔ་པ་ལ་ཧཱུྃ་མེའི་རང་བཞིན་འཕྲོ་བའི་མེ་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མུན་རུབ་པ་རྨིས་ན། ཐིག་ལེ་དཀར་དམར་གཉིས་ཅུང་ཞིག་དབུ་མའི་ནང་དུ་འདུས་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། ཕ་ཀི་ན་མར་ཐོབ་པའི་གནས་སྐབས་སུ་ཕྱི་རྟགས་སུ་མུན་རུབ་ལྟ་བུར་ཟེར་བ་དེ་ཡིན། མེ་ཆེར་འབར་བ་ཞེས་པ་མགྲིན་པར་སླེབ་པ་ལ་ཨའི་ཆར་འབབ་པར་བསམ་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ལམ་དུ་རྟ་ཞོན་པའམ་མཁར་ཁ་མཐོན་པོར་ཕྱིན་པ་རྨིས་ན་རླུང་གི་རླུང་དང་ས་རླུང་གཉིས་རང་གནས་སུ་ཅུང་ཞིག་ཟིན་པའི་ཉམས་ཡིན། མ་ལུས་པ་མེར་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་དཀའ་ཐུབ་ཆས་ཆོས་གོས་གྱོན་ནས་དཔའ་བོའི་མཆོད་པ་བྱེད་པ་ལྟ་བུ་རྨིས་ན། དབུ་མའི་རྟེན་འབྲེལ་འཁོར་ལོ་དྲུག་གི་ཡ་ཐ་ཌཱ་ཀི་ཕོ་བྲང་ཧྃ་གི་རྩར་བྱང་སེམས་དཀར་པོ་ཅུང་ཞིག་གནས་པའི་ཉམས་ཡིན། ཧྃ་གི་རྩར་ཡིན་པས་དཔའ་བོ་ཡིན། རྩ་དབུ་མ་བྱང་ཆུབ་ཀྱི་ཤིང་དྲུང་ཡིན་པས་དཀའ་ཐུབ་མཚོན། ཉམས་བཞི་མན་ངག་ཞལ་གདམས་དེ། །སྐལ་ལྡན་རྣམས་ལ་ཕན་དོན་དུ། །བཀྲ་ཤིས་དཔལ་གྱིས་ཡི་གེར་བཀོད། །བླ་མ་མཁའ་འགྲོར་བཟོད་པར་གསོལ། །ལམ་འབྲས་ཀྱི་ཁྲིད་བླ་མ་རིན་པོ་ཆེའི་ཞལ་ལས་བརྒྱུད་པའི་གདམས་ངག་རྫོགས་སོ།།   །།ཨྠིྀ།   དགེའོ།  །ཤུ་བྷཾ།།    །།
འཕྲལ་དུ་འབྱུང་བ་ངོ་མཚར་ཆེ། །ཞེས་པས་ས་དེར་བསླུ་བའི་ཐབས་ནི། ལག་པ་གཡོན་པས་གཡས་པའི་གྲུ་མᨖ་ལ་བཟུང་ལ་ནུ་མ་གཡས་པ་མནན་ནས་སམ། ཡ་གཅིག་ཀྱང་ལག་པའི་ཞབས་སུ་བཅུག་ལ་ལག་མཐིལ་འགུམ་པ་ལ་བླན་ཏེ་རླུང་གཡོན་དུ་འཕོའམ་བལྟ། འཕོས་ན་བསླུས་པ་ཡིན་པས་ཕྱིས་རླུང་ཐུན་རེ་མནན་པས་ཆོག་གོ །གཡོན་དུ་མ་འཕོས་ན་མ་བསླུས་པ་ཡིན་པས་ཐབས་གཞན་བྱའོ། །སྔ་ནས་རླུང་རྒྱུ་བ་གཡོན་མང་ན་ཚེ་སྲོག་ལ་བར་ཆད་མི་འོང༌། དེའི་མཎྜལ་བླ་མ་ལ་ཕུལ་བས་ཚོགས་བསགས་པ་དང༌། ཡི་གེ་བརྒྱ་པ་འདᨖན་པ་ལ་བརྟེན་ནས་སྒྲིབ་པ་སྦྱང་བའོ། །རླུང་གཡས་གཡོན་དུ་རྒྱུ་བ་གོང་གི་ལྟས་ཀྱིས་ཚེ་སྲོག་དང་སྒྲུབ་པ་ལ་བར་ཆད་འོང་ངམ་མི་འོང་བལྟ་བ་དེ་རྟེན་སྒྲུབ་པའོ། །སྒོམ་པ་ལ་སྔོན་དུ་འགྲᨖ་བའི་ཆོས་དགུ་ནི། དབེན་པ་རྣམ་པ་གསུམ། སྔོན་དུ་འགྲᨖ་བ་གསུམ། གནད་ལ་དབབ་པ་གསུམ་སྟེ་དགུའོ། །དེ་ལ་དབེན་པ་གསུམ་ནི། ལུས་དབེན་པ་འགྲᨖ་འདུག་དང༌༑ གཡེང་བ་ངལ་དུབ་སྤང༌། ངག་དབེན་པ་སྨྲ་བརྗོད་དང༌། འདᨖན་ཟློས་སྤང༌། སེམས་དབེན་པ་ནི། རྣམ་རྟོག་སྤང༌། སྐྱོ་ཤས་བསྐྱེད། གནད་ལ་དབབ་པ་གསུམ་ལ། དང་པᨖ་ལུས་གནད་ལ་དབབ་པ་ནི། སྟན་ཟླ་ཚང་ཅན། རྒྱབ་སོར་བཞིས་མཐོ་བ། མདུན་སོར་བཞིས་དམའ་བར་བྱས་པའི་སྟེང་དུ། ཁྲག་མཁྲིས་ཅན་ཡིན་ན་མཉམ་པའི་སྐྱིལ་ཀྲུང་བྱ། བསམ་གཏན་གྱི་ཡན་ལག་ལྔས་གནས་པར་བྱ། གྲང་བ་ཅན་ཡིན་ན། ལུས་གཏུམ་མᨖ་བསྒོམ་པའི་འཁྲུལ་འཁོར་བཞིན་ཙོག་པུར་བསྡད། རྐང་པ་བསྣོལ། ལག་པ་སྒོམ་ཐག་བྱ། དེ་ཁང་པའི་རྨང་བྱེད་པ་དང་འདྲའོ། །སྔོན་དུ་འགྲᨖ་བ་གསུམ་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ། ཡི་དམ་གྱི་ལྷ་བསྒོམ་པ། བླ་མ་བསྒོམ་པ་དང་གསུམ་མᨖ། །དང་པᨖ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ། བདག་གིས་ལམ་འབྲས་བུ་དང་བཅས་པའི་ཁྲིད་བསྒོམ་སྙམ་དུ་བསམས་ལ། ཡི་དམ་བསྒོམ་པ་ནི། ཆུན་ན་ཕོ་བྲང་ལྔའི་ལྷར་སྐད་ཅིག་གིས་གསལ་གདབ། དེ་མ་ཆུན་ན་རིགས་ལྔར་བསྒོམ། དེའང་མ་ཆུན་ན་ཡི་དམ་དུ་བསྒོམ། ཡི་དམ་མེད་ན་དེའི་དᨖད་པོ་ཐུགས་མི་བསྐྱོད་པའམ་ཁྲོ་བᨖ་གང་རུང་རུས་པའི་རྒྱན་དྲུག་དང་ལྡན་པ། རོ་མགོ་གཡོན་དུ་བསྟན་པ་ཞིག་གི་གདན་ལ་བཞུགས་པ་གཅིག་ཏུ་བསྒོམ། བླ་མ་བསྒོམ་པ་ནི། སངས་རྒྱས་ཡེ་ཤེས་ཞབས་ཀྱི་གསུང་སྣང་བ་མཐའ་ཡས་དེ་བླ་མའི་ རེས་གཅིག་ངོ་བᨖ་ནི་བླ་མ། རྣམ་པ་ནི་མི་བསྐྱོད་པ་རྐྱང་པ་མདུན་གྱི་ནམ་མཁའ་ལ་བསམ་ཡང་གསུངས། ངོ་བᨖ་ཡིན་གསུངས། རྗེ་བི་པས་ཐུགས་མི་བསྐྱོད་པ་བླ་མའི་ངོ་བᨖ་ཡིན་གསུངས་པས། འདིར་ཐུགས་མི་བསྐྱོད་པ་བསྒོམ་པ་ནི། རང་གི་ཐུགས་ཀའི་ཉི་མའམ་ཟླ་བའི་སྟེང་ན་ཧཱུྃ་གནས་པ་ལས་འོད་འཕྲོས་ནས་རང་བཞིན་གྱི་གནས་ནས་ངོ་བᨖ་ནི་བླ་མ། རྣམ་པ་ནི་མི་བསྐྱོད་པ་ཡབ་ཡུམ་གཉིས་ཀྱི། ཡབ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་ནས། ཡུམ་མཱ་མ་ཀི་ལ་འཁྱུད་པ། རུས་པའི་རྒྱན་དྲུག་དང་ལྡན་པ། སྤྱན་གསུམ་པ་ཡུམ་ཡང་ཞལ་གཅིག་སྤྱན་གསུམ་པ། ཕྱག་གཉིས་ཀྱི་གཡས་གྲི་གུག །གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ལྔ་དང་ལྡན་པ། དེ་ལྟ་བུ་ཞིག་སྤྱན་དྲངས་ལ། མདུན་གྱི་ནམ་མཁའ་ལ་བསམས་ལ་ རེས་གཅིག་མི་བསྐྱོད་པ་རྐྱང་པ་བསམས་ལ། ལུས་ལོངས་སྤྱོད་ཕུལ་ནས། རང་གི་སྤྱི་བོར་ཐིམ་པ་ལ་བླ་མ་རཏྣ་གསུམ་གྱི་ངོ་བᨖ་ཡིན་ཨང་སྙམ་པས་ཆོག་ཀྱང་རེས་གཅིག་གསུངས། ཕྱི་ནང་དེ་ཁོ་ན་ཉིད་ཀྱི་མཆོད་པ་གསུམ་འབུལ་བ་ནི། ཕྱིའི་མཆོད་པ་རང་གི་ཐུགས་ཀའི་ས་བᨖན་ལས་མར་མེ་ལ་སོགས་པ་སྤྲོས་ནས་མཆོད་པར་བསམ། ནང་གི་མཆོད་པ་ནི། རང་གི་ཐུགས་ཀའི་
ས་བᨖན་ལས་མཁའ་འགྲᨖ་མ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ་རྣམས་སྤྲོས་ནས་ཤ་ལྔ་བདུད་རྩི་ལྔ་སྤྲོས་ནས་མཆོད་པར་བསམ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཡབ་ཡུམ་སྙོམས་འཇུག་ཏུ་བཞུགས་པར་བསམ་པ་ནི་བདེ་བའི་མཆོད་པའོ། །དེ་ནས་ཡིད་ཀྱིས་ནི། བླ་མ་མི་བསྐྱོད་པའི་རྣམ་པ་ཅན་དེ་རང་གི་སྤྱི་བᨖ་ན་མར་ཐིམ་ནས། མར་མེས་མུན་པ་བསལ་བ་བཞིན་དུ་རང་ལྷར་གསལ་བར་བསམ། ངག་ཏུ་ནི། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་ཡང་ནི་དགེ་འདུན་ཡིན། །ཨང་སྙམ་པ་ལན་གསུམ་བསམ། དེ་ནི་སྔོན་དུ་འགྲᨖ་བ་གསུམ་མᨖ། །གནད་ལ་དབབ་པ་གསུམ་གྱི། ལུས་གནད་ལ་དབབ་པ་གོང་དུ་ཐལ། གཉིས་པ་ངག་གནད་ལ་དབབ་པ་ནི། གཡས་གཡོན་གྱི་ཕྲག་གོང་མཐོང་བར་སྐེ་གཅུ་ལ་སྣ་སྒོར་ལན་གསུམ་དྲག་ཏུ་བུས་པས། རྩའི་སྐྱོན་བསལ་བ་ནི། ཁང་པ་ཕྱག་བདར་བྱེད་པ་དང་འདྲའོ། །གསུམ་པ་སེམས་ཞི་བ་ལྷུག་པར་ལ་ཤོག་ཙམ་བཞག་པ་ནི། རྟ་ལ་ཤུགས་འབྱིན་པ་དང་འདྲ་སྟེ༑ སེམས་གནད་ལ་དབབ་པའོ། །དེ་ནི་སྔོན་དུ་འགྲᨖ་བའི་ཆོས་རྣམ་པ་དགུའོ། །ད་བསྒོམ་པ་ནི། ཁམས་འདུས་པ་དང་པᨖ་ལ། རླུང་གཏུམ་མᨖ་དྲོད་རྟགས་ཀྱི་ལམ་ཁྲིད། ཁམས་འདུས་པ་བར་པ་ལ། ཐིག་ལེ་བདེ་སྟོང་གི་ལམ་ཁྲིད༑ ཁམས་འདུས་པ་ཐ་མ་ལ། གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པའོ། །འདུས་པ་དང་པᨖ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་ཁྲིད་པ་ནི། ཞི་བ་ལྷུག་པ་ལ་བཞག་པའི་རྟིང་ལ། རླུང་ཕྱིར་རྒྱུ་བ་ནས་མགོ་བཙུགས་ནས།  
ཕྱིར་རྒྱུས་ནང་དུ་རྒྱུས་སྙམ་པར་བསམ་པ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འཇོག་ཁར་ནང་དུ་རྒྱུས་པ་ལ་བཞག་གོ །རླུང་རྒྱུ་བ་བསམ་པ་ལ་རྔན་དགས་སྦྱིན་པ་ཟེར་གསུངས། སྔོན་དུ་འགྲᨖ་བ་དགུ་པᨖ་བྱས་པའི་རྟིང་ལ་རླུང་གི་འགྲᨖ་ལྡོག་མི་བརྩི་བར་ཕྱིར་རིང་དུ་རྒྱུས། ཕྱིར་རིང་དུ་རྒྱུས་སྙམ་པ་བཅུ། ནང་དུ་རྒྱུས་སྙམ་པ་རེ། དེ་བཞིན་དུ་སྒ་ར་ར་ཡིད་ཀྱིས་བསམས་ལ། སྒོམ་ཙམ་ན་ཕྱིར་རྒྱུས་པ་ནས་མགོ་གཟུགས།
འཇོག་ཙམ་ན་ནང་དུ་རྒྱུས་པ་ལ་བཞག་གོ །དེ་ལྟར་ཐུན་གྲངས་དང༌། ཐུན་མཚམས་མེད་པར་བྱའོ། །དེ་ནི་སྐྱོན་ཅན་ཕྱིར་འདᨖན་པའོ། །ད་ནི་སྐྱོན་ཅན་ནང་དུ་སྦ་བ་བྱ་བ་ཡིན་པས། སྔོན་འགྲᨖ་དགུ་པᨖ་འདི་ནམ་ཡང་དགོས་པས། དེ་སྔོན་དུ་སོང་བའི་རྗེས་ལ་ནང་དུ་རྒྱུས་པར་བསམ་པ་ནས་མགོ་བཙུགས་ལ་ནང་དུ་རིང་དུ་རྒྱུས། ནང་དུ་རིང་དུ་རྒྱུས་སྙམ་པ་བཅུ་བཅུ། ཕྱིར་ཐུང་དུ་རྒྱུས་སྙམ་པ་ ཡང་རེ་ཞིག་སེམས་མ་ཟིན་ནའང༌། འདི་ལྟར་ཡང་བྱ་གསུངས་པས། རླུང་ལྔའི་ཁ་དᨖག་དང་མེའི་ཁ་དᨖག་དང་སྦྱར་ལ་མེ་ཁ་དᨖག་དཀར་པᨖ་ལ་ཆུ་རླུང་འཛᨑན་དུ་གཞུག །གཞན་ལ་དེས་འགྲེའོ། །འདི་པའི་ལུགས་ནི་མིན་གསུངས། རེ་རེ་བྱ། འཇོག་ཙམ་ན་ནང་དུ་རིང་དུ་རྒྱུས་པ་ལ་བཞག་གོ །འདི་པའི་ལུགས་ཀྱིས་ཉམས་སུ་ལེན་པའི་དུས་སུ་སྲོག་རྩོལ་འདིའི་མིང་ནི་རྔན་དགས་རིམ་གྱིས་སྦྱིན་པ་ཟེར། གཞན་དུ་ནི་སྲོག་གི་རྣལ་འབྱོར་ཞེས་ཟེར། སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ལ་བཞི་སྟེ། སེམས་གནས་པའི་གདམས་ངག་སྐྱོན་གང་སྐྱེ་བ་དང༌། ཏིང་ངེ་འཛᨑན་གང་སྐྱེ་བ་དང༌། མཐར་ཕྱིན་པའི་ཚད་དᨖ། །དེ་ལ་གོང་གི་དམིགས་པ་གསུམ་པᨖའམ་རེ་རེ་ལའང་བཞི་ཀ་ཚང་སྟེ། གསུམ་ཀ་བསྡུས་ན། སེམས་གནས་པའི་གདམས་ངག་ཡིན། རླུང་རྒྱུ་བ་བསམ་པ་ཙམ་གྱིས་སེམས་ཟིན་པ་འཇུག་པ་སེལ་བའི་ལམ། གནས་པ་དེའང་སྟོང་སངས་ཀྱིས་སོང་ན་ཆགས་པ་གཅོད་པའི་ལམ། དེའི་ངང་ལ་དུ་བ། སྨིག་རྒྱུ་ལ་སོགས་པ་མཐོང་ན་བྱང་ཆུབ་ཆེན་པᨖ་ཟུང་འཇུག་གི་ལམ། སྐྱོན་གང་སེལ་ན། སྲོག་དང་རྩོལ་བ་བསྒོམས་པས་འཆི་བ་བསླུ། སྲོག་དང་རྩོལ་བ་གང་ཞེ་ན། གཡས་ནས་རྒྱུ་བ་རྩོལ་བ། གཡོན་ནས་རྒྱུ་བ་སྲོག  །ཕྱིར་རྒྱུ་བ་རྩོལ་བ། ནང་དུ་རྒྱུ་བ་སྲོག་གོ །ཏིང་ངེ་འཛᨑན་གང་སྐྱེ་ན། ཉམས་བཅོ་ལྔ་པᨖ་གང་རུང་སྐྱེ་གསུང་།
མཐར་ཕྱིན་པའི་ཚད་ནི། རྒྱུ་བ་ངེས་པ་དང༌། རྣམ་པ་གསལ་བ་གཉིས་ཏེ། སྲོག་དང་རྩོལ་བ་གོམས་ནས། ས་རླུང་རྒྱུ་བའི་དུས་སུ་ས་རླུང་རྒྱུས་སྙམ་པ་ནི་རྒྱུ་བ་ངེས་པ། དེའི་དུས་སུ་རླུང་ཁ་དᨖག་སེར་པᨖར་མཐོང་བ་ནི་རྣམ་པ་གསལ་བའོ། །མེ་རླུང་ལ་སོགས་པ་བཞི་པᨖའང་དེས་འགྲེའོ། །དེའི་དུས་སུ་ཞི་རྒྱས་དབང་དྲག་གི་ལས་གང་བསྒྲུབ་ཀྱང་འགྲུབ་བᨖ། །རྒྱས་པར་བསྒྲུབ་པར་འདᨖད་ན། ས་རླུང་རྒྱུ་བའི་དུས་སུ་ སྔགས་དང་ཐབས་གཞན་གང་ཡང་མི་དགོས་པར༑ གོང་བཞིན་བྱའོ། །ཞི་བར་འདᨖད་ན་ཆུ་རླུང་རྒྱུ་བའི་དུས་སུ། གང་དང་གང་ཡིན་པ་དབང་དུ་བྱ་བར་འདᨖད་ན། མེ་རླུང་རྒྱུ་བའི་དུས་སུ་གོང་བཞིན་བྱའོ། །དྲག་པᨖའི་ལས་གང་བསྒྲུབ་པར་འདᨖད་ཀྱང་རླུང་གི་རླུང་དང༌། ནམ་མཁའི་རླུང་རྒྱུ་བའི་དུས་སུ་གང་རྒྱས་པར་འདོད་པ་དེ་རྒྱས་པར་བསམས་ནས། རླུག་མནན་པས་ཆོག་གསུངས། གོང་བཞིན་དུ་བྱས་ན། དྲག་པᨖའི་ལས་གང་ཡང་འགྲུབ་པར་འགྱུར་རོ། །སྔོན་དུ་འགྲᨖ་བ་དགུ་པᨖ་བྱས་པའི་རྗེས་ལ། གཡས་ཀྱི་མཛུབ་གུས་སྣ་བུག་གཡས་མནན་ལ། རླུང་སྣ་བུག་གཡོན་ན་ཕར་ལ་འཕུལ་ཞིང་ཕར་བཀག །དམིགས་པ་སྣ་བུག་གཡོན་པའི་ནང་དུ་གཏད། མ་ཐུབ་ཙམ་ན་སྣ་ནང་ཚུར་ལ་ཧྲིལ་ཧྲིལ་གཏོང་ངོ༌༑ ༑འདིའི་མིང་ནི་རྩོལ་བ་བཀག་སྟེ་སྲོག་ནས་འདᨖན་པའོ། །འདི་ལའང་བཞི་སྟེ། རླུང་གནས་པའི་གདམས་ངག་ནི། རྩོལ་བ་བཀག་སྟེ་སྲོག་ནས་འདᨖད་པ་དེ་རང་ཡིན། སྐྱོན་གང་སེལ་ན་མཁར་ཁང་ཞིག་པ་ལ་སོགས་པའི་ཡེ་འདྲོགས་གློ་བུར་སེལ། ཏིང་ངེ་འཛᨑན་གང་སྐྱེ་ན་བདེ་དྲོད་སྐྱེ། མཐར་ཕྱིན་པའི་ཚད་ནི། རླུང་ཕར་ལ་བཀག་ནས་ཚུར་ལ་འོང་རྒྱུ་མེད་ན། རླུང་རང་གནས་སུ་ཞི་བ་ཡིན་ཏེ་མཐར་ཕྱིན་པའི་ཚད་དᨖ། །དེ་ཡང་སྔོན་འགྲᨖ་དགུ་པᨖ་བྱས་པའི་རྗེས་ལ། སྣ་གཉིས་ཀ་ནས་ཕར་ལ་རླུང་འཕུལ་ཞིང་བཏང༌། དམིགས་པ་སྨིན་མཚམས་སུ་འདི་ལ་གཏད་ཟེར་རྒྱུ་མེད་པར་གཏད་ལ། རླུང་ཕར་བཀག་མ་ཐུབ་ན། སྣ་གཉིས་ནས་ཚུན་ལ་ཧྲིལ་ཧྲིལ་བཏང་ངོ་། །དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མᨖ། །ལར་འདིའི་རེ་རེ་ལའང་བླ་མས་བཞི་བཞིར་བྱེད་དེ་མིང་དང་ལྔར་འདུག་གསུངས། འདིའི་མིང་ནི་ཤུགས་བསྐྱེད་དེ་གཉིས་ཀ་ནས་གདᨖན་པའོ། །འདི་ལ་བཞི། སེམས་གནས་པའི་གདམས་ངག་འདི་རང་ཡིན། སྐྱོན་གང་སེལ་ན་འགོ་བའི་ནད་ཐམས་ཅད་སེལ། ཏིང་ངེ་འཛᨑན་གང་སྐྱེ་ན། ཉམས་བཅོ་ལྔ་པᨖ་གང་རུང་སྐྱེ། མཐར་ཕྱིན་པའི་ཚད་ནི། རླུང་ཕར་མནན་ནས་ཚུར་ལའང་རྒྱུ་བ་མེད་པར་རང་གནས་སུ་ཞི་བ་སྟེ་མཐར་ཕྱིན་པའི་ཚད་དᨖ། །སྔོན་འགྲᨖ་བྱས་པའི་རྗེས་ལ། ཁ་ནས་སྒྲ་བཅས་སུ་འདᨖན་པ་སྟེ། སོ་བར་དུ་རྟ་རྔ་ཐར་བ་ཙམ་བྱས་ལ་སི་ཞེས་ཕར་ལ་རླུང་མནན། སེམས་མི་རྟོག་པ་ལ་དམིགས། རླུང་མ་ཐུབ་ཙམ་ན་ཁ་ན་ཚུར་ལ་ཧྲིལ་ཧྲིལ་བཏང་ངོ་། །འདི་ལའང་སེམས་གནས་པའི་གདམས་ངག་ཁ་ནས་སྒྲ་བཅས་སུ་འདᨖན་པ་དེ་རང་ཡིན། སྐྱོན་གང་སེལ་ན། ཁྲག་མཁྲིས་ཀྱི་ན་ཚ་སེལ། དེའང་ཁོ་བᨖས་མྱང་བས་གྲུབ་པས་ཁམས་མ་བདེ། ཚད་པ་སྐྱེས་པའི་དུས་སུ་ཐུན་རེ་བསྒོམ་ཙ་ན་བསིལ་སིང་སིང་བྱུང་གསུངས། ཡོན་ཏན་ཏིང་ངེ་འཛᨑན་གང་སྐྱེ་ན། ཉམས་བཅོ་ལྔ་པᨖ་གང་རུང་སྐྱེ་ཟེར་ཏེ། ཁོ་བᨖས་འདི་ཙུག་བསྒོམས་ཙམ་ན་བདེ་བས་བསྡུས་པའི་གསལ་བ་དེ་སྐྱེ་བར་འདུག་གསུངས། མཐར་ཕྱིན་པའི་ཚད་ནི། རླུང་རང་གནས་སུ་ཞི་བ་སྟེ་གོང་དང་མཐུན། དེར་སྲོག་དང་རྩོལ་བའི་རྒྱུ་བ་རྣམ་པ་གསུམ་དང་གཅིག །ཕྱིར་འདᨖན་པ་རྣམ་པ་གསུམ་ཐལ། ད་དགང་བ་གཉིས་ཀྱི་དང་པᨖ་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་ནི། སྔོན་དུ་འགྲᨖ་བ་བྱས་པའི་རྗེས་ལ་སྣ་བུག་གཡས་པ་མཛུ་གུས་མནན་ལ། རླུང་སྣ་བུག་གཡོན་པ་ནས་ཚུར་ལ་དགང༌། དམིགས་པ་སྣ་ཕོར་ནང་དུ་གཏད་ཅིང་བསྒོམ་མᨖ། །
འདི་ལའང་སེམས་གནས་པའི་གདམས་ངག་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་དེ་རང་ཡིན། ཕྲིན་ལས་བཞི་གང་བྱེད་ན། ཐོག་བབས་པའམ་ཁང་པ་ཞིག་པ་ལ་སོགས་པ་ཡེ་འདྲོག་གློ་བུར་བ་སེལ། ཏིང་ངེ་འཛᨑན་གང་སྐྱེ་ན། བདེ་དྲོད་གཉིས་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་ཏེ་གོང་དང་མཐུན། གཉིས་པ་ཁ་ནས་སྒྲ་མེད་དུ་དགང་བ་ནི། སྔོན་འགྲᨖ་དགུ་པᨖ་བྱས་པའི་རྗེས་ལ། རང་གི་ལྟེ་བའི་རྩ་འདབ་ཀྱི་དབུས་སུ་རྩ་གྲུ་གསུམ་དམར་པᨖ་ནང་སྟོང་པ་ཞིག་བསམ། དེའི་ནང་དུ་རྩ་སྒོ་ང་གཏུབ་པའི་ཕྱེད་ཚལ་ལྟ་བུ་ཕྱི་དཀར་ལ་ནང་དམར་བ་ཞིག་བསམ། དེའི་ནང་གི་ནམ་མཁའ་སྟོང་པ། མར་སྒོ་ང་ལ་མ་རེག་པའི་ནང་དུ་ཡིན། ཨ་ཐུང་ཡིན་པའི་ཨ་ཤད་སེར་པᨖ་ཞིག་བསམས་ལ། རང་གི་སོ་བར་དུ་རྟ་རྔ་ཐར་ཙམ་བྱ། རླུང་ཁ་ན་ཚུར་ལ་དགང་ཞིང༌། ཨ་ཤད་ལ་ཐིམ་པར་བསམ་པ་མིན་པའི་རླུང་གི་ཁ་དᨖག་ནི་མི་བསམ་གསུངས། རླུང་དགང་ཟིན་པ་དང༌། ཨ་ཤད་ལ་དམིགས་ལ་རླུང་མནན་མ་ཐུབ་ན་སྣར་མི་བཏང་ལ་ཁ་ནས་ཕར་ལ་བཏང༌། དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མᨖ། །འདི་ལའང་བཞི། རླུང་གནས་པའི་གདམས་ངག །ཁ་ནས་སྒྲ་མེད་དུ་དགང་བ་དེ་ཡིན། སྐྱོན་གང་སེལ་ན། སྐྲན་དང་མ་ཞུ་བ་སེལ། ཡོན་ཏན་ཏིང་ངེ་འཛᨑན་གང་བསྐྱེད་ན། ཉམས་བཅོ་ལྔ་པᨖ་གང་རུང་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་ཏེ་གོང་དང་མཐུན། རྦ་རླབས་གསུམ་གྱི་
དང་པᨖ་འོག་སྒོ་བསྐྱོད་པ་ལུས་ཀྱི་རྦ་རླབས་བསྒོམ་པ་ནི། ལུས་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་བྱ། སྒལ་ཚᨑགས་བསྲང༌། མིག་སྣ་རྩེར་ཕབ་ལ་འདིར་ཙོག་པུ་མི་བྱ། སྔོན་འགྲᨖ་གཞན་གོང་དང་མཐུན། དེ་བརླ་གཡས་པ་དང་པᨖ་གཡོན་དུ་ཚུར་ལ་བསྐྱོད། དེ་ནས་གཡོན་པ་ཚུར་ལ་གཡས་སུ་བསྐྱོད་པས་རླུང་ངན་ཕྱིར་སོང་ནས་འོག་སྒོ། འོག་རླུང་རང་སོ་བཟུང་བ་ཞེས་བྱ་བས། ད་རུང་འོག་རླུང་ཡར་མི་འཐེན་པར་རང་སོར་བཟུང༌། ཚུར་དམ་དུ་འོང༌། དེ་ནས་རླུང་སྣ་ནས་ཚུར་ལ་རྔུབས་ལ་རང་གི་ལྟེ་བ་ན་རྩ་མདུད་གྲུ་གསུམ་གློ་ན་ཚུར་བུ་ག་སྔོ་སེང་ངེ་བ་ཞིག་ཡོད་པར་བསམས་ལ་དམིགས་པ་དེ་ལ་གཏད། རླུང་སྟེང་འོག་ཁ་སྦྱར། ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། རླུང་ཕར་གཏོང་བའི་དུས་སུའང་སྣ་ནས་ཕར་བཏང༌། ཚངས་བུག་ཏུ་འགྲᨖ་བར་བསམ་ཡང་མི་དགོས་གསུངས། འདིའི་མིང་ནི། རྒྱ་གར་སྐད་དུ། ཞི་བ་ཤཱནྟི་ཀ། བᨖད་སྐད་དུ། ཁ་སྦྱོར་རམ། བུམ་པ་ཅན་ཞེས་བྱའོ། །འདི་ལའང་བཞི། རླུང་གནས་པའི་གདམས་ངག །ཞི་བ་ཤཱནྟི་ཀ་དེ་རང་ཡིན། སྐྱོན་གང་སེལ་ན། རྣལ་མར་བསྒོམས་ན་ནད་འདུ་བ་རྣམ་བཞི་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་འགྲᨖ། ཡོན་ཏན་ཏིང་ངེ་འཛᨑན་གང་སྐྱེ་ན། ཉམས་བཅོ་ལྔ་མ་ལུས་པ་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་པས་སྟེང་འོག་ཁ་སྦྱོར་ཞིང་བསྒོམས་པས་ཕྱིར་འོང་རྒྱུ་མེད་པ་ཡིན་ཏེ་གོང་དང་མཐུན། འདི་ལའང་ཞག་མང་བར་
ཁྲིད་བྱས་ན། དང་པᨖ་སྐྱིལ་ཀྲུང་ལ་ཞག་གསུམ་ཁྲིད། དེ་ནས་ཕྱིན་གན་དུ་ཉལ་ཞིང་བསྒོམ་པ་ལ་ཞག་གསུམ་དུ་ཁྲིད་ ཡང་རེས་གཅིག་སེམས་ཞི་བ་ལྷུག་པར་བཞག་ལ། རྐང་པ་སྐྱིལ་ཀྲུང་བྱས་ལ། ལག་པ་གཡས་མདུན་དུ། གཡོན་རྒྱབ་ཏུ་བརྐྱངས། རེས་ཅུང་ཞིག་གཅུ་ཞིང་ཡང་བརྐྱངས། རེས་གཡོན་མདུན་དུ། གཡས་རྒྱབ་ཏུ། དེ་བཞིན་བྱ། དེ་ནས་རྐང་པ་གཡོན་མདུན་དུ། གཡས་རྒྱབ་ཏུ། དེ་བཞིན་བྱ། དེ་ནས་རྐང་པ་གཉིས་ཀྱང་གཡུགས་ཤིང་རྐྱོང་རེས་བྱ། དེ་ལྟར་བྱེད་དུས་སུ་རྩ་ཆད་དᨖགས་ཡོད་པས། རླུང་ཅུང་ཞིག་བསྡམ་པ་གལ་ཆེ་གསུངས། ཞི་བ་ཤཱནྟི་ཀའི་རིགས་གཅིག་ཡིན་གསུངས། དᨖ། །འདི་ལ་གནད་གསུམ་མ་འཁྲུལ་བ་གལ་ཆེ་གསུངས་པས། གནད་གསུམ་ནི། ཁ་ནས་དགང་རྒྱུ་སྣ་ནས་ཚུར་ལ་བཀག་ནའང་འཁྲུལ། ཁ་ནས་གདᨖན་རྒྱུ་སྣ་ནས་བཏོན་ནའང་འཁྲུལ། སྣ་ནས་དགང་རྒྱུ་ཁ་ནས་བཀང་ནའང་འཁྲུལ།  སྣ་ནས་གདᨖན་རྒྱུ་ཁ་ནས་གཏོང་ནའང་འཁྲུལ། སྲོག་ནས་དགང་རྒྱུ་རྩོལ་བ་ནས་བཀང་ནའང་འཁྲུལ། སྲོག་ནས་བཏོན་རྒྱུ་རྩོལ་བ་ནས་བཏོན་ནའང་འཁྲུལ་པས་དེ་མ་འཁྲུལ་བ་གལ་ཆེ་གསུངས། ཡང་ན་འཁྲུལ་པའི་གནད། མ་འཁྲུལ་པའི་གནད། ཡོན་ཏན་ཁྱད་པར་ཅན་གྱི་གནད་དང་གསུམ་ལས། དང་པᨖ་འཁྲུལ་བའི་གནད་ནི། འོག་རླུང་ཡར་འཐེན་ཡང་མ་ཟིན། སྟེང་རླུང་མར་མནན་ཡང་མ་ཟིན་ན་འཁྲུལ་པའི་གནད་ཡིན། འོག་རླུང་ཡར་ལ་འཐེན་ཡང་ཟིན། སྟེང་རླུང་མར་ལ་མནན་ཡང་ཟིན། མ་འཁྲུལ་པའི་གནད་ཡིན། འོག་རླུང་ཡར་འཐེན་པ་ཙམ་གྱིས་སྟེང་རླུང་ཡང་ཟིན། སྟེང་རླུང་མར་མནན་པ་ཙམ་གྱིས་འོག་རླུང་ཡང་ཟིན་ན༑ ཡོན་ཏན་ཁྱད་པར་ཅན་གྱི་གནད་ཡིན། དེར་དེ་ཡན་ཆོད་དུ་ཅི་ཐལ་ན། སྲོག་དང་རྩོལ་བའི་རྒྱུ་བ་རྣམ་པ་གསུམ་གཅིག་ཏུ་བརྩི་བ་དང་གཅིག །རྩོལ་བ་བཀག་སྟེ་སྲོག་ནས་གདᨖན་པ། ཤུགས་བསྐྱེད་དེ་གཉིས་ཀ་ནས་གདᨖན་པ། ཁ་ནས་སྒྲ་བཅས་སུ་གདᨖན་པ་དང་གདᨖན་པ་རིགས་གསུམ། ཁ་ནས་སྒྲ་མེད་དུ་དགང་བ་དང༌། རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་དང་དགང་བ་རིགས་གཉིས། ཁ་སྦྱོར་ཞིང་ཤཱན་ཏི་ཀའི་རླུང་གནས་པའི་ཡན་ལག་ཡིན་པ་དང་བདུན་གྱིས། ལམ་ན་བཞི། སྦྱོར་བ་ན་རྣམ་པ་བདུན་ཐལ། འདུས་པ་དང་པᨖ་རླུང་གཏུམ་མᨖ་དྲོད་རྟགས་ཀྱི་ལམ་ཁྲིད་པའི་རླུང་གི་སྦྱོར་བ་བདུན་ཐལ། རེས་གཅིག་རིམ་གྱིས་ཁྲིད་པས་ཁ་སྦྱོར་ཞི་བ་ཤཱན་ཏི་ཀའི་རིང་ལ་ལམ་བཞི་བསྒོམ་པས་ཉམས་བཞི་སྐྱེད་པར་བྱེད་པ་ཁྲིད་པ་ནི། རང་ཡི་དམ་གྱི་ཐུགས་ཀར་ཧཱུྃ་མཐིང་ནག་ཅིག་བསམ། དེ་གྱུར་པ་ལས་མི་བསྐྱོད་པ་ཡབ་ཡུམ་དུ་བསམ་པའི་ཡབ་ཀྱི་སྤྱན་དབུས་ལ་དམིགས་པ་གཏད་ཅིང་ཡང་ཡང་བསྒོམ། རླུང་མི་བསྒོམ་ཡང་གསུངས། རེས་གཅིག་མི་བསྐྱོད་པའི་སྤྱན་དབུས་མ་ལ་གཏད་ཅིང་བསྒོམས་པའི་རྟིང་ལ། ལུས་སྟོང་པའི་ནང་དུ་མེ་དམར་སྐྱ་བསྒོམ་ཡང་གསུངས། དབའ་རླབས་གསུམ་གྱི་འོག་སྒོ་བསྐྱོད་པ་ལུས་ཀྱི་རྦ་རླབས་ཐལ། ཏིང་ངེ་འཛᨑན་སེམས་ཀྱི་དབའ་རླབས་དབང་གསུམ་པའི་སྐབས་སུ་འོང་འདིར་མི་འོང༌། ངག་ཞི་རགས་འདྲེན་པ་ངག་གིས་དབའ་རླབས་བསྒོམ་པ་ནི། སྔོན་དུ་འགྲᨖ་བ་བྱས་པའི་རྗེས་ལ་སྐྱིལ་ཀྲུང་མི་བྱ། ཙོག་པུར་བསྡད་པའི་པུས་མᨖའི་བར་ལ་མར་ལ་མགོ་གཏད་ལ། ངག་ཏུ་ཧཱུྃ་ཞེས་ཞི་བ་དྲངས་ལ། མགོ་ཇེ་བཀྱག་ལ་
བཏང་ངོ༌། །གཡས་དང་གཡོན་དུ་ཡང་དེ་ལྟར་ཞི་བ་དྲང་ངོ༌། །ཡང་པུས་མᨖ་གཉིས་ཀྱི་བར་ན་ཧཱུྃ་ཞེས་རགས་པ་དྲང་ངོ༌། །གཡས་དང་གཡོན་དུའང་དེ་ལྟར་རགས་པ་དྲང་ངོ༌། །ཁམས་སྙོམས་མ་སྙོམས་བྱུང་ན། ཁམས་དང་སྦྱང་ལ་རགས་པ་བཞག་ལ་ཞི་བ་དྲང༌། དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འདི་མན་ཆད་ལ་སྐྱོན་ཡོན་གྱི་བཤད་པ་མེད་གསུངས། སྔོན་འགྲᨖ་དགུ་པᨖ་མ་ལུས་པར་བྱས་པའི་རྗེས་ལ། རང་གི་སྙིང་དེ་སྟོང་པར་བསམ་པའི་ནང་དུ་ཐུགས་མི་བསྐྱོད་པ་སྐུ་མདᨖག་མཐིང་ནག་ཞལ་གཅིག །སྤྱན་གསུམ་པ་ཕུག་རོན་གྱི་མིག་འདྲ་བ་དམར་ཀྱི་ལི་བ། མཆེ་བ་བཞི་གཙིགས་པ། རལ་པའི་ཅོད་པན་ཅན། ཕྱག་གཉིས་ཀྱི་གཡས་རྡོ་རྗེ། གཡོན་དྲིལ་བུ་རྡོ་རྗེ་ལ་ཡུ་བ་བྱས་པ་བསྣམས་ནས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱངས། གཡོན་བསྐུམས་ནས། སྙིང་སྟོང་པར་ཟེར་ཀྱང་པདྨ་འདབ་བརྒྱད་དུ་ཡོད་པ་ལ་བྱས་ནས་བཞུགས་པ། རུས་པའི་རྒྱན་དྲུག་དང་ལྡན་པ་དེ་ལྟ་བུ་ལ་ཡུམ་ཆུ་ཡོངས་སུ་དག་པ་མཱ་མ་ཀི་ཡང་སྐུ་མདᨖག་ཞལ་སྤྱན་མཆེ་བ་ཡབ་དང་འདྲ་བ་ཕྱག་གཉིས་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ལྔ་དང་ལྡན་པའི་ཡུམ་དེ་ལྟ་བུ་དང་སྙོམས་པར་འཇུག་པར་བསམ་པའམ། མི་བསྐྱོད་པ་ཐུགས་ཀར་བསམ་པ་ལ་དམིགས་ལ་རླུང་སྟེང་འོག་ཁ་སྦྱར་ལ་གོང་བཞིན་བསྒོམ་མᨖ། །སྔོན་འགྲᨖ་བྱས་པའི་རྗེས་ལ་རང་གི་མགྲིན་པར་གསུང་
སྣང་བ་མཐའ་ཡས་སྐུ་མདᨖག་དམར་བ། ཕྱག་གཡས་ན་པདྨ། གཡོན་ན་པདྨས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་མེ་ན་བཟའ་དཀར་མᨖ་ལ་འཁྱུད་པ། གཞན་ཡབ་ཡུམ་གྱི་ཞལ་ཕྱག་རྒྱན་ཆ་ལུགས་ཐམས་ཅད་གོང་དང་མཐུན་ནོ། །སྒོམ་ལུགས་ཀྱང་གོང་དང་མཐུན། སྤྱི་བᨖར་སྐུ་རྣམ་པར་སྣང་མཛད་སྐུ་མདᨖག་དཀར་པᨖ་ཕྱག་གཡས་ན་འཁོར་ལོ་དཀར་པᨖ། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣོམས་ནས་ཡུམ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པ། འདིའི་ཡང་ཡབ་ཡུམ་ཐམས་ཅད་རྒྱན་ཆ་ལུགས་ཞལ་ཕྱག་སྒོམ་ཐབས་ཐམས་ཅད་གོང་དང་མཐུན་ནོ། །ལྟེ་བ་རིན་ཆེན་འབྱུང་ལྡན་སྐུ་མདᨖག་གསེར་བཙོ་མ་འདྲ་བ་ཕྱག་གཡས་རིན་པᨖ་ཆེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་ས་རྣམ་པར་དག་པ་སྤྱན་མ་ལ་འཁྱུད་པ། འདིའི་ཡང་རླུང་གི་སྒོམ་ཐབས་ཐམས་ཅད་གོང་དང་མཐུན་ནོ། །གསང་གནས་སུ་དᨖན་ཡོད་གྲུབ་པ་སྐུ་མདᨖག་སྔོན་པᨖ་ཕྱག་གཡས་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་རླུང་དམ་ཚᨑག་སྒྲོལ་མ་ལ་འཁྱུད་པ། གཞན་ཡབ་ཡུམ་གྱི་ཞལ་ཕྱག་རྒྱན་ཆ་ལུགས་བཞུགས་ཚུལ། རླུང་གི་སྒོམ་ཐབས་སྔོན་འགྲᨖ་ཐམས་ཅད་གོང་གི་མི་བསྐྱོད་པའི་སྒོམ་ཐབས་དང་འདྲ། ཡུམ་ཐམས་ཅད་ཁ་དᨖག་རང་རང་གི་ཡབ་དང་འདྲ། ཀུན་གྱིས་ཀྱང་གཡས་གྲི་གུག །གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ་ཡིན། ཁྲིད་ཡུན་རིང་དུ་བྱེད་ན། འདི་རྣམས་རེ་རེ་ལའང་ཞག་གསུམ། འབྲིང་ལྔ། ཐ་མ་དགུ། དེ་ཙམ་བྱེད་པ་ཡིན། ཡང་རེས་གཅིག་དེ་ལྟར་མི་གསལ་ན། གེགས་སེལ་ཡིན་པས་འདི་ལྟར་བྱ་གསུངས་པས། ཡི་དམ་དུ་གསལ་གདབ་པའི་སྤྱི་བᨖར་བླ་མ་བསྟིམ་པས་ལྟེ་བར་ཨ་སེར་པᨖ། ཐུགས་གར་ཧཱུྃ་སྔོན་པᨖ། མགྲིན་པར་ཨཱཿ དམར་པᨖ། སྤྱི་བᨖར་ༀ་དཀར་པᨖ། གསང་གནས་སུ་ཏཱྃ་ལྗང་གུ་དེ་རྣམས་ཀྱུར་གྱིས་གྱུར་པ་ལས། རིན་འབྱུང༌། མི་བསྐྱོད་པ། སྣང་བ་མཐའ་ཡས། རྣམ་སྣང༌། དᨖན་གྲུབ་ཡབ་ཡུམ་རྣམས་རིམ་པ་བཞིན་དུ་གསལ་གདབ་ཅིང་བསྒོམ། དེ་ནི་ཡོན་ཏན་ཏིང་ངེ་འཛᨑན་སྣང་སྟོང་མཐར་ཐུག་པ་བསྐྱེད། སྐྱོན་ལུས་ལ་མཚན་མི་སྡུག་པ་ཡོད་ན་དག་པ་འབྱུང༌། མཐར་ཐུག་གི་ཚད་རེག་པ་དང༌། སྣང་བའི་མཚན་མ་འོང་སྟེ། དཔེར་ན་ནག་བསྒོམ་བསོད་ནམས་རྒྱལ་མཚན་བཞིན་ནོ། །ལུས་སྟོང་པའི་ནང་དུ་མེ་དམར་སྐྱ་བསྒོམ་པ་ནི། སྔོན་འགྲᨖ་བྱས་པའི་རྗེས་ལ། རང་གི་ལུས་དེ་སྟོང་པར་བསམ་པའི་ནང་དུ་ཅི་ཙུག་བྱུང་ཆ་མེད་པར་མེ་དམར་སྐྱ་ཞིག་གིས་ལྷག་གིས་གང་ནས། བ་རྟའི་སྒྲོ་ཕྱིར་སྒྱུར་བྱས་པ་བཞིན་དུ་བསམས་ལ། རླུང་སྟེང་འོག་ཁ་སྦྱར་ལ། ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མᨖ། །ཁྲིད་འབྲིང་དུ་བྱེད་ན། རླུང་གི་དམིགས་པ་བདུན་པᨖ་དང་གཏུམ་མᨖའི་མགོ །ཁྲིད་བྱེད་ཙམ་ན་འདི་ཡིན་པས། འདི་དང་གསང་གནས་ནས་མེ་འབར་བ་དང་སྦྲེལ་ལ་ཁྲིད་དᨖ། །དབང་གསུམ་པའི་བསྒོམ་པ་ནི། སྔོན་ཏུ་འགྲᨖ་བ་བྱས་པའི་སྟེང་ལ༑ བདག་ཉིད་ཧེ་རུ་ཀར་བསྒོམས་པའི་མདུན་དུ་མིའི་བུ་མᨖ་ངོ་བᨖ་ནི་བདག་མེད་མའམ། ཇོ་མᨖ་རྡོ་རྗེ་རྣལ་འབྱོར་མའམ་མཱ་མ་ཀི་ཡིན་པ་གཟུགས་དང་ལོང་ཚོ་དང་ལྡན་པ། སྐུ་སྟོད་ཀྱི་ཤ་ཤིན་ཏུ་མཁྲེགས་ལ་ནུ་མ་འབུར་བ།  
སྨད་ཀྱི་ཤ་ཤིན་ཏུ་རྒྱས་ལ་ཟླུམ་པ། རྐེད་པ་མཁྲིག་མ་གང་ཡོད་པ། སྐྲ་སེར་ལ་ལི་བ་དེ་ལྟ་བུ་ཞིག་བསམ་པ་དེ་དང་ལྷན་ཅིག་སྙོམས་པར་ཞུགས་པར་བསམ། ཐིག་ལེ་ཉམས་ཉམས་འདྲ་ན་ཧཱུྃ་གིས་ཡར་དྲངས་ཤིང་བསྒོམ། ཡང་ན་བསྒྲད་པའི་མཐས་ཀྱང་བསྲུང་གསུངས། དེ་ལྟར་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ་བའི་རླུང་གི་སྦྱོར་བ་བདུན་པᨖ་ཐལ། ལམ་བཞི་བསྒོམས་པས་ཉམས་བཞི་སྐྱེད་པར་བྱེད་པ་ལ། དང་པᨖ་བསྐྱེད་པའི་རིམ་པ་དབྱིབས་བསྒོམ་པ་ཐལ། གཏུམ་མᨖ་ཙ་ལཱི་བསྒོམ་པ་ཐལ། དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་དབང་གསུམ་པ་ཡང་ཐལ་ནས། རྡོ་རྗེ་དབའ་རླབས་གསུམ་དུ་རེངས་པའི་ལམ་བསྒོམ་པ་ནི། སྔོན་དུ་འགྲᨖ་བ་བྱས་པའི་རྟིང་ལ། རང་ཡི་དམ་ཧེ་རུ་ཀ་གང་རུང་བསྒོམས་པའི་མདུན་དུ་ངོ་བᨖ་ནི་ཇོ་མᨖ་རྣལ་འབྱོར་མའམ། བདག་མེད་མའམ། རང་གང་མᨖས་སུ་བསམ་པའི་རྣམ་པ་ནི་མིའི་བུ་མᨖ་པད་ཅན་མའམ། རི་དྭགས་ཅན་མ་ལྟ་བུ། ཤ་རྩ་དམར་སེར་དུ་འདུག་པ། རྐང་ལག་གི་མཐིལ་དམར་བ། སྐྲ་སེར་ལ་ལི་བ། སྟོད་ཀྱི་ཤ་འཁྲེགས་ལ་ནུ་མ་འབུར་བ། སྨད་ཀྱི་ཤ་རྒྱས་ལ་ཟླུམ་པ། རྐེད་པ་ལ་ལག་པའི་མཁྲིགས་མ་གང་ལས་མེད་པ། གསུང་ཁུ་བྱུག་གི་སྐད་དང་འདྲ་བ་དེ་ལྟ་བུ་དང་རང་སྙོམས་པར་ཞུགས་པར་བསམས་ལ། རེས་གཅིག་ཐིག་ལེ་ཉམས་ཉམས་འདྲ་ན། ཧཱུྃ་གིས་ཡར་དྲངས་ཤིང་བསྒྲད་པའི་མཐས་བསྲུང་བ་བྱ། རང་གི་རྩ་གསུམ་གྱི་གཡས་དམར་བ། གཡོན་དཀར་བ། དབུ་མ་ཕྱི་དཀར་ནང་དམར་བ་གསུམ་ཀའི་མར་སྣ་གསང་བའི་རྡོ་རྗེ་ལ་ཐུག་པ། ཡར་སྣ་ཧྃ་ལ་ཞུགས་པར་བསམས་ལ། ཐིག་ལེ་དཀར་དམར་གཉིས་ཀ་རང་གི་རྩ་གསུམ་གྱི་ནང་ན། ཧྃ་ལ་ཐིམ་པར་བསམ། ཐིག་ལེ་ཉམས་པའི་ཚད་ནི། དེ་མི་དགོས་ཀྱང་གསུངས། རང་གི་ཐིག་ལེ་ཡུམ་གྱི་མཁའ་ཀློང་དུ་ཕྱིན་ནས་དེ་ནས་ཐིག་ལེ་དཀར་དམར་གཉིས་ཁ་ཁ་རང་རང་གི་རྩ་དབུ་མ་ནས་ཧྃ་ལ་ཐིམ་ནས་འགྲᨖས་བཞི་ཐིམ་པའི་རྟེན་འབྲེལ་རྫོགས་ཨང་སྙམ་དུ་བསམ་ཞིང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ་མᨖ། །སྔོན་ཏུ་འགྲᨖ་བ་བྱས་པའི་རྗེས་ལ། རང་གི་མདུན་ཏུ་ རེས་གཅིག་ཡང་མི་གསུངས། རིག་མ་མཚན་དང་ལྡན་པ། གོང་གི་ཇི་སྐད་བཤད་པ་ལྟ་བུའི་ཕྱག་རྒྱ་ཞིག་བསམ། དེའི་སྨིན་མཚམས་སུ་དམིགས་པ་གཏད་ལ་རང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་གནས་སུའང་གཏད་ཅིང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ། དེ་རྣམས་རེ་མᨖས་བྱས་ཤིང་བསྒོམ། སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ཁྲིད་པའང་ཐལ། ལམ་བཞི་བསྒོམས་ནས་ཉམས་བཞི་བསྐྱེད་པའང་ཐལ་ནས། ཁམས་འདུས་པ་དང་པᨖ་ལ། རླུང་གཏུམ་མᨖ་དྲོད་རྟགས་ཀྱི་ལམ་ཁྲིད་པ་གོང་གི་དེའང་ཡིན་ཡང་མགོ་འདི་ཡིན་གསུང་བས་སྔོན་ཏུ་འགྲᨖ་བ་བྱས་པའི་རྗེས་ལ། རེའུ་མིག་ལྟར་བསྣོལ་བའི་ཙོག་པུ་འཕོངས་སོར་བཞིས་མཐོ་བར་འདིའི་ལུགས། ལག་ལ་སྒོམ་ཐག་བྱས་ནས་རྐང་པའི་རྒྱུ་ཞབས་ཀུང་ཀུང་གི་ནང་དུ། རམ་སྐོར་བུའམ་གྲུ་གསུམ་ཉིས་བརྩེགས་སམ། གང་རུང་རེ་བསམས་ནས། དེ་ལས་མེ་ཁྱུག་ཁྱུག་བརླའི་རྩ་བᨖ་ཆེའི་ནང་ནས་གསང་གནས་ན་ཡར་ལ་མེ་སོར་བཞི་ཙམ་འབར་བ་ལ་དམིགས་ལ། འོག་སྒོ་ཡར་ཐོན། མར་ཕུལ། རེས་གཅིག་དང་པᨖ་སྟེང་རླུང་མར་མནན། དེ་ལ་འོག་རླུང་ཡར་འཐེན་གསུངས། འདིའི་དུས་སུ་ཡང་གྲངས་མེད་ཡིན་པ་ལ། ཁྲིད་ཡུན་རིང་བར་བྱེད་ན་གསང་གནས་ནས་མེ་འབར་བ་འདི་ནས་གྲངས་ཅན་བྱེད་དགོས་པ་ཡིན་པས། རླུང་ཐུན་གཅིག་གི་ནང་དུ་འདིར་བརྩིར་མེད་པ་བཅུ་གཉིས་ལ་སོགས་པ་བརྩི་བ་གཉིས་གཉིས། གྲངས་མེད་ལ་དམིགས་པ་མིན་པའི་མི་བརྩི་བར་རླུང་ཐུན་གཅིག་མནན། དེ་བཞིན་ཏུ་མི་བརྩི་བར་རླུང་མནན་པ་བཅུ་གཉིས། བར་བར་དུ་བཅུ་གཉིས་ལ་སོགས་པ་བཅུ་གཉིས་བར་དུ་བརྩི་ཞིང༌། རླུང་ཐུན་རེ་མནན་པའི་རླུང་གྲངས་ཅན་བཅུ་གཉིས་མནན། གྲངས་མེད་ཐུན་བཅུ་གཉིས་མནན་པའི་རླུང་གྲངས་ཅན་གྲངས་མེད་པ། ཉི་ཤུ་རྩ་བཞི་ལ་ཐུན་གཅིག་ཏུ་བརྩིས་པའི་ཐུན་བཞིའི་ངེས་པ་བསྒོམ་མᨖ། །ཡང་ཡར་འཐེན། མར་འཕུལ་ལ་རླུང་ངན་ཕྱིར་བུད་ལ། ས་ན་ཚུར་འོག་སྒོ་བསྡམས་པ། སྟེང་སྒོ་མར་མནན་ལ། མེ་ལ་དམིགས་ལ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མᨖ། །རེས་གཅིག་གྲངས་ཅན་གྲངས་མེད་པ་ལ་མེ་སྐོར་བུ་ནས་གྲངས་ཅན། འདིའི་མིང་ནི་གསང་གནས་ནས་མེ་འབར་བ་ཟེར། སྔོན་ཏུ་འགྲᨖ་བ་བྱས་ནས། གསང་གནས་ཀྱི་ རེས་གཅིག་འདི་ཐམས་ཅད་གྲངས་ཅན། གྲངས་མེད་འཁྲུལ་འཁོར་ལ་སོགས་གོང་དང་འདྲ། དམིགས་པ་འཕྲོ་བ་ཐིག་ལེའི་འཐབ་མᨖ་ཡིན། རླུང་ཕྱིར་བཏང་བའི་རྟིང་ལ་ཐིག་ལེ་གཉིས་གསང་གནས་ཀྱི་རྩེ་མᨖའི་སྟེང་དུ་བརྩེགས་མར་འདུག་པར་བསམ་གསུངས། མེའི་སྟེང་དུ། མེའི་རྡོག་པᨖ་རིལ་མ་ཙམ་ཞིག་བསམ། ལྟེ་བའི་ཐད་སོའི་ནམ་མཁའ་སྟོང་པ་ལ་ཡང་མེའི་རྡོག་པᨖ་རིལ་མ་ཙམ་ཞིག་བསམས་ལ། སྟེང་རླུང་འོག་ཁ་སྦྱར་བ་
ཙམ་གྱིས་མེའི་རྡོག་པᨖ་གཉིས་ཐུག་ནས། ཁོང་པའི་ནང་ཐམས་ཅད་མེས་དམར་ཐག་གིས་གང་བར་བསམ། རླུང་ཕྱིར་གཏོང་ཙ་ན་མེ་གཉིས་ཁ་ཁ་མལ་དུ་ཕྱིན་པར་བསམ་ཞིང་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འདིའི་མིང་ནི་ཐིག་ལེ་གཉིས་ཀྱི་འཐབ་མᨖ་ཟེར། འདི་ཡན་ཆད་ལ་ཐུན་གྲངས་དང་ཐུན་མཚམས་མེད་གསུང་པས། འདི་མན་ཆད་ལ་ཐུན་གྲངས་དང་ཐུན་མཚམས་ཀྱང་ཡོད་གསུངས། སྔོན་འགྲᨖ་ཐམས་ཅད་བྱས་པའི་རྗེས་ལ། རང་གི་གསང་གནས་ཀྱི་མེ་སོར་བཞི་པའི་སྟེང་དུ་ཐིག་ལེ་གཉིས་བརྩེགས་ནས་སྤྱིར་སོར་བརྒྱད་ཡོད་པས། ལྟེ་བའི་ཐད་སོར་སླེབ་པའི་སྟེང་དུ། མེའི་སྐོར་བུ་མཁལ་མ་ལ་སོར་གསུམ་གྱིས་ཅུང་མ་སླེབས་པ་ཞིག་བསམས་ལ། རླུང་སྟེང་འོག་ཁ་སྦྱར་བ་ཙམ་གྱིས་མེ་དེ་གཡོན་ཏུ་ཀྱི་ལི་ལི་འཁོར་བ་ལ་དམིགས་ཤིང་རླུང་མནན་པ་གཅིག །ཡང་མདུན་ཏུ་ རེས་གཅིག་འདི་ནས་སྐོར་བུ་རེ་རེའི་རྩེ་མᨖར་ཧཱུྃ་གཉིས་གཉིས་ཡོད་པར་བསམ་ཞིང༌། ཕྱིའི་ཕྱག་རྒྱ་མ་མི་བསམ། རྩིས་ཀྱི་གྲངས་ཅན་གྲངས་མེད་གོང་བཞིན་བསྒོམ་གསུངས། གོང་དུ་ཇི་ལྟར་བཤད་པ་ལྟ་བུའི་ཕྱག་རྒྱ་གཟུགས་དང་ལང་ཚོ་ལྡན་པ་ཞིག་བསམ། སྒོས་སུ་འདིར་གཏད་ཟེར་རྒྱུ་ནི་མེད། གཟུགས་སྤྱི་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་བཞིན་ཏུ་རེས་མᨖས་ནང་དུ་མེ་འཁོར་བ་ལ་དམིགས་པ་བཅུ་གཉིས་ཀྱི་ཕྱག་རྒྱ་ལ་དམིགས་པ་བཅུ་གཉིས་དང༌། ཉི་ཤུ་རྩ་བཞི་ཐུན་གཅིག་ཏུ་བྱས་པའི་བཞིར་བསྒོམ་མᨖ། །འདིའི་མིང་ནི་མེ་སྐོར་བུ་ཟེར། སྔོན་ཏུ་འགྲᨖ་བར་བྱས་པའི་རྗེས་ལ། ལྟེ་བའི་འོག་ཏུ་གོང་དུ་ཇི་ལྟར་བཤད་པའི་མེ་སྐོར་བུའི་རྩེ་མᨖ་བཞིར་ཧཱུྃ་མེའི་རང་བཞིན་སོར་རེ་བ་ཙམ་བཞི་བསམས་ནས་གཡོན་ཏུ་འཁོར་བ། རེས་འགའ་ཧཱུྃ་ལ་མེ་གཅུ་ཞིང་འབར་བར་ཡང་བསམ། སྐོར་བུའི་རྩེ་མᨖར་ཧཱུྃ་ཡོད་མེད་དེ་མིན་པའི་གོང་མ་དང་ཁྱད་མེད་དᨖ། །སྔོན་འགྲᨖ་བྱས་ནས་སྐོར་བུའི་རྩེ་མᨖ་བཞིར་ཧཱུྃ་གཉིས་གཉིས་བརྒྱད་བསམས་ནས་གཡོན་ཏུ་འཁོར་བ་དང༌། ཕྱག་རྒྱ་ལ་དམིགས་པ་དང༌། ཐུན་གྲངས་དང་ཐུན་ཚད་གོང་དང་འདྲ༑ སྔོན་ཏུ་འགྲᨖ་བ་ཐམས་ཅད་བྱས་ནས། རང་གི་ལྟེ་བའི་སྐོར་བུའི་སྣེ་མᨖ་རེ་རེ་ལའང་ཧཱུྃ་དམར་ཤད་དེ་བ་མགོ་སྤྲད་ནས་སྐོར་བུ་ལ་ཚུར་བསྟན་པའི་བཞི་ཡོད་པར་བསམ། རེས་གཅིག་མེའི་སྐོར་བུ་སྣེ་མᨖར་ཧཱུྃ་བཞི་བཞི་རེ་ནི་བསམ། སྐོར་བུའི་ལྟེ་བའི་མེ་དེ་ནི་མི་བསམ་ཞིང༌། རྩིས་ཀྱི་གྲངས་ཅན་དང་གྲངས་མེད་ཐམས་ཅད་གོང་དང་འདྲ། བདེ་བ་ཤས་ཆུང་ན་གསང་སྔགས་ཀྱི་ལམ་བདེ་བ་ཡིན་པས། བར་བར་དང་སྐབས་སུ་བདེ་བ་བᨖགས་འདᨖན་བྱ་གསུང་བས། བདེ་བ་ཆུང་ན་མདུན་ཏུ་ཕྱག་རྒྱ་མ་རང་གང་མᨖས་པའི་གཟུགས་དང་ལང་ཚོ་ལྡན་པ་ཞིག་བསམ་ཞིང༌། རྩིས་ཀྱི་གྲངས་ཅན་གྲངས་མེད་སྒོམ་པའི་དུས་སུ་བར་བར་དུ་དེ་ལ་ཕྱིར་སེམས་གཏད་གསུངས། སྐོར་བུའི་ལྟེ་བ་ན་མེ་རྩེ་ལྔ་པ་སོར་བཞི་ཙམ་ཞིག་འབར་བར་བསམ་ཞིང་བསྒོམ། གཞན་ཐུན་གྲངས་ལ་སོགས་པ་ཐམས་ཅད་གོང་དང་ཁྱད་མེད་འདྲའོ། །འདིའི་མིང་མེ་འབར་བ་ཟེར། ཧཱུྃ་བཞིས་ཕྱག་རྒྱ་དང་སྦྱར་ན་དགའ་བཞི་མཚོན། ཧཱུྃ་བརྒྱད་ཀྱིས་དགའ་བ་དང་སྦྱར་ན་དགའ་བ་བརྒྱད་མཚོན། ཧཱུྃ་བཅུ་དྲུག་གིས་ཐིག་ལེ་དང་སྦྱར་ན་དགའ་བ་བཅུ་དྲུག་མཚོན། སྔོན་འགྲᨖ་བྱས་ནས། རང་གི་ལྟེ་བའི་སྐོར་བུའི་སྟེང་གི་མེ་སོར་བཞི་རྩེ་ལྔ་པ་དེ་ཡར་ནི་རིང་དུ་མ་སྐྱེས་ རེས་གཅིག་ལ་སྐོར་བུའི་སྣེ་སོར་བཞི་ལྟེ་བ་དང་ལྔར་མེ་མཛུབ་རེ་ཙམ་པ་ལྔ་ཡར་འབར་བར་བསམ། གཞན་ཐམས་ཅད་གོང་དང་འདྲའོ། །མེའི་འཁོར་ལོ་གསུང༌། རེས་གཅིག་ཀྱང་འདི་རང་གི་རྟིང་ལ་མེ་རྩེ་ལྔ་པ་དེ་ཡར་སྐྱེས་ནས་སྙིང་ག་ཙམ་ན་ཡར་འབར་བ་ལ། ཧཱུྃ་མེའི་རང་བཞིན་ཆུང་ངུ་ན་ཆར་པ་བཞིན་བབ་པས་ལུས་ཀྱི་ནང་གང་བར་བསམ་ཞིང་བསྒོམ། འཁོར་རང་མི་བསམ། གཞན་ཐམས་ཅད་ཐུན་ལ་སོགས་པ་གོང་དང་འདྲའོ། །རེས་གཅིག་མེ་རྩེ་ལྔ་པ་དེ་ཡར་སྐྱེས་ནས་མགྲིན་པར་སླེབ་པ་ལ། ཨཱཿ མེའི་རང་བཞིན་ཅན་གྱི་ཆར་བབ་པར་བསམ། གཞན་སྔོན་འགྲᨖ་ལ་སོགས་པ་མེ་ཆེར་འབར་བ་ཐམས་ཅད་གོང་དང་འདྲ་གསུང༌། རེས་གཅིག་ཀྱང་གཞན་ཐམས་ཅད་གོང་དང་འདྲ། མགྲིན་པའི་མེ་དེས་རང་གི་ཚངས་བུག་ནས་ཕྱི་ནང་སྣོད་བཅུད་དངོས་པᨖ་ཐམས་ཅད་མེ་འབར་བར་བསམ་ཞིང་བསྒོམ། འདིའི་མིང་ནི་མ་ལུས་པ་མེར་འབར་བ་ཞེས་གསུངས། རྩེ་མᨖ་ཕྱིར་འཁྱིལ་ནས་མཚོན་ཆའི་འཁོར་ལོའི་དབྱིབས་འདྲ་བའི་ཟུར་དྲུག་པ་ཞིག་གི་ཟུར་རེ་རེའི་སྟེང་དུ་ཧཱུྃ་སོར་རེ་བ་ཙམ་རེ་རེ་དྲུག་བསམས་པ། རླུང་སྟེང་འོག་ཁ་སྦྱར་བ་ཙམ་གྱིས་འོག་གི་སྐོར་དུ་ནི་མི་འཁོར། སྟེང་གི་མེའི་འཁོར་ལོ་ཟུར་དྲུག་པ་དེ་གཡས་སུ་བསྐྱོད་གཡོན་ཏུ་བསྐྱོད་པར་བསམ་པ་ལ་ཐུན་གཅིག །ཡང་གོང་གི་ཇི་ལྟར་བཤད་པའི་ཕྱག་རྒྱ་ལ་དམིགས་ནས་རླུང་མནན་པ་ཐུན་གཅིག །ཡང་ནང་གི་མེའི་འཁོར་ལོ་སྐྱེས་ནས་ལུས་གང་བ་ལ་དམིགས་པ་གཅིག །དེ་ལྟར་ནང་དུ་གོང་བཞིན་བཅུ་གཉིས། ཕྱག་རྒྱ་ལའང་དམིགས་པ་བཅུ་གཉིས་གོང་བཞིན་རེས་མᨖས་བྱའོ། །
སྔོན་ཏུ་འགྲᨖ་བ་ཐམས་ཅད་བྱས་ནས། རང་ལྟེ་བའི་སྟེང་གི་མེའི་འཁོར་ལོ་དེ་སྐྱེས་ནས། སྙིང་གའི་སྟེང་ན་ཡར་སོར་བཞི་ཙམ་འབར་བ་ཡིན། མེ་སྟག་ཡིན་ཡང་ཨཱ་ལི་ཀཱ་ལིའི་རྣམ་པ་མེའི་ཕྲོམ་ཕྲོམ་བྱེད་པ། དེའང་ལྷག་པར་ཨཱ་ལིའི་རྣམ་པར་བྱེད་པར་བསམས་ལ་རླུང་ཐུན་གཅིག་མནན། ཡང་མེས་ལུས་ཐམས་ཅད་གང་བར་དམིགས་ལ་རླུང་ཐུན་གཅིག་མནན། དེ་ལྟར་ཐུན་བཅུ་གཉིས་རེ་ཉི་ཤུ་རྩ་བཞི་གོང་བཞིན་བྱ། ཕྱིར་ལ་ཕྱག་རྒྱ་ལ་དམིགས་པ་འདིར་མི་དགོས་གསུངས། སྔོན་འགྲᨖ་བྱས་ནས། རང་གི་སྙིང་གའི་མེ་དེ་མགྲིན་པ་ན་ཡར་ལ་འབར་ནས་རྩེ་མᨖ་དེ་པདྨ་འདབ་མ་བཅུ་དྲུག་པ་བཞིན་ཏུ་ཡོད་ནས། འདབ་མ་རེ་རེའི་སྟེང་ན་ཨཱ་ལི་བཅུ་དྲུག་གཡོན་སྐོར་དུ་མེའི་རང་བཞིན་ཏུ་སོང་བར་བསམས་ལ། རླུང་གོང་བཞིན་ཏུ་ཐུན་གྲངས་གོང་བཞིན་བསྒོམ་མᨖ། །སྔོན་འགྲᨖ་ཐམས་ཅད་བྱས་ནས། རང་གི་མགྲིན་པའི་མེ་པདྨ་བཅུ་དྲུག་པ་འདྲ་བའི་སྟེང་ན་ཡར་མེ་མར་མེ་ལྔ་འབར་ལྟ་བུའི་རྩེ་ལྔ་པ་ཞིག་ཧྃ་ལ་ཅུང་མ་སླེབ་པ་ཙམ་དུ་འབར་བར་བསམས་ལ། རླུང་མནན་པ་དང་ཐུན་གྲངས་གོང་དང་མཐུན་ནོ། །སྔོན་འགྲᨖ་བྱས་ནས་རླུང་ཐུན་གཅིག་མནན། རང་གི་ལུས་སྤྱི་མེ་འབར་བ་ལ་ཐུན་གཅིག་དམིགས་པ་གཏད། ཡང་རླུང་ཐུན་གཅིག་མནན། ཕྱིར་ལ་ཕྱག་རྒྱ་གོང་དུ་ཇི་ལྟར་བཤད་པ་ལྟ་བུ་ཞིག་ལ་དམིགས་པ་གཏད། དེ་ལྟར་ཐུན་གྲངས་དང་སྒོམ་ཐབས་གོང་དང་འདྲའོ། །སྔོན་འགྲᨖ་བྱས་ནས། སྟོང་གསུམ་ཙམ་མེར་འབར་བ་ལ་དམིགས་ལ་རླུང་གོང་ལྟར་བྱའོ། །མེ་འབར་བ། ཆེར་འབར་བ། སྟོང་གསུམ་ཙམ་འབར་བ་ཞེས་བྱའོ། །དེ་ལྟར་རླུང་བརྔན་དགས་རིམ་གྱིས་སྦྱིན་པ་ཞེས་བྱ་བ་སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་བཙལ་བའི་རླུང་གི་དམིགས་པ་བདུན་པᨖ་དེ་ཁྲིད་བསྡུས་པ་བྱེད་ན་འདུས་པ་གསུམ་ཀ་ལ་འོང་བ་ཡིན་པ་ལ། འདིར་རྒྱས་པ་བྱེད་པས་འདུས་པ་གསུམ་གང་ལའང་མ་གཏོགས་སོ། །སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ཁྲིད་པ་སྔོན་ཏུ་འགྲᨖ་བ་ཡིན། འདུས་པ་དང་པᨖ་ལ་རླུང་གཏུམ་མᨖ་དྲོད་རྟགས་ཀྱི་ལམ་ཁྲིད་པས་རླུང༌། གཏུམ་མᨖ་བསྒོམས་པས་རླུང་ལོག་དེས་རྩ་དྲལ། དེས་གཏུམ་མᨖའི་མེ་འབར་བས་ཁམས་བྱང་ཆུབ་ཀྱི་སེམས་བཞུས་པས་ལྷན་སྐྱེས་ཀྱི་བདེ་བའི་ཉམས་བསྐྱང་ངོ༌། །དེར་བདེ་བ་མ་སྐྱེས་ན། འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པའི་དུས་སུ་བདེ་བ་སྐྱེ་བར་བྱེད་པའི་ཐབས་ནི། གོང་དུ་རང་གིས་མཐོང་མཐོང་བའི་མིའི་བུ་མᨖ་གཟུགས་དང་ལང་ཚོར་ལྡན་པ་རང་གང་ཆགས་པ་གཅིག་གམ་བཅུ་ལ་སོགས་པ་སྔོན་འགྲᨖ་བྱས་ནས། མདུན་ཏུ་ཡོལ་བས་བཅད་པའི་རྒྱབ་ཏུ་བསམས་ལ། ཁྲོ་མᨖ་རྣལ་འབྱོར་མ་དྲན་ཙམ་བྱ། དེ་ནས་ཆགས་པའི་མེ་སྦར། ཐིག་ལེ་དབབ། བསྒྲད་པའི་མཐས་བསྲུང༌། གསང་ཐུབ་པར་བྱ། ཞེས་བཞི་ཡོད་པ་ལས། དང་པᨖ་ཆགས་པའི་མེ་སྦར་བ་ནི། མདུན་གྱི་ཕྱག་རྒྱ་དེ་བཤུག་གླུ་ལེན་པ་དང༌། རྩེད་མᨖ་བྱེད་པ་ལ་སོགས་པའི་སྒྲ་ལ་ཉན་པ་དང༌། གཟུགས་ལ་བལྟས་པས། ལྷན་སྐྱེས་ཀྱི་བདེ་བ་ཅི་སྐྱེ་བྱ། དེས་བདེ་བ་མ་སྐྱེས་ན། ཐིག་ལེ་དབབ་པ་ནི། རང་གི་ལག་པའི་མཐེ་བᨖང་གཉིས་ཚངས་པའི་ནང་དུ་བཙུག་ལ། ཁུ་ཚུར་བཅངས་ལ་བྲང་དུ་བསྣོལ། མིག་གཉིས་ནམ་མཁའ་ལ་བལྟས་ལ། ལུས་དུམ་ཙམ་བསྒུལ། དེ་ནས་ཐིག་ལེ་ཉམས་ཚད་ན། བསྒྲད་པའི་མཐས་བསྲུང་བ་ནི། མིག་དང་ལག་པ་གོང་ལྟར་བྱས་ལ། ལྟེ་བ་སྒལ་པ་ལ་བཅར་ལ། རོ་སྟོད་དུམ་ཞིག་བསྒུལ་ལོ། །དེ་ནས་གསང་ཐུབ་པར་བྱ༑ ཞེས་པ་ནི། སྔགས་པ་ཡིན་ན་ལྷན་ཅིག་ཏུ་གནས་པར་མི་བྱ། དཀའ་ཐུབ་ཡིན་ན། ཡོལ་བའི་ནང་དུ་ཕྱག་རྒྱ་དེ་མི་བསམ་མᨖ། །དེ་ལྟར་བདེ་བ་མ་སྐྱེས་ཀྱི་བར་དུ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། རླུང་མནན་མི་དགོས་སོ། །དེ་ལྟར་བྱས་པས་དགའ་བ་བཅུ་དྲུག་སྐྱེས་ན་དེས་ཆོག །མ་སྐྱེས་ན་ཡང་འདི་ལྟར་བྱ། སྔོན་ཏུ་འགྲᨖ་བ་བྱས་ནས། རང་གི་སྣ་བུག་གཉིས་ནས་ཕར་ལ་རླུང་སྔོ་ནར་གྱིས་བྱུང༌། མདུན་ཏུ་ཡོལ་བའི་རྒྱབ་ཏུ་ཕྱག་རྒྱ་གོང་བཞིན་བསམ་པའི་སྣ་གཉིས་ན་ཕར་སོང༌། གསང་གནས་ནས་ཚུར་བྱུང༌། ཡང་རང་གི་སྣ་ནས་ཕར་སོང༌། དེ་ལྟར་སྒ་ར་ར་ཐུན་གྲངས་ཐུན་མཚམས་མེད་པར་བྱའོ། །སྔོན་ཏུ་འགྲᨖ་བ་བྱས་ནས། རང་གི་མདུན་གྱི་ཡོལ་བའི་ནང་དུ་གོང་བཤད་པའི་ཕྱག་རྒྱ་དེ་བསམས་ལ། དེའི་ལུས་ལ་ནི་མི་རེག་པར་རྟ་བᨖང་ལ་སོགས་པའི་ཆགས་པའི་གཏམ་བྱ་བར་བསམ། སྨིན་མཚམས་དང༌། མགྲིན་པ་དང༌། ནུ་མ་གཉིས་ཀྱི་བར་དང༌། ལྟེ་བ་དང༌།  
གསར་གནས་ལ་སོགས་པ་གང་ཆགས་པའི་སར་བལྟ་ཞིང༌། རྩེད་མᨖ་དང་ཀུ་རེ་ཆགས་པའི་གཏམ་བྱ་ཞིང་གཟུགས་ལ་བལྟ། སྒྲ་ལ་ཉན། དེ་ལྟར་ཆགས་པའི་མེ་སྦར་བས། བདེ་བ་སྐྱེས་ནས་ཐིག་ལེ་ཉམས་ཚད་ན། བསྒྲད་པའི་མཐས་བསྲུང་བ་གོང་བཞིན་བྱ། དེ་ནས་གསང་ཐུབ་པར་བྱ་བ་ནི། ཕྱག་རྒྱ་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་མི་བསམ་མᨖ། །རླུང་ནི་གནོན་མི་དགོས་པའི་ཐུན་གྲངས་དང༌། ཐུན་མཚམས་མེད་པར་བསྒོམ་མᨖ༑ ༑ཕྱག་རྒྱ་བཞིའི་དབང་དུ་བྱས་ན། བཞི་ལས་ལས་ཀྱི་ཕྱག་རྒྱ་མངོན་གྱུར་ལ་བསླབ་པ་ནི། སྔགས་པས་དངོས་སུ་ཕྱག་རྒྱ་བསྟེན་པ་ཡིན། ཆོས་ཀྱི་ཕྱག་རྒྱ་ལྐོག་གྱུར་ལ་སློབ་པ་ནི། སྒོམ་པའི་དུས་ཀྱི་རྩལ་དམིགས་པ་དེ་རང་ཡིན། ཡེ་ཤེས་ཕྱག་རྒྱ་རང་སྣང་གི་རིག་མ་ལ་བསླབ་པ་ནི། ད་ལྟ་མདུན་ཏུ་བསམས་ནས་ཁྲིད་པ་འདི་རང་ཡིན། ཕྱག་རྒྱ་ཆེན་པᨖ་གཉིས་སུ་མེད་པ་ལ་བསླབ་པ་ཡིན། འདི་པའི་ལུགས་ཀྱིས་ཕྱེད་དང་བཅུ་གསུམ་ན་གྲུབ་པ་ཐོབ་པའི་དུས་ལ་ཕྱེད། འདི་ཡང་བླ་མས་རིག་ཙམ་གསུང་བཟུང་བ་ཡིན་གསུངས། དེར་མ་མཐོང་བའི་སྒྲ་ལ་བསླབ་པ་ཐལ། མཐོང་བའི་གཟུགས་ལ་བསླབ་པ་ཐལ་ནས། སྔོན་ཏུ་འགྲᨖ་བ་བྱས་ལ། གོང་གི་ཕྱག་རྒྱ་གཟུགས་དང་ལང་ཚོར་ལྡན་པ་དེ་ཇོ་མᨖར་བསམས་ལ། དེའི་ནུ་མ་མཉེ་བ་དང༌། བགད་བཞད་བྱེད་པར་བསམ་ཞིང་ཆགས་པའི་མེ་སྦར། དེས་བདེ་བ་སྐྱེས་ན་ཐིག་ལེ་ཕེབས་ནས་ཉམས་ཚད་ན། གོང་བཞིན་བགྲད་པའི་མཐས་བསྲུང༌། གསང་ཐུབ་པར་བྱ་བ་ནི། ད་རུང་ཡང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་མི་བྱའོ། །སྔོན་ཏུ་འགྲᨖ་བ་བྱས་ནས། གོང་གི་ཕྱག་རྒྱ་དེའི་གསང་བ་དང༌།  
རང་གི་གསང་བ་ བᨖ་ལ་ཀཀྐོ་ལ་ གཉིས་འཕྲད་ཙམ་འཕྲད་ཙམ་བྱེད་པར་བསམ་ཞིང་བསྒོམ། ད་རུང་སྲུབ་པ་དང་སྲུབ་པའི་སྦྱོར་བ་བྱེད་པ་ནི་མིན། དེར་ཆགས་པའི་མེ་སྦར་བས་ཐིག་ལེ་ཕེབས་ནས་ཉམས་ཚད་ན་གོང་བཞིན་བསྒྲད་པའི་མཐས་བསྲུང༌། གསང་ཐུབ་པར་བྱ་བ་ནི། ཐིག་ལེ་ཉམས་སུ་མི་བཅུག་པའོ། །དེས་དགའ་དང༌། དགའ་བྲལ་བསྟན་ནས། དེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་སྐྱེས་ན། སྔོན་ཏུ་འགྲᨖ་བ་བྱས་པའི་རྗེས་ལ་གོང་གི་ཆོས་བཞི་འདིར་ཡོད་དགོས་པས། དང་པᨖ་ཆགས་པའི་མེ་སྦར་བས། སྲུབ་པ་དང༌། སྲུབ་པའི་སྦྱོར་བ་བྱས་པས། ཐིག་ལེ་ཕེབས་ནས་ཉམས་ཚད་ན། འདི་ལམ་འབྲས་རང་གི་ལུགས་ཡིན་གསུངས། ཉམས་སུ་མི་བཅུག་པར་བསྒྲད་པའི་མཐས་བསྲུང་བ་གོང་བཞིན་བྱ། གསང་ཐུབ་པར་བྱ་བ་ནི། ཐིག་ལེ་ཉམས་སུ་མི་བཅུག་པ་ཡིན་ནོ། །དེས་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་སྐྱེས་ན་སྐྱེ་བའི་ཐབས་ནི། སྔོན་དུ་འགྲᨖ་བ་བྱས་ལ། གོང་གི་ཆོས་བཞི་འདིར་ཡང་དགོས་པས། དང་པᨖ་ཆགས་པའི་མེ་སྦར་བས་ལྷན་ཅིག་སྙོམས་པར་ཞུགས་ནས། ཐིག་ལེ་དབབ་པའི་ཐབས་སྲུབ་པ་དང་སྲུབ་པའི་སྦྱོར་བ་བྱས་ལ། དེས་ཐིག་ལེ་ཕེབས་ནས་གཉིས་ཤོར་གཉིས་མ་ཤོར་བའི་དུས་སུ་བསྒྲད་པའི་མཐས་བསྲུང་བས་གཉིས་མ་ཤོར་བ་ འདི་དགྱེས་རྡོར་བའི་ལུགས་ཡིན་གསུངས། དེའི་དུས་སུ་རྟགས་ཅི་འོང་ན་བཤང་བའི་ལམ་ཚ་ལ་འཚུབ་པའམ་སྤུ་ཟིང་ཟིང་བ་འོང༌། ཐིག་ལེ་གཉིས་ཤོར་གཉིས་ལུས་པའི་དུས་དེར་
ཐིག་ལེའི་ཟུག་མི་བཟོད་པས་ངུ་བའི་སྐད་འོང་བདེ་བ་དེ་ལྟ་བུ་འོང་བའི་དུས་སུ། སྟོང་པ་དང་ཟུང་དུ་འཇུག་པའི་ཐབས་ལ། རང་གི་རྩ་གཉིད་ལོག་མཛུ་གུས་མནན་ན་མི་རྟོག་པར་འགྲᨖ་བས། གོང་གི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ཟེར་བ་དེ་དེ་ཡིན་གསུངས། ཐིག་ལེ་གཉིས་དེ་མ་ཤོར་བ་ལ་གསང་ཐུབ་ཟེར། དེས་ཁམས་འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པ་དེ་ཚར་བ་ཡིན། ད་དེ་ཡུལ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛᨑན་མ་སྐྱེས་ན། ད་འདུས་པ་ཐ་མ་ལ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པ་ནི། མཚོ་མཚེའུའི་འགྲམ་དུ་འགྲᨖ་ལ། སྔོན་དུ་འགྲᨖ་བ་བྱས་ལ། ཤིང་ངམ། རྡོའི་གྲིབ་མ་མཚོ་འམ། མཚེའུ་ཡི་ནང་ན་མར་ལ་ཤར་བ་ལ། སྔ་དྲོ་ཁ་ཤར་དུ་གྱུ། ཕྱི་འཕྲེད་ནུབ་ཏུ་གྱུ་ལ་བལྟ། ཡང་སེམས་ཞི་བ་ལྷུག་པ་ལ་བཞག  །ཡང་རྡོའམ་ཤིང་ལ་བལྟ་ཞིང་བསྒོམ། ཡང་སེམས་ཞི་བ་ལྷུག་པ་ལ་བཞག  །དེ་གསུམ་སྒ་ར་ར་བྱ། ཡུན་རིང་དུ་ཁྲིད་བྱེད་ན་དེ་རེ་རེ་ལའང་ཤོག་རེ་བསྒོམ་པ་ཡིན་གསུངས། དེས་ཡུལ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛᨑན་སྐྱེའོ། །ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛᨑན་མ་སྐྱེས་ན་སྐྱེ་བའི་ཐབས་ནི། རང་གི་མདུན་གྱི་ས་གཞི་བས་ཡར་ལ་འདᨖམ་གང་གིས་མཐོ་བའི་ཐད་སོར་དམིགས་ལ་བསྒོམ་ཡང་མིག་བཙུམ་ལ། སེམས་ཞི་བ་ལྷུག་པ་ལ་བཞག །དེས་ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛᨑན་སྐྱེའོ། །གོང་གི་ཁྲིད་ཀྱིས་ལུས་བདེ་སྟོང་ཟུང་
འཇུག་གི་ཏིང་ངེ་འཛᨑན་གོང་དུ་མ་སྐྱེས་ན། སྐྱེ་བར་བྱེད་པ་ནི་རབ་བྱུང་ངམ་ཡེ་ཤེས་ཀྱི་ཡིན་ན་ནི་བསམ་པར་བྱ། དངོས་སུ་ལས་ཀྱི་ཕྱག་རྒྱ་ཡིན་ན། མདུན་ཏུ་གཅེར་བུར་ཕུད་ལ་དེའི་སྨིན་མཚམས་སུ་ཤེས་པ་གཏད་ལ་བསྒོམ། ཡང་རང་གི་སེམས་ཞི་བ་ལྷུག་པར་བཞག །དེས་ཀྱང་མ་སྐྱེས་ན། དེ་བཞིན་ཏུ་ནུ་མའི་བར་དང༌། ལྟེ་བ་དང༌། གསང་གནས་སུ་ཡང་གཏད་ཅིང་སེམས་ཞི་བ་ལྷུག་པ་ལ་བཞག་པ་རེ་མᨖས་སྒ་ར་ར་བྱའོ། །དེས་ལུས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛᨑན་སྐྱེའོ། །དེར་གཉུག་མའི་སེམས་ཀྱི་རང་སྒོ། བཅོས་མིན་སེམས་ཀྱི་ངོ་བᨖ། ཉམས་བདེ་སྟོང་མཉམ་རྗེས་མེད་པར་སྐྱེ་བ་འདུས་པ་ཐ་མའི་ཏིང་ངེ་འཛᨑན་ཡིན། དེའི་དུས་སུ་མངོན་ཤེས་མེད་ན་སྐྱེད་པར་བྱེད་པའི་ཐབས་ནི། གོང་དུ་མཐོང་བའི་ཕྱག་རྒྱ་གཅིག་གི་མཁའ་ཀློང་དུ་རང་གི་རྩ་གསུམ་ནས་ཐིག་ལེ་དབབ་པ། ཡང་རྩ་གསུམ་ན་ཡར་དྲངས་ལ་མིག་གི་མངོན་པར་ཤེས་པ་འདᨖད་ན་མིག་རྩ་གཉིས་སུ་ཡང་ཡང་དྲང་ངོ༌། །རྣ་བའི་རྣམ་པར་ཤེས་པ་འདᨖད་ན་རྣ་བའི་རྩ་གཉིས་སུ་ཡང་ཐིག་ལེ་དྲང་ངོ༌། །སྣའི་མངོན་པར་ཤེས་པ་འདᨖད་ན་སྣ་རྩ་གཉིས་སུ་ཐིག་ལེ་ཡང་ཡང་དྲང་ངོ༌། །ལྕེའི་མངོན་པར་ཤེས་པ་འདᨖད་ན་ལྕེའུ་ཆུང་གཉིས་སུ་ཐིག་ལེ་ཡང་ཡང་དྲང་ངོ༌། །ཡིད་ཀྱི་མངོན་པར་ཤེས་པ་འདᨖད་ན། ལུས་སྤྱི་ཁྱབ་པར་བསམ་མᨖ། །དེས་མངོན་པར་ཤེས་པ་འོང་ངེས། དེས་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་ཁྲིད་པ་སྔོན་དུ་ཐལ། ལམ་བཞི་བསྒོམ་པས་ཉམས་བཞི་སྐྱེ་བ་ཡང་ཐལ། དེ་ནས་ཁམས་འདུས་པ་དང་པᨖ་ལ་རླུང་གཏུམ་མᨖ་དྲོད་རྟགས་ཀྱི་ལམ་ཁྲིད་པ་ཐལ། འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པ་ཐལ། འདུས་པ་ཐ་མ་ལ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པའང་ཐལ་ལ། ཁྲིད་བསྡུས་པར་བྱེད་ན། རླུང་གི་སྦྱོར་བ་བདུན་པᨖ་རྐྱང་པ་བྱ། དེའི་ཁྲིད་ལུགས་ནི། ཁམས་འདུས་པ་དང་པᨖ་ལ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ། འདུས་པ་བར་པ་ལ་གདᨖན་པ་གསུམ་ལ་སོགས་པའི་རླུང་གི་སྦྱོར་བ་བར་གྱི་ལྔ་པᨖས་བཙལ། འདུས་པ་ཐ་མ་ལ་སྦྱོར། ཞི་བ་ཤཱན་ཏི་ཀས་ལམ་བཙལ། དེའི་དུས་སུ་དབང་པᨖ་རབ་ལ་ཉམས་སྐྱོན་མེད་རྣམ་པ་གསུམ་སྐྱེས་ཀྱང༌། ཁྲིད་འོག་མ་ཀུན་སློབ་པས་ཆོག །ཁྲིད་མི་དགོས། དབང་པᨖ་འབྲིང་ལ་ཁྲིད་འབྲིང་དུ་བྱེད་ན། འདུས་པ་དང་པᨖ་ལ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ། འདུས་པ་བར་པ་ལ་ཁ་སྦྱོར་ཞི་བ་ཤཱན་ཏི་ཀ་པར་གཏོགས་ཀྱི་རླུང་གི་སྦྱོར་བ་དྲུག་པᨖས་བསམ་གཏན་གྱི་ལམ་བཙལ། འདུས་པ་ཐ་མ་ལ་མན་ངག་གི་གནད་ལ་བརྟེན་པའི་གཏུམ་མᨖས་བསམ་གཏན་གྱི་ལམ་བཙལ། དེའི་དུས་སུ་ཉམས་སྐྱོན་མེད་གསུམ་སྐྱེས་ཀྱང་ཁྲིད་འོག་མ་ཀུན་སློབ་པས་ཆོག །ཁྲིད་མི་དགོས། རྒྱས་པར་བྱེད་ན་གྲགས་ཚོད་མ་ལུས་པར་བྱེད་པ་ཡིན་ཏེ་འདི་རང་ཡིན། རླུང་གི་སྦྱོར་བ་བདུན་པᨖ་ནས་སྔོན་ཏུ་ཁྲིད་པས་སྔོན་དུ་འགྲᨖ་བ་མིན་པའི་འདུས་པ་གསུམ་གང་ལའང་མ་
གཏོགས། ལར་ཁྲིད་རྒྱས་བསྡུས་གང་ལྟར་བྱེད་ཀྱང་ཉམས་སྐྱོན་མེད་རྣམ་པ་གསུམ་གར་སྐྱེས་ཀྱང་དེ་ནས་གཞན་པ་སློབ་པ་མིན་པའི་ཁྲིད་མི་དགོས་སོ། །བླ་མས་རླུང་སྦྱོར་བདུན་པᨖའི་གོང་གི་རྒྱུ་བ་གསུམ་གཅིག་ཏུ་བརྩི་བ་ལ་སྲོག་རྩོལ་ཞེས་ཟེར། སྲོག་རྩོལ་ལ་རྔན་དགས་རིམ་གྱིས་སྦྱིན་པས་དྲིད་ནས་རླུང་གནས་པར་བྱེད་འདᨖད་ཙམ་ན། རླུང་ལ་བཅས་བཅོས་བྱེད་པ་ཀུན་རླུང་གནས་པའི་ཐབས་ཡིན་པས་རླུང་གི་སྦྱོར་བ་བདུན་པᨖ་ཀུན་ལ་རྔན་དགས་རིམ་གྱིས་སྦྱིན་པ་ཟེར་བ་གོ་གསུངས། འོག་རླུང་གི་བྱེད་ལུགས་རེས་ནམ་བྱུང་རེས་ནམ་བྱུང་བས་མ་ཤེས་ནས། ལམ་འབྲས་པའི་ལུགས་ཀྱི་ངེས་པའི་ནམ་ནས་རན་པ་ཡིན་ཞུས་པས། རིན་པᨖ་ཆེའི་ཞལ་ནས། མ་མཐུན་པ་དེ་རྣམས་བཤད་པ་གདམས་ངག་ཅི་ཚར་གྱི་ཐབས་ཡིན། ད་དེ་ཁྱེད་ལ་ཟློ་འཚལ། སྙིང་ཐག་པ་ནས་ཉམས་སུ་ལེན། ཡོན་ཏན་ཅི་སྐྱེ་བྱེད་ན། སྟེང་རླུང་མནན་པ་ཙམ་གྱིས་འོག་རླུང་རང་བསྡམས་ལ་ནམ་བྱུང་བའི་དུས་སུ་འོག་རླུང་རན་པ་ཡིན། དེ་མིན་བར་འོག་རླུང་སྔས་ན་ཟོང་པᨖ་ཟོང་ཟད་དུ་འགྲᨖ་བས་ཡོན་ཏན་མི་འབྱུང༌། མཁལ་རྐེད་ལ་སོགས་པའི་སྐྱོན་ཏུ་འགྱུར་གསུང་ངོ༌། །ༀ་སྭ་སྟི། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།
ལམ་འབྲས་ཀྱི་ཁྲིད་བྱེད་པའི་དུས་སུ། རྨི་ཉམས་དང༌། ལུས་ཉམས་དང༌། སེམས་ཉམས་གསུམ། མཐོང་སྣང་གི་ཉམས་དང་བཞི་ལས། དང་པᨖ་སྲོག་རྩོལ་གྱི་གནས་སྐབས་སུ་ཕོ་རོག་གིས་སྐྱ་ཀའི་མགོ་བཏོག་པ་རྨིས་ན།
དུད་འགྲᨖའི་ས་བᨖན་དུཿ ཡིག་དུད་ཁར་རླུང་སེམས་གཉིས་མཉམ་པར་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། ཕྱིང་པ་དཀར་པᨖ་ལ་ནག་ཐིག་ཡོད་པ་གྱོན་པར་རྨིས་ན་གྲིབ་བྱུང་བའི་རྟགས་ཡིན༑ དེའང་རང་གི་བླ་མ་འདྲ་བ་ཞིག་ལ་མ་གུས་པའམ་མ་མᨖས་པ་བྱས་པའི་རྟགས་རྨི་ཉམས་ཡིན་པས་དེ་སེལ་བའི་ཐབས་ནི། རང་གི་མདུན་གྱི་ནམ་མཁར་རང་མ་གུས་པ་བྱས་པ་གང་ཡིན་པའི་བླ་མ་དེ་བསམས་ལ༑ རང་གི་སྨིན་མཚམས་སུ་བསམ་པ་ཡང་ཡང་བྱ། དེས་སེལ་ལོ། །ཐང་སྟོངས་པའི་དཀྱིལ་ན་འདུག་པ་ལ་དགྲས་ཁྱེར་དᨖགས་ཡོད་སྙམ་པ་རྨིས་པ་ན་ལྷ་མ་ཡིན་གྱི་ས་བᨖན་སུཿ ཡིག་སེར་པᨖར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། ཆུ་དམར་ཆེན་པᨖ་ལ་འགྲᨖ་ཚད་པ་རྨིས་ན་ཆུ་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། རང་གི་ཕ་མའམ་ཉེ་དུ་རྨིས་ན། རྣམ་རྟོག་སྔོན་ཏུ་སོང་བའི་དྲོད་བྱ་བ་རྩ་གཡས་པའི་མར་སྣར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། བུ་སྲིང་ལྟ་བུ་རྨིས་ན། རྩ་དབུ་མའི་མར་སྣ་ཌཱ་ཀིའི་གདᨖང་བྱ་བ་རླུང་སེམས་འདུས་པའི་རྨི་ཉམས་ཡིན། གདᨖན་ས་གསུམ་གྱི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མེ་ཆེན་པᨖ་ལ་འགྲᨖ་ཚད་པ་ལ་སོགས་པ་རྨིས་ན། མགྲིན་པར་མེ་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། བཙོན་གྱི་བདག་པᨖ་བྱེད་པ་རྨིས་ན། ནྲ་ཡིག་སྔོན་པᨖར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། རང་གི་གཞོགས་གཡས་པ་ན་
ཡང་སྦྲུལ་ཆེན་པᨖ་འགྲᨖ་བ་ལྟ་བུ་རྨིས་ན་རྩ་གཡས་པའི་ནང་དུ་རླུང་སེམས་འདུས་པའི་རྨི་ཉམས་ཡིན། འདྲེ་མིན། ལུས་ཉམས་ལ་གཞོགས་གཡས་པ་ན་ཡར་འབར་བ་ལྟ་བུ་བྱུང་ན། ཕོ་རླུང་གི་འབར་བྱ་བ་ལ་སོགས་པ་ཡིན་པས༑ རྩ་གཡས་པ་ལ་བརྟེན་ཏེ་ཐེས་སུ་ཕོ་རླུང་རྒྱུ་བ་ཡིན་པས་དེའི་ཉམས་ཡིན། རྨི་ལམ་དུ་ཤི་བ་ཁོ་ན་རྨིས་ན། ཉམ་ང་མྱ་ངན་འདྲེའི་རྩ་བྱ་བ་མཐེ་བᨖང་རྩ་བར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། རྟ་སྔོན་པᨖ་ཞོན་པ་རྨིས་ན་རླུང་གི་རླུང་ཟིན་པའི་རྨི་ཉམས་ཡིན། ཁ་ནས་སྒྲ་གེང་དུ་དགང་བ་ལ་སོགས་པའི་དགང་བ་གཉིས་ཀྱི་གནས་སྐབས་སུ། ཉམས་བཞི་པᨖ་ལ་རྨི་ཉམས་སུ་རང་གི་སྤྱི་བᨖ་ན་ཡར་རྡོལ་ལ་ཁད་པ་རྨིས་ན་མ་ལས་ཐོབ་པའི་རཀྟ་སྤྱི་བᨖ་ན་ཡར་འབུས་པའི་རྨི་ཉམས་ཡིན། ནམ་ཕྱེད་ཡིན་པ་ལ་དཀར་སང་ངེ་འདུག་སྙམ་པ་རྨིས་ན་ཕ་ལས་ཐོབ་པའི་བྱང་སེམས་དཀར་པᨖ་བག་ཙམ་དབུ་མའི་ནང་དུ་འདུས་པའི་རྨི་ཉམས་ཡིན། ཁ་སྦྱོར་ཞི་བ་ཤཱན་ཏི་ཀའི་གནས་སྐབས་སུ་ཉམས་བཞི་ལ། རྨི་ཉམས་སུ་སྦལ་པ་དང་ལ་ཕུག་རྨིས་ན། དུད་འགྲᨖའི་ས་བᨖན་དུཿ ཡིག་དུད་ཁའི་ཡན་ལག་སྦལ་པ་དང༌། ལ་ཕུག་འདྲ་བ་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། འདམ་ལ་ནུབ་ནས་མི་ཐོན་པའམ། ས་ལས་བྱེད་པ་ལ་སོགས་པ་རྨིས་ན། ས་རླུང་རང་གནས་སུ་ལྟེ་བར་ཟིན་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། བ་ལ་མཐུར་བཅུག་པ་རྨིས་ན།  
ནི་ཡིག་སྔོན་པᨖ་ལས་འཁོར་འདས་ཐམས་ཅད་ཀྱི་རྩས་ཁྱབ་ནས་ཡོད་པའི་སྟོད་ཕྱོགས་ནས། རྩ་བའི་གཟུགས་འདྲ་བ་ཡོད་པ་ལ་རྩ་ཕྲ་མᨖ་མང་པᨖས་མཐུར་བཅུག་པ་བཞིན་ཏུ་དཀྲིས་ནས་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། མི་མགོ་ཁ་ཉེར་ཉེར་བྱེད་པ་རང་གི་མདུན་ན་སྣང་བ་རྨིས་ན། ཡི་གེ་བཅུ་བཞི་པᨖ་མིན་པའི་ཡི་གེ་བསམ་གྱིས་མི་ཁྱབ་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། རང་གི་ཐིག་ལེ་ཤོར་བས་རང་གི་གོས་ལྟེམས་ཀྱིས་གང་བ་རྨིས་ན། གོས་ཀྱི་ཕྱོགས་གཡོན་པ་ཡིན་ན་རྩ་གཡོན་པ་ཡིན། གོས་ཀྱི་ཕྱོགས་གཡས་པ་གང་བ་རྨིས་ན། རྩ་གཡས་པའི་ནང་དུ་བྱང་སེམས་དཀར་པᨖ་དེ་གནས་པའི་ཐིག་ལེའི་རྨི་ཉམས་ཡིན། རང་གི་ལུས་ལ་སྦྲུལ་གྱིས་དཀྲིས་པ་རྨིས་ན། རྩ་གཡས་གཡོན་གྱི་མདུད་པ་ཅུང་ཞིག་གྲᨖལ་ནས། སྦྲུལ་གཅུས་པ་བཞིན་ཏུ་རང་གི་ལུས་དཀྲིས་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས་པའི་རྩའི་རྨི་ཉམས་ཡིན། རང་རྟ་པ་ལྟ་བུའི་ཟླ་ལ་སོང་བ་ཤིན་ཏུ་མགྱོགས་པ་རྨིས་ན། རླུང་གི་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། འདིའི་དུས་སུ་རྨི་ལམ་ཡེ་མ་བྱུང་ན། མ་ཀི་ཤེས་རབ་ཀྱི་ཨར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། ལམ་བཞི་བསྒོམས་པས་ཉམས་བཞི་སྐྱེད་པར་བྱེད་པའི་རིམ་པ་དབྱིབས་བསྒོམས། དེའི་དང་པᨖ་མི་བསྐྱོད་པའི་སྤྱན་ལ་དམིགས་པའི་
གནས་སྐབས་སུ། ཉམས་བཞི་ལ་རྨི་ཉམས་སུ་ཆུ་ཚན་ལ་ཞུགས་པ་རྨིས་ན། ཆུ་རླུང་རང་གནས་སུ་སྙིང་གར་ཟིན་པ་རྨི་ཉམས་སུ་ཡིན། ལུས་པᨖ་ཁོང་སྟོང་གི་ནང་དུ་མེ་དམར་སྐྱ་འབར་བའི་གནས་སྐབས་སུ་ཉམས་བཞི་པ་ལ་རྨི་ཉམས་ཡིན། མ་བྱུང་ན་ལམ་འབྲས་བུའི་ལུགས་ཀྱིས་རྟེན་འབྲེལ་བཞིའི་ཉམས་བྱ་བ་བཟང་པᨖར་བྱེད་པ་ཡིན། དེ་ལ་ཐབས་ཀྱི་ལམ་དབང་གསུམ་པ་བསྒོམ་པའི་གནས་སྐབས་སུ་ཉམས་བཞི་པᨖ་ལ་རྨི་ཉམས་སུ༑ ཞིང་ལ་ཆུ་འགྱེད་ཅིང་ཚᨑགས་བཅད་ཟློ་ཞིང་འདུག་པ་མཐོང་བ་རྨིས་ན། ས་རླུང་ཆུ་རླུང་གཉིས་དུས་མཉམ་དུ་རང་གནས་སུ་ཅུང་ཞིག་ཟིན་པའི་རྨི་ཉམས་ཡིན། བུད་མེད་འགའ་རེ་ཙམ་གྱི་ནང་དུ་རང་གིས་ཆགས་པ་བྱས་པ་ལ་འགའ་རེ་དགའ། འགའ་རེ་མི་དགའ་བར་འདུག་པ་རྨིས་ན། ཚེ་སྔ་མ་ཡང་སྔ་ལ་རང་ལ་དམ་ཚᨑག་གི་སེལ་ལམ་གྲིབ་བྱུང་བ་ཡིན་པས། ཉིན་རེ་ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་ཤོག་ཅིག་བརྗོད་པར་བྱ། ནུབ་མᨖ་དཀར་སངས་སངས་པ་བྱུང་ན། ཐིག་ལེའི་ཉམས་ཡིན། རྡོ་རྗེ་རྦ་རླབས་གསུམ་དུ་རེངས་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་རང་གི་དྲི་ཆེན་གྱི་ནང་དུ་རིང་བསྲེལ་འོད་དང་ལྡན་པའམ་མཆོད་རྟེན་ནམ་གདུགས་རྟེན་བྱོན་པ་རྨིས་ན་བག་ད་ལའི་ཡི་གེ་བཅུ་བཞི་པᨖའི། ༀ་དཀར་པᨖའི་ནང་དྲི་ཆེན་གྱི་དྭངས་མ་དང་བྱང་སེམས་དཀར་པᨖ་གཉིས་ཅུང་ཞིག་འདྲེས་པའི་རྨི་ཉམས་ཡིན། འཕུར་བ་རྨིས་ན་རླུང་གི་རླུང་རང་
གནས་སུ་ཅུང་ཞིག་ཟིན་པའི་རྨི་ཉམས་ཡིན། འཇིགས་ཤིང་དགྲས་ཁྱེར་དᨖགས་པ་རྨིས་ན། རང་གི་མཁལ་མ་གཉིས་ཀྱི་སྟེང་ན་འཇིགས་ཤིང་ཉམ་ང་བའི་རྩ་བྱ་བ་ལུག་རུ་ལྟ་བུ་གཉིས་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས་པའི་དུས་སུ་བླ་མ་བརྒྱས་མཐའ་མ་བསྐོར་ཡང་འཇིགས་ཤིང་སྐྲག་པ་འོང་བ་ཡིན་པས་དེའི་རྨི་ཉམས་ཡིན། གསང་གནས་ནས་མེ་འབར་བའི་གནས་སྐབས་སུ་ཉམས་བཞི་པᨖ་ལ་རྨི་ཉམས་སུ་ཤར༑ དམར་པᨖ་ཁྲག་འདྲ་འབྱུང་བ་ལ་གབ་པའམ་བྲོས་པ་རྨིས་ན་བྱང་སེམས་ཁྲག་གི་ཆ་དེ་ཅུང་ཞིག་འདུས་པའི་རྨི་ཉམས་ཡིན། བུད་མེད་ཕྱེ་བཏགས་པའི་རོགས་རང་གིས་བྱེད་པ་རྨིས་ན། རྩ་དབུ་མའི་མར་སྣ་ཌཱ་ཀིའི་གདᨖང་བྱ་བར་རླུང་སེམས་ཅུང་ཞིག་གནས་པའི་རྨི་ཉམས་ཡིན། ཐིག་ལེ་གཉིས་ཀྱི་འཐབ་མᨖའི་གནས་སྐབས་སུ་ཉམས་བཞི་ལས། ལྟོ་བའི་འོག་སྦུ་གུའི་ལྟག་རུ་ན་རླུང་གི་རླུང་རང་གནས་སུ་ཟིན་པའི་ལུས་ཉམས་ཡིན༑ བླ་མ་རབ་གནས་བྱེད་པ་ལ་བུ་ཚ་མང་པᨖས་ནམ་མཁའ་ན་ཚུར་སྐོར་བ་བྱེད་པ་རྨིས་ན་འགས་ལྷའི་བུ་ཡིན་ཟེར། འགས་ཆོས་སྐྱོང་ཡིན་ཟེར་ཏེ། དེ་གཉིས་གང་ཡང་མིན་པས། འདི་པའི་ལུགས་ཀྱི་མི་བསྐྱོད་པ་དང་བླ་མ་གཉིས་གཅིག་པས། དེའི་ས་བᨖན་དེ་རང་གི་ཐུགས་ཀའི་ཧཱུྃ་མཐིང་ནག་དེ་ཡིན་པས། དེ་ལ་བྱང་ཆུབ་སེམས་ཅུང་ཞིག་བབས་ནས་མར་བྱོན་པས་ལྟེ་བའི་ནི་ཡིག་སྔོན་པᨖའི་ནང་དུ་འདུས་པས་ཀུན་གཞི་བྱིན་གྱིས་
བརླབས་པའི་རྨི་ཉམས་ཡིན། མེ་སྐོར་བུའི་སྣེ་མᨖ་རེ་རེར་ཧཱུྃ་གཉིས་ཡོད་པའི་གནས་སྐབས་སུ་ཉམས་བཞི་ལ་རང་གི་ལུས་ཆེར་སོང་སྙམ་པ་བྱུང་ན། ས་རླུང་རང་གནས་སུ་ཟིན་པའི་ལུས་ཉམས་ཡིན། སྤྲང་པᨖ་མང་པᨖའི་ནང་དུ་འདུག་པར་རྨིས་ན་རླུང་དང་བྱང་སེམས་ཀྱི་དྭངས་མ་མིན་པའི་སྙིགས་མ་ཅུང་ཞིག་འདུས་པའི་ཉམས་ཡིན། མེ་སྐོར་བུའི་སྣེ་མᨖར་ཧཱུྃ་བཞི་བཞི་ཡོད་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མིའི་ཤའམ་ཀླད་པ་ཟ་བ་རྨིས་ན་སྡིག་པ་དག་པའི་རྟགས་ཀྱང་ཡིན། མ་ཀི་ཤེས་རབ་ཀྱི་ཨར་རླུང་སེམས་ཅུང་ཞིག་འདུས་ཀུན་གཞི་བྱིན་གྱིས་བརླབས་པའི་ཉམས་ཡིན། མིས་མདའ་རྒྱབ་པ་རྨིས་ན་ལྷ་མ་ཡིན་གྱི་ས་བᨖན་སུཿ ཡིག་སེར་པᨖར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། མེ་རྩེ་ལྔ་པ་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ལམ་དུ་རང་རྟ་ལ་ཞོན་ནས་ཁྱི་དང༌། ར་ལུག་གི་ནང་དུ་འགྲᨖ་བ་ལ་ཁྱི་བུ་མᨖས་བཀག་ཅིང་འདུག་ཙམ་ན། རང་ཡང་བུ་མᨖར་སོང་བ་རྨིས་ན། དུད་འགྲᨖའི་ས་བᨖན་དུཿ ཡིག་དུད་ཁར་མ་ལས་ཐོབ་པའི་རཀྟ་དེ་ཅུང་ཞིག་འདུས་ནས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། རྟ་ཞོན་པ་དེའི་དུས་སུ་རླུང་གི་རླུང་རང་གནས་སུ་ཟིན་པ་ཡིན། མེ་རྩེ་ལྔ་པ་ལ་ཧཱུྃ་མེའི་རང་བཞིན་འཕྲོ་བའི་མེ་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མུན་རུབ་པ་རྨིས་ན། ཐིག་ལེ་དཀར་དམར་གཉིས་ཅུང་ཞིག་དབུ་མའི་ནང་དུ་འདུས་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། ཕ་ཀི་ན་མར་ཐོབ་པའི་གནས་སྐབས་སུ་ཕྱི་རྟགས་སུ་མུན་རུབ་ལྟ་བུར་ཟེར་བ་དེ་ཡིན། མེ་ཆེར་འབར་བ་ཞེས་པ་མགྲིན་པར་སླེབ་པ་ལ་ཨའི་ཆར་འབབ་པར་བསམ་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ལམ་དུ་རྟ་ཞོན་པའམ་མཁར་ཁ་མཐོན་པᨖར་ཕྱིན་པ་རྨིས་ན་རླུང་གི་རླུང་དང་ས་རླུང་གཉིས་རང་གནས་སུ་ཅུང་ཞིག་ཟིན་པའི་ཉམས་ཡིན། མ་ལུས་པ་མེར་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་དཀའ་ཐུབ་ཆས་ཆོས་གོས་གྱོན་ནས་དཔའ་བᨖའི་མཆོད་པ་བྱེད་པ་ལྟ་བུ་རྨིས་ན། དབུ་མའི་རྟེན་འབྲེལ་འཁོར་ལོ་དྲུག་གི་ཡ་ཐ་ཌཱ་ཀི་ཕོ་བྲང་ཧྃ་གི་རྩར་བྱང་སེམས་དཀར་པᨖ་ཅུང་ཞིག་གནས་པའི་ཉམས་ཡིན། ཧྃ་གི་རྩར་ཡིན་པས་དཔའ་བᨖ་ཡིན། རྩ་དབུ་མ་བྱང་ཆུབ་ཀྱི་ཤིང་དྲུང་ཡིན་པས་དཀའ་ཐུབ་མཚོན། ཉམས་བཞི་མན་ངག་ཞལ་གདམས་དེ། །སྐལ་ལྡན་རྣམས་ལ་ཕན་དᨖན་དུ། །བཀྲ་ཤིས་དཔལ་གྱིས་
ཡི་གེར་བཀོད། །བླ་མ་མཁའ་འགྲᨖར་བཟོད་པར་གསོལ། །ལམ་འབྲས་ཀྱི་ཁྲིད་བླ་མ་རིན་པᨖ་ཆེའི་ཞལ་ལས་བརྒྱུད་པའི་གདམས་ངག་རྫོགས་སོ།།   །།  ཨྠ ི།   དགེའོ།  །ཤུ་བྷཾ།།    །།
}}
}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:13, 18 April 2025

Wylie title lam 'bras bu dang bcas pa'i khrid yig 'bring po dpal phag mo gru pa'i gsung la bde bar gshegs pa dpal stag lung pa chen pos zin bris mdzad pa DNZ-05-CA-011.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 5, Text 11, Pages 577-617 (Folios 1a1 to 21a5)
Author སྟག་ལུང་པ་བཀྲ་ཤིས་དཔལ་
Citation Stag lung khri, 1st (Stag lung pa bkra shis dpal). Lam 'bras bu dang bcas pa'i khrid yig 'bring po dpal phag mo gru pa'i gsung la bde bar gshegs pa dpal stag lung pa chen pos zin bris mdzad pa. In Gdams ngag rin po che'i mdzod, Vol. 5: 577-617. Kalimpong: Rigpe Dorje Publications, 2024.
Side notes Recto: lam 'bras zin bris   Verso: sa skya'i skor
More details More details
Source Author(s) ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ (phag mo gru pa rdo rje rgyal po)
Genre Notes - zin bris
Cycle གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ (gsung ngag rin po che lam 'bras bu dang bcas pa)
Colophon

ཉམས་བཞི་མན་ངག་ཞལ་གདམས་དེ། །སྐལ་ལྡན་རྣམས་ལ་ཕན་དོན་དུ། །བཀྲ་ཤིས་དཔལ་གྱིས་ཡི་གེར་བཀོད། །བླ་མ་མཁའ་འགྲོར་བཟོད་པར་གསོལ། །ལམ་འབྲས་ཀྱི་ཁྲིད་བླ་མ་རིན་པོ་ཆེའི་ཞལ་ལས་བརྒྱུད་པའི་གདམས་ངག་རྫོགས་སོ།། །།ཨྠིྀ། དགེའོ། །ཤུ་བྷཾ།།

nyams bzhi man ngag zhal gdams de/_/skal ldan rnams la phan don du/_/bkra shis dpal gyis yi ger bkod/__/bla ma mkha' 'gror bzod par gsol/__/lam 'bras kyi khrid bla ma rin po che'i zhal las brgyud pa'i gdams ngag rdzogs so//___//a+thi+-i/___dge'o/__/shu b+haM//

[edit]
༄༅། །ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡིག་འབྲིང་པོ་དཔལ་ཕག་མོ་གྲུ་པའི་གསུང་ལ་བདེ་བར་གཤེགས་པ་དཔལ་སྟག་ལུང་པ་ཆེན་པོས་ཟིན་བྲིས་མཛད་པ་བཞུགས་སོ། །

༄༅། །དབང་བཞི་རབ་རྫོགས་སྐུ་ལྔ་ལྷུན་གྱིས་གྲུབ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་མངའ་བརྙེས་པའི། །རྗེ་བཙུན་རིན་ཆེན་བིའི་ཞབས་པད་ལ། །ཡང་དག་གུས་པ་མཆོག་གིས་རབ་བཏུད་ནས། །འདུས་པ་གསུམ་ལ་ཉམས་བཞིའི་གདམས་པ་དེ། །རིན་ཆེན་གསུང་སྒྲོས་ཡི་གེར་གསལ་བར་བྱ། །ལམ་འབྲས་ཀྱི་ལུགས་ཀྱི་ནང་ཉམས་མྱོང་མ་སྐྱེས་པར་ཕྱི་སྒྲོ་འདོགས་མི་ཆོད། སྒྲོ་འདོགས་ཆོད་པར་བྱེད་པ་ལ་གཞུང་གདམས་ངག་དང་སྦྱོར་བའི་དུས་སུ་ལུང་དང་མི་སྦྱོར། གཞུང་ལུགས་དང་སྦྱོར་བའི་དུས་སུ་གདམས་ངག་མི་སྦྱོར། ནང་ཉམས་མྱོང་སྐྱེ་བར་བྱེད་པ་ལ། དང་པོ་མཎྜལ་ལ་བརྟེན་ཏེ་ཚོགས་བསགས་པ་དང༌། ཡི་གེ་བརྒྱ་པ་ལ་བརྟེན་ཏེ་སྒྲིབ་པ་སྦྱང་བ་གཉིས་སྔོན་དུ་འགྲོ་བ་ནི། དཔེར་ན་སྣམ་བུ་ཞིག་ཚོས་སུ་འཚོད་པ་ལ་དག་པར་བཀྲུས་ནས་བཙོས་ན་ཚོས་ཁ་གསལ་བ་དང་འདྲ་བར། མི་ཞིག་བླ་ན་མེད་པའི་བྱང་ཆུབ་པར་བྱེད་པ་ལ། ཚོགས་གསོག་པ་དང༌། སྒྲིབ་པ་དག་པར་བྱེད་དགོས་པ་ལ། མཎྜལ་གྱི་དུས་སུ་རང་ཡི་དམ་དུ་བསྒོམ། སྤྱི་བོར་བླ་མ་དྲན་པ་ཙམ་བྱ་གསུང༌། ཁྲིད་རྒྱས་བསྡུས་གང་བྱེད་ཀྱང༌། ཁྲིད་འགོ་ནི་ཡར་གྱི་ཚེས་གསུམ་མམ་ལྔའམ་ཁ་ཡར་ཅིག་ལ་འཇུག །གཏོར་མའང་མཐེབ་སྐྱུ་གསུམ་མམ་ལྔ་པ་བྱ། མཎྜལ་གསུམ་ཡང་འབུལ་ལོ༑ ༑ཡི་གེ་བརྒྱ་པ་ཚར་གསུམ་ཡང་བཟླ། འདིའི་ལུགས་ཀྱི་ཁ་ཡར་ལ་བྱེད་པ་ནི། བླ་མ་ལ་རྟེན་འབྲེལ་གྱིས་བྱེད་པ་མིན་པ་གཞན་མེད་གསུང༌། མདུན་གྱི་ནམ་མཁའ་ལ་བདག་མེད་མ་ལྷ་མོ་བཅོ་ལྔ། རྗེ་བི་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི། སེ་སྟོན་ཀུན་རིག །ཞང་དགོན་པ་བ། བླ་མ་ས་སྐྱ་པ་ཆེན་པོ་རྣམས་བཞུགས་པར་བསམས་ལ། མཎྜལ་ཚོམ་བུ་བདུན་པ་དེ་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་རིན་པོ་ཆེས་གང་བར་བསམ་ཞིང་གྲངས་བཟུང་ནུས་ཚད་འབུལ་བ་ནི་མཎྜལ་ལ་བརྟེན་ཏེ་ཚོགས་བསགས་པའོ། །དེ་ནས་ཡི་གེ་བརྒྱ་པ་ལ་བརྟེན་ཏེ་སྡིག་པ་སྦྱང་བ་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་ཞབས་གཡོན་བསྐུམ་པ། ཞབས་གཡས་ཀྱི་མཐེ་བོང་རང་གི་ཚངས་བུག་ནས་མར་རེག་གེ་འདུག་པ། དུང་དང་ཀུནྡ་ལྟར་དཀར་བ། རུས་པའི་རྒྱན་དྲུག་དང་ལྡན་པ། ཞལ་གཅིག་སྤྱན་གསུམ་པ་ཁྲོ་བོའི་ཚུལ་དུ་འདུག་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་བསྣམས་པ་རྡོ་རྗེ་སྙེམས་མ་ལ་འཁྱུད་པ། ཡུམ་སྐུ་མདོག་ཞལ་ཕྱག་རྒྱན་ཆ་ཡབ་དང་འདྲ་བ། མེ་རིའི་ནང་ན་ཕྱག་ཞབས་གཉིས་ཀས་ཡབ་ལ་འཁྱུད་པ། ཞལ་སྦྱོར་དུ་བཞུགས་པ། དེ་ལྟ་བུའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་དངུལ་ཆུའི་མདོག་འདྲ་བ་ཞིག་བསམས་ལ། དེ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་དཔའ་བོ་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཐུགས་ཀ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ། རྡོ་རྗེ་སེམས་དཔའི་ཚངས་བུག་ན་མར་བྱོན། ལུས་ཀྱི་ནང་སྐྱ་ལྟེམ་གྱིས་གང་ནས། ཞབས་གཡས་པའི་ཤ་དང་སེན་མོའི་བར་ནས་རང་གི་ཚངས་བུག་ན་མར་བྱོན། སྡིག་པ་དང་སྒྲིབ་པ་ཁ་དོག་ནག་པོ་སོལ་ཁུ་ལྟ་བུར་ཡོད་པ་དེ་དྲི་ཆེན་དང་དྲི་ཆུའི་ལམ་དང་སོར་མོ་བཅུའི་བར་ན་མར་དེད་པར་བསམ་ཞིང༌། ངག་ཏུ་རྩིས་འཛིན་ལ་ༀ་བཛྲ་སཏྭ་ཧཱུྃ་ནུས་ཚད་བཟླའོ། །དེ་ནས་ཁྲིད་གོང་ལྟར་བྱེད་ཀྱང་བར་ཆད་འོང་ངམ་མི་འོང་གི་རླུང་བལྟ་བ་ནི། རླུང་ཞག་གཅིག་ལ་གཡས་གཡོན་དུ་རྒྱུ་བ་ལན་ལྔ། བལྟ་བའི་དུས་ནི། བླ་མས་བསྟན་པའི་དུས་དེ་རང་དང༌། དོ་ནུབ་ཉལ་བ་དང༌། ནང་པར་སད་པའི་དུས་དང༌། ལམ་མམ་མལ་ནས་བླ་མའི་དྲུང་དུ་འོང་བ་དང༌། བླ་མའི་དྲུང་དུ་ཕྱིན་ནས་བླ་མས་དྲིས་པའི་སྔོན་ལ་བལྟ་བ་དང་ལྔའོ། །དེ་ལ་བལྟ་བ་བླ་མས་དྲིས་པའི་དུས་སུ། དེ་གསུམ་གྱི་གྲངས་མ་ནོར་བར་བླ་མ་ལ་བཟླའོ། །བླ་མས་དེའི་ཚེ་སྲོག་དང་སྒྲུབ་པ་ལ་བར་ཆད་འོང་ངམ་མི་འོང་བལྟ་བ་ནི། ཡི་གེ་བརྒྱ་པ་དང་མཎྜལ་ཡང་མ་ཚང་ན་བར་ཆད་འོང་བས་བླ་མ་ལ་དབང་བསྐུར་ཞུ། ཚང་ན་མི་འོང༌། རླུང་གཡས་སུ་རྒྱུ་བ་མང་ན་ཚེ་ལ་བར་ཆད་འོང༌། སྒྲུབ་པ་ལ་བར་ཆད་འོང་བས། ཁྭ་ཏས་ནུ་མ་བཅུད་ལ་འབོར། །འཕྲལ་དུ་འབྱུང་བ་ངོ་མཚར་ཆེ། །ཞེས་པས་ས་དེར་བསླུ་བའི་ཐབས་ནི། ལག་པ་གཡོན་པས་གཡས་པའི་གྲུ་མོ་ལ་བཟུང་ལ་ནུ་མ་གཡས་པ་མནན་ནས་སམ། ཡ་གཅིག་ཀྱང་ལག་པའི་ཞབས་སུ་བཅུག་ལ་ལག་མཐིལ་འགུམ་པ་ལ་བླན་ཏེ་རླུང་གཡོན་དུ་འཕོའམ་བལྟ། འཕོས་ན་བསླུས་པ་ཡིན་པས་ཕྱིས་རླུང་ཐུན་རེ་མནན་པས་ཆོག་གོ །གཡོན་དུ་མ་འཕོས་ན་མ་བསླུས་པ་ཡིན་པས་ཐབས་གཞན་བྱའོ། །སྔ་ནས་རླུང་རྒྱུ་བ་གཡོན་མང་ན་ཚེ་སྲོག་ལ་བར་ཆད་མི་འོང༌། དེའི་མཎྜལ་བླ་མ་ལ་ཕུལ་བས་ཚོགས་བསགས་པ་དང༌། ཡི་གེ་བརྒྱ་པ་འདོན་པ་ལ་བརྟེན་ནས་སྒྲིབ་པ་སྦྱང་བའོ། །རླུང་གཡས་གཡོན་དུ་རྒྱུ་བ་གོང་གི་ལྟས་ཀྱིས་ཚེ་སྲོག་དང་སྒྲུབ་པ་ལ་བར་ཆད་འོང་ངམ་མི་འོང་བལྟ་བ་དེ་རྟེན་སྒྲུབ་པའོ། །སྒོམ་པ་ལ་སྔོན་དུ་འགྲོ་བའི་ཆོས་དགུ་ནི། དབེན་པ་རྣམ་པ་གསུམ། སྔོན་དུ་འགྲོ་བ་གསུམ། གནད་ལ་དབབ་པ་གསུམ་སྟེ་དགུའོ། །དེ་ལ་དབེན་པ་གསུམ་ནི། ལུས་དབེན་པ་འགྲོ་འདུག་དང༌༑ གཡེང་བ་ངལ་དུབ་སྤང༌། ངག་དབེན་པ་སྨྲ་བརྗོད་དང༌། འདོན་ཟློས་སྤང༌། སེམས་དབེན་པ་ནི། རྣམ་རྟོག་སྤང༌། སྐྱོ་ཤས་བསྐྱེད། གནད་ལ་དབབ་པ་གསུམ་ལ། དང་པོ་ལུས་གནད་ལ་དབབ་པ་ནི། སྟན་ཟླ་ཚང་ཅན། རྒྱབ་སོར་བཞིས་མཐོ་བ། མདུན་སོར་བཞིས་དམའ་བར་བྱས་པའི་སྟེང་དུ། ཁྲག་མཁྲིས་ཅན་ཡིན་ན་མཉམ་པའི་སྐྱིལ་ཀྲུང་བྱ། བསམ་གཏན་གྱི་ཡན་ལག་ལྔས་གནས་པར་བྱ། གྲང་བ་ཅན་ཡིན་ན། ལུས་གཏུམ་མོ་བསྒོམ་པའི་འཁྲུལ་འཁོར་བཞིན་ཙོག་པུར་བསྡད། རྐང་པ་བསྣོལ། ལག་པ་སྒོམ་ཐག་བྱ། དེ་ཁང་པའི་རྨང་བྱེད་པ་དང་འདྲའོ། །སྔོན་དུ་འགྲོ་བ་གསུམ་ནི། བྱང་ཆུབ་ཀྱི་སེམས་བསྒོམ་པ། ཡི་དམ་གྱི་ལྷ་བསྒོམ་པ། བླ་མ་བསྒོམ་པ་དང་གསུམ་མོ། །དང་པོ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ། བདག་གིས་ལམ་འབྲས་བུ་དང་བཅས་པའི་ཁྲིད་བསྒོམ་སྙམ་དུ་བསམས་ལ། ཡི་དམ་བསྒོམ་པ་ནི། ཆུན་ན་ཕོ་བྲང་ལྔའི་ལྷར་སྐད་ཅིག་གིས་གསལ་གདབ། དེ་མ་ཆུན་ན་རིགས་ལྔར་བསྒོམ། དེའང་མ་ཆུན་ན་ཡི་དམ་དུ་བསྒོམ། ཡི་དམ་མེད་ན་དེའི་དོད་པོ་ཐུགས་མི་བསྐྱོད་པའམ་ཁྲོ་བོ་གང་རུང་རུས་པའི་རྒྱན་དྲུག་དང་ལྡན་པ། རོ་མགོ་གཡོན་དུ་བསྟན་པ་ཞིག་གི་གདན་ལ་བཞུགས་པ་གཅིག་ཏུ་བསྒོམ། བླ་མ་བསྒོམ་པ་ནི། སངས་རྒྱས་ཡེ་ཤེས་ཞབས་ཀྱི་གསུང་སྣང་བ་མཐའ་ཡས་དེ་བླ་མའི་ རེས་གཅིག་ངོ་བོ་ནི་བླ་མ། རྣམ་པ་ནི་མི་བསྐྱོད་པ་རྐྱང་པ་མདུན་གྱི་ནམ་མཁའ་ལ་བསམ་ཡང་གསུངས། ངོ་བོ་ཡིན་གསུངས། རྗེ་བི་པས་ཐུགས་མི་བསྐྱོད་པ་བླ་མའི་ངོ་བོ་ཡིན་གསུངས་པས། འདིར་ཐུགས་མི་བསྐྱོད་པ་བསྒོམ་པ་ནི། རང་གི་ཐུགས་ཀའི་ཉི་མའམ་ཟླ་བའི་སྟེང་ན་ཧཱུྃ་གནས་པ་ལས་འོད་འཕྲོས་ནས་རང་བཞིན་གྱི་གནས་ནས་ངོ་བོ་ནི་བླ་མ། རྣམ་པ་ནི་མི་བསྐྱོད་པ་ཡབ་ཡུམ་གཉིས་ཀྱི། ཡབ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་ནས། ཡུམ་མཱ་མ་ཀི་ལ་འཁྱུད་པ། རུས་པའི་རྒྱན་དྲུག་དང་ལྡན་པ། སྤྱན་གསུམ་པ་ཡུམ་ཡང་ཞལ་གཅིག་སྤྱན་གསུམ་པ། ཕྱག་གཉིས་ཀྱི་གཡས་གྲི་གུག །གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ལྔ་དང་ལྡན་པ། དེ་ལྟ་བུ་ཞིག་སྤྱན་དྲངས་ལ། མདུན་གྱི་ནམ་མཁའ་ལ་བསམས་ལ་ རེས་གཅིག་མི་བསྐྱོད་པ་རྐྱང་པ་བསམས་ལ། ལུས་ལོངས་སྤྱོད་ཕུལ་ནས། རང་གི་སྤྱི་བོར་ཐིམ་པ་ལ་བླ་མ་རཏྣ་གསུམ་གྱི་ངོ་བོ་ཡིན་ཨང་སྙམ་པས་ཆོག་ཀྱང་རེས་གཅིག་གསུངས། ཕྱི་ནང་དེ་ཁོ་ན་ཉིད་ཀྱི་མཆོད་པ་གསུམ་འབུལ་བ་ནི། ཕྱིའི་མཆོད་པ་རང་གི་ཐུགས་ཀའི་ས་བོན་ལས་མར་མེ་ལ་སོགས་པ་སྤྲོས་ནས་མཆོད་པར་བསམ། ནང་གི་མཆོད་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་མཁའ་འགྲོ་མ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ་རྣམས་སྤྲོས་ནས་ཤ་ལྔ་བདུད་རྩི་ལྔ་སྤྲོས་ནས་མཆོད་པར་བསམ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཡབ་ཡུམ་སྙོམས་འཇུག་ཏུ་བཞུགས་པར་བསམ་པ་ནི་བདེ་བའི་མཆོད་པའོ། །དེ་ནས་ཡིད་ཀྱིས་ནི། བླ་མ་མི་བསྐྱོད་པའི་རྣམ་པ་ཅན་དེ་རང་གི་སྤྱི་བོ་ན་མར་ཐིམ་ནས། མར་མེས་མུན་པ་བསལ་བ་བཞིན་དུ་རང་ལྷར་གསལ་བར་བསམ། ངག་ཏུ་ནི། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་ཡང་ནི་དགེ་འདུན་ཡིན། །ཨང་སྙམ་པ་ལན་གསུམ་བསམ། དེ་ནི་སྔོན་དུ་འགྲོ་བ་གསུམ་མོ། །གནད་ལ་དབབ་པ་གསུམ་གྱི། ལུས་གནད་ལ་དབབ་པ་གོང་དུ་ཐལ། གཉིས་པ་ངག་གནད་ལ་དབབ་པ་ནི། གཡས་གཡོན་གྱི་ཕྲག་གོང་མཐོང་བར་སྐེ་གཅུ་ལ་སྣ་སྒོར་ལན་གསུམ་དྲག་ཏུ་བུས་པས། རྩའི་སྐྱོན་བསལ་བ་ནི། ཁང་པ་ཕྱག་བདར་བྱེད་པ་དང་འདྲའོ། །གསུམ་པ་སེམས་ཞི་བ་ལྷུག་པར་ལ་ཤོག་ཙམ་བཞག་པ་ནི། རྟ་ལ་ཤུགས་འབྱིན་པ་དང་འདྲ་སྟེ༑ སེམས་གནད་ལ་དབབ་པའོ། །དེ་ནི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་དགུའོ། །ད་བསྒོམ་པ་ནི། ཁམས་འདུས་པ་དང་པོ་ལ། རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད། ཁམས་འདུས་པ་བར་པ་ལ། ཐིག་ལེ་བདེ་སྟོང་གི་ལམ་ཁྲིད༑ ཁམས་འདུས་པ་ཐ་མ་ལ། གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པའོ། །འདུས་པ་དང་པོ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་ཁྲིད་པ་ནི། ཞི་བ་ལྷུག་པ་ལ་བཞག་པའི་རྟིང་ལ། རླུང་ཕྱིར་རྒྱུ་བ་ནས་མགོ་བཙུགས་ནས། ཕྱིར་རྒྱུས་ནང་དུ་རྒྱུས་སྙམ་པར་བསམ་པ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འཇོག་ཁར་ནང་དུ་རྒྱུས་པ་ལ་བཞག་གོ །རླུང་རྒྱུ་བ་བསམ་པ་ལ་རྔན་དགས་སྦྱིན་པ་ཟེར་གསུངས། སྔོན་དུ་འགྲོ་བ་དགུ་པོ་བྱས་པའི་རྟིང་ལ་རླུང་གི་འགྲོ་ལྡོག་མི་བརྩི་བར་ཕྱིར་རིང་དུ་རྒྱུས། ཕྱིར་རིང་དུ་རྒྱུས་སྙམ་པ་བཅུ། ནང་དུ་རྒྱུས་སྙམ་པ་རེ། དེ་བཞིན་དུ་སྒ་ར་ར་ཡིད་ཀྱིས་བསམས་ལ། སྒོམ་ཙམ་ན་ཕྱིར་རྒྱུས་པ་ནས་མགོ་གཟུགས།འཇོག་ཙམ་ན་ནང་དུ་རྒྱུས་པ་ལ་བཞག་གོ །དེ་ལྟར་ཐུན་གྲངས་དང༌། ཐུན་མཚམས་མེད་པར་བྱའོ། །དེ་ནི་སྐྱོན་ཅན་ཕྱིར་འདོན་པའོ། །ད་ནི་སྐྱོན་ཅན་ནང་དུ་སྦ་བ་བྱ་བ་ཡིན་པས། སྔོན་འགྲོ་དགུ་པོ་འདི་ནམ་ཡང་དགོས་པས། དེ་སྔོན་དུ་སོང་བའི་རྗེས་ལ་ནང་དུ་རྒྱུས་པར་བསམ་པ་ནས་མགོ་བཙུགས་ལ་ནང་དུ་རིང་དུ་རྒྱུས། ནང་དུ་རིང་དུ་རྒྱུས་སྙམ་པ་བཅུ་བཅུ། ཕྱིར་ཐུང་དུ་རྒྱུས་སྙམ་པ་ ཡང་རེ་ཞིག་སེམས་མ་ཟིན་ནའང༌། འདི་ལྟར་ཡང་བྱ་གསུངས་པས། རླུང་ལྔའི་ཁ་དོག་དང་མེའི་ཁ་དོག་དང་སྦྱར་ལ་མེ་ཁ་དོག་དཀར་པོ་ལ་ཆུ་རླུང་འཛིན་དུ་གཞུག །གཞན་ལ་དེས་འགྲེའོ། །འདི་པའི་ལུགས་ནི་མིན་གསུངས། རེ་རེ་བྱ། འཇོག་ཙམ་ན་ནང་དུ་རིང་དུ་རྒྱུས་པ་ལ་བཞག་གོ །འདི་པའི་ལུགས་ཀྱིས་ཉམས་སུ་ལེན་པའི་དུས་སུ་སྲོག་རྩོལ་འདིའི་མིང་ནི་རྔན་དགས་རིམ་གྱིས་སྦྱིན་པ་ཟེར། གཞན་དུ་ནི་སྲོག་གི་རྣལ་འབྱོར་ཞེས་ཟེར། སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ལ་བཞི་སྟེ། སེམས་གནས་པའི་གདམས་ངག་སྐྱོན་གང་སྐྱེ་བ་དང༌། ཏིང་ངེ་འཛིན་གང་སྐྱེ་བ་དང༌། མཐར་ཕྱིན་པའི་ཚད་དོ། །དེ་ལ་གོང་གི་དམིགས་པ་གསུམ་པོའམ་རེ་རེ་ལའང་བཞི་ཀ་ཚང་སྟེ། གསུམ་ཀ་བསྡུས་ན། སེམས་གནས་པའི་གདམས་ངག་ཡིན། རླུང་རྒྱུ་བ་བསམ་པ་ཙམ་གྱིས་སེམས་ཟིན་པ་འཇུག་པ་སེལ་བའི་ལམ། གནས་པ་དེའང་སྟོང་སངས་ཀྱིས་སོང་ན་ཆགས་པ་གཅོད་པའི་ལམ། དེའི་ངང་ལ་དུ་བ། སྨིག་རྒྱུ་ལ་སོགས་པ་མཐོང་ན་བྱང་ཆུབ་ཆེན་པོ་ཟུང་འཇུག་གི་ལམ། སྐྱོན་གང་སེལ་ན། སྲོག་དང་རྩོལ་བ་བསྒོམས་པས་འཆི་བ་བསླུ། སྲོག་དང་རྩོལ་བ་གང་ཞེ་ན། གཡས་ནས་རྒྱུ་བ་རྩོལ་བ། གཡོན་ནས་རྒྱུ་བ་སྲོག །ཕྱིར་རྒྱུ་བ་རྩོལ་བ། ནང་དུ་རྒྱུ་བ་སྲོག་གོ །ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་པོ་གང་རུང་སྐྱེ་གསུང་། མཐར་ཕྱིན་པའི་ཚད་ནི། རྒྱུ་བ་ངེས་པ་དང༌། རྣམ་པ་གསལ་བ་གཉིས་ཏེ། སྲོག་དང་རྩོལ་བ་གོམས་ནས། ས་རླུང་རྒྱུ་བའི་དུས་སུ་ས་རླུང་རྒྱུས་སྙམ་པ་ནི་རྒྱུ་བ་ངེས་པ། དེའི་དུས་སུ་རླུང་ཁ་དོག་སེར་པོར་མཐོང་བ་ནི་རྣམ་པ་གསལ་བའོ། །མེ་རླུང་ལ་སོགས་པ་བཞི་པོའང་དེས་འགྲེའོ། །དེའི་དུས་སུ་ཞི་རྒྱས་དབང་དྲག་གི་ལས་གང་བསྒྲུབ་ཀྱང་འགྲུབ་བོ། །རྒྱས་པར་བསྒྲུབ་པར་འདོད་ན། ས་རླུང་རྒྱུ་བའི་དུས་སུ་ སྔགས་དང་ཐབས་གཞན་གང་ཡང་མི་དགོས་པར༑ གོང་བཞིན་བྱའོ། །ཞི་བར་འདོད་ན་ཆུ་རླུང་རྒྱུ་བའི་དུས་སུ། གང་དང་གང་ཡིན་པ་དབང་དུ་བྱ་བར་འདོད་ན། མེ་རླུང་རྒྱུ་བའི་དུས་སུ་གོང་བཞིན་བྱའོ། །དྲག་པོའི་ལས་གང་བསྒྲུབ་པར་འདོད་ཀྱང་རླུང་གི་རླུང་དང༌། ནམ་མཁའི་རླུང་རྒྱུ་བའི་དུས་སུ་གང་རྒྱས་པར་འདོད་པ་དེ་རྒྱས་པར་བསམས་ནས། རླུག་མནན་པས་ཆོག་གསུངས། གོང་བཞིན་དུ་བྱས་ན། དྲག་པོའི་ལས་གང་ཡང་འགྲུབ་པར་འགྱུར་རོ། །སྔོན་དུ་འགྲོ་བ་དགུ་པོ་བྱས་པའི་རྗེས་ལ། གཡས་ཀྱི་མཛུབ་གུས་སྣ་བུག་གཡས་མནན་ལ། རླུང་སྣ་བུག་གཡོན་ན་ཕར་ལ་འཕུལ་ཞིང་ཕར་བཀག །དམིགས་པ་སྣ་བུག་གཡོན་པའི་ནང་དུ་གཏད། མ་ཐུབ་ཙམ་ན་སྣ་ནང་ཚུར་ལ་ཧྲིལ་ཧྲིལ་གཏོང་ངོ༌༑ ༑འདིའི་མིང་ནི་རྩོལ་བ་བཀག་སྟེ་སྲོག་ནས་འདོན་པའོ། །འདི་ལའང་བཞི་སྟེ། རླུང་གནས་པའི་གདམས་ངག་ནི། རྩོལ་བ་བཀག་སྟེ་སྲོག་ནས་འདོད་པ་དེ་རང་ཡིན། སྐྱོན་གང་སེལ་ན་མཁར་ཁང་ཞིག་པ་ལ་སོགས་པའི་ཡེ་འདྲོགས་གློ་བུར་སེལ། ཏིང་ངེ་འཛིན་གང་སྐྱེ་ན་བདེ་དྲོད་སྐྱེ། མཐར་ཕྱིན་པའི་ཚད་ནི། རླུང་ཕར་ལ་བཀག་ནས་ཚུར་ལ་འོང་རྒྱུ་མེད་ན། རླུང་རང་གནས་སུ་ཞི་བ་ཡིན་ཏེ་མཐར་ཕྱིན་པའི་ཚད་དོ། །དེ་ཡང་སྔོན་འགྲོ་དགུ་པོ་བྱས་པའི་རྗེས་ལ། སྣ་གཉིས་ཀ་ནས་ཕར་ལ་རླུང་འཕུལ་ཞིང་བཏང༌། དམིགས་པ་སྨིན་མཚམས་སུ་འདི་ལ་གཏད་ཟེར་རྒྱུ་མེད་པར་གཏད་ལ། རླུང་ཕར་བཀག་མ་ཐུབ་ན། སྣ་གཉིས་ནས་ཚུན་ལ་ཧྲིལ་ཧྲིལ་བཏང་ངོ་། །དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །ལར་འདིའི་རེ་རེ་ལའང་བླ་མས་བཞི་བཞིར་བྱེད་དེ་མིང་དང་ལྔར་འདུག་གསུངས། འདིའི་མིང་ནི་ཤུགས་བསྐྱེད་དེ་གཉིས་ཀ་ནས་གདོན་པའོ། །འདི་ལ་བཞི། སེམས་གནས་པའི་གདམས་ངག་འདི་རང་ཡིན། སྐྱོན་གང་སེལ་ན་འགོ་བའི་ནད་ཐམས་ཅད་སེལ། ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་པོ་གང་རུང་སྐྱེ། མཐར་ཕྱིན་པའི་ཚད་ནི། རླུང་ཕར་མནན་ནས་ཚུར་ལའང་རྒྱུ་བ་མེད་པར་རང་གནས་སུ་ཞི་བ་སྟེ་མཐར་ཕྱིན་པའི་ཚད་དོ། །སྔོན་འགྲོ་བྱས་པའི་རྗེས་ལ། ཁ་ནས་སྒྲ་བཅས་སུ་འདོན་པ་སྟེ། སོ་བར་དུ་རྟ་རྔ་ཐར་བ་ཙམ་བྱས་ལ་སི་ཞེས་ཕར་ལ་རླུང་མནན། སེམས་མི་རྟོག་པ་ལ་དམིགས། རླུང་མ་ཐུབ་ཙམ་ན་ཁ་ན་ཚུར་ལ་ཧྲིལ་ཧྲིལ་བཏང་ངོ་། །འདི་ལའང་སེམས་གནས་པའི་གདམས་ངག་ཁ་ནས་སྒྲ་བཅས་སུ་འདོན་པ་དེ་རང་ཡིན། སྐྱོན་གང་སེལ་ན། ཁྲག་མཁྲིས་ཀྱི་ན་ཚ་སེལ། དེའང་ཁོ་བོས་མྱང་བས་གྲུབ་པས་ཁམས་མ་བདེ། ཚད་པ་སྐྱེས་པའི་དུས་སུ་ཐུན་རེ་བསྒོམ་ཙ་ན་བསིལ་སིང་སིང་བྱུང་གསུངས། ཡོན་ཏན་ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་པོ་གང་རུང་སྐྱེ་ཟེར་ཏེ། ཁོ་བོས་འདི་ཙུག་བསྒོམས་ཙམ་ན་བདེ་བས་བསྡུས་པའི་གསལ་བ་དེ་སྐྱེ་བར་འདུག་གསུངས། མཐར་ཕྱིན་པའི་ཚད་ནི། རླུང་རང་གནས་སུ་ཞི་བ་སྟེ་གོང་དང་མཐུན། དེར་སྲོག་དང་རྩོལ་བའི་རྒྱུ་བ་རྣམ་པ་གསུམ་དང་གཅིག །ཕྱིར་འདོན་པ་རྣམ་པ་གསུམ་ཐལ། ད་དགང་བ་གཉིས་ཀྱི་དང་པོ་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་ནི། སྔོན་དུ་འགྲོ་བ་བྱས་པའི་རྗེས་ལ་སྣ་བུག་གཡས་པ་མཛུ་གུས་མནན་ལ། རླུང་སྣ་བུག་གཡོན་པ་ནས་ཚུར་ལ་དགང༌། དམིགས་པ་སྣ་ཕོར་ནང་དུ་གཏད་ཅིང་བསྒོམ་མོ། །འདི་ལའང་སེམས་གནས་པའི་གདམས་ངག་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་དེ་རང་ཡིན། ཕྲིན་ལས་བཞི་གང་བྱེད་ན། ཐོག་བབས་པའམ་ཁང་པ་ཞིག་པ་ལ་སོགས་པ་ཡེ་འདྲོག་གློ་བུར་བ་སེལ། ཏིང་ངེ་འཛིན་གང་སྐྱེ་ན། བདེ་དྲོད་གཉིས་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་ཏེ་གོང་དང་མཐུན། གཉིས་པ་ཁ་ནས་སྒྲ་མེད་དུ་དགང་བ་ནི། སྔོན་འགྲོ་དགུ་པོ་བྱས་པའི་རྗེས་ལ། རང་གི་ལྟེ་བའི་རྩ་འདབ་ཀྱི་དབུས་སུ་རྩ་གྲུ་གསུམ་དམར་པོ་ནང་སྟོང་པ་ཞིག་བསམ། དེའི་ནང་དུ་རྩ་སྒོ་ང་གཏུབ་པའི་ཕྱེད་ཚལ་ལྟ་བུ་ཕྱི་དཀར་ལ་ནང་དམར་བ་ཞིག་བསམ། དེའི་ནང་གི་ནམ་མཁའ་སྟོང་པ། མར་སྒོ་ང་ལ་མ་རེག་པའི་ནང་དུ་ཡིན། ཨ་ཐུང་ཡིན་པའི་ཨ་ཤད་སེར་པོ་ཞིག་བསམས་ལ། རང་གི་སོ་བར་དུ་རྟ་རྔ་ཐར་ཙམ་བྱ། རླུང་ཁ་ན་ཚུར་ལ་དགང་ཞིང༌། ཨ་ཤད་ལ་ཐིམ་པར་བསམ་པ་མིན་པའི་རླུང་གི་ཁ་དོག་ནི་མི་བསམ་གསུངས། རླུང་དགང་ཟིན་པ་དང༌། ཨ་ཤད་ལ་དམིགས་ལ་རླུང་མནན་མ་ཐུབ་ན་སྣར་མི་བཏང་ལ་ཁ་ནས་ཕར་ལ་བཏང༌། དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །འདི་ལའང་བཞི། རླུང་གནས་པའི་གདམས་ངག །ཁ་ནས་སྒྲ་མེད་དུ་དགང་བ་དེ་ཡིན། སྐྱོན་གང་སེལ་ན། སྐྲན་དང་མ་ཞུ་བ་སེལ། ཡོན་ཏན་ཏིང་ངེ་འཛིན་གང་བསྐྱེད་ན། ཉམས་བཅོ་ལྔ་པོ་གང་རུང་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་ཏེ་གོང་དང་མཐུན། རྦ་རླབས་གསུམ་གྱི་དང་པོ་འོག་སྒོ་བསྐྱོད་པ་ལུས་ཀྱི་རྦ་རླབས་བསྒོམ་པ་ནི། ལུས་རྡོ་རྗེ་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་བྱ། སྒལ་ཚིགས་བསྲང༌། མིག་སྣ་རྩེར་ཕབ་ལ་འདིར་ཙོག་པུ་མི་བྱ། སྔོན་འགྲོ་གཞན་གོང་དང་མཐུན། དེ་བརླ་གཡས་པ་དང་པོ་གཡོན་དུ་ཚུར་ལ་བསྐྱོད། དེ་ནས་གཡོན་པ་ཚུར་ལ་གཡས་སུ་བསྐྱོད་པས་རླུང་ངན་ཕྱིར་སོང་ནས་འོག་སྒོ། འོག་རླུང་རང་སོ་བཟུང་བ་ཞེས་བྱ་བས། ད་རུང་འོག་རླུང་ཡར་མི་འཐེན་པར་རང་སོར་བཟུང༌། ཚུར་དམ་དུ་འོང༌། དེ་ནས་རླུང་སྣ་ནས་ཚུར་ལ་རྔུབས་ལ་རང་གི་ལྟེ་བ་ན་རྩ་མདུད་གྲུ་གསུམ་གློ་ན་ཚུར་བུ་ག་སྔོ་སེང་ངེ་བ་ཞིག་ཡོད་པར་བསམས་ལ་དམིགས་པ་དེ་ལ་གཏད། རླུང་སྟེང་འོག་ཁ་སྦྱར། ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། རླུང་ཕར་གཏོང་བའི་དུས་སུའང་སྣ་ནས་ཕར་བཏང༌། ཚངས་བུག་ཏུ་འགྲོ་བར་བསམ་ཡང་མི་དགོས་གསུངས། འདིའི་མིང་ནི། རྒྱ་གར་སྐད་དུ། ཞི་བ་ཤཱནྟི་ཀ། བོད་སྐད་དུ། ཁ་སྦྱོར་རམ། བུམ་པ་ཅན་ཞེས་བྱའོ། །འདི་ལའང་བཞི། རླུང་གནས་པའི་གདམས་ངག །ཞི་བ་ཤཱནྟི་ཀ་དེ་རང་ཡིན། སྐྱོན་གང་སེལ་ན། རྣལ་མར་བསྒོམས་ན་ནད་འདུ་བ་རྣམ་བཞི་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་དུ་འགྲོ། ཡོན་ཏན་ཏིང་ངེ་འཛིན་གང་སྐྱེ་ན། ཉམས་བཅོ་ལྔ་མ་ལུས་པ་བསྐྱེད། མཐར་ཕྱིན་པའི་ཚད། རླུང་རང་གནས་སུ་ཞི་བ་ཡིན་པས་སྟེང་འོག་ཁ་སྦྱོར་ཞིང་བསྒོམས་པས་ཕྱིར་འོང་རྒྱུ་མེད་པ་ཡིན་ཏེ་གོང་དང་མཐུན། འདི་ལའང་ཞག་མང་བར་ཁྲིད་བྱས་ན། དང་པོ་སྐྱིལ་ཀྲུང་ལ་ཞག་གསུམ་ཁྲིད། དེ་ནས་ཕྱིན་གན་དུ་ཉལ་ཞིང་བསྒོམ་པ་ལ་ཞག་གསུམ་དུ་ཁྲིད་ ཡང་རེས་གཅིག་སེམས་ཞི་བ་ལྷུག་པར་བཞག་ལ། རྐང་པ་སྐྱིལ་ཀྲུང་བྱས་ལ། ལག་པ་གཡས་མདུན་དུ། གཡོན་རྒྱབ་ཏུ་བརྐྱངས། རེས་ཅུང་ཞིག་གཅུ་ཞིང་ཡང་བརྐྱངས། རེས་གཡོན་མདུན་དུ། གཡས་རྒྱབ་ཏུ། དེ་བཞིན་བྱ། དེ་ནས་རྐང་པ་གཡོན་མདུན་དུ། གཡས་རྒྱབ་ཏུ། དེ་བཞིན་བྱ། དེ་ནས་རྐང་པ་གཉིས་ཀྱང་གཡུགས་ཤིང་རྐྱོང་རེས་བྱ། དེ་ལྟར་བྱེད་དུས་སུ་རྩ་ཆད་དོགས་ཡོད་པས། རླུང་ཅུང་ཞིག་བསྡམ་པ་གལ་ཆེ་གསུངས། ཞི་བ་ཤཱནྟི་ཀའི་རིགས་གཅིག་ཡིན་གསུངས། དོ། །འདི་ལ་གནད་གསུམ་མ་འཁྲུལ་བ་གལ་ཆེ་གསུངས་པས། གནད་གསུམ་ནི། ཁ་ནས་དགང་རྒྱུ་སྣ་ནས་ཚུར་ལ་བཀག་ནའང་འཁྲུལ། ཁ་ནས་གདོན་རྒྱུ་སྣ་ནས་བཏོན་ནའང་འཁྲུལ། སྣ་ནས་དགང་རྒྱུ་ཁ་ནས་བཀང་ནའང་འཁྲུལ། སྣ་ནས་གདོན་རྒྱུ་ཁ་ནས་གཏོང་ནའང་འཁྲུལ། སྲོག་ནས་དགང་རྒྱུ་རྩོལ་བ་ནས་བཀང་ནའང་འཁྲུལ། སྲོག་ནས་བཏོན་རྒྱུ་རྩོལ་བ་ནས་བཏོན་ནའང་འཁྲུལ་པས་དེ་མ་འཁྲུལ་བ་གལ་ཆེ་གསུངས། ཡང་ན་འཁྲུལ་པའི་གནད། མ་འཁྲུལ་པའི་གནད། ཡོན་ཏན་ཁྱད་པར་ཅན་གྱི་གནད་དང་གསུམ་ལས། དང་པོ་འཁྲུལ་བའི་གནད་ནི། འོག་རླུང་ཡར་འཐེན་ཡང་མ་ཟིན། སྟེང་རླུང་མར་མནན་ཡང་མ་ཟིན་ན་འཁྲུལ་པའི་གནད་ཡིན། འོག་རླུང་ཡར་ལ་འཐེན་ཡང་ཟིན། སྟེང་རླུང་མར་ལ་མནན་ཡང་ཟིན། མ་འཁྲུལ་པའི་གནད་ཡིན། འོག་རླུང་ཡར་འཐེན་པ་ཙམ་གྱིས་སྟེང་རླུང་ཡང་ཟིན། སྟེང་རླུང་མར་མནན་པ་ཙམ་གྱིས་འོག་རླུང་ཡང་ཟིན་ན༑ ཡོན་ཏན་ཁྱད་པར་ཅན་གྱི་གནད་ཡིན། དེར་དེ་ཡན་ཆོད་དུ་ཅི་ཐལ་ན། སྲོག་དང་རྩོལ་བའི་རྒྱུ་བ་རྣམ་པ་གསུམ་གཅིག་ཏུ་བརྩི་བ་དང་གཅིག །རྩོལ་བ་བཀག་སྟེ་སྲོག་ནས་གདོན་པ། ཤུགས་བསྐྱེད་དེ་གཉིས་ཀ་ནས་གདོན་པ། ཁ་ནས་སྒྲ་བཅས་སུ་གདོན་པ་དང་གདོན་པ་རིགས་གསུམ། ཁ་ནས་སྒྲ་མེད་དུ་དགང་བ་དང༌། རྩོལ་བ་བཀག་སྟེ་སྲོག་ནས་དགང་བ་དང་དགང་བ་རིགས་གཉིས། ཁ་སྦྱོར་ཞིང་ཤཱན་ཏི་ཀའི་རླུང་གནས་པའི་ཡན་ལག་ཡིན་པ་དང་བདུན་གྱིས། ལམ་ན་བཞི། སྦྱོར་བ་ན་རྣམ་པ་བདུན་ཐལ། འདུས་པ་དང་པོ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པའི་རླུང་གི་སྦྱོར་བ་བདུན་ཐལ། རེས་གཅིག་རིམ་གྱིས་ཁྲིད་པས་ཁ་སྦྱོར་ཞི་བ་ཤཱན་ཏི་ཀའི་རིང་ལ་ལམ་བཞི་བསྒོམ་པས་ཉམས་བཞི་སྐྱེད་པར་བྱེད་པ་ཁྲིད་པ་ནི། རང་ཡི་དམ་གྱི་ཐུགས་ཀར་ཧཱུྃ་མཐིང་ནག་ཅིག་བསམ། དེ་གྱུར་པ་ལས་མི་བསྐྱོད་པ་ཡབ་ཡུམ་དུ་བསམ་པའི་ཡབ་ཀྱི་སྤྱན་དབུས་ལ་དམིགས་པ་གཏད་ཅིང་ཡང་ཡང་བསྒོམ། རླུང་མི་བསྒོམ་ཡང་གསུངས། རེས་གཅིག་མི་བསྐྱོད་པའི་སྤྱན་དབུས་མ་ལ་གཏད་ཅིང་བསྒོམས་པའི་རྟིང་ལ། ལུས་སྟོང་པའི་ནང་དུ་མེ་དམར་སྐྱ་བསྒོམ་ཡང་གསུངས། དབའ་རླབས་གསུམ་གྱི་འོག་སྒོ་བསྐྱོད་པ་ལུས་ཀྱི་རྦ་རླབས་ཐལ། ཏིང་ངེ་འཛིན་སེམས་ཀྱི་དབའ་རླབས་དབང་གསུམ་པའི་སྐབས་སུ་འོང་འདིར་མི་འོང༌། ངག་ཞི་རགས་འདྲེན་པ་ངག་གིས་དབའ་རླབས་བསྒོམ་པ་ནི། སྔོན་དུ་འགྲོ་བ་བྱས་པའི་རྗེས་ལ་སྐྱིལ་ཀྲུང་མི་བྱ། ཙོག་པུར་བསྡད་པའི་པུས་མོའི་བར་ལ་མར་ལ་མགོ་གཏད་ལ། ངག་ཏུ་ཧཱུྃ་ཞེས་ཞི་བ་དྲངས་ལ། མགོ་ཇེ་བཀྱག་ལ་ བཏང་ངོ༌། །གཡས་དང་གཡོན་དུ་ཡང་དེ་ལྟར་ཞི་བ་དྲང་ངོ༌། །ཡང་པུས་མོ་གཉིས་ཀྱི་བར་ན་ཧཱུྃ་ཞེས་རགས་པ་དྲང་ངོ༌། །གཡས་དང་གཡོན་དུའང་དེ་ལྟར་རགས་པ་དྲང་ངོ༌། །ཁམས་སྙོམས་མ་སྙོམས་བྱུང་ན། ཁམས་དང་སྦྱང་ལ་རགས་པ་བཞག་ལ་ཞི་བ་དྲང༌། དེ་ལྟར་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འདི་མན་ཆད་ལ་སྐྱོན་ཡོན་གྱི་བཤད་པ་མེད་གསུངས། སྔོན་འགྲོ་དགུ་པོ་མ་ལུས་པར་བྱས་པའི་རྗེས་ལ། རང་གི་སྙིང་དེ་སྟོང་པར་བསམ་པའི་ནང་དུ་ཐུགས་མི་བསྐྱོད་པ་སྐུ་མདོག་མཐིང་ནག་ཞལ་གཅིག །སྤྱན་གསུམ་པ་ཕུག་རོན་གྱི་མིག་འདྲ་བ་དམར་ཀྱི་ལི་བ། མཆེ་བ་བཞི་གཙིགས་པ། རལ་པའི་ཅོད་པན་ཅན། ཕྱག་གཉིས་ཀྱི་གཡས་རྡོ་རྗེ། གཡོན་དྲིལ་བུ་རྡོ་རྗེ་ལ་ཡུ་བ་བྱས་པ་བསྣམས་ནས་ཡུམ་ལ་འཁྱུད་པ། ཞབས་གཡས་བརྐྱངས། གཡོན་བསྐུམས་ནས། སྙིང་སྟོང་པར་ཟེར་ཀྱང་པདྨ་འདབ་བརྒྱད་དུ་ཡོད་པ་ལ་བྱས་ནས་བཞུགས་པ། རུས་པའི་རྒྱན་དྲུག་དང་ལྡན་པ་དེ་ལྟ་བུ་ལ་ཡུམ་ཆུ་ཡོངས་སུ་དག་པ་མཱ་མ་ཀི་ཡང་སྐུ་མདོག་ཞལ་སྤྱན་མཆེ་བ་ཡབ་དང་འདྲ་བ་ཕྱག་གཉིས་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ། རུས་པའི་རྒྱན་ལྔ་དང་ལྡན་པའི་ཡུམ་དེ་ལྟ་བུ་དང་སྙོམས་པར་འཇུག་པར་བསམ་པའམ། མི་བསྐྱོད་པ་ཐུགས་ཀར་བསམ་པ་ལ་དམིགས་ལ་རླུང་སྟེང་འོག་ཁ་སྦྱར་ལ་གོང་བཞིན་བསྒོམ་མོ། །སྔོན་འགྲོ་བྱས་པའི་རྗེས་ལ་རང་གི་མགྲིན་པར་གསུང་སྣང་བ་མཐའ་ཡས་སྐུ་མདོག་དམར་བ། ཕྱག་གཡས་ན་པདྨ། གཡོན་ན་པདྨས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་མེ་ན་བཟའ་དཀར་མོ་ལ་འཁྱུད་པ། གཞན་ཡབ་ཡུམ་གྱི་ཞལ་ཕྱག་རྒྱན་ཆ་ལུགས་ཐམས་ཅད་གོང་དང་མཐུན་ནོ། །སྒོམ་ལུགས་ཀྱང་གོང་དང་མཐུན། སྤྱི་བོར་སྐུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཕྱག་གཡས་ན་འཁོར་ལོ་དཀར་པོ། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣོམས་ནས་ཡུམ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པ། འདིའི་ཡང་ཡབ་ཡུམ་ཐམས་ཅད་རྒྱན་ཆ་ལུགས་ཞལ་ཕྱག་སྒོམ་ཐབས་ཐམས་ཅད་གོང་དང་མཐུན་ནོ། །ལྟེ་བ་རིན་ཆེན་འབྱུང་ལྡན་སྐུ་མདོག་གསེར་བཙོ་མ་འདྲ་བ་ཕྱག་གཡས་རིན་པོ་ཆེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་ས་རྣམ་པར་དག་པ་སྤྱན་མ་ལ་འཁྱུད་པ། འདིའི་ཡང་རླུང་གི་སྒོམ་ཐབས་ཐམས་ཅད་གོང་དང་མཐུན་ནོ། །གསང་གནས་སུ་དོན་ཡོད་གྲུབ་པ་སྐུ་མདོག་སྔོན་པོ་ཕྱག་གཡས་ན་རྡོ་རྗེ་རྒྱ་གྲམ་བསྣམས་པ། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་ནས་ཡུམ་རླུང་དམ་ཚིག་སྒྲོལ་མ་ལ་འཁྱུད་པ། གཞན་ཡབ་ཡུམ་གྱི་ཞལ་ཕྱག་རྒྱན་ཆ་ལུགས་བཞུགས་ཚུལ། རླུང་གི་སྒོམ་ཐབས་སྔོན་འགྲོ་ཐམས་ཅད་གོང་གི་མི་བསྐྱོད་པའི་སྒོམ་ཐབས་དང་འདྲ། ཡུམ་ཐམས་ཅད་ཁ་དོག་རང་རང་གི་ཡབ་དང་འདྲ། ཀུན་གྱིས་ཀྱང་གཡས་གྲི་གུག །གཡོན་ཐོད་ཁྲག་བསྣམས་ནས་ཡབ་ལ་འཁྱུད་པ་ཡིན། ཁྲིད་ཡུན་རིང་དུ་བྱེད་ན། འདི་རྣམས་རེ་རེ་ལའང་ཞག་གསུམ། འབྲིང་ལྔ། ཐ་མ་དགུ། དེ་ཙམ་བྱེད་པ་ཡིན། ཡང་རེས་གཅིག་དེ་ལྟར་མི་གསལ་ན། གེགས་སེལ་ཡིན་པས་འདི་ལྟར་བྱ་གསུངས་པས། ཡི་དམ་དུ་གསལ་གདབ་པའི་སྤྱི་བོར་བླ་མ་བསྟིམ་པས་ལྟེ་བར་ཨ་སེར་པོ། ཐུགས་གར་ཧཱུྃ་སྔོན་པོ། མགྲིན་པར་ཨཱཿ དམར་པོ། སྤྱི་བོར་ༀ་དཀར་པོ། གསང་གནས་སུ་ཏཱྃ་ལྗང་གུ་དེ་རྣམས་ཀྱུར་གྱིས་གྱུར་པ་ལས། རིན་འབྱུང༌། མི་བསྐྱོད་པ། སྣང་བ་མཐའ་ཡས། རྣམ་སྣང༌། དོན་གྲུབ་ཡབ་ཡུམ་རྣམས་རིམ་པ་བཞིན་དུ་གསལ་གདབ་ཅིང་བསྒོམ། དེ་ནི་ཡོན་ཏན་ཏིང་ངེ་འཛིན་སྣང་སྟོང་མཐར་ཐུག་པ་བསྐྱེད། སྐྱོན་ལུས་ལ་མཚན་མི་སྡུག་པ་ཡོད་ན་དག་པ་འབྱུང༌། མཐར་ཐུག་གི་ཚད་རེག་པ་དང༌། སྣང་བའི་མཚན་མ་འོང་སྟེ། དཔེར་ན་ནག་བསྒོམ་བསོད་ནམས་རྒྱལ་མཚན་བཞིན་ནོ། །ལུས་སྟོང་པའི་ནང་དུ་མེ་དམར་སྐྱ་བསྒོམ་པ་ནི། སྔོན་འགྲོ་བྱས་པའི་རྗེས་ལ། རང་གི་ལུས་དེ་སྟོང་པར་བསམ་པའི་ནང་དུ་ཅི་ཙུག་བྱུང་ཆ་མེད་པར་མེ་དམར་སྐྱ་ཞིག་གིས་ལྷག་གིས་གང་ནས། བ་རྟའི་སྒྲོ་ཕྱིར་སྒྱུར་བྱས་པ་བཞིན་དུ་བསམས་ལ། རླུང་སྟེང་འོག་ཁ་སྦྱར་ལ། ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །ཁྲིད་འབྲིང་དུ་བྱེད་ན། རླུང་གི་དམིགས་པ་བདུན་པོ་དང་གཏུམ་མོའི་མགོ །ཁྲིད་བྱེད་ཙམ་ན་འདི་ཡིན་པས། འདི་དང་གསང་གནས་ནས་མེ་འབར་བ་དང་སྦྲེལ་ལ་ཁྲིད་དོ། །དབང་གསུམ་པའི་བསྒོམ་པ་ནི། སྔོན་ཏུ་འགྲོ་བ་བྱས་པའི་སྟེང་ལ༑ བདག་ཉིད་ཧེ་རུ་ཀར་བསྒོམས་པའི་མདུན་དུ་མིའི་བུ་མོ་ངོ་བོ་ནི་བདག་མེད་མའམ། ཇོ་མོ་རྡོ་རྗེ་རྣལ་འབྱོར་མའམ་མཱ་མ་ཀི་ཡིན་པ་གཟུགས་དང་ལོང་ཚོ་དང་ལྡན་པ། སྐུ་སྟོད་ཀྱི་ཤ་ཤིན་ཏུ་མཁྲེགས་ལ་ནུ་མ་འབུར་བ། སྨད་ཀྱི་ཤ་ཤིན་ཏུ་རྒྱས་ལ་ཟླུམ་པ། རྐེད་པ་མཁྲིག་མ་གང་ཡོད་པ། སྐྲ་སེར་ལ་ལི་བ་དེ་ལྟ་བུ་ཞིག་བསམ་པ་དེ་དང་ལྷན་ཅིག་སྙོམས་པར་ཞུགས་པར་བསམ། ཐིག་ལེ་ཉམས་ཉམས་འདྲ་ན་ཧཱུྃ་གིས་ཡར་དྲངས་ཤིང་བསྒོམ། ཡང་ན་བསྒྲད་པའི་མཐས་ཀྱང་བསྲུང་གསུངས། དེ་ལྟར་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ་བའི་རླུང་གི་སྦྱོར་བ་བདུན་པོ་ཐལ། ལམ་བཞི་བསྒོམས་པས་ཉམས་བཞི་སྐྱེད་པར་བྱེད་པ་ལ། དང་པོ་བསྐྱེད་པའི་རིམ་པ་དབྱིབས་བསྒོམ་པ་ཐལ། གཏུམ་མོ་ཙ་ལཱི་བསྒོམ་པ་ཐལ། དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ་དབང་གསུམ་པ་ཡང་ཐལ་ནས། རྡོ་རྗེ་དབའ་རླབས་གསུམ་དུ་རེངས་པའི་ལམ་བསྒོམ་པ་ནི། སྔོན་དུ་འགྲོ་བ་བྱས་པའི་རྟིང་ལ། རང་ཡི་དམ་ཧེ་རུ་ཀ་གང་རུང་བསྒོམས་པའི་མདུན་དུ་ངོ་བོ་ནི་ཇོ་མོ་རྣལ་འབྱོར་མའམ། བདག་མེད་མའམ། རང་གང་མོས་སུ་བསམ་པའི་རྣམ་པ་ནི་མིའི་བུ་མོ་པད་ཅན་མའམ། རི་དྭགས་ཅན་མ་ལྟ་བུ། ཤ་རྩ་དམར་སེར་དུ་འདུག་པ། རྐང་ལག་གི་མཐིལ་དམར་བ། སྐྲ་སེར་ལ་ལི་བ། སྟོད་ཀྱི་ཤ་འཁྲེགས་ལ་ནུ་མ་འབུར་བ། སྨད་ཀྱི་ཤ་རྒྱས་ལ་ཟླུམ་པ། རྐེད་པ་ལ་ལག་པའི་མཁྲིགས་མ་གང་ལས་མེད་པ། གསུང་ཁུ་བྱུག་གི་སྐད་དང་འདྲ་བ་དེ་ལྟ་བུ་དང་རང་སྙོམས་པར་ཞུགས་པར་བསམས་ལ། རེས་གཅིག་ཐིག་ལེ་ཉམས་ཉམས་འདྲ་ན། ཧཱུྃ་གིས་ཡར་དྲངས་ཤིང་བསྒྲད་པའི་མཐས་བསྲུང་བ་བྱ། རང་གི་རྩ་གསུམ་གྱི་གཡས་དམར་བ། གཡོན་དཀར་བ། དབུ་མ་ཕྱི་དཀར་ནང་དམར་བ་གསུམ་ཀའི་མར་སྣ་གསང་བའི་རྡོ་རྗེ་ལ་ཐུག་པ། ཡར་སྣ་ཧྃ་ལ་ཞུགས་པར་བསམས་ལ། ཐིག་ལེ་དཀར་དམར་གཉིས་ཀ་རང་གི་རྩ་གསུམ་གྱི་ནང་ན། ཧྃ་ལ་ཐིམ་པར་བསམ། ཐིག་ལེ་ཉམས་པའི་ཚད་ནི། དེ་མི་དགོས་ཀྱང་གསུངས། རང་གི་ཐིག་ལེ་ཡུམ་གྱི་མཁའ་ཀློང་དུ་ཕྱིན་ནས་དེ་ནས་ཐིག་ལེ་དཀར་དམར་གཉིས་ཁ་ཁ་རང་རང་གི་རྩ་དབུ་མ་ནས་ཧྃ་ལ་ཐིམ་ནས་འགྲོས་བཞི་ཐིམ་པའི་རྟེན་འབྲེལ་རྫོགས་ཨང་སྙམ་དུ་བསམ་ཞིང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ་མོ། །སྔོན་ཏུ་འགྲོ་བ་བྱས་པའི་རྗེས་ལ། རང་གི་མདུན་ཏུ་ རེས་གཅིག་ཡང་མི་གསུངས། རིག་མ་མཚན་དང་ལྡན་པ། གོང་གི་ཇི་སྐད་བཤད་པ་ལྟ་བུའི་ཕྱག་རྒྱ་ཞིག་བསམ། དེའི་སྨིན་མཚམས་སུ་དམིགས་པ་གཏད་ལ་རང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་གནས་སུའང་གཏད་ཅིང་རླུང་སྟེང་འོག་ཁ་སྦྱར་ལ་བསྒོམ། དེ་རྣམས་རེ་མོས་བྱས་ཤིང་བསྒོམ། སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ཁྲིད་པའང་ཐལ། ལམ་བཞི་བསྒོམས་ནས་ཉམས་བཞི་བསྐྱེད་པའང་ཐལ་ནས། ཁམས་འདུས་པ་དང་པོ་ལ། རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པ་གོང་གི་དེའང་ཡིན་ཡང་མགོ་འདི་ཡིན་གསུང་བས་སྔོན་ཏུ་འགྲོ་བ་བྱས་པའི་རྗེས་ལ། རེའུ་མིག་ལྟར་བསྣོལ་བའི་ཙོག་པུ་འཕོངས་སོར་བཞིས་མཐོ་བར་འདིའི་ལུགས། ལག་ལ་སྒོམ་ཐག་བྱས་ནས་རྐང་པའི་རྒྱུ་ཞབས་ཀུང་ཀུང་གི་ནང་དུ། རམ་སྐོར་བུའམ་གྲུ་གསུམ་ཉིས་བརྩེགས་སམ། གང་རུང་རེ་བསམས་ནས། དེ་ལས་མེ་ཁྱུག་ཁྱུག་བརླའི་རྩ་བོ་ཆེའི་ནང་ནས་གསང་གནས་ན་ཡར་ལ་མེ་སོར་བཞི་ཙམ་འབར་བ་ལ་དམིགས་ལ། འོག་སྒོ་ཡར་ཐོན། མར་ཕུལ། རེས་གཅིག་དང་པོ་སྟེང་རླུང་མར་མནན། དེ་ལ་འོག་རླུང་ཡར་འཐེན་གསུངས། འདིའི་དུས་སུ་ཡང་གྲངས་མེད་ཡིན་པ་ལ། ཁྲིད་ཡུན་རིང་བར་བྱེད་ན་གསང་གནས་ནས་མེ་འབར་བ་འདི་ནས་གྲངས་ཅན་བྱེད་དགོས་པ་ཡིན་པས། རླུང་ཐུན་གཅིག་གི་ནང་དུ་འདིར་བརྩིར་མེད་པ་བཅུ་གཉིས་ལ་སོགས་པ་བརྩི་བ་གཉིས་གཉིས། གྲངས་མེད་ལ་དམིགས་པ་མིན་པའི་མི་བརྩི་བར་རླུང་ཐུན་གཅིག་མནན། དེ་བཞིན་ཏུ་མི་བརྩི་བར་རླུང་མནན་པ་བཅུ་གཉིས། བར་བར་དུ་བཅུ་གཉིས་ལ་སོགས་པ་བཅུ་གཉིས་བར་དུ་བརྩི་ཞིང༌། རླུང་ཐུན་རེ་མནན་པའི་རླུང་གྲངས་ཅན་བཅུ་གཉིས་མནན། གྲངས་མེད་ཐུན་བཅུ་གཉིས་མནན་པའི་རླུང་གྲངས་ཅན་གྲངས་མེད་པ། ཉི་ཤུ་རྩ་བཞི་ལ་ཐུན་གཅིག་ཏུ་བརྩིས་པའི་ཐུན་བཞིའི་ངེས་པ་བསྒོམ་མོ། །ཡང་ཡར་འཐེན། མར་འཕུལ་ལ་རླུང་ངན་ཕྱིར་བུད་ལ། ས་ན་ཚུར་འོག་སྒོ་བསྡམས་པ། སྟེང་སྒོ་མར་མནན་ལ། མེ་ལ་དམིགས་ལ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ་མོ། །རེས་གཅིག་གྲངས་ཅན་གྲངས་མེད་པ་ལ་མེ་སྐོར་བུ་ནས་གྲངས་ཅན། འདིའི་མིང་ནི་གསང་གནས་ནས་མེ་འབར་བ་ཟེར། སྔོན་ཏུ་འགྲོ་བ་བྱས་ནས། གསང་གནས་ཀྱི་ རེས་གཅིག་འདི་ཐམས་ཅད་གྲངས་ཅན། གྲངས་མེད་འཁྲུལ་འཁོར་ལ་སོགས་གོང་དང་འདྲ། དམིགས་པ་འཕྲོ་བ་ཐིག་ལེའི་འཐབ་མོ་ཡིན། རླུང་ཕྱིར་བཏང་བའི་རྟིང་ལ་ཐིག་ལེ་གཉིས་གསང་གནས་ཀྱི་རྩེ་མོའི་སྟེང་དུ་བརྩེགས་མར་འདུག་པར་བསམ་གསུངས། མེའི་སྟེང་དུ། མེའི་རྡོག་པོ་རིལ་མ་ཙམ་ཞིག་བསམ། ལྟེ་བའི་ཐད་སོའི་ནམ་མཁའ་སྟོང་པ་ལ་ཡང་མེའི་རྡོག་པོ་རིལ་མ་ཙམ་ཞིག་བསམས་ལ། སྟེང་རླུང་འོག་ཁ་སྦྱར་བ་ཙམ་གྱིས་མེའི་རྡོག་པོ་གཉིས་ཐུག་ནས། ཁོང་པའི་ནང་ཐམས་ཅད་མེས་དམར་ཐག་གིས་གང་བར་བསམ། རླུང་ཕྱིར་གཏོང་ཙ་ན་མེ་གཉིས་ཁ་ཁ་མལ་དུ་ཕྱིན་པར་བསམ་ཞིང་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། འདིའི་མིང་ནི་ཐིག་ལེ་གཉིས་ཀྱི་འཐབ་མོ་ཟེར། འདི་ཡན་ཆད་ལ་ཐུན་གྲངས་དང་ཐུན་མཚམས་མེད་གསུང་པས། འདི་མན་ཆད་ལ་ཐུན་གྲངས་དང་ཐུན་མཚམས་ཀྱང་ཡོད་གསུངས། སྔོན་འགྲོ་ཐམས་ཅད་བྱས་པའི་རྗེས་ལ། རང་གི་གསང་གནས་ཀྱི་མེ་སོར་བཞི་པའི་སྟེང་དུ་ཐིག་ལེ་གཉིས་བརྩེགས་ནས་སྤྱིར་སོར་བརྒྱད་ཡོད་པས། ལྟེ་བའི་ཐད་སོར་སླེབ་པའི་སྟེང་དུ། མེའི་སྐོར་བུ་མཁལ་མ་ལ་སོར་གསུམ་གྱིས་ཅུང་མ་སླེབས་པ་ཞིག་བསམས་ལ། རླུང་སྟེང་འོག་ཁ་སྦྱར་བ་ཙམ་གྱིས་མེ་དེ་གཡོན་ཏུ་ཀྱི་ལི་ལི་འཁོར་བ་ལ་དམིགས་ཤིང་རླུང་མནན་པ་གཅིག །ཡང་མདུན་ཏུ་ རེས་གཅིག་འདི་ནས་སྐོར་བུ་རེ་རེའི་རྩེ་མོར་ཧཱུྃ་གཉིས་གཉིས་ཡོད་པར་བསམ་ཞིང༌། ཕྱིའི་ཕྱག་རྒྱ་མ་མི་བསམ། རྩིས་ཀྱི་གྲངས་ཅན་གྲངས་མེད་གོང་བཞིན་བསྒོམ་གསུངས། གོང་དུ་ཇི་ལྟར་བཤད་པ་ལྟ་བུའི་ཕྱག་རྒྱ་གཟུགས་དང་ལང་ཚོ་ལྡན་པ་ཞིག་བསམ། སྒོས་སུ་འདིར་གཏད་ཟེར་རྒྱུ་ནི་མེད། གཟུགས་སྤྱི་ལ་དམིགས་ལ་རླུང་ཐུན་གཅིག་མནན། དེ་བཞིན་ཏུ་རེས་མོས་ནང་དུ་མེ་འཁོར་བ་ལ་དམིགས་པ་བཅུ་གཉིས་ཀྱི་ཕྱག་རྒྱ་ལ་དམིགས་པ་བཅུ་གཉིས་དང༌། ཉི་ཤུ་རྩ་བཞི་ཐུན་གཅིག་ཏུ་བྱས་པའི་བཞིར་བསྒོམ་མོ། །འདིའི་མིང་ནི་མེ་སྐོར་བུ་ཟེར། སྔོན་ཏུ་འགྲོ་བར་བྱས་པའི་རྗེས་ལ། ལྟེ་བའི་འོག་ཏུ་གོང་དུ་ཇི་ལྟར་བཤད་པའི་མེ་སྐོར་བུའི་རྩེ་མོ་བཞིར་ཧཱུྃ་མེའི་རང་བཞིན་སོར་རེ་བ་ཙམ་བཞི་བསམས་ནས་གཡོན་ཏུ་འཁོར་བ། རེས་འགའ་ཧཱུྃ་ལ་མེ་གཅུ་ཞིང་འབར་བར་ཡང་བསམ། སྐོར་བུའི་རྩེ་མོར་ཧཱུྃ་ཡོད་མེད་དེ་མིན་པའི་གོང་མ་དང་ཁྱད་མེད་དོ། །སྔོན་འགྲོ་བྱས་ནས་སྐོར་བུའི་རྩེ་མོ་བཞིར་ཧཱུྃ་གཉིས་གཉིས་བརྒྱད་བསམས་ནས་གཡོན་ཏུ་འཁོར་བ་དང༌། ཕྱག་རྒྱ་ལ་དམིགས་པ་དང༌། ཐུན་གྲངས་དང་ཐུན་ཚད་གོང་དང་འདྲ༑ སྔོན་ཏུ་འགྲོ་བ་ཐམས་ཅད་བྱས་ནས། རང་གི་ལྟེ་བའི་སྐོར་བུའི་སྣེ་མོ་རེ་རེ་ལའང་ཧཱུྃ་དམར་ཤད་དེ་བ་མགོ་སྤྲད་ནས་སྐོར་བུ་ལ་ཚུར་བསྟན་པའི་བཞི་ཡོད་པར་བསམ། རེས་གཅིག་མེའི་སྐོར་བུ་སྣེ་མོར་ཧཱུྃ་བཞི་བཞི་རེ་ནི་བསམ། སྐོར་བུའི་ལྟེ་བའི་མེ་དེ་ནི་མི་བསམ་ཞིང༌། རྩིས་ཀྱི་གྲངས་ཅན་དང་གྲངས་མེད་ཐམས་ཅད་གོང་དང་འདྲ། བདེ་བ་ཤས་ཆུང་ན་གསང་སྔགས་ཀྱི་ལམ་བདེ་བ་ཡིན་པས། བར་བར་དང་སྐབས་སུ་བདེ་བ་བོགས་འདོན་བྱ་གསུང་བས། བདེ་བ་ཆུང་ན་མདུན་ཏུ་ཕྱག་རྒྱ་མ་རང་གང་མོས་པའི་གཟུགས་དང་ལང་ཚོ་ལྡན་པ་ཞིག་བསམ་ཞིང༌། རྩིས་ཀྱི་གྲངས་ཅན་གྲངས་མེད་སྒོམ་པའི་དུས་སུ་བར་བར་དུ་དེ་ལ་ཕྱིར་སེམས་གཏད་གསུངས། སྐོར་བུའི་ལྟེ་བ་ན་མེ་རྩེ་ལྔ་པ་སོར་བཞི་ཙམ་ཞིག་འབར་བར་བསམ་ཞིང་བསྒོམ། གཞན་ཐུན་གྲངས་ལ་སོགས་པ་ཐམས་ཅད་གོང་དང་ཁྱད་མེད་འདྲའོ། །འདིའི་མིང་མེ་འབར་བ་ཟེར། ཧཱུྃ་བཞིས་ཕྱག་རྒྱ་དང་སྦྱར་ན་དགའ་བཞི་མཚོན། ཧཱུྃ་བརྒྱད་ཀྱིས་དགའ་བ་དང་སྦྱར་ན་དགའ་བ་བརྒྱད་མཚོན། ཧཱུྃ་བཅུ་དྲུག་གིས་ཐིག་ལེ་དང་སྦྱར་ན་དགའ་བ་བཅུ་དྲུག་མཚོན། སྔོན་འགྲོ་བྱས་ནས། རང་གི་ལྟེ་བའི་སྐོར་བུའི་སྟེང་གི་མེ་སོར་བཞི་རྩེ་ལྔ་པ་དེ་ཡར་ནི་རིང་དུ་མ་སྐྱེས་ རེས་གཅིག་ལ་སྐོར་བུའི་སྣེ་སོར་བཞི་ལྟེ་བ་དང་ལྔར་མེ་མཛུབ་རེ་ཙམ་པ་ལྔ་ཡར་འབར་བར་བསམ། གཞན་ཐམས་ཅད་གོང་དང་འདྲའོ། །མེའི་འཁོར་ལོ་གསུང༌། རེས་གཅིག་ཀྱང་འདི་རང་གི་རྟིང་ལ་མེ་རྩེ་ལྔ་པ་དེ་ཡར་སྐྱེས་ནས་སྙིང་ག་ཙམ་ན་ཡར་འབར་བ་ལ། ཧཱུྃ་མེའི་རང་བཞིན་ཆུང་ངུ་ན་ཆར་པ་བཞིན་བབ་པས་ལུས་ཀྱི་ནང་གང་བར་བསམ་ཞིང་བསྒོམ། འཁོར་རང་མི་བསམ། གཞན་ཐམས་ཅད་ཐུན་ལ་སོགས་པ་གོང་དང་འདྲའོ། །རེས་གཅིག་མེ་རྩེ་ལྔ་པ་དེ་ཡར་སྐྱེས་ནས་མགྲིན་པར་སླེབ་པ་ལ། ཨཱཿ མེའི་རང་བཞིན་ཅན་གྱི་ཆར་བབ་པར་བསམ། གཞན་སྔོན་འགྲོ་ལ་སོགས་པ་མེ་ཆེར་འབར་བ་ཐམས་ཅད་གོང་དང་འདྲ་གསུང༌། རེས་གཅིག་ཀྱང་གཞན་ཐམས་ཅད་གོང་དང་འདྲ། མགྲིན་པའི་མེ་དེས་རང་གི་ཚངས་བུག་ནས་ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་མེ་འབར་བར་བསམ་ཞིང་བསྒོམ། འདིའི་མིང་ནི་མ་ལུས་པ་མེར་འབར་བ་ཞེས་གསུངས། རྩེ་མོ་ཕྱིར་འཁྱིལ་ནས་མཚོན་ཆའི་འཁོར་ལོའི་དབྱིབས་འདྲ་བའི་ཟུར་དྲུག་པ་ཞིག་གི་ཟུར་རེ་རེའི་སྟེང་དུ་ཧཱུྃ་སོར་རེ་བ་ཙམ་རེ་རེ་དྲུག་བསམས་པ། རླུང་སྟེང་འོག་ཁ་སྦྱར་བ་ཙམ་གྱིས་འོག་གི་སྐོར་དུ་ནི་མི་འཁོར། སྟེང་གི་མེའི་འཁོར་ལོ་ཟུར་དྲུག་པ་དེ་གཡས་སུ་བསྐྱོད་གཡོན་ཏུ་བསྐྱོད་པར་བསམ་པ་ལ་ཐུན་གཅིག །ཡང་གོང་གི་ཇི་ལྟར་བཤད་པའི་ཕྱག་རྒྱ་ལ་དམིགས་ནས་རླུང་མནན་པ་ཐུན་གཅིག །ཡང་ནང་གི་མེའི་འཁོར་ལོ་སྐྱེས་ནས་ལུས་གང་བ་ལ་དམིགས་པ་གཅིག །དེ་ལྟར་ནང་དུ་གོང་བཞིན་བཅུ་གཉིས། ཕྱག་རྒྱ་ལའང་དམིགས་པ་བཅུ་གཉིས་གོང་བཞིན་རེས་མོས་བྱའོ། །སྔོན་ཏུ་འགྲོ་བ་ཐམས་ཅད་བྱས་ནས། རང་ལྟེ་བའི་སྟེང་གི་མེའི་འཁོར་ལོ་དེ་སྐྱེས་ནས། སྙིང་གའི་སྟེང་ན་ཡར་སོར་བཞི་ཙམ་འབར་བ་ཡིན། མེ་སྟག་ཡིན་ཡང་ཨཱ་ལི་ཀཱ་ལིའི་རྣམ་པ་མེའི་ཕྲོམ་ཕྲོམ་བྱེད་པ། དེའང་ལྷག་པར་ཨཱ་ལིའི་རྣམ་པར་བྱེད་པར་བསམས་ལ་རླུང་ཐུན་གཅིག་མནན། ཡང་མེས་ལུས་ཐམས་ཅད་གང་བར་དམིགས་ལ་རླུང་ཐུན་གཅིག་མནན། དེ་ལྟར་ཐུན་བཅུ་གཉིས་རེ་ཉི་ཤུ་རྩ་བཞི་གོང་བཞིན་བྱ། ཕྱིར་ལ་ཕྱག་རྒྱ་ལ་དམིགས་པ་འདིར་མི་དགོས་གསུངས། སྔོན་འགྲོ་བྱས་ནས། རང་གི་སྙིང་གའི་མེ་དེ་མགྲིན་པ་ན་ཡར་ལ་འབར་ནས་རྩེ་མོ་དེ་པདྨ་འདབ་མ་བཅུ་དྲུག་པ་བཞིན་ཏུ་ཡོད་ནས། འདབ་མ་རེ་རེའི་སྟེང་ན་ཨཱ་ལི་བཅུ་དྲུག་གཡོན་སྐོར་དུ་མེའི་རང་བཞིན་ཏུ་སོང་བར་བསམས་ལ། རླུང་གོང་བཞིན་ཏུ་ཐུན་གྲངས་གོང་བཞིན་བསྒོམ་མོ། །སྔོན་འགྲོ་ཐམས་ཅད་བྱས་ནས། རང་གི་མགྲིན་པའི་མེ་པདྨ་བཅུ་དྲུག་པ་འདྲ་བའི་སྟེང་ན་ཡར་མེ་མར་མེ་ལྔ་འབར་ལྟ་བུའི་རྩེ་ལྔ་པ་ཞིག་ཧྃ་ལ་ཅུང་མ་སླེབ་པ་ཙམ་དུ་འབར་བར་བསམས་ལ། རླུང་མནན་པ་དང་ཐུན་གྲངས་གོང་དང་མཐུན་ནོ། །སྔོན་འགྲོ་བྱས་ནས་རླུང་ཐུན་གཅིག་མནན། རང་གི་ལུས་སྤྱི་མེ་འབར་བ་ལ་ཐུན་གཅིག་དམིགས་པ་གཏད། ཡང་རླུང་ཐུན་གཅིག་མནན། ཕྱིར་ལ་ཕྱག་རྒྱ་གོང་དུ་ཇི་ལྟར་བཤད་པ་ལྟ་བུ་ཞིག་ལ་དམིགས་པ་གཏད། དེ་ལྟར་ཐུན་གྲངས་དང་སྒོམ་ཐབས་གོང་དང་འདྲའོ། །སྔོན་འགྲོ་བྱས་ནས། སྟོང་གསུམ་ཙམ་མེར་འབར་བ་ལ་དམིགས་ལ་རླུང་གོང་ལྟར་བྱའོ། །མེ་འབར་བ། ཆེར་འབར་བ། སྟོང་གསུམ་ཙམ་འབར་བ་ཞེས་བྱའོ། །དེ་ལྟར་རླུང་བརྔན་དགས་རིམ་གྱིས་སྦྱིན་པ་ཞེས་བྱ་བ་སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་བཙལ་བའི་རླུང་གི་དམིགས་པ་བདུན་པོ་དེ་ཁྲིད་བསྡུས་པ་བྱེད་ན་འདུས་པ་གསུམ་ཀ་ལ་འོང་བ་ཡིན་པ་ལ། འདིར་རྒྱས་པ་བྱེད་པས་འདུས་པ་གསུམ་གང་ལའང་མ་གཏོགས་སོ། །སྲོག་དང་རྩོལ་བ་བསམ་གཏན་གྱི་ལམ་ཁྲིད་པ་སྔོན་ཏུ་འགྲོ་བ་ཡིན། འདུས་པ་དང་པོ་ལ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པས་རླུང༌། གཏུམ་མོ་བསྒོམས་པས་རླུང་ལོག་དེས་རྩ་དྲལ། དེས་གཏུམ་མོའི་མེ་འབར་བས་ཁམས་བྱང་ཆུབ་ཀྱི་སེམས་བཞུས་པས་ལྷན་སྐྱེས་ཀྱི་བདེ་བའི་ཉམས་བསྐྱང་ངོ༌། །དེར་བདེ་བ་མ་སྐྱེས་ན། འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པའི་དུས་སུ་བདེ་བ་སྐྱེ་བར་བྱེད་པའི་ཐབས་ནི། གོང་དུ་རང་གིས་མཐོང་མཐོང་བའི་མིའི་བུ་མོ་གཟུགས་དང་ལང་ཚོར་ལྡན་པ་རང་གང་ཆགས་པ་གཅིག་གམ་བཅུ་ལ་སོགས་པ་སྔོན་འགྲོ་བྱས་ནས། མདུན་ཏུ་ཡོལ་བས་བཅད་པའི་རྒྱབ་ཏུ་བསམས་ལ། ཁྲོ་མོ་རྣལ་འབྱོར་མ་དྲན་ཙམ་བྱ། དེ་ནས་ཆགས་པའི་མེ་སྦར། ཐིག་ལེ་དབབ། བསྒྲད་པའི་མཐས་བསྲུང༌། གསང་ཐུབ་པར་བྱ། ཞེས་བཞི་ཡོད་པ་ལས། དང་པོ་ཆགས་པའི་མེ་སྦར་བ་ནི། མདུན་གྱི་ཕྱག་རྒྱ་དེ་བཤུག་གླུ་ལེན་པ་དང༌། རྩེད་མོ་བྱེད་པ་ལ་སོགས་པའི་སྒྲ་ལ་ཉན་པ་དང༌། གཟུགས་ལ་བལྟས་པས། ལྷན་སྐྱེས་ཀྱི་བདེ་བ་ཅི་སྐྱེ་བྱ། དེས་བདེ་བ་མ་སྐྱེས་ན། ཐིག་ལེ་དབབ་པ་ནི། རང་གི་ལག་པའི་མཐེ་བོང་གཉིས་ཚངས་པའི་ནང་དུ་བཙུག་ལ། ཁུ་ཚུར་བཅངས་ལ་བྲང་དུ་བསྣོལ། མིག་གཉིས་ནམ་མཁའ་ལ་བལྟས་ལ། ལུས་དུམ་ཙམ་བསྒུལ། དེ་ནས་ཐིག་ལེ་ཉམས་ཚད་ན། བསྒྲད་པའི་མཐས་བསྲུང་བ་ནི། མིག་དང་ལག་པ་གོང་ལྟར་བྱས་ལ། ལྟེ་བ་སྒལ་པ་ལ་བཅར་ལ། རོ་སྟོད་དུམ་ཞིག་བསྒུལ་ལོ། །དེ་ནས་གསང་ཐུབ་པར་བྱ༑ ཞེས་པ་ནི། སྔགས་པ་ཡིན་ན་ལྷན་ཅིག་ཏུ་གནས་པར་མི་བྱ། དཀའ་ཐུབ་ཡིན་ན། ཡོལ་བའི་ནང་དུ་ཕྱག་རྒྱ་དེ་མི་བསམ་མོ། །དེ་ལྟར་བདེ་བ་མ་སྐྱེས་ཀྱི་བར་དུ་ཐུན་གྲངས་དང་ཐུན་མཚམས་མེད་པར་བསྒོམ། རླུང་མནན་མི་དགོས་སོ། །དེ་ལྟར་བྱས་པས་དགའ་བ་བཅུ་དྲུག་སྐྱེས་ན་དེས་ཆོག །མ་སྐྱེས་ན་ཡང་འདི་ལྟར་བྱ། སྔོན་ཏུ་འགྲོ་བ་བྱས་ནས། རང་གི་སྣ་བུག་གཉིས་ནས་ཕར་ལ་རླུང་སྔོ་ནར་གྱིས་བྱུང༌། མདུན་ཏུ་ཡོལ་བའི་རྒྱབ་ཏུ་ཕྱག་རྒྱ་གོང་བཞིན་བསམ་པའི་སྣ་གཉིས་ན་ཕར་སོང༌། གསང་གནས་ནས་ཚུར་བྱུང༌། ཡང་རང་གི་སྣ་ནས་ཕར་སོང༌། དེ་ལྟར་སྒ་ར་ར་ཐུན་གྲངས་ཐུན་མཚམས་མེད་པར་བྱའོ། །སྔོན་ཏུ་འགྲོ་བ་བྱས་ནས། རང་གི་མདུན་གྱི་ཡོལ་བའི་ནང་དུ་གོང་བཤད་པའི་ཕྱག་རྒྱ་དེ་བསམས་ལ། དེའི་ལུས་ལ་ནི་མི་རེག་པར་རྟ་བོང་ལ་སོགས་པའི་ཆགས་པའི་གཏམ་བྱ་བར་བསམ། སྨིན་མཚམས་དང༌། མགྲིན་པ་དང༌། ནུ་མ་གཉིས་ཀྱི་བར་དང༌། ལྟེ་བ་དང༌། གསར་གནས་ལ་སོགས་པ་གང་ཆགས་པའི་སར་བལྟ་ཞིང༌། རྩེད་མོ་དང་ཀུ་རེ་ཆགས་པའི་གཏམ་བྱ་ཞིང་གཟུགས་ལ་བལྟ། སྒྲ་ལ་ཉན། དེ་ལྟར་ཆགས་པའི་མེ་སྦར་བས། བདེ་བ་སྐྱེས་ནས་ཐིག་ལེ་ཉམས་ཚད་ན། བསྒྲད་པའི་མཐས་བསྲུང་བ་གོང་བཞིན་བྱ། དེ་ནས་གསང་ཐུབ་པར་བྱ་བ་ནི། ཕྱག་རྒྱ་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་མི་བསམ་མོ། །རླུང་ནི་གནོན་མི་དགོས་པའི་ཐུན་གྲངས་དང༌། ཐུན་མཚམས་མེད་པར་བསྒོམ་མོ༑ ༑ཕྱག་རྒྱ་བཞིའི་དབང་དུ་བྱས་ན། བཞི་ལས་ལས་ཀྱི་ཕྱག་རྒྱ་མངོན་གྱུར་ལ་བསླབ་པ་ནི། སྔགས་པས་དངོས་སུ་ཕྱག་རྒྱ་བསྟེན་པ་ཡིན། ཆོས་ཀྱི་ཕྱག་རྒྱ་ལྐོག་གྱུར་ལ་སློབ་པ་ནི། སྒོམ་པའི་དུས་ཀྱི་རྩལ་དམིགས་པ་དེ་རང་ཡིན། ཡེ་ཤེས་ཕྱག་རྒྱ་རང་སྣང་གི་རིག་མ་ལ་བསླབ་པ་ནི། ད་ལྟ་མདུན་ཏུ་བསམས་ནས་ཁྲིད་པ་འདི་རང་ཡིན། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་ལ་བསླབ་པ་ཡིན། འདི་པའི་ལུགས་ཀྱིས་ཕྱེད་དང་བཅུ་གསུམ་ན་གྲུབ་པ་ཐོབ་པའི་དུས་ལ་ཕྱེད། འདི་ཡང་བླ་མས་རིག་ཙམ་གསུང་བཟུང་བ་ཡིན་གསུངས། དེར་མ་མཐོང་བའི་སྒྲ་ལ་བསླབ་པ་ཐལ། མཐོང་བའི་གཟུགས་ལ་བསླབ་པ་ཐལ་ནས། སྔོན་ཏུ་འགྲོ་བ་བྱས་ལ། གོང་གི་ཕྱག་རྒྱ་གཟུགས་དང་ལང་ཚོར་ལྡན་པ་དེ་ཇོ་མོར་བསམས་ལ། དེའི་ནུ་མ་མཉེ་བ་དང༌། བགད་བཞད་བྱེད་པར་བསམ་ཞིང་ཆགས་པའི་མེ་སྦར། དེས་བདེ་བ་སྐྱེས་ན་ཐིག་ལེ་ཕེབས་ནས་ཉམས་ཚད་ན། གོང་བཞིན་བགྲད་པའི་མཐས་བསྲུང༌། གསང་ཐུབ་པར་བྱ་བ་ནི། ད་རུང་ཡང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་མི་བྱའོ། །སྔོན་ཏུ་འགྲོ་བ་བྱས་ནས། གོང་གི་ཕྱག་རྒྱ་དེའི་གསང་བ་དང༌། རང་གི་གསང་བ་ བོ་ལ་ཀཀྐོ་ལ་ གཉིས་འཕྲད་ཙམ་འཕྲད་ཙམ་བྱེད་པར་བསམ་ཞིང་བསྒོམ། ད་རུང་སྲུབ་པ་དང་སྲུབ་པའི་སྦྱོར་བ་བྱེད་པ་ནི་མིན། དེར་ཆགས་པའི་མེ་སྦར་བས་ཐིག་ལེ་ཕེབས་ནས་ཉམས་ཚད་ན་གོང་བཞིན་བསྒྲད་པའི་མཐས་བསྲུང༌། གསང་ཐུབ་པར་བྱ་བ་ནི། ཐིག་ལེ་ཉམས་སུ་མི་བཅུག་པའོ། །དེས་དགའ་དང༌། དགའ་བྲལ་བསྟན་ནས། དེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་སྐྱེས་ན། སྔོན་ཏུ་འགྲོ་བ་བྱས་པའི་རྗེས་ལ་གོང་གི་ཆོས་བཞི་འདིར་ཡོད་དགོས་པས། དང་པོ་ཆགས་པའི་མེ་སྦར་བས། སྲུབ་པ་དང༌། སྲུབ་པའི་སྦྱོར་བ་བྱས་པས། ཐིག་ལེ་ཕེབས་ནས་ཉམས་ཚད་ན། འདི་ལམ་འབྲས་རང་གི་ལུགས་ཡིན་གསུངས། ཉམས་སུ་མི་བཅུག་པར་བསྒྲད་པའི་མཐས་བསྲུང་བ་གོང་བཞིན་བྱ། གསང་ཐུབ་པར་བྱ་བ་ནི། ཐིག་ལེ་ཉམས་སུ་མི་བཅུག་པ་ཡིན་ནོ། །དེས་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་སྐྱེས་ན་སྐྱེ་བའི་ཐབས་ནི། སྔོན་དུ་འགྲོ་བ་བྱས་ལ། གོང་གི་ཆོས་བཞི་འདིར་ཡང་དགོས་པས། དང་པོ་ཆགས་པའི་མེ་སྦར་བས་ལྷན་ཅིག་སྙོམས་པར་ཞུགས་ནས། ཐིག་ལེ་དབབ་པའི་ཐབས་སྲུབ་པ་དང་སྲུབ་པའི་སྦྱོར་བ་བྱས་ལ། དེས་ཐིག་ལེ་ཕེབས་ནས་གཉིས་ཤོར་གཉིས་མ་ཤོར་བའི་དུས་སུ་བསྒྲད་པའི་མཐས་བསྲུང་བས་གཉིས་མ་ཤོར་བ་ འདི་དགྱེས་རྡོར་བའི་ལུགས་ཡིན་གསུངས། དེའི་དུས་སུ་རྟགས་ཅི་འོང་ན་བཤང་བའི་ལམ་ཚ་ལ་འཚུབ་པའམ་སྤུ་ཟིང་ཟིང་བ་འོང༌། ཐིག་ལེ་གཉིས་ཤོར་གཉིས་ལུས་པའི་དུས་དེར་ཐིག་ལེའི་ཟུག་མི་བཟོད་པས་ངུ་བའི་སྐད་འོང་བདེ་བ་དེ་ལྟ་བུ་འོང་བའི་དུས་སུ། སྟོང་པ་དང་ཟུང་དུ་འཇུག་པའི་ཐབས་ལ། རང་གི་རྩ་གཉིད་ལོག་མཛུ་གུས་མནན་ན་མི་རྟོག་པར་འགྲོ་བས། གོང་གི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ཟེར་བ་དེ་དེ་ཡིན་གསུངས། ཐིག་ལེ་གཉིས་དེ་མ་ཤོར་བ་ལ་གསང་ཐུབ་ཟེར། དེས་ཁམས་འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པ་དེ་ཚར་བ་ཡིན། ད་དེ་ཡུལ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་མ་སྐྱེས་ན། ད་འདུས་པ་ཐ་མ་ལ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པ་ནི། མཚོ་མཚེའུའི་འགྲམ་དུ་འགྲོ་ལ། སྔོན་དུ་འགྲོ་བ་བྱས་ལ། ཤིང་ངམ། རྡོའི་གྲིབ་མ་མཚོ་འམ། མཚེའུ་ཡི་ནང་ན་མར་ལ་ཤར་བ་ལ། སྔ་དྲོ་ཁ་ཤར་དུ་གྱུ། ཕྱི་འཕྲེད་ནུབ་ཏུ་གྱུ་ལ་བལྟ། ཡང་སེམས་ཞི་བ་ལྷུག་པ་ལ་བཞག །ཡང་རྡོའམ་ཤིང་ལ་བལྟ་ཞིང་བསྒོམ། ཡང་སེམས་ཞི་བ་ལྷུག་པ་ལ་བཞག །དེ་གསུམ་སྒ་ར་ར་བྱ། ཡུན་རིང་དུ་ཁྲིད་བྱེད་ན་དེ་རེ་རེ་ལའང་ཤོག་རེ་བསྒོམ་པ་ཡིན་གསུངས། དེས་ཡུལ་སྣང་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེའོ། །ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་མ་སྐྱེས་ན་སྐྱེ་བའི་ཐབས་ནི། རང་གི་མདུན་གྱི་ས་གཞི་བས་ཡར་ལ་འདོམ་གང་གིས་མཐོ་བའི་ཐད་སོར་དམིགས་ལ་བསྒོམ་ཡང་མིག་བཙུམ་ལ། སེམས་ཞི་བ་ལྷུག་པ་ལ་བཞག །དེས་ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེའོ། །གོང་གི་ཁྲིད་ཀྱིས་ལུས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་གོང་དུ་མ་སྐྱེས་ན། སྐྱེ་བར་བྱེད་པ་ནི་རབ་བྱུང་ངམ་ཡེ་ཤེས་ཀྱི་ཡིན་ན་ནི་བསམ་པར་བྱ། དངོས་སུ་ལས་ཀྱི་ཕྱག་རྒྱ་ཡིན་ན། མདུན་ཏུ་གཅེར་བུར་ཕུད་ལ་དེའི་སྨིན་མཚམས་སུ་ཤེས་པ་གཏད་ལ་བསྒོམ། ཡང་རང་གི་སེམས་ཞི་བ་ལྷུག་པར་བཞག །དེས་ཀྱང་མ་སྐྱེས་ན། དེ་བཞིན་ཏུ་ནུ་མའི་བར་དང༌། ལྟེ་བ་དང༌། གསང་གནས་སུ་ཡང་གཏད་ཅིང་སེམས་ཞི་བ་ལྷུག་པ་ལ་བཞག་པ་རེ་མོས་སྒ་ར་ར་བྱའོ། །དེས་ལུས་བདེ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་སྐྱེའོ། །དེར་གཉུག་མའི་སེམས་ཀྱི་རང་སྒོ། བཅོས་མིན་སེམས་ཀྱི་ངོ་བོ། ཉམས་བདེ་སྟོང་མཉམ་རྗེས་མེད་པར་སྐྱེ་བ་འདུས་པ་ཐ་མའི་ཏིང་ངེ་འཛིན་ཡིན། དེའི་དུས་སུ་མངོན་ཤེས་མེད་ན་སྐྱེད་པར་བྱེད་པའི་ཐབས་ནི། གོང་དུ་མཐོང་བའི་ཕྱག་རྒྱ་གཅིག་གི་མཁའ་ཀློང་དུ་རང་གི་རྩ་གསུམ་ནས་ཐིག་ལེ་དབབ་པ། ཡང་རྩ་གསུམ་ན་ཡར་དྲངས་ལ་མིག་གི་མངོན་པར་ཤེས་པ་འདོད་ན་མིག་རྩ་གཉིས་སུ་ཡང་ཡང་དྲང་ངོ༌། །རྣ་བའི་རྣམ་པར་ཤེས་པ་འདོད་ན་རྣ་བའི་རྩ་གཉིས་སུ་ཡང་ཐིག་ལེ་དྲང་ངོ༌། །སྣའི་མངོན་པར་ཤེས་པ་འདོད་ན་སྣ་རྩ་གཉིས་སུ་ཐིག་ལེ་ཡང་ཡང་དྲང་ངོ༌། །ལྕེའི་མངོན་པར་ཤེས་པ་འདོད་ན་ལྕེའུ་ཆུང་གཉིས་སུ་ཐིག་ལེ་ཡང་ཡང་དྲང་ངོ༌། །ཡིད་ཀྱི་མངོན་པར་ཤེས་པ་འདོད་ན། ལུས་སྤྱི་ཁྱབ་པར་བསམ་མོ། །དེས་མངོན་པར་ཤེས་པ་འོང་ངེས། དེས་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་ཁྲིད་པ་སྔོན་དུ་ཐལ། ལམ་བཞི་བསྒོམ་པས་ཉམས་བཞི་སྐྱེ་བ་ཡང་ཐལ། དེ་ནས་ཁམས་འདུས་པ་དང་པོ་ལ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པ་ཐལ། འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་ཉམས་ཀྱི་ལམ་ཁྲིད་པ་ཐལ། འདུས་པ་ཐ་མ་ལ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པའང་ཐལ་ལ། ཁྲིད་བསྡུས་པར་བྱེད་ན། རླུང་གི་སྦྱོར་བ་བདུན་པོ་རྐྱང་པ་བྱ། དེའི་ཁྲིད་ལུགས་ནི། ཁམས་འདུས་པ་དང་པོ་ལ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ། འདུས་པ་བར་པ་ལ་གདོན་པ་གསུམ་ལ་སོགས་པའི་རླུང་གི་སྦྱོར་བ་བར་གྱི་ལྔ་པོས་བཙལ། འདུས་པ་ཐ་མ་ལ་སྦྱོར། ཞི་བ་ཤཱན་ཏི་ཀས་ལམ་བཙལ། དེའི་དུས་སུ་དབང་པོ་རབ་ལ་ཉམས་སྐྱོན་མེད་རྣམ་པ་གསུམ་སྐྱེས་ཀྱང༌། ཁྲིད་འོག་མ་ཀུན་སློབ་པས་ཆོག །ཁྲིད་མི་དགོས། དབང་པོ་འབྲིང་ལ་ཁྲིད་འབྲིང་དུ་བྱེད་ན། འདུས་པ་དང་པོ་ལ་སྲོག་དང་རྩོལ་བས་བསམ་གཏན་གྱི་ལམ་བཙལ། འདུས་པ་བར་པ་ལ་ཁ་སྦྱོར་ཞི་བ་ཤཱན་ཏི་ཀ་པར་གཏོགས་ཀྱི་རླུང་གི་སྦྱོར་བ་དྲུག་པོས་བསམ་གཏན་གྱི་ལམ་བཙལ། འདུས་པ་ཐ་མ་ལ་མན་ངག་གི་གནད་ལ་བརྟེན་པའི་གཏུམ་མོས་བསམ་གཏན་གྱི་ལམ་བཙལ། དེའི་དུས་སུ་ཉམས་སྐྱོན་མེད་གསུམ་སྐྱེས་ཀྱང་ཁྲིད་འོག་མ་ཀུན་སློབ་པས་ཆོག །ཁྲིད་མི་དགོས། རྒྱས་པར་བྱེད་ན་གྲགས་ཚོད་མ་ལུས་པར་བྱེད་པ་ཡིན་ཏེ་འདི་རང་ཡིན། རླུང་གི་སྦྱོར་བ་བདུན་པོ་ནས་སྔོན་ཏུ་ཁྲིད་པས་སྔོན་དུ་འགྲོ་བ་མིན་པའི་འདུས་པ་གསུམ་གང་ལའང་མ་གཏོགས། ལར་ཁྲིད་རྒྱས་བསྡུས་གང་ལྟར་བྱེད་ཀྱང་ཉམས་སྐྱོན་མེད་རྣམ་པ་གསུམ་གར་སྐྱེས་ཀྱང་དེ་ནས་གཞན་པ་སློབ་པ་མིན་པའི་ཁྲིད་མི་དགོས་སོ། །བླ་མས་རླུང་སྦྱོར་བདུན་པོའི་གོང་གི་རྒྱུ་བ་གསུམ་གཅིག་ཏུ་བརྩི་བ་ལ་སྲོག་རྩོལ་ཞེས་ཟེར། སྲོག་རྩོལ་ལ་རྔན་དགས་རིམ་གྱིས་སྦྱིན་པས་དྲིད་ནས་རླུང་གནས་པར་བྱེད་འདོད་ཙམ་ན། རླུང་ལ་བཅས་བཅོས་བྱེད་པ་ཀུན་རླུང་གནས་པའི་ཐབས་ཡིན་པས་རླུང་གི་སྦྱོར་བ་བདུན་པོ་ཀུན་ལ་རྔན་དགས་རིམ་གྱིས་སྦྱིན་པ་ཟེར་བ་གོ་གསུངས། འོག་རླུང་གི་བྱེད་ལུགས་རེས་ནམ་བྱུང་རེས་ནམ་བྱུང་བས་མ་ཤེས་ནས། ལམ་འབྲས་པའི་ལུགས་ཀྱི་ངེས་པའི་ནམ་ནས་རན་པ་ཡིན་ཞུས་པས། རིན་པོ་ཆེའི་ཞལ་ནས། མ་མཐུན་པ་དེ་རྣམས་བཤད་པ་གདམས་ངག་ཅི་ཚར་གྱི་ཐབས་ཡིན། ད་དེ་ཁྱེད་ལ་ཟློ་འཚལ། སྙིང་ཐག་པ་ནས་ཉམས་སུ་ལེན། ཡོན་ཏན་ཅི་སྐྱེ་བྱེད་ན། སྟེང་རླུང་མནན་པ་ཙམ་གྱིས་འོག་རླུང་རང་བསྡམས་ལ་ནམ་བྱུང་བའི་དུས་སུ་འོག་རླུང་རན་པ་ཡིན། དེ་མིན་བར་འོག་རླུང་སྔས་ན་ཟོང་པོ་ཟོང་ཟད་དུ་འགྲོ་བས་ཡོན་ཏན་མི་འབྱུང༌། མཁལ་རྐེད་ལ་སོགས་པའི་སྐྱོན་ཏུ་འགྱུར་གསུང་ངོ༌། །ༀ་སྭ་སྟི། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ལམ་འབྲས་ཀྱི་ཁྲིད་བྱེད་པའི་དུས་སུ། རྨི་ཉམས་དང༌། ལུས་ཉམས་དང༌། སེམས་ཉམས་གསུམ། མཐོང་སྣང་གི་ཉམས་དང་བཞི་ལས། དང་པོ་སྲོག་རྩོལ་གྱི་གནས་སྐབས་སུ་ཕོ་རོག་གིས་སྐྱ་ཀའི་མགོ་བཏོག་པ་རྨིས་ན། དུད་འགྲོའི་ས་བོན་དུཿ ཡིག་དུད་ཁར་རླུང་སེམས་གཉིས་མཉམ་པར་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། ཕྱིང་པ་དཀར་པོ་ལ་ནག་ཐིག་ཡོད་པ་གྱོན་པར་རྨིས་ན་གྲིབ་བྱུང་བའི་རྟགས་ཡིན༑ དེའང་རང་གི་བླ་མ་འདྲ་བ་ཞིག་ལ་མ་གུས་པའམ་མ་མོས་པ་བྱས་པའི་རྟགས་རྨི་ཉམས་ཡིན་པས་དེ་སེལ་བའི་ཐབས་ནི། རང་གི་མདུན་གྱི་ནམ་མཁར་རང་མ་གུས་པ་བྱས་པ་གང་ཡིན་པའི་བླ་མ་དེ་བསམས་ལ༑ རང་གི་སྨིན་མཚམས་སུ་བསམ་པ་ཡང་ཡང་བྱ། དེས་སེལ་ལོ། །ཐང་སྟོངས་པའི་དཀྱིལ་ན་འདུག་པ་ལ་དགྲས་ཁྱེར་དོགས་ཡོད་སྙམ་པ་རྨིས་པ་ན་ལྷ་མ་ཡིན་གྱི་ས་བོན་སུཿ ཡིག་སེར་པོར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། ཆུ་དམར་ཆེན་པོ་ལ་འགྲོ་ཚད་པ་རྨིས་ན་ཆུ་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། རང་གི་ཕ་མའམ་ཉེ་དུ་རྨིས་ན། རྣམ་རྟོག་སྔོན་ཏུ་སོང་བའི་དྲོད་བྱ་བ་རྩ་གཡས་པའི་མར་སྣར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། བུ་སྲིང་ལྟ་བུ་རྨིས་ན། རྩ་དབུ་མའི་མར་སྣ་ཌཱ་ཀིའི་གདོང་བྱ་བ་རླུང་སེམས་འདུས་པའི་རྨི་ཉམས་ཡིན། གདོན་ས་གསུམ་གྱི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མེ་ཆེན་པོ་ལ་འགྲོ་ཚད་པ་ལ་སོགས་པ་རྨིས་ན། མགྲིན་པར་མེ་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། བཙོན་གྱི་བདག་པོ་བྱེད་པ་རྨིས་ན། ནྲྀ་ཡིག་སྔོན་པོར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། རང་གི་གཞོགས་གཡས་པ་ན་ ཡང་སྦྲུལ་ཆེན་པོ་འགྲོ་བ་ལྟ་བུ་རྨིས་ན་རྩ་གཡས་པའི་ནང་དུ་རླུང་སེམས་འདུས་པའི་རྨི་ཉམས་ཡིན། འདྲེ་མིན། ལུས་ཉམས་ལ་གཞོགས་གཡས་པ་ན་ཡར་འབར་བ་ལྟ་བུ་བྱུང་ན། ཕོ་རླུང་གི་འབར་བྱ་བ་ལ་སོགས་པ་ཡིན་པས༑ རྩ་གཡས་པ་ལ་བརྟེན་ཏེ་ཐེས་སུ་ཕོ་རླུང་རྒྱུ་བ་ཡིན་པས་དེའི་ཉམས་ཡིན། རྨི་ལམ་དུ་ཤི་བ་ཁོ་ན་རྨིས་ན། ཉམ་ང་མྱ་ངན་འདྲེའི་རྩ་བྱ་བ་མཐེ་བོང་རྩ་བར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། རྟ་སྔོན་པོ་ཞོན་པ་རྨིས་ན་རླུང་གི་རླུང་ཟིན་པའི་རྨི་ཉམས་ཡིན། ཁ་ནས་སྒྲ་གེང་དུ་དགང་བ་ལ་སོགས་པའི་དགང་བ་གཉིས་ཀྱི་གནས་སྐབས་སུ། ཉམས་བཞི་པོ་ལ་རྨི་ཉམས་སུ་རང་གི་སྤྱི་བོ་ན་ཡར་རྡོལ་ལ་ཁད་པ་རྨིས་ན་མ་ལས་ཐོབ་པའི་རཀྟ་སྤྱི་བོ་ན་ཡར་འབུས་པའི་རྨི་ཉམས་ཡིན། ནམ་ཕྱེད་ཡིན་པ་ལ་དཀར་སང་ངེ་འདུག་སྙམ་པ་རྨིས་ན་ཕ་ལས་ཐོབ་པའི་བྱང་སེམས་དཀར་པོ་བག་ཙམ་དབུ་མའི་ནང་དུ་འདུས་པའི་རྨི་ཉམས་ཡིན། ཁ་སྦྱོར་ཞི་བ་ཤཱན་ཏི་ཀའི་གནས་སྐབས་སུ་ཉམས་བཞི་ལ། རྨི་ཉམས་སུ་སྦལ་པ་དང་ལ་ཕུག་རྨིས་ན། དུད་འགྲོའི་ས་བོན་དུཿ ཡིག་དུད་ཁའི་ཡན་ལག་སྦལ་པ་དང༌། ལ་ཕུག་འདྲ་བ་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། འདམ་ལ་ནུབ་ནས་མི་ཐོན་པའམ། ས་ལས་བྱེད་པ་ལ་སོགས་པ་རྨིས་ན། ས་རླུང་རང་གནས་སུ་ལྟེ་བར་ཟིན་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། བ་ལ་མཐུར་བཅུག་པ་རྨིས་ན། ནི་ཡིག་སྔོན་པོ་ལས་འཁོར་འདས་ཐམས་ཅད་ཀྱི་རྩས་ཁྱབ་ནས་ཡོད་པའི་སྟོད་ཕྱོགས་ནས། རྩ་བའི་གཟུགས་འདྲ་བ་ཡོད་པ་ལ་རྩ་ཕྲ་མོ་མང་པོས་མཐུར་བཅུག་པ་བཞིན་ཏུ་དཀྲིས་ནས་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། མི་མགོ་ཁ་ཉེར་ཉེར་བྱེད་པ་རང་གི་མདུན་ན་སྣང་བ་རྨིས་ན། ཡི་གེ་བཅུ་བཞི་པོ་མིན་པའི་ཡི་གེ་བསམ་གྱིས་མི་ཁྱབ་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས། ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། རང་གི་ཐིག་ལེ་ཤོར་བས་རང་གི་གོས་ལྟེམས་ཀྱིས་གང་བ་རྨིས་ན། གོས་ཀྱི་ཕྱོགས་གཡོན་པ་ཡིན་ན་རྩ་གཡོན་པ་ཡིན། གོས་ཀྱི་ཕྱོགས་གཡས་པ་གང་བ་རྨིས་ན། རྩ་གཡས་པའི་ནང་དུ་བྱང་སེམས་དཀར་པོ་དེ་གནས་པའི་ཐིག་ལེའི་རྨི་ཉམས་ཡིན། རང་གི་ལུས་ལ་སྦྲུལ་གྱིས་དཀྲིས་པ་རྨིས་ན། རྩ་གཡས་གཡོན་གྱི་མདུད་པ་ཅུང་ཞིག་གྲོལ་ནས། སྦྲུལ་གཅུས་པ་བཞིན་ཏུ་རང་གི་ལུས་དཀྲིས་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས་པའི་རྩའི་རྨི་ཉམས་ཡིན། རང་རྟ་པ་ལྟ་བུའི་ཟླ་ལ་སོང་བ་ཤིན་ཏུ་མགྱོགས་པ་རྨིས་ན། རླུང་གི་རླུང་རང་གནས་སུ་ཟིན་པའི་རྨི་ཉམས་ཡིན། འདིའི་དུས་སུ་རྨི་ལམ་ཡེ་མ་བྱུང་ན། མ་ཀི་ཤེས་རབ་ཀྱི་ཨར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། ལམ་བཞི་བསྒོམས་པས་ཉམས་བཞི་སྐྱེད་པར་བྱེད་པའི་རིམ་པ་དབྱིབས་བསྒོམས། དེའི་དང་པོ་མི་བསྐྱོད་པའི་སྤྱན་ལ་དམིགས་པའི་གནས་སྐབས་སུ། ཉམས་བཞི་ལ་རྨི་ཉམས་སུ་ཆུ་ཚན་ལ་ཞུགས་པ་རྨིས་ན། ཆུ་རླུང་རང་གནས་སུ་སྙིང་གར་ཟིན་པ་རྨི་ཉམས་སུ་ཡིན། ལུས་པོ་ཁོང་སྟོང་གི་ནང་དུ་མེ་དམར་སྐྱ་འབར་བའི་གནས་སྐབས་སུ་ཉམས་བཞི་པ་ལ་རྨི་ཉམས་ཡིན། མ་བྱུང་ན་ལམ་འབྲས་བུའི་ལུགས་ཀྱིས་རྟེན་འབྲེལ་བཞིའི་ཉམས་བྱ་བ་བཟང་པོར་བྱེད་པ་ཡིན། དེ་ལ་ཐབས་ཀྱི་ལམ་དབང་གསུམ་པ་བསྒོམ་པའི་གནས་སྐབས་སུ་ཉམས་བཞི་པོ་ལ་རྨི་ཉམས་སུ༑ ཞིང་ལ་ཆུ་འགྱེད་ཅིང་ཚིགས་བཅད་ཟློ་ཞིང་འདུག་པ་མཐོང་བ་རྨིས་ན། ས་རླུང་ཆུ་རླུང་གཉིས་དུས་མཉམ་དུ་རང་གནས་སུ་ཅུང་ཞིག་ཟིན་པའི་རྨི་ཉམས་ཡིན། བུད་མེད་འགའ་རེ་ཙམ་གྱི་ནང་དུ་རང་གིས་ཆགས་པ་བྱས་པ་ལ་འགའ་རེ་དགའ། འགའ་རེ་མི་དགའ་བར་འདུག་པ་རྨིས་ན། ཚེ་སྔ་མ་ཡང་སྔ་ལ་རང་ལ་དམ་ཚིག་གི་སེལ་ལམ་གྲིབ་བྱུང་བ་ཡིན་པས། ཉིན་རེ་ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་ཤོག་ཅིག་བརྗོད་པར་བྱ། ནུབ་མོ་དཀར་སངས་སངས་པ་བྱུང་ན། ཐིག་ལེའི་ཉམས་ཡིན། རྡོ་རྗེ་རྦ་རླབས་གསུམ་དུ་རེངས་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་རང་གི་དྲི་ཆེན་གྱི་ནང་དུ་རིང་བསྲེལ་འོད་དང་ལྡན་པའམ་མཆོད་རྟེན་ནམ་གདུགས་རྟེན་བྱོན་པ་རྨིས་ན་བག་ད་ལའི་ཡི་གེ་བཅུ་བཞི་པོའི། ༀ་དཀར་པོའི་ནང་དྲི་ཆེན་གྱི་དྭངས་མ་དང་བྱང་སེམས་དཀར་པོ་གཉིས་ཅུང་ཞིག་འདྲེས་པའི་རྨི་ཉམས་ཡིན། འཕུར་བ་རྨིས་ན་རླུང་གི་རླུང་རང་གནས་སུ་ཅུང་ཞིག་ཟིན་པའི་རྨི་ཉམས་ཡིན། འཇིགས་ཤིང་དགྲས་ཁྱེར་དོགས་པ་རྨིས་ན། རང་གི་མཁལ་མ་གཉིས་ཀྱི་སྟེང་ན་འཇིགས་ཤིང་ཉམ་ང་བའི་རྩ་བྱ་བ་ལུག་རུ་ལྟ་བུ་གཉིས་ཡོད་པའི་ནང་དུ་རླུང་སེམས་ཅུང་ཞིག་འདུས་པའི་དུས་སུ་བླ་མ་བརྒྱས་མཐའ་མ་བསྐོར་ཡང་འཇིགས་ཤིང་སྐྲག་པ་འོང་བ་ཡིན་པས་དེའི་རྨི་ཉམས་ཡིན། གསང་གནས་ནས་མེ་འབར་བའི་གནས་སྐབས་སུ་ཉམས་བཞི་པོ་ལ་རྨི་ཉམས་སུ་ཤར༑ དམར་པོ་ཁྲག་འདྲ་འབྱུང་བ་ལ་གབ་པའམ་བྲོས་པ་རྨིས་ན་བྱང་སེམས་ཁྲག་གི་ཆ་དེ་ཅུང་ཞིག་འདུས་པའི་རྨི་ཉམས་ཡིན། བུད་མེད་ཕྱེ་བཏགས་པའི་རོགས་རང་གིས་བྱེད་པ་རྨིས་ན། རྩ་དབུ་མའི་མར་སྣ་ཌཱ་ཀིའི་གདོང་བྱ་བར་རླུང་སེམས་ཅུང་ཞིག་གནས་པའི་རྨི་ཉམས་ཡིན། ཐིག་ལེ་གཉིས་ཀྱི་འཐབ་མོའི་གནས་སྐབས་སུ་ཉམས་བཞི་ལས། ལྟོ་བའི་འོག་སྦུ་གུའི་ལྟག་རུ་ན་རླུང་གི་རླུང་རང་གནས་སུ་ཟིན་པའི་ལུས་ཉམས་ཡིན༑ བླ་མ་རབ་གནས་བྱེད་པ་ལ་བུ་ཚ་མང་པོས་ནམ་མཁའ་ན་ཚུར་སྐོར་བ་བྱེད་པ་རྨིས་ན་འགས་ལྷའི་བུ་ཡིན་ཟེར། འགས་ཆོས་སྐྱོང་ཡིན་ཟེར་ཏེ། དེ་གཉིས་གང་ཡང་མིན་པས། འདི་པའི་ལུགས་ཀྱི་མི་བསྐྱོད་པ་དང་བླ་མ་གཉིས་གཅིག་པས། དེའི་ས་བོན་དེ་རང་གི་ཐུགས་ཀའི་ཧཱུྃ་མཐིང་ནག་དེ་ཡིན་པས། དེ་ལ་བྱང་ཆུབ་སེམས་ཅུང་ཞིག་བབས་ནས་མར་བྱོན་པས་ལྟེ་བའི་ནི་ཡིག་སྔོན་པོའི་ནང་དུ་འདུས་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། མེ་སྐོར་བུའི་སྣེ་མོ་རེ་རེར་ཧཱུྃ་གཉིས་ཡོད་པའི་གནས་སྐབས་སུ་ཉམས་བཞི་ལ་རང་གི་ལུས་ཆེར་སོང་སྙམ་པ་བྱུང་ན། ས་རླུང་རང་གནས་སུ་ཟིན་པའི་ལུས་ཉམས་ཡིན། སྤྲང་པོ་མང་པོའི་ནང་དུ་འདུག་པར་རྨིས་ན་རླུང་དང་བྱང་སེམས་ཀྱི་དྭངས་མ་མིན་པའི་སྙིགས་མ་ཅུང་ཞིག་འདུས་པའི་ཉམས་ཡིན། མེ་སྐོར་བུའི་སྣེ་མོར་ཧཱུྃ་བཞི་བཞི་ཡོད་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མིའི་ཤའམ་ཀླད་པ་ཟ་བ་རྨིས་ན་སྡིག་པ་དག་པའི་རྟགས་ཀྱང་ཡིན། མ་ཀི་ཤེས་རབ་ཀྱི་ཨར་རླུང་སེམས་ཅུང་ཞིག་འདུས་ཀུན་གཞི་བྱིན་གྱིས་བརླབས་པའི་ཉམས་ཡིན། མིས་མདའ་རྒྱབ་པ་རྨིས་ན་ལྷ་མ་ཡིན་གྱི་ས་བོན་སུཿ ཡིག་སེར་པོར་རླུང་སེམས་འདུས་པའི་རྨི་ཉམས་ཡིན། མེ་རྩེ་ལྔ་པ་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ལམ་དུ་རང་རྟ་ལ་ཞོན་ནས་ཁྱི་དང༌། ར་ལུག་གི་ནང་དུ་འགྲོ་བ་ལ་ཁྱི་བུ་མོས་བཀག་ཅིང་འདུག་ཙམ་ན། རང་ཡང་བུ་མོར་སོང་བ་རྨིས་ན། དུད་འགྲོའི་ས་བོན་དུཿ ཡིག་དུད་ཁར་མ་ལས་ཐོབ་པའི་རཀྟ་དེ་ཅུང་ཞིག་འདུས་ནས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། རྟ་ཞོན་པ་དེའི་དུས་སུ་རླུང་གི་རླུང་རང་གནས་སུ་ཟིན་པ་ཡིན། མེ་རྩེ་ལྔ་པ་ལ་ཧཱུྃ་མེའི་རང་བཞིན་འཕྲོ་བའི་མེ་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་མུན་རུབ་པ་རྨིས་ན། ཐིག་ལེ་དཀར་དམར་གཉིས་ཅུང་ཞིག་དབུ་མའི་ནང་དུ་འདུས་པས་ཀུན་གཞི་བྱིན་གྱིས་བརླབས་པའི་རྨི་ཉམས་ཡིན། ཕ་ཀི་ན་མར་ཐོབ་པའི་གནས་སྐབས་སུ་ཕྱི་རྟགས་སུ་མུན་རུབ་ལྟ་བུར་ཟེར་བ་དེ་ཡིན། མེ་ཆེར་འབར་བ་ཞེས་པ་མགྲིན་པར་སླེབ་པ་ལ་ཨའི་ཆར་འབབ་པར་བསམ་པའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ལམ་དུ་རྟ་ཞོན་པའམ་མཁར་ཁ་མཐོན་པོར་ཕྱིན་པ་རྨིས་ན་རླུང་གི་རླུང་དང་ས་རླུང་གཉིས་རང་གནས་སུ་ཅུང་ཞིག་ཟིན་པའི་ཉམས་ཡིན། མ་ལུས་པ་མེར་འབར་བའི་གནས་སྐབས་སུ་ཉམས་བཞི་ལ་རྨི་ཉམས་སུ་དཀའ་ཐུབ་ཆས་ཆོས་གོས་གྱོན་ནས་དཔའ་བོའི་མཆོད་པ་བྱེད་པ་ལྟ་བུ་རྨིས་ན། དབུ་མའི་རྟེན་འབྲེལ་འཁོར་ལོ་དྲུག་གི་ཡ་ཐ་ཌཱ་ཀི་ཕོ་བྲང་ཧྃ་གི་རྩར་བྱང་སེམས་དཀར་པོ་ཅུང་ཞིག་གནས་པའི་ཉམས་ཡིན། ཧྃ་གི་རྩར་ཡིན་པས་དཔའ་བོ་ཡིན། རྩ་དབུ་མ་བྱང་ཆུབ་ཀྱི་ཤིང་དྲུང་ཡིན་པས་དཀའ་ཐུབ་མཚོན། ཉམས་བཞི་མན་ངག་ཞལ་གདམས་དེ། །སྐལ་ལྡན་རྣམས་ལ་ཕན་དོན་དུ། །བཀྲ་ཤིས་དཔལ་གྱིས་ཡི་གེར་བཀོད། །བླ་མ་མཁའ་འགྲོར་བཟོད་པར་གསོལ། །ལམ་འབྲས་ཀྱི་ཁྲིད་བླ་མ་རིན་པོ་ཆེའི་ཞལ་ལས་བརྒྱུད་པའི་གདམས་ངག་རྫོགས་སོ།། །།ཨྠིྀ། དགེའོ། །ཤུ་བྷཾ།། །།