DNZ-04-NGA-013: Difference between revisions

From Damngak Dzö
DNZ-04-NGA-013
(Imported new text files with Wyckibaat for processing)
 
No edit summary
 
(6 intermediate revisions by 2 users not shown)
Line 1: Line 1:
༄༅། །བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཟབ་ཁྲིད་ཀྱི་རིམ་པ་སྙིང་པᨖར་དྲིལ་བ་གྲུབ་གཉིས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སᨖ།
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཟབ་ཁྲིད་ཀྱི་རིམ་པ་སྙིང་པོར་དྲིལ་བ་གྲུབ་གཉིས་མཆོག་སྦྱིན།
|fulltitle=bka' gdams thig le bcu drug gi zab khrid kyi rim pa snying por dril ba grub gnyis mchog sbyin
|citation='jam dbyangs mkhyen brtse'i dbang po. ''Bka' gdams thig le bcu drug gi zab khrid kyi rim pa snying por dril ba grub gnyis mchog sbyin''. In ''Gdams ngag rin po che'i mdzod'', Vol. 4: 421-449. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|author='jam dbyangs mkhyen brtse'i dbang po
|compiler='jam mgon kong sprul
|tibgenre=Contemplative Guide Books and Instructional Manuals - khrid yig
|terma=No
|practicelineage=Kadam
|language=Tibetan
|volumenumber=04
|volnumtib=༤
|volyigtib=ང
|totalvolumes=18
|textnuminvol=013
|pagenumbers=421-449
|totalpages=29
|beginfolioline=1a1
|endfolioline=15a1
|totalfolios=15
|multivolumework=No
|rectonotes=thig le zab khrid
|versonotes=bka' gdams skor
|colophontib=།ཅེས་པའང་རྗེ་བླ་མ་བཅུ་ཕྲག་རིག་པའི་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕུན་ཚོགས་ཁང་གསར་དུ་ཇི་ལྟར་སྩལ་བ་བཞིན།  གཞོན་ནུ་མཁྱེན་བརྩེའི་མིང་གིས་ཟིན་བྲིས་སུ་བཏབ་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།
|colophonwylie=ces pa'ang rje bla ma bcu phrag rig pa'i paN+Di ta dkon mchog bstan pa rab rgyas dpal bzang pos chos grwa chen po bkra shis lhun po dpal gyi sde chen phyogs thams cad las rnam par rgyal ba'i phun tshogs khang gsar du ji ltar stsal ba bzhin/__gzhon nu mkhyen brtse'i ming gis zin bris su btab pa sarba dA ka l+yA NaM b+ha ba tu//
|shechendnz=DNZ-Shechen-04-NGA-013
|kllink=JKW-KABUM-11-DA-002
|pdflink=File:DNZ-04-NGA-013.pdf
|authortib=འའཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|InitCategories=Damngak Rinpoché Dzö; DNZ-Volume-04-NGA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅། །བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཟབ་ཁྲིད་ཀྱི་རིམ་པ་སྙིང་པོར་དྲིལ་བ་གྲུབ་གཉིས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ།

ༀ་སྭ་སྟི་སིདྡྷཾ། དཀོན་མཆོག་གསུམ་དངོས་ཐུགས་རྗེའི་ཟླ་རིས་ནི། །ཡོངས་རྫོགས་བསྟན་པའི་བདུད་རྩིའི་འོད་དཀར་བཅས། །ཤར་བའི་མᨖད་ལ་ཕན་བདེའི་ཆུ་གཏེར་ཆེ། །རབ་ཏུ་རྒྱས་མཛད་དཔལ་ལྡན་བླ་མར་འདུད། །གང་གི་བཀའ་དྲིན་ཁ་བ་ཡིས། །རེག་པས་བསིལ་བའི་གངྒཱ་ནི། །བདག་བླᨖའི་ལམ་གསུམ་ལ་ཆགས་པས། །
༄༅། །ༀ་སྭ་སྟི་སིདྡྷཾ། དཀོན་མཆོག་གསུམ་དངོས་ཐུགས་རྗེའི་ཟླ་རིས་ནི། །ཡོངས་རྫོགས་བསྟན་པའི་བདུད་རྩིའི་འོད་དཀར་བཅས། །ཤར་བའི་མོད་ལ་ཕན་བདེའི་ཆུ་གཏེར་ཆེ། །རབ་ཏུ་རྒྱས་མཛད་དཔལ་ལྡན་བླ་མར་འདུད། །གང་གི་བཀའ་དྲིན་ཁ་བ་ཡིས། །རེག་པས་བསིལ་བའི་གངྒཱ་ནི། །བདག་བློའི་ལམ་གསུམ་ལ་ཆགས་པས། །ཟབ་དོན་ངལ་འཚོ་ཅིར་ཡང་རྒྱས། །དེ་སླད་འདི་ན་འཕགས་བོད་ཀྱི། །མཁས་གྲུབ་རྒྱ་མཚོའི་གཙུག་གི་ནོར། །མཉམ་མེད་ཇོ་བོ་ཡབ་སྲས་ཀྱི། །གདམས་པའི་སྙིང་པོ་ཅུང་ཟད་དབྱེ། །དེ་ལ་འདིར་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་མཉམ་མེད་ཇོ་བོ་ཆེན་པོས་ཟ་མ་ཏོག་བཀོད་པ་ལ་སོགས་པའི་མདོའི་སྦས་དོན་མཐར་ཐུག་པ་དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་དང་མཐུན་པར་བཀྲལ་བ་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་གསང་ཆོས་མན་ངག་ཐུན་མོང་མ་ཡིན་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྙན་བརྒྱུད་ཐིག་ལེ་བཅུ་དྲུག་གི་གདམས་པ་ཟབ་མོ་ཉམས་སུ་ལེན་པའི་ཚུལ་ལ་གཉིས། ད་ལྟར་གྱི་ཕྱག་བཞེས་ལྟར་ཟབ་ཁྲིད་ཀྱི་སྙིང་པོ་མདོར་བསྡུས་ཏེ་བསྟན་པ་དང༌། དེ་ལས་རྒྱས་པར་སྤྲོས་པའི་སྒོ་ཕྱོགས་ཙམ་མཚོན་པའོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། ནོར་བུའི་ཕྲེང་བ་ལེའུ་གཉིས་པར། སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས། །ཁྱོད་ཀྱི་རྗེས་འབྲང་ཁོ་མོས་བསྐྱང༌། །ཁོ་མོའི་གདམས་པ་འདི་ལོངས་ལ། །རྗེས་སུ་འབྲངས་ལ་བསྟན་པར་གྱིས། །སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་ནི་བཟླས་བརྗོད་རྒྱུན་པར་མཛོད། །འགྲོ་བ་མ་ལུས་ཕ་མར་སོམས། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པོ་འདི་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་གསུངས་པ་ལྟར་རྗེས་དྲན་ལྔའི་སྒོ་ནས་ཉམས་སུ་ལེན་པ་ལ། ཐོག་མར་སྦྱོར་བའི་ཆོས་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། མཆོད་པ་གཡོ་མེད་པ་བཙལ་ལ་བཀོད་པས་མཛེས་པར་བཤམས། སྟན་བདེ་བ་ལ་ལུས་གནད་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་སྐྱབས་སེམས་དང༌༑ ཚོགས་ཞིང་གསལ་གདབ་ལ། ཡན་ལག་བདུན་པ་འབུལ། འདོད་པའི་དོན་ལ་གསོལ་བ་བཏབ་པ་རྣམས་ཚུལ་བཞིན་དུ་བྱས་ནས། དེ་ནས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་སྒོ་ནས་སྐྱབས་གནས་བླ་མ་རྗེས་སུ་དྲན་པ་དང༌། སྐྱེས་བུ་ཆུང་འབྲིང་གཉིས་སྔོན་དུ་འགྲོ་བས་སྐྱེས་བུ་ཆེན་པོའི་ཉམས་ལེན་གྱིས་འགྲོ་དྲུག་ཕ་མར་རྗེས་སུ་དྲན་པ་དང༌། ཁྱད་པར་ཕར་ཕྱིན་ཐ་མ་ཞི་ལྷག་གཉིས་ལ་བསླབས་པས་སེམས་ཀྱི་གནས་ལུགས་སྟོང་པར་རྗེས་སུ་དྲན་པ་རྣམས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླངས་པས་རྒྱུད་སྦྱོང་བ་ནི་སྤྱིའི་སྔོན་འགྲོའོ། །གཉིས་པ་དངོས་གཞི་ལའང་རྗེས་དྲན་ལྔ་ལས། དང་པོ་སྐྱབས་གནས་བླ་མ་རྗེས་སུ་དྲན་པ་ནི། རང་ཉིད་ཐ་མལ་དུ་གནས་པའི་མདུན་གྱི་ནམ་མཁར་དྲན་པ་ཙམ་གྱིས་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་སྩོལ་བར་ནུས་པའི་དཔག་བསམ་གྱི་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རྩ་བའི་བླ་མ་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་རྣམ་པར་བཞུགས་པ་ནས་བཟུང༌། ནོར་བུའི་ཕྲེང་བའི་བླ་མ་བརྒྱུད་པ་རྣམས་ཐོ་བརྩེགས་སུ་བཞུགས་པ་གཙོ་བོར་གྱུར་པའི་བླ་མ་དང༌། མཐའ་བསྐོར་དུ་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཏིལ་གྱི་གང་བུ་ཁ་བྱེ་བའམ། ཉི་ཟེར་ལ་རྡུལ་འཁྲིགས་པ་བཞིན་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་བཞིན་དུ་འཁོད་པས། དང་འདོད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་པོས་ཀུན་ནས་བསླངས་ཏེ། ཐུན་གྱི་མགོར་དགེ་སྦྱོར་གང་བྱེད་བྱེ་བར་འགྱུར་བའི་སྔགས་བཟླ་བར་གསུངས་པས། ༀ་སཾ་བྷཱ་ར་སཾ་བྷཱ་ར་བི་མ་ན་ས་ར་མ་ཧཱ་ཛམྦྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་དང༌། དེ་ནས། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །གངས་རིའི་མགོན་པོ་རྗེ་བཙུན་སྤྱན་རས་གཟིགས། །རྒྱལ་ཡུམ་སྒྲོལ་མ་བཅོམ་ལྡན་མི་གཡོ་མགོན། །བཀའ་གདམས་ལྷ་མཆོག་བཞི་ལ་གསོལ་བ་འདེབས། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་སྡེ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་པར་གསོལ་བ་འདེབས། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང༌། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་ཏེ། །ཟབ་མོ་ལྟ་བའི་བརྒྱུད་པར་གསོལ་བ་འདེབས། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏེ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོམྦི་པ་དང་ཨ་ཏི་ཤ །ཉམས་ལེན་བྱིན་རླབས་བརྒྱུད་པར་གསོལ་བ་འདེབས། །ལམ་བཟང་གསལ་མཛད་མགོན་པོ་ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པོ་རྒྱལ་བ་འབྲོམ། །ལེགས་པའི་ཤེས་རབ་རྒྱལ་མཚན་བཞི་ལ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྲིད་ལ་ཞེན་ལོག་རྐྱེན་ངན་གྲོགས་སུ་ཤར། །བདག་གཞན་མཉམ་བརྗེའི་རླབས་ཆེན་སྤྱོད་ལ་ཞུགས། །སྲིད་རྩ་དྲུང་འབྱིན་ལྟ་བས་རྒྱས་བཏབ་སྟེ། །ཐུན་མོང་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །གསང་སྔགས་སྒོར་ཞུགས་དམ་ཚིག་ཚུལ་བཞིན་བསྲུང༌། །ཟབ་གསལ་གཉིས་མེད་ལྷ་ཡི་རྣལ་འབྱོར་གྱིས། །ཟུང་འཇུག་སྙིང་གི་ཐིག་ལེ་མངོན་གྱུར་ནས། །འགྲོ་ཀུན་མགོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་བརྒྱུད་པའི་གསོལ་འདེབས་མདོར་བསྡུས་པ་སྔོན་དུ་འགྲོ་བས། འཁོར་བའི་སྡུག་བསྔལ་དང་བཅས་པ་ལ་འཇིགས་ཤིང་སྐྲག་པས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་འདུན་པ་དང་བཅས། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཆེན་པོ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་ནུས་སུ་བྱ། གཉིས་པ་འགྲོ་ཀུན་ཕ་མར་རྗེས་སུ་དྲན་པ་ནི། མཐའ་མེད་པའི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཏུ་ཤེས་ཤིང་དེའི་དྲིན་བཟོར་མཁའ་ཁྱབ་ཀྱི་མ་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བའི་ཕྱིར་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་འདི་ཉམས་སུ་བླང་ངོ་། །སྙམ་པས༑ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་མཁའ་མཉམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང་བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ་བདག་སོགས་སེམས་ཅན་རྣམས་ཀྱིས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་སེམས་བསྐྱེད་བྱ། མཐར་སྐྱབས་ཡུལ་ཐམས་ཅད་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཐིམ། བརྒྱུད་པའི་བླ་མ་རྣམས་ཀྱང་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་ཡང་དགྱེས་པ་ཆེན་པོའི་ངང་ནས་འོད་དུ་ཞུ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམ་ལ་ཅུང་ཟད་རེ་མཉམ་པར་བཞག་གོ །བར་འདིར་སྤྲོ་ཞིང་ནུས་ན་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང༌། བླ་མ་སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གསལ་བཏབ་ལ། ཀུ་སཱ་ལིའི་ཚོགས་གསོག །མཎྜལ། དབང་བླང་བ་རྣམས་མཛད་པའི་ཕྱག་བཞེས་ཀྱང་ཡོད་མོད་དཀྱུས་ལ་འདི་ཙམ་གྱིས་ཆོག །དངོས་སུ་བཤམ་པའི་མཆོད་པ་ཡོད་ན་བྱིན་གྱིས་བརླབ་པ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་གཡས་ནོར་བུའི་ཕྲེང་བ་དང་གཡོན་ཤེལ་གྱི་འཁར་བ་རྩེ་མོར་སངས་རྒྱས་སྟོང་གིས་མཚན་པ་འཛིན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་ཐུགས་ཀའི་ཧྲཱིཿ ལས་འོད་འཕྲོས། སྣོད་བཅུད་ཀྱི་མ་དག་པ་སྦྱངས། ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་སྤྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ཟད་མི་ཤེས་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་བཛྲ་ཨ་རྒྷཾ་ཨཱཿ ཧཱུྃ་ནས་ཤབྡའི་བར་སྦྱར་བས་བརླབ། གསུམ་པ་གནས་ལུགས་སྟོང་པར་རྗེས་སུ་དྲན་པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པའི་སྔགས་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པ་ཐུགས་རྗེ་ཆེན་པོའི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་མོས་ནས་དེའི་ངང་དུ་གཉིས་སྣང་གི་སྤྲོས་པ་གཞན་གྱིས་བར་མ་ཆོད་པར་འཛིན་སྟངས་གསལ་ཞིང་དམ་པར་མཉམ་པར་འཇོག་ཅིང༌། དེ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་ཤུགས་དྲག་ཏུ་བསྐྱེད་པ་ནི་ཆོས་སྐུའི་ལག་རྗེས་འཇོག་པར་བྱེད་པ་སྟོང་པའི་རྣལ་འབྱོར་རོ། །བཞི་པ་རང་ལུས་ལྷ་སྐུར་རྗེས་སུ་དྲན་པ་ལ་གཉིས། རིམ་པ་དང་པོ་བསྐྱེད་པའི་རིམ་པ་དང༌། རིམ་པ་གཉིས་པ་རྫོགས་པའི་རིམ་པ་ལ་སློབ་ཚུལ་ལོ། །དང་པོ་ལའང་ཐིག་ལེ་བཅོ་ལྔ་ལས། དང་པོ་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེ་བསྒོམ་པ་ནི། སྟོང་པའི་ངང་ལས་རང་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་འདོད་སྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་སྟེང་དང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། འོག་སྔོན་པོར་གྱུར་པ་ཁ་དོག་སོ་སོའི་རང་མདོག་ལྟར་འཆར་བ་ལ་རྣམ་པ་ཡི་གེའི་གཟུགས་ཅན་གྱིས་བར་མཚམས་མེད་པར་ཁྱབ་པ། ཁ་དོག་དང་དབྱིབས་རྣམས་མ་འདྲེས་པར་སོ་སོར་བཀྲ་བའི་སྟེང་གི་ཡི་གེ་ཐམས་ཅད་ༀ། ཤར་མ། ལྷོ་ཎི། ནུབ་པད། བྱང་མེ། འོག་ཧཱུྃ་དུ་སྣང་བའི་གཞལ་ཡས་ཁང་གི་ནང་དུ་སེམས་ཉིད་ཐིག་ལེ་དཀར་པོ་གསལ་སྟོང་འོད་ཀྱི་རང་བཞིན་ཅན་དེ་ཇེ་ཆེར་སོང་བ་ལས་རང་ཉིད་ཐུབ་པ་དང་དབྱེར་མེད་པའི་ཐུགས་རྗེ་ཆེན་པོར་གྱུར་པ་འོད་དུ་ཞུ་བ་ལས། སྐད་ཅིག་གིས་པཾ་ཡིག་དཀར་པོ་ལས་ནམ་མཁའི་མཐའ་དང་མཉམ་པའི་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ དཀར་པོ་ཡོངས་སུ་གྱུར་པ་ལས་ཐིག་ལེ་དཀར་པོ་ནམ་མཁའ་ལྟར་མཐའ་དང་བྲལ་བའི་རང་བཞིན་ཅན་དེ་ཡོངས་སུ་གྱུར་པ་ལས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ནམ་མཁས་གར་ཁྱབ་ཏུ་སྐུས་ཁྱབ་པ། དབུ་བཅུ་གཅིག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ། རྩ་ཞལ་དཀར། གཡས་དམར། གཡོན་ལྗང༌། དེའི་སྟེང་གི་ཞལ་དབུས་ལྗང༌། གཡས་དཀར། གཡོན་དམར། དེའི་སྟེང་གི་ཞལ་དབུས་དམར། གཡས་ལྗང༌། གཡོན་དཀར་བ། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་པ། སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བརྫེས་པ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་ཅན། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པ་ན་བགྲང་ཕྲེང༌། གསུམ་པ་མཆོག་སྦྱིན་གྱི་ཕྱག་རྒྱས་ཡི་དྭགས་ཀྱི་སྐོམ་པ་སེལ་བ། བཞི་པ་ན་འཁོར་ལོ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་རིལ་བ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པོ་ཐམས་ཅད་མཆོག་སྦྱིན་མཛད་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། བ་སྤུའི་བུ་ག་རེ་རེ་ན་སངས་རྒྱས་ཀྱི་ཞིང་གྲངས་མེད་པ། དེ་རྣམས་ན་སངས་རྒྱས་བྱང་སེམས་མཐའ་ཀླས་པ་བཞུགས་པ། གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ་ཞིག་ཏུ་གྱུར་པར་བསམ་ལ་ང་རྒྱལ་དང་གསལ་སྣང་ཅི་ཐོན་བྱའོ། །དེ་ལྟར་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་བསྐྱེད་རིམ་གསལ་ཐེབས་ནས་རིམ་པ་བཞིན་དམིགས་པ་ཕྱི་མ་རྣམས་ལ་འཇུག་པར་བྱ་སྟེ། དེའི་ཐུགས་ཀར་ཐིག་ལེ་གཉིས་པ་མི་མཇེད་ཀྱི་བཀོད་པ་སྔར་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ༀ་སེར་པོ་ལས་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་གངས་ཆེན་མཚོ་སྤྲུལ་སྐུའི་ཆ་བྱད་ཅན། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་མཉམ་བཞག་མཛད་པ། གཡས་གཡོན་དུ་མཆོག་ཟུང་བཞེངས་ཏེ་བཞུགས་པ། ཐེག་པ་གསུམ་གྱི་འཁོར་ཚོགས་རྒྱ་མཚོས་བསྐོར་བ།དེའི་ཐུགས་ཀར་ཐིག་ལེ་གསུམ་པ་ཁ་བ་ཅན་གྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བཀོད་པ་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བ་བཞིན་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཞི་པ་ཡང་སྒོས་དབུ་རུ་བྱང་ཕྱོགས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿ ལས་འབྲོམ་ཤེལ་གྱི་ཁྱེའུ་དཀར་པོ་ཞི་ཞིང་འཛུམ་པ། དབུ་སྐྲ་མཐིང་ག་དཔུང་པའི་ཐད་དུ་སླེབས་པ། ཕྱག་གཡས་ཤེལ་དཀར་གྱི་ཕྲེང་བ་དང༌། གཡོན་ཤེལ་གྱི་འཁར་བ་རྩེ་མོར་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་གདན་ལ་ཡུམ་ཆེན་མོ། གཡས་སུ་བླ་མ་མར་མེ་མཛད། གཡོན་དུ་རྒྱལ་བ་ཤཱཀྱ་ཐུབ་པ། འདབ་མ་སྟོང་ལ་སངས་རྒྱས་སྟོང་བཞུགས་པས་མཚན་པ་འཛིན་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། འདི་བཞི་ལ་རྟེན་གྱི་ཐིག་ལེ་ཞེས་བརྗོད་དེ། གཙོ་བོར་སྣོད་ཀྱི་འཇིག་རྟེན་སྤྱི་དང་བྱེ་བྲག་མ་དག་པའི་སྣང་ཞེན་སྦྱངས་ནས་དག་པ་རབ་འབྱམས་སུ་སྒྱུར་བར་བྱེད་པའི་ཕྱིར་རོ། །དེའི་ཐུགས་ཀར་ལྔ་པ་ཡུམ་ཤེར་ཕྱིན་མའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཨ་སེར་པོ་ལས་ཡུམ་ཤེར་ཕྱིན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་དང་པོ་མཉམ་བཞག་མཛད་པ། གཡས་འོག་མས་རྡོ་རྗེ་དང༌། གཡོན་འོག་མས་གླེགས་བམ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ། དེའི་ཐུགས་ཀར་དྲུག་པ་ཐུབ་པའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མཱུཾ་སེར་པོ་ལས་ཐུབ་པ་བདུད་འདུལ་སྤྲུལ་སྐུའི་ཆ་ལུགས་ཅན། གཡས་ས་གནོན་དང་གཡོན་མཉམ་བཞག་མཛད་པ། དེའི་ཐུགས་ཀར་བདུན་པ་སྤྱན་རས་གཟིགས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿ དཀར་པོ་ལ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། དེའི་ཐུགས་ཀར་བརྒྱད་པ་རྗེ་བཙུན་སྒྲོལ་མའི་ཐིག་ལེ། གཞལ་ཡས་ཁང་གི་ནང་པད་ཟླའི་སྟེང་ན་ཏཱཾ་ལྗང་གུ་ལས་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ཨུཏྤལ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ། འཁོར་ཞི་བའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་བ། དེའི་ཐུགས་ཀར་དགུ་པ་སྒྲོལ་མ་དྲག་མོའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་ན་ཏཱཾ་ལྗང་ནག་ལས་སྒྲོལ་མ་དྲག་མོ་ལྗང་ནག་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་གྲི་ཐོད། འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསོལ་ཞིང་གཡོན་བརྐྱང་གིས་བཞུགས་པ། འཁོར་དུ་ལྷ་མོ་དྲག་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ༑ དེའི་ཐུགས་ཀར་བཅུ་པ་མི་གཡོ་བའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་ན་ཧཱུྃ་མཐིང་ནག་ལས་མི་གཡོ་བ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཞིང་གཏུམ་པ། གཡས་རལ་གྲི་དང་གཡོན་ཞགས་པ་འཛིན་པ། སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་གླང་ལྤགས་དང་སྟག་ཤམ་གསོལ་བ། གཡས་བརྐྱང་གིས་ཚོགས་ཀྱི་བདག་པོའི་གདན་ལ་མེ་དཔུང་གི་དབུས་ན་ཁྲོ་བོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པ། འདི་དྲུག་ལ་བརྟེན་པ་ཡི་དམ་ལྷའི་ཐིག་ལེ་ཞེས་བརྗོད་དོ། །གཙོ་བོར་རང་རང་གི་ལུས་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་ཡི་དམ་གྱི་ལྷའི་སྐུར་བསྒོམ་པ་སྟེ་ཟབ་གསལ་གཉིས་མེད་ཀྱི་ལྷའི་རྣལ་འབྱོར་རྩལ་དུ་བཏོན་པ་དང༌། སྔོན་འབྲོམ་ཆོས་ཀྱི་རྒྱལ་པོས་ཇོ་བོའི་སྤྱན་སྔར་སངས་རྒྱས་བྱང་སེམས་ཐམས་ཅད་ལྷ་བཞིར་བསྡུས་ནས་གདམས་པ་ལྟར། བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་རྣམ་ཐར་བསྐྱང་བར་འདོད་པ་རྣམས་ཀྱིས་གཙོ་བོར་ཉམས་སུ་བླང་དགོས་པའི་ཕྱིར་རོ༑ ༑དེའི་ཐུགས་ཀར་བཅུ་གཅིག་པ་ཇོ་བོའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུྃ་དཀར་པོ་ལས་མགོན་པོ་ཨ་ཏི་ཤ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པ། སྐྱིལ་ཀྲུང་གིས་བཞུགས་པ། དེའི་མདུན་དུ་ཐུབ་པ་ལོངས་སྤྱོད་ཆ་ལུགས་ཅན། གཡས་སུ་སྤྱན་རས་གཟིགས། གཡོན་དུ་སྒྲོལ་མ། རྒྱབ་ཏུ་མི་གཡོ་བ། ཤར་ལྷོར་ཇོ་བོ་པཎྜི་ཏའི་ཆ་བྱད་ཅན། ལྷོ་ནུབ་ཏུ་འབྲོམ་དགེ་བསྙེན་གྱི་ཆ་བྱད་ཅན། ནུབ་ཏུ་རྔོག་དང་བྱང་ཤར་དུ་ཁུ་སྟོན་གཉིས་བོད་སྟོན་རབ་བྱུང་གི་ཆ་བྱད་ཅན། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་བཅུ་གཉིས་པ་འབྲོམ་གྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿ དམར་པོ་ལས་འབྲོམ་ཆོས་ཀྱི་རྒྱལ་པོ་ལོངས་སྐུའི་གར་ཆས་སུ་བཞུགས་པ། དགུང་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། གཡས་པད་དཀར་དང་གཡོན་དྲིལ་བུ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་མདུན་དུ་ཕྱི་ལྟར་ན་རང་དང་ཆ་ལུགས་མཚུངས་པའི་ཁྱེའུ་དཀར་པོ་བཞི། གཡས་སུ་སེར་པོ་བཞི། གཡོན་དུ་ལྗང་གུ་བཞི། རྒྱབ་ཏུ་དམར་པོ་བཞི། ནང་ལྟར་ན་སྐུ་མཆེད་གསུམ་སོགས། གསང་བ་ལྟར་ན་རིགས་ལྔའི་ངོ་བོ། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མ་རྣམས་དང༌། གསང་བ་ཡེ་ཤེས་སོགས་མཁའ་འགྲོའི་ཚོགས་དུ་མ་རྣམས་ཨུ་རྒྱན་གྱི་ཡུལ་དུ་མཛད་པ་ཇི་ལྟ་བ་བཞིན་གར་སྟབས་སྣ་ཚོགས་སུ་བསྒྱུར་བ༑ དེའི་ཐུགས་ཀར་བཅུ་གསུམ་པ་བྱམས་པའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མ་སེར་པོ་ལས་རྒྱལ་བ་བྱམས་པ་དགེ་སློང་རྣམ་སྦྱར་ཆོས་གོས་གྱོན་པ། མཚན་དཔེ་དང་ལྡན་པ། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་གཡོན་ན་ནམ་མཁའ་དྲི་མ་མེད་པ་དང་བཙུན་པ་སྤྱན་རས་གཟིགས་གཉིས་དགེ་སློང་གི་ཆ་བྱད་ཅན་བཞེངས་ཏེ་བཞུགས་པ། སྟེང་གི་ཆ་ལ་འཕགས་པ་ཐོགས་མེད་སོགས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་བཅུ་བཞི་པ་འཇམ་དབྱངས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་དྷཱིཿ དམར་སེར་ལས་རྗེ་བཙུན་འཇམ་དཔལ་དབྱངས་རབ་བྱུང་སྤྲུལ་སྐུའི་ཆ་ལུགས་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་ཇོ་བོ་དང་སྤྱན་རས་གཟིགས་རབ་བྱུང་གི་རྣམ་པ་ཅན། སྟེང་གི་ཆ་ལ་མགོན་པོ་ཀླུ་སྒྲུབ་སོགས་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་བཅོ་ལྔ་པ་རྡོ་རྗེ་འཆང་གི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་ཉི་མ་ཟླ་བའི་གདན་ལ་ཧཱུྃ་མཐིང་ག་ལས་རྒྱལ་བ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་སྐུ་མདོག་སྔོན་པོ། རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་མཆོག་ཟུང་ལོངས་སྐུའི་ཆ་ལུགས་ཅན་གྱིས་བཞེངས་པ། སྟེང་གི་ཆ་ལ་ཏེ་ལོ་ནཱ་རོ་སོགས་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མའི་ཚོགས་རྣམས་བཞུགས་པ། འདི་རྣམས་ལ་རྩ་བརྒྱུད་ཀྱི་བླ་མའི་ཐིག་ལེ་ཞེས་བརྗོད་དོ། །གསང་སྔགས་བླ་མེད་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་མྱུར་བ་མྱུར་བར་རྒྱུད་ལ་སྐྱེད་པའི་ཕྱིར་བླ་མའི་རྣལ་འབྱོར་ལ་རྩལ་དུ་བཏོན་པ་ཡིན་པའི་ཕྱིར་རོ། །དེ་ཡན་ཆད་ནི་གཟུགས་སྐུའི་ལག་རྗེས་འཇོག་བྱེད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམ་པའོ། །གཉིས་པ་རྫོགས་རིམ་ནི། རྡོ་རྗེ་འཆང་དེའི་ཐུགས་ཀར་བཅུ་དྲུག་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུྃ་ ཧཱུྃ་སེར་པོ་ལས་གསེར་མདོག་ཏུ་བསྒོམ་པའང་ཡོད། སྔོན་པོ་ལས་སངས་རྒྱས་ཆོས་ཀྱི་སྐུ་མཐིང་སྐྱ་མཉམ་བཞག་དང་སྐྱིལ་ཀྲུང་ཅན་ཆོས་ཀྱི་དབྱིངས་ལས་མི་གཡོ་བཞིན་དུ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་སྣ་ཚོགས་སུ་སྟོན་པ། དེའི་སྙིང་དཀྱིལ་དུ་ཤིན་ཏུ་ཕྲ་བའི་རླུང་གི་ངོ་བོ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དྭངས་ཡུངས་འབྲུ་ཙམ་པ། དེ་རྒྱ་ཇེ་ཆེར་སོང་ནས་ནོར་བུ་རིན་པོ་ཆེའི་སྣོད་རྒྱ་ཆེ་ཞིང་དཔངས་མཐོ་ལ་འོད་འཚེར་བ། དེའི་ནང་དུ་རང་སེམས་ཐིག་ལེ་སེར་པོ་སྲན་མ་ཙམ་པ་དྭངས་ཤིང་འོད་འཚེར་བ་མེར་མེར་གཡོ་ཞིང་འཇུ་བ་ལྟ་བུ། དེ་རྒྱ་ཇེ་ཆེར་སོང་བས་ཐིག་ལེའི་རྒྱ་མཚོ་གསེར་བཙོ་མའི་མདོག་ལྟར་དྭངས་ཤིང་ཁོད་སྙོམས་པ། གཞི་བརྟན་པ། རྒྱ་ཆེ་བ། ཁྱབ་ཆེ་བ། གཟུགས་བརྙན་ཐམས་ཅད་འཆར་བ་ཞིག་ཏུ་གྱུར་པར་བསམས་ལ་སེམས་ཞུགས་པ་བཞིན་གཏད་ནས་རྩེ་གཅིག་ཏུ་མཉམ་པར་བཞག་པས་རླུང་སེམས་འཇུག་པ་གཅིག་པས། སེམས་སྙིང་དབུས་ཀྱི་དྷཱུ་ཏིར་ཟིན་པ་ན། རླུང་ཡང་དེ་ཉིད་དུ་ཟིན་ཏེ། རླུང་དབུ་མར་ཞུགས་པའི་རྟགས་སུ་སྣ་བུག་ནས་མཉམ་རྒྱུ་ཁོ་ནར་འབབས། གནས་པའི་རྟགས་སུ་རྣལ་འབྱོར་ལ་མཉམ་པར་བཞག་པའི་སྐབས་སུ་ལྟོ་བ་མི་འགུལ། ཐིམ་པའི་རྟགས་སུ་འོད་གསལ་དུ་བ་ལ་སོགས་པའི་སྣང་བ་ཤར་བ་སྟེ་དེ་ལྟ་བུའི་ཞུགས་གནས་ཐིམ་གསུམ་གྱི་རྩལ་རྫོགས་ཏེ་ཡུལ་བདེ་བ་ཆེན་པོ་དང༌། ཡུལ་ཅན་སྟོང་པ་ཉིད་ཟུང་འཇུག་ཏུ་གྲུབ་པས་ན་རྫོགས་རིམ་དུ་འགྲོ་བ་ཡིན་ནོ། །དེ་ལྟར་ཐིག་ལེ་བཅུ་དྲུག་པོ་དེ་རེ་རེ་ལའང༌། རྒྱས་པར་ན་རྗེས་དྲན་ལྔ་ཚང་བར་བསྒོམས་ཏེ་རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་གདབ་པ་དང༌། ཆོས་སྐུའི་ལག་རྗེས་འཇོག་བྱེད་སྟོང་པའི་རྣལ་འབྱོར་བསྒོམ་པ་དང༌། དེའི་ངང་ལས་ལྷ་བསྒོམ་པ་དང༌། དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་གསལ་སྣང་ཐོན་ནས། རང་གི་སེམས་ཀྱི་ཆ་ཤས་ཤིག་གིས་འགྲོ་ཀུན་ཕ་མར་རྗེས་སུ་དྲན་པ་སེམས་ཅན་ཐམས་ཅད་དཀྱིལ་འཁོར་གྱི་ནང་དུ་ཁྲིད་དེ་དཀྱིལ་འཁོར་གྱི་གཙོ་བོ་ལ་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པ་ཕུལ་བ་དང༌། ཕྱག་དང་བསྐོར་བ་མང་དུ་བྱས་ནས་གཟུངས་སྔགས་བཟླས་པས་སླར་ཡང་ནང་མ་ནང་མར་འཇུག་པ་དང༌། ངག་སྔགས་སུ་རྗེས་དྲན་གྱིས་སོ་སོའི་སྙིང་པོ་དམིགས་པའི་གནད་དང་བཅས་པས་བཟླ་བ་རྣམས་བྱ་ཞིང༌། མདོར་བསྡུ་ན། སྐབས་འདིར་གནས་གསུམ་བྱིན་རླབས་མན་ལྷན་ཅིག་ཏུ་བྱ་བ་ནི། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ༑ ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿ ཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལཱ་ཡ་སྟྭཾ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། ལུས་གང༌། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་རང་རང་གི་ས་བོན་གྱིས་དབུར་བརྒྱན་པར་མོས་པ་སྟེ་ཡན་ལག་བཞི་རྫོགས་ཀྱི་ཚུལ་དུ་གསལ་བཏབ་ནས། རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སྐྱེ་གནས་འཇིག་པས་མ་གོས་པའི། །དྲི་མེད་མཆོད་ཚོགས་འབུལ་ལོ་ལྷ། །སྒོ་གསུམ་སྐྱེ་གནས་འཇིག་བྲལ་བའི། །ཉེས་པའི་གཡང་ས་མཐོལ་ལོ་བཤགས། །སྟོང་ཡང་སྣ་ཚོགས་སྐུར་སྟོན་པའི། །གྲངས་མེད་འདྲེན་ལ་རྗེས་ཡི་རང༌། །སྨོན་དང་མཚན་མས་སྟོང་པ་ཡི། །འཁོར་ལོ་དབྱིངས་སུ་བསྐོར་དུ་གསོལ། །སྐྱེ་བས་སྟོང་པའི་ཆོས་སྐུ་ཁྱེད། །ལྷུན་གྲུབ་གནས་པའི་རང་བཞིན་ལས། །གང་དུའང་འདའ་བར་མ་མཛད་ཅིག །དགེ་བ་འདི་ཡིས་འཁོར་བ་རྣམས། །འདི་འདྲར་རྟོགས་ཏེ་འདི་འདྲ་བའི། །གཞལ་ཡས་ཁང་དུ་འདྲོངས་གྱུར་ཏེ། །གསང་སྔགས་འདི་བཞིན་སྤྱོད་པར་བསྔོ། །གནས་སྐབ་ཀྲི་ཡའི་ལྷ་ལྔ་བཞིན། །པད་དཀར་སྟོང་ལྡན་ལྟེ་བ་ལ། །ཟླ་བ་ཞུན་མའི་གདན་སྟེང་དུ། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །བསྐྱེད་རྫོགས་མཆོག་ཏུ་བསྔགས་པར་ཤོག །གློ་བུར་འདི་ཡང་ཆོས་དབྱིངས་ལས། །ཐ་དད་ཅི་ཡང་ཡོད་མ་མཆིས། །ཐ་དད་མེད་པར་ཕུན་ཚོགས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །གཙང་མ་རིགས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་གསུམ་གཙང་མ་ལས། །གཡོས་པ་མེད་པའི་བཀྲ་ཤིས་ཤོག །ཅེས་ཡན་ལག་བདུན་པ་དང༌། རྒྱས་པར་ཚིགས་བཅད་སྦྲགས་པའམ། བསྡུ་ན། ༀ་སརྦ་ཏ་ཐཱ་ག་ཏ་ཨ་རྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། སྤྲོ་ན་འདོད་ཡོན་ལྔ་དང༌། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས་སོགས་ཀྱང་སྤྱི་ལྟར་ཕུལ། མ་དག་ཞིང་གི་འཇིག་རྟེན་ཇི་སྙེད་པ། །དག་པ་རབ་འབྱམས་ལྷ་ཡི་གཞལ་ཡས་སུ། །མངོན་པར་ལེགས་སྒྱུར་བཅོམ་ལྡན་ཐུབ་པ་ཆེ། །རྗེ་བཙུན་ཕྱག་ན་པདྨོའི་ཚོགས་ལ་བསྟོད། །སྡེ་སྣོད་གསུམ་གྱི་ཡུམ་ཆེན་ཤེར་ཕྱིན་མ། །སངས་རྒྱས་ཞི་དང་ཁྲོ་བོ་མཁའ་འགྲོའི་ཚོགས། །ཀུན་འདུས་བཀའ་གདམས་ལྷག་པའི་ལྷ་མཆོག་བཞི། །སྐྱབས་མཆོག་ཡི་དམ་ཆོས་སྐྱོང་རྣམས་ལ་བསྟོད། །རྒྱ་ཆེན་སྤྱོད་དང་ཟབ་མོ་ལྟ་བའི་ལམ། །ཉམས་ལེན་སྙན་བརྒྱུད་གདམས་པ་མཆོག་གི་གཏེར། །རྒྱུན་ཆད་མེད་པར་འཛིན་ཅིང་སྤེལ་མཁས་པ། །ལྷ་ཆོས་བདུན་ལྡན་བརྒྱུད་པ་རྣམས་ལ་བསྟོད། །གདོད་ནས་རྣམ་དག་སྣང་སྟོང་དག་པའི་གཤིས། །བཞིན་ལག་མཚན་དཔེའི་འཇའ་ཚོན་རྣམ་བཀྲ་བ། །འགྱུར་མེད་ཆོས་སྐུ་གསལ་སྟོང་རླུང་སེམས་ཟུང༌། །ཆེས་ཕྲ་ཐིག་ལེའི་རྣམ་པར་ཤར་ལ་བསྟོད། །ལྷ་ཆོས་བདུན་གྱི་ཉིང་ཁུ་ཐིག་ལེའི་ཆོས། །ཉམས་སུ་བསྟར་བས་ཚེ་འདིར་ཟུང་འཇུག་སྐུ། །མངོན་དུ་བྱས་ཏེ་དོན་གཉིས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྡོ་རྗེའི་གླུ་སྙན་འགྱུར་གྱི་ཉམས་དང་ལྡན་པས་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་བསྟོད་པར་བསམ། དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའི་རྣམ་པར་ལོགས་སུ་བྱེ་བས། འགྲོ་ཀུན་ཕ་མར་རྗེས་སུ་དྲན་པས་སྙིང་རྗེ་ཆེན་པོས་བལྟས་ཏེ། རང་ཉིད་ཀྱིས་སྣ་དྲངས་སེམས་ཅན་ཐམས་ཅད་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་དུ་ཞུགས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ཕྱག་དང་བསྐོར་བ་བྱས་ཏེ་གསོལ་བ་བཏབ། ཁྱད་པར་དུ་རང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་འགྲོ་བ་མགོན་དང་སྐྱབས་མེད་པ་རྣམས་ཀྱི་ཕན་པ་དང་བདེ་བ་གང་ལ་གང་འཚམས་ཀྱི་ཉེར་འཚོའི་རྟེན་དུ་འགྱུར་བའི་ཕྱིར་ཕོངས་པ་མེད་པར་ལྷ་ཚོགས་རྣམས་ལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོར་ཕུལ་བས་ཟག་མེད་ཀྱི་བདེ་བས་དགྱེས། གནས་གསུམ་གྱི་ཡི་གེ་གསུམ་དང་ཁྱད་པར་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་པ་བྱུང༌། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས། ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱང་༑ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ་མོ། །ལྔ་པ་ངག་སྔགས་སུ་རྗེས་སུ་དྲན་པ་ལ་གཉིས་ཏེ། རིམ་པ་དང་པོའི་ལྷའི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བའི་བཟླས་བརྗོད་ཇི་ལྟར་བྱ་བ་དང༌། རིམ་པ་གཉིས་པའི་རྣལ་འབྱོར་དང་ལྡན་པས་རླུང་སྔགས་དབྱེར་མེད་དུ་བྱས་ཏེ་རྡོ་རྗེའི་བཟླས་པ་ལ་སློབ་ཚུལ་ལོ། །དང་པོ་ནི། ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་རྣམས་ཀྱི་གཙོ་བོའི་ཐུགས་ཀར་སོ་སོའི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བ་བཀོད་ལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། གསང་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱང་། ཐམས་ཅད་དག་པའི་ཞིང་གི་རྣམ་རོལ་དུ་གྱུར་པ་བསམས་ལ། ཐིག་ལེ་དང་པོ་ལ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ། དེ་བཞིན་དུ་གཉིས་པ་ལ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། གསུམ་བཞི་གཉིས་ལ་ཡིག་དྲུག་དང༌། ལྔ་པ་ལ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། དྲུག་པ་ལ་མུ་ནི། བདུན་པ་ལ་ཡིག་དྲུག །བརྒྱད་པ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དགུ་པར། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། བཅུ་པ་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བཅུ་གཅིག་པ་ལ། བཀའ་གདམས་ལྷ་བཞིའི་སྔགས་སམ། ཡང་ན། ༀ་མ་ཧཱ་གུ་རུ་དྷཱི་པཾ་ཀ་ར་ཨ་ཏི་ཤ་སྭཱ་ཧཱ། བཅུ་གཉིས་པ་ལ་ཡིག་དྲུག །བཅུ་གསུམ་པ་ལ། ༀ་མཻ་ཏྲི་མཻ་ཏྲི་མ་ཧཱ་མཻ་ཏྲི་ཡེ་སྭཱ་ཧཱ་དང༌། ༀ་མཻ་ཏྲི་ཡེ་སྭཱ་ཧཱ་གང་རུང༌། བཅུ་བཞི་པ་ལ། ༀ་ཝཱ་གཱི་ཤྭ་རི་མཱུཾ། བཅོ་ལྔ་པ་ལ། ༀ་བཛྲ་དྷྲིཀ་ཧཱུྃ་ཧཱུྃ། བཅུ་དྲུག་པ་ལ། ༀ་དྷརྨ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་དང༌། ༀ་ཨཱཿ ཧཱུྃ། ཞེས་སོ་སོར་བརྒྱ་སྟོང་སོགས་ཅི་ནུས་སུ་བཟླ། ཡང་ན། དེ་ཐམས་ཅད་ལ་ཡིག་དྲུག་ཁོ་ན་བཟླ་ཞིང༌།གཙོ་བོར་ཡིག་དྲུག་ལ་རྩལ་དུ་འདོན། དེའི་ཚེ་དམིགས་པ་ནི། རང་ཕྱི་བཀོད་པ་བསམགྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོའི་སྐུའི་བ་སྤུའི་ཁུང་བུ་རེ་རེ་ཡང་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དང༌། དེ་རེ་རེ་ཡང་རྒྱལ་བ་སྲས་བཅས་བསམ་གྱིས་མི་ཁྱབ་པ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་བཞུགས་པ་ཐམས་ཅད་ཀྱི་ཞལ་ནས་ཀྱང་ཡི་གེ་དྲུག་པའི་སྒྲ་འུར་དིར་རེ་གསུངས་པ་དང༌། དེར་མ་ཟད་ཞིང་ཁམས་དེ་དང་དེར་གནས་པའི་ས་ཆུ་མེ་རླུང་སྟེ་རྟེན་འབྱུང་བ་བཞིའི་སྒྲ་དང༌། བརྟེན་པ་སེམས་ཅན་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་རྣམ་རོལ་ཏུ་ཤར་བས་ཡི་གེ་དྲུག་པའི་སྒྲ་འུར་འུར་སྒྲོགས་པར་བསམ་ལ། ཅི་སྣང་ལྷ་སྐུ། སྒྲར་གྲགས་ཡི་གེ་དྲུག་པ། དྲན་རྟོག་ཐུགས་རྗེ་ཆེན་པོའི་ཐུགས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་བལྟ་བའི་ལམ་ཁྱེར་ཟབ་མོ་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་བ་ནི་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དེའི་རྒྱུ་མཚན་ཞིབ་པར་ཟ་མ་ཏོག་བཀོད་པའི་མདོ་སྡེ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། ལུས་གནད་བསྲངས་ཏེ་རླུང་རོ་བསལ་ལ་ཅུང་ཟད་ངལ་བསོ། དེ་ནས་སྣ་བུག་གཉིས་ནས་རླུང་ནང་དུ་འཇུག་པ་ༀ་གྱི་གདངས་དང༌། སྙིང་གའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་གནས་པ་ཨཱཿ འི་གདངས་དང༌། དེ་ལས་ཕྱིར་ལྡང་བ་ཧཱུྃ་གི་གདངས་དང་ངོ་བོ་དབྱེར་མེད་དུ་སྦྱོར་བའི་རྡོ་རྗེའི་བཟླས་པ་ལ་འབད་དོ། །སྤྱིར་འདིའི་རྫོགས་རིམ་ཉིད་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་རྫོགས་རིམ་ཐིག་ལེ་བཞི་རིམ་དང་མཐུན་ཞིང༌། ཁྱད་པར་མཐར་ཐུག་ལྷན་སྐྱེས་ཀྱི་དགའ་བའི་དབང་དུ་བྱས་ཏེ་སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་ཚུལ་དང༌། འདིའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཉིས་དོན་གཅིག་ཏུ་འབབ་པའི་ཕྱིར། ཚུལ་འདི་ལ་ཡེ་ཤེས་ཞབས་ལུགས་ཀྱི་གཞུང་ཆེན་པོ་རྣམས་དང༌། མན་ངག་གི་ཡི་གེ་རྣམས་ལེགས་པར་རྟོགས་པར་བྱས་ཏེ་ཕན་ཚུན་ལྟོ་སྦྱར་ནས་ངེས་ཤེས་བསྐྱེད་པར་བྱའོ་ཞེས་བླ་མ་ཕྱི་མ་རྣམས་གསུང་ངོ༌། །གསུམ་པ་རྗེས་ནི། ཐུན་དེ་ལས་ལྡང་བར་བརྩམ་པ་ན། ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ་བས་ཏིང་ངེ་འཛིན་གྱི་ལྷག་ཆད་ཁ་བསྐང་བ་དང༌། བརྟན་ཅིང་ནུས་པ་གོང་འཕེལ་དུ་བྱས་ནས། སྔར་ལྟར་མཆོད་ཅིང་བསྟོད། རང་ཉིད་གཙོ་བོའི་ཐུགས་ཀའི་ཐིག་ལེ་སེར་པོ་ཡུངས་འབྲུ་ཙམ་དྭངས་ཤིང་གསལ་བ་དེ་ལས་འོད་ཟེར་འཕྲོས་པ་སྣོད་བཅུད་ཐམས་ཅད་ལན་ཚྭ་ཆུར་བཅུག་པ་བཞིན་འོད་དཀར་པོ་བདེ་བ་ཆེན་པོའི་ངོ་བོར་མེར་གྱིས་ཞུ་ནས་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ལྷའི་གཞལ་ཡས་ཁང་ལ་ཐིམ་ཞིང༌། ཐིག་ལེ་བཅོ་ལྔ་པའི་བར་གྱི་གཞལ་ཡས་ཁང་དེ་རྣམས་ཀྱང་རང་རང་གི་ཁ་དོག་གི་ཐིག་ལེར་གྱུར་ནས་ཕྱི་མ་ཕྱི་མ། ནང་མ་ནང་མ་ལ་ཐིམ་པའི་མཐར། ཐིག་ལེ་སེར་པོ་སྲན་མ་ཙམ་པ་ཞིག་ཏུ་གྱུར། དེ་ཉིད་སངས་རྒྱས་ཆོས་ཀྱི་སྐུའི་སྤྱི་བོའི་ༀ་ལ་ཐིམ། དེ་ཨཱཿ ལ། དེ་ཧཱུྃ་ལ། དེ་ཡང་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ཐིག་ལེ་ལ་ཐིམ་ནས་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་གྱུར་པར་བསམས་ལ་ཅི་གནས་སུ་མཉམ་པར་བཞག །དེའི་ངང་ལས་སྐད་ཅིག་གིས་རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུ་འཇའ་ཚོན་ལྟར་ལམ་གྱིས་ཤར་བའི་གནས་གསུམ་དུ་ༀ་ཨཱཿ ཧཱུྃ་གིས་མཚན་པར་མོས་ལ། བརྒྱུད་པ་གསུམ་ལྡན་བླ་མ་ཐམས་ཅད་དང༌། །ཡི་དམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༌། །ཇོ་བོ་ཡབ་སྲས་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་གི་སྨོན་པའི་གནས་འདི་འགྲུབ་པར་མཛོད། །འདིས་མཚོན་དུས་གསུམ་དགེ་ཚོགས་བསྡོམས་པའི་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །བརྒྱུད་པ་གསུམ་ལྡན་བླ་མ་དམ་པ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་སྟེ། །བཀའ་གདམས་རྣམ་ཐར་གཙང་མ་མཐར་ཕྱིན་ཤོག །སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཀུན། །བསྡུས་ཏེ་ཉམས་སུ་བླངས་པས་རྒྱུད་སྦྱངས་ནས། །གསང་ཆེན་སྒོར་ཞུགས་དམ་ཚིག་ཚུལ་བཞིན་བསྲུང༌། །ཟུང་འཇུག་སྙིང་གི་ཐིག་ལེ་འགྲུབ་པར་ཤོག ༑ལྷ་བཞིས་ལུས་དང་སྡེ་སྣོད་གསུམ་གྱིས་ངག །བསླབ་པ་གསུམ་གྱིས་སེམས་བརྒྱན་རྗེས་དྲན་ལྔའི། །ཉམས་ལེན་མཐར་ཕྱིན་འགྲོ་ཀུན་སྒྲོལ་བ་ལ། །རྒྱལ་བ་རྒྱ་མཚོ་ཉིད་དང་མཚུངས་པར་ཤོག །གསང་ཆེན་སྙིང་གི་ཐིག་ལེའི་གདམས་པ་མཆོག །དབེན་པའི་གནས་སུ་ཉམས་སུ་ལེན་པ་ལ། །ཇོ་བོའི་བཀའ་སྲུང་དགུ་བཅུ་རྩ་གཉིས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །ཅེས་བསྔོ་སྨོན་དང༌། ལེགས་ཚོགས་ཀུན་གྱི་འབྱུང་གནས་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྐུ་གསུམ་མངོན་དུ་གྱུར་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་དུ་དགེ་བ་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །བསླབ་གསུམ་རྣམ་པར་དག་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །བདག་གཞན་མཉམ་བརྗེ་རིན་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །ཐབས་ཤེས་ཟུང་འཇུག་རིམ་གཉིས་རྣལ་འབྱོར་ཟབ་མོའི་བཀྲ་ཤིས་ཤོག །ཕན་བདེའི་གཞིར་གྱུར་ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །འགྲོ་ཀུན་ཐེག་མཆོག་ཆོས་ཀྱི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་སྤྱོད་ལམ་ལ་འཇུག་པར་བྱའོ། །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་བཀའ་གདམས་གླེགས་བམ་རིན་པོ་ཆེའི་དོན་གྱི་སྙིང་པོ་མདོར་བསྡུས་ཏེ་རྗེས་དྲན་ལྔའི་ཚུལ་གྱིས་ཉམས་སུ་ལེན་ཚུལ་གྱི་ཁྲིད་འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་སོགས་ལས་ཀྱང་མདོ་ཙམ་འབྱུང་བ་དང༌། ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་དང་ཞལ་ལུང་ལས་ཇི་ལྟར་ཐོས་པ་བཞིན་ངག་འདོན་དང་དམིགས་རིམ་ཕྱོགས་གཅིག་ཏུ་བཀོད་པ་ཡིན་ནོ། །གཉིས་པ་ནི། དེ་ལས་ཀྱང་རྒྱས་པར་སྤྲོ་ན། ཐིག་ལེ་དང་པོའི་སྐབས་ལྷའི་གསལ་སྣང་དང༌། ཚོགས་བསགས་པའི་དམིགས་པ་ནན་ཏན་དུ་བྱས་ནས། ཐིག་ལེ་གཉིས་པ། གསུམ་པ། བཞི་པ་རྣམས་ལ་རིམ་པ་བཞིན་སྐྱེས་བུ་ཆུང་ངུའི་ཁྲིད། འབྲིང་གི་ཁྲིད། ཆེན་པོ་ཐེག་པ་ཆེན་པོའི་བློ་སྦྱོང་བའི་ཁྲིད་རྣམས་བསྒོམ། ལྔ་པ་ལ་ཤེར་ཕྱིན་གྱི་ཐུགས་ཀའི་འོད་ཟེར་གྱི་འཕྲོ་འདུས་བདུད་སྡེའི་དཔུང་ཚོགས་རྣམས་བཅོམ་ནས་ཞི་བར་བསམ་མོ། །དྲུག་པ་བདུན་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ་བཀའ་གདམས་ལྷ་བཞིའི་ཁྲིད་བསྒོམ་ཞིང༌༑ ཁྱད་པར་སྒྲོལ་མ་དྲག་མོ་དང་མི་གཡོ་བ་གཉིས་ལ་དགྲ་བགེགས་ཚར་གཅོད་པའི་དམིགས་པ་དང་དྲག་སྔགས་བཟླ། ཐིག་ལེ་བཅུ་གཅིག་པ་འདིར་ནི་བརྒྱུད་པ་གསུམ་ལ་བརྟེན་པའི་བླ་མའི་སྒྲུབ་པ་གཙོ་བོར་བྱ། བཅུ་གཉིས་པ་གླེགས་བམ་རིན་པོ་ཆེའི་སྐྱེས་རབས་སྤྱི་དང༌། ཁྱད་པར་དཀོན་མཆོག་འབངས་ཀྱི་ཨོ་རྒྱན་གྱི་ཡུལ་དུ་བྱོན་པའི་རྡོ་རྗེའི་གླུ་དང་ཆོས་ཟབ་མོ་དཔག་ཏུ་མེད་པའི་སྐོར་གྱི་རྣམ་ཐར་ཡིད་ཡུལ་དུ་ངེས་པར་བྱས་ནས་རང་ཉིད་ཀྱང་བློས་དེར་ཕྱིན་པ་དང་དེ་འདྲ་བ་བྱས་པའི་བསམ་སྒོམ་ནན་ཏན་དུ་བྱ། བཅུ་གསུམ་པ་ལ་ཞི་གནས་གཙོ་བོར་བསྒོམ། བཅུ་བཞི་པ་ལ་ཟབ་མོ་དབུ་མའི་ལྟ་བ་བསྒོམ། བཅོ་ལྔ་པར་རང་གང་མོས་པའི་བླ་མེད་ཀྱི་རྒྱུད་སྡེ་ཞིག་གི་རྫོགས་རིམ་དང་སྦྱར་ན་ལེགས། བཅུ་དྲུག་པ་ནི་སངས་རྒྱས་ཆོས་སྐུའི་ཐིག་ལེ་དེ་ཉིད་གྲངས་མེད་པར་སྤྲོ་ཞིང་སྡུད་པ་སོགས་ཀྱི་ངང་ནས་ཐིག་ལེའི་ནང་དུ་སངས་རྒྱས་ཀྱི་ཞིང་རྟེན་དང་བརྟེན་པར་བཅས་པ་གྲངས་མེད་པར་འཆར་བ་དང༌། དེ་རྣམས་ལ་རང་ཉིད་ཀྱིས་མཇལ་ཞིང་ཆོས་ཉན་པ་སོགས་མང་དུ་བསམས་པའི་མཐར་ཐིག་ལེ་དེ་ཉིད་གསལ་སྟོང་དབྱིངས་རིག་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག །ཐུན་བསྡུ་བ་ནི་བཅུ་དྲུག་པོ་ཐམས་ཅད་ལ་རིགས་འགྲེའོ། །ཁྲིད་རྒྱུན་ཁྱེར་ཉམས་སུ་ལེན་ན་བཅུ་དྲུག་པོ་གཞན་རྣམས་རྒྱས་བསྡུས་སྐབས་སྦྱར་ཆག་མེད་ཙམ་བྱས། རང་གང་མོས་པ་ཞིག་དང༌། བཅུ་དྲུག་པ་གཉིས་ལ་ནན་ཏན་དུ་བྱ༑ ཤིན་ཏུ་བསྡུས་པ་བྱེད་ན། ཐིག་ལེ་ཐམས་ཅད་ཀྱི་བསྐྱེད་ཆོག་ཙམ་བྱས་ནས་ཉམས་ལེན་དམིགས་ཕུག་པ་གཅིག་ལ་བྱས་ཀྱང་རུང་ངོ༌། །མདོར་ན་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ནས་ཟུང་འཇུག་གི་བར་གྱི་ལམ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཚང་ལ་མ་ནོར་བ་འདི་ནི་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་ཡིན་ནོ། །སྨྲས་པ། མཁས་གྲུབ་གངྒཱའི་ཡབ་གཅིག་ཏི་སེའི་གཟུགས། །མཉམ་མེད་དཱི་པཾ་ཀཱ་ར་ཡབ་སྲས་ཀྱི། །ཟབ་ཆོས་ཐིག་ལེ་བཅུ་དྲུག་སྙིང་པོའི་གཏམ། །བདུད་རྩིའི་མཆོད་ཡོན་གཏན་པ་མེད་པ་སྦྲེངས། །དེ་ལས་བྱུང་བའི་དགེ་བ་ནི། །དཔག་བསམ་གསར་པའི་རྗེས་འགྲོ་བས། །འགྲོ་བ་ཀུན་ལ་གྲུབ་གཉིས་ཀྱི། །དགའ་སྟོན་མཆོག་ཏུ་སྦྱིན་གྱུར་ཅིག །ཅེས་པའང་རྗེ་བླ་མ་བཅུ་ཕྲག་རིག་པའི་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕུན་ཚོགས་ཁང་གསར་དུ་ཇི་ལྟར་སྩལ་བ་བཞིན། གཞོན་ནུ་མཁྱེན་བརྩེའི་མིང་གིས་ཟིན་བྲིས་སུ་བཏབ་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།    །།
ཟབ་དᨖན་ངལ་འཚོ་ཅིར་ཡང་རྒྱས། །དེ་སླད་འདི་ན་འཕགས་བᨖད་ཀྱི། །མཁས་གྲུབ་རྒྱ་མཚོའི་གཙུག་གི་ནོར། །མཉམ་མེད་ཇོ་བᨖ་ཡབ་སྲས་ཀྱི། །གདམས་པའི་སྙིང་པᨖ་ཅུང་ཟད་དབྱེ། །དེ་ལ་འདིར་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་མཉམ་མེད་ཇོ་བᨖ་ཆེན་པᨖས་ཟ་མ་ཏོག་བཀོད་པ་ལ་སᨖགས་པའི་མདᨖའི་སྦས་དᨖན་མཐར་ཐུག་པ་དཔལ་གསང་
}}
བ་འདུས་པ་ཡེ་ཤེས་ཞབས་ལུགས་དང་མཐུན་པར་བཀྲལ་བ་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་གསང་ཆོས་མན་ངག་ཐུན་མᨖང་མ་ཡིན་པ་ཟབ་པ་ལས་ཀྱང་
</onlyinclude>
ཆེས་ཟབ་པའི་སྙན་བརྒྱུད་ཐིག་ལེ་བཅུ་དྲུག་གི་གདམས་པ་ཟབ་མᨖ་ཉམས་སུ་ལེན་པའི་ཚུལ་ལ་གཉིས། ད་ལྟར་གྱི་ཕྱག་བཞེས་ལྟར་ཟབ་ཁྲིད་ཀྱི་སྙིང་པᨖ་མདᨖར་བསྡུས་ཏེ་བསྟན་པ་དང༌། དེ་ལས་རྒྱས་པར་སྤྲོས་པའི་སྒོ་ཕྱོགས་ཙམ་མཚོན་པའོ། །དང་པᨖ་ལ་གསུམ། སྔོན་འགྲᨖ། དངོས་གཞི། རྗེས་སᨖ། །དང་པᨖ་ནི། ནོར་བུའི་ཕྲེང་བ་ལེའུ་གཉིས་པར། སྲས་ཀྱི་ཐུ་བᨖ་སྤྱན་རས་གཟིགས། །ཁྱོད་ཀྱི་རྗེས་འབྲང་ཁᨖ་མᨖས་བསྐྱང༌། །ཁᨖ་མᨖའི་གདམས་པ་འདི་ལོངས་ལ། །རྗེས་སུ་འབྲངས་ལ་བསྟན་པར་གྱིས།
{{TsagliCall}}
སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་ནི་བཟླས་བརྗོད་རྒྱུན་པར་མཛོད། །འགྲᨖ་བ་མ་ལུས་ཕ་མར་སᨖམས། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པᨖ་འདི་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་གསུངས་པ་ལྟར་རྗེས་དྲན་ལྔའི་སྒོ་ནས་ཉམས་སུ་ལེན་པ་ལ། ཐོག་མར་སྦྱོར་བའི་
<headertabs/>
ཆོས་གནས་ཁང་བྱི་དᨖར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། མཆོད་པ་གཡོ་མེད་པ་བཙལ་ལ་བཀོད་པས་མཛེས་པར་བཤམས། སྟན་བདེ་བ་ལ་ལུས་གནད་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་སྐྱབས་སེམས་དང༌༑ ཚོགས་ཞིང་གསལ་གདབ་ལ། ཡན་ལག་བདུན་པ་འབུལ། འདᨖད་པའི་དᨖན་ལ་གསᨖལ་བ་བཏབ་པ་རྣམས་ཚུལ་བཞིན་དུ་བྱས་ནས། དེ་ནས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་སྒོ་ནས་སྐྱབས་གནས་བླ་མ་རྗེས་སུ་དྲན་པ་དང༌། སྐྱེས་བུ་ཆུང་འབྲིང་གཉིས་སྔོན་དུ་འགྲᨖ་བས་སྐྱེས་བུ་ཆེན་པᨖའི་ཉམས་ལེན་གྱིས་འགྲᨖ་དྲུག་ཕ་མར་རྗེས་སུ་དྲན་པ་དང༌། ཁྱད་པར་ཕར་ཕྱིན་ཐ་མ་ཞི་ལྷག་གཉིས་ལ་བསླབས་པས་སེམས་ཀྱི་གནས་ལུགས་སྟོང་པར་རྗེས་སུ་དྲན་པ་རྣམས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླངས་པས་རྒྱུད་སྦྱོང་བ་ནི་སྤྱིའི་སྔོན་འགྲᨖའོ། །གཉིས་པ་དངོས་གཞི་ལའང་རྗེས་དྲན་ལྔ་ལས། དང་པᨖ་སྐྱབས་གནས་བླ་མ་རྗེས་སུ་དྲན་པ་ནི། རང་ཉིད་ཐ་མལ་དུ་གནས་པའི་མདུན་གྱི་ནམ་མཁར་དྲན་པ་ཙམ་གྱིས་དགོས་འདᨖད་ཐམས་ཅད་ཡིད་བཞིན་དུ་སྩོལ་བར་ནུས་པའི་དཔག་བསམ་གྱི་ལྗོན་ཤིང་སྡོང་པᨖ་ཡལ་ག་ལོ་འདབ་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རྩ་བའི་བླ་མ་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་རྣམ་པར་བཞུགས་པ་ནས་བཟུང༌། ནོར་བུའི་ཕྲེང་བའི་བླ་མ་བརྒྱུད་པ་རྣམས་ཐོ་བརྩེགས་སུ་བཞུགས་པ་གཙོ་བᨖར་གྱུར་པའི་
བླ་མ་དང༌། མཐའ་བསྐོར་དུ་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཏིལ་གྱི་གང་བུ་ཁ་བྱེ་བའམ། ཉི་ཟེར་ལ་རྡུལ་འཁྲིགས་པ་བཞིན་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ས་ཆེན་པᨖའི་དྲེག་པ་བཞིན་དུ་འཁᨖད་པས། དང་འདᨖད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་པᨖས་ཀུན་ནས་བསླངས་ཏེ། ཐུན་གྱི་མགོར་དགེ་སྦྱོར་གང་བྱེད་བྱེ་བར་འགྱུར་བའི་སྔགས་བཟླ་བར་གསུངས་པས། ༀ་སཾ་བྷཱ་ར་སཾ་བྷཱ་ར་བི་མ་ན་ས་ར་མ་ཧཱ་ཛམྦྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་དང༌། དེ་ནས། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །གངས་རིའི་མགོན་པᨖ་རྗེ་བཙུན་སྤྱན་རས་གཟིགས། །རྒྱལ་ཡུམ་སྒྲོལ་མ་བཅོམ་ལྡན་མི་གཡོ་མགོན།
བཀའ་གདམས་ལྷ་མཆོག་བཞི་ལ་གསᨖལ་བ་འདེབས། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲᨖལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་སྡེ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་པར་གསᨖལ་བ་འདེབས། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང༌། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་ཏེ། །ཟབ་མᨖ་ལྟ་བའི་བརྒྱུད་པར་གསᨖལ་བ་འདེབས། །
ཐུགས་རྗེ་ཆེན་པᨖ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏེ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོམྦི་པ་དང་ཨ་ཏི་ཤ །ཉམས་ལེན་བྱིན་རླབས་བརྒྱུད་པར་གསᨖལ་བ་འདེབས། །ལམ་བཟང་གསལ་མཛད་མགོན་པᨖ་
ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པᨖ་རྒྱལ་བ་འབྲོམ། །ལེགས་པའི་ཤེས་རབ་རྒྱལ་མཚན་བཞི་ལ་སᨖགས། །དངོས་བརྒྱུད་བླ་མ་རྣམས་ལ་གསᨖལ་བ་འདེབས། །སྲིད་ལ་ཞེན་ལོག་རྐྱེན་ངན་གྲᨖགས་སུ་ཤར། །བདག་གཞན་མཉམ་བརྗེའི་རླབས་ཆེན་སྤྱོད་ལ་ཞུགས། །སྲིད་རྩ་དྲུང་འབྱིན་ལྟ་བས་རྒྱས་བཏབ་སྟེ། །ཐུན་མᨖང་ལམ་བཟང་བགྲᨖད་པར་བྱིན་གྱིས་རློབས། །གསང་སྔགས་སྒོར་ཞུགས་དམ་ཚᨑག་ཚུལ་བཞིན་བསྲུང༌། །ཟབ་གསལ་གཉིས་མེད་ལྷ་ཡི་རྣལ་འབྱོར་གྱིས། །ཟུང་འཇུག་སྙིང་གི་ཐིག་ལེ་མངོན་གྱུར་ནས། །འགྲᨖ་ཀུན་མགོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་བརྒྱུད་པའི་གསᨖལ་འདེབས་མདᨖར་བསྡུས་པ་སྔོན་དུ་འགྲᨖ་བས། འཁᨖར་བའི་སྡུག་བསྔལ་དང་བཅས་པ་ལ་འཇིགས་ཤིང་སྐྲག་པས་སྙིང་ཐག་པ་ནས་སྐྱབས་སུ་འགྲᨖ་བའི་འདུན་པ་དང་བཅས། བདག་དང་འགྲᨖ་བ་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པᨖ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདᨖད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཆེན་པᨖ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲᨖ་ཅི་ནུས་སུ་བྱ། གཉིས་པ་འགྲᨖ་ཀུན་ཕ་མར་རྗེས་སུ་དྲན་པ་ནི། མཐའ་མེད་པའི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཏུ་ཤེས་ཤིང་
དེའི་དྲིན་བཟོར་མཁའ་ཁྱབ་ཀྱི་མ་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བའི་ཕྱིར་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མᨖ་འདི་ཉམས་སུ་བླང་ངོ་། །སྙམ་པས༑ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསᨖལ། བདག་དང་མཁའ་མཉམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང་བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས་ཇི་ལྟར་སྔོན་གྱི་
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པᨖ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པᨖར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་
བསྐྱེད་པར་མཛད་པ་དེ་བཞིན་དུ་བདག་སᨖགས་སེམས་ཅན་རྣམས་ཀྱིས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པᨖ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པᨖ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲᨖལ་བ་རྣམས་དགྲᨖལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་སེམས་བསྐྱེད་བྱ། མཐར་སྐྱབས་ཡུལ་ཐམས་ཅད་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཐིམ། བརྒྱུད་པའི་བླ་མ་རྣམས་ཀྱང་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་ཡང་དགྱེས་པ་ཆེན་པᨖའི་ངང་ནས་འོད་དུ་ཞུ་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམ་ལ་ཅུང་ཟད་རེ་མཉམ་པར་བཞག་གོ །བར་འདིར་སྤྲོ་ཞིང་ནུས་ན་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་དང༌། བླ་མ་སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གསལ་བཏབ་ལ། ཀུ་སཱ་ལིའི་ཚོགས་གསᨖག །མཎྜལ། དབང་བླང་བ་རྣམས་མཛད་པའི་ཕྱག་བཞེས་ཀྱང་ཡོད་མᨖད་དཀྱུས་ལ་འདི་ཙམ་གྱིས་ཆོག །དངོས་སུ་བཤམ་པའི་མཆོད་པ་ཡོད་ན་བྱིན་གྱིས་བརླབ་པ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པᨖ་གཡས་ནོར་བུའི་ཕྲེང་བ་དང་གཡོན་ཤེལ་གྱི་འཁར་བ་རྩེ་མᨖར་སངས་རྒྱས་སྟོང་གིས་མཚན་པ་འཛᨑན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་ཐུགས་ཀའི་ཧྲཱིཿ ལས་འོད་འཕྲོས། སྣོད་བཅུད་ཀྱི་མ་དག་པ་སྦྱངས། ༀ་ལས་རིན་པᨖ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མᨖ་ལ་སᨖགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པᨖའི་རྣམ་པར་སྤྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ཟད་མི་ཤེས་པ་ནམ་མཁའ་དང་མཉམ་པར་གྱུར།
ༀ་བཛྲ་ཨ?ཾ་ཨཱཿ ཧཱུྃ་ནས་ཤབྡའི་བར་སྦྱར་བས་བརླབ། གསུམ་པ་གནས་ལུགས་སྟོང་པར་རྗེས་སུ་དྲན་པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པའི་སྔགས་ཀྱིས་ཆོས་ཐམས་ཅད་ཀྱི་གནས་
ལུགས་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པ་ཐུགས་རྗེ་ཆེན་པᨖའི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བᨖར་མᨖས་ནས་དེའི་ངང་དུ་གཉིས་སྣང་གི་སྤྲོས་པ་གཞན་གྱིས་བར་མ་ཆོད་པར་འཛᨑན་སྟངས་
གསལ་ཞིང་དམ་པར་མཉམ་པར་འཇོག་ཅིང༌། དེ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་ཤུགས་དྲག་ཏུ་བསྐྱེད་པ་ནི་ཆོས་སྐུའི་ལག་རྗེས་འཇོག་པར་བྱེད་པ་སྟོང་པའི་རྣལ་འབྱོར་རོ། །བཞི་པ་རང་ལུས་ལྷ་སྐུར་རྗེས་སུ་དྲན་པ་ལ་གཉིས། རིམ་པ་དང་པᨖ་བསྐྱེད་པའི་རིམ་པ་དང༌། རིམ་པ་གཉིས་པ་རྫོགས་པའི་རིམ་པ་ལ་སློབ་ཚུལ་ལོ། །དང་པᨖ་ལའང་ཐིག་ལེ་བཅོ་ལྔ་ལས། དང་པᨖ་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེ་བསྒོམ་པ་ནི། སྟོང་པའི་ངང་ལས་རང་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་ཐར་པ་ཆེན་པᨖའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་འདᨖད་སྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་རྟ་བབས་སᨖགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་སྟེང་དང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། འོག་སྔོན་པᨖར་གྱུར་པ་ཁ་དᨖག་སᨖ་སᨖའི་རང་མདᨖག་ལྟར་འཆར་བ་ལ་རྣམ་པ་ཡི་གེའི་གཟུགས་ཅན་གྱིས་བར་མཚམས་མེད་པར་ཁྱབ་པ། ཁ་དᨖག་དང་དབྱིབས་རྣམས་མ་འདྲེས་པར་སᨖ་སᨖར་བཀྲ་བའི་སྟེང་གི་ཡི་གེ་ཐམས་ཅད་ༀ། ཤར་མ། ལྷོ་ཎི། ནུབ་པད། བྱང་མེ། འོག་ཧཱུྃ་དུ་སྣང་བའི་གཞལ་ཡས་ཁང་གི་ནང་དུ་སེམས་ཉིད་ཐིག་ལེ་དཀར་པᨖ་གསལ་སྟོང་འོད་ཀྱི་རང་བཞིན་ཅན་དེ་ཇེ་ཆེར་སᨖང་བ་ལས་རང་ཉིད་ཐུབ་པ་དང་དབྱེར་མེད་པའི་ཐུགས་རྗེ་ཆེན་པᨖར་གྱུར་པ་འོད་དུ་ཞུ་བ་ལས། སྐད་ཅིག་གིས་པཾ་ཡིག་དཀར་པᨖ་ལས་ནམ་མཁའི་མཐའ་དང་མཉམ་པའི་པདྨ་དཀར་པᨖ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་དཀར་པᨖ་ལས་ཟླ་བའི་དཀྱིལ་འཁᨖར་གྱི་སྟེང་དུ་ཧྲཱིཿ དཀར་པᨖ་ཡོངས་སུ་གྱུར་པ་ལས་ཐིག་ལེ་དཀར་པᨖ་ནམ་མཁའ་ལྟར་མཐའ་དང་བྲལ་བའི་རང་བཞིན་ཅན་
དེ་ཡོངས་སུ་གྱུར་པ་ལས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པᨖ་རྒྱལ་བ་རྒྱ་མཚོ་ནམ་མཁས་གར་ཁྱབ་ཏུ་སྐུས་ཁྱབ་པ། དབུ་བཅུ་གཅིག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ། རྩ་ཞལ་དཀར། གཡས་དམར། གཡོན་ལྗང༌། དེའི་སྟེང་གི་ཞལ་དབུས་ལྗང༌། གཡས་དཀར། གཡོན་དམར། དེའི་སྟེང་གི་ཞལ་དབུས་དམར། གཡས་ལྗང༌། གཡོན་དཀར་བ། དེའི་སྟེང་ན་ཁྲོ་ཞལ་ནག་པᨖ་མཆེ་བ་གཙིགས་པ། སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བརྫེས་པ། དེའི་སྤྱི་བᨖར་ཞི་ཞལ་དམར་པᨖ་གཙུག་ཏོར་ཅན། རྩ་བའི་ཕྱག་དང་པᨖ་གཉིས་ཐུགས་ཀར་ཐལ་མᨖ་སྦྱར་བ། གཡས་གཉིས་པ་ན་བགྲང་ཕྲེང༌། གསུམ་པ་མཆོག་སྦྱིན་གྱི་ཕྱག་རྒྱས་ཡི་དྭགས་ཀྱི་
སྐོམ་པ་སེལ་བ། བཞི་པ་ན་འཁᨖར་ལོ། གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་རིལ་བ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛᨑན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པᨖ་ཐམས་ཅད་མཆོག་སྦྱིན་མཛད་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། བ་སྤུའི་བུ་ག་རེ་རེ་ན་སངས་རྒྱས་ཀྱི་ཞིང་གྲངས་མེད་པ། དེ་རྣམས་ན་སངས་རྒྱས་བྱང་སེམས་མཐའ་ཀླས་པ་བཞུགས་པ། གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་སེམས་ཅན་གྱི་དᨖན་དཔག་ཏུ་མེད་པ་མཛད་པ་ཞིག་ཏུ་གྱུར་པར་བསམ་ལ་ང་རྒྱལ་དང་གསལ་སྣང་ཅི་ཐོན་བྱའོ། །དེ་ལྟར་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་བསྐྱེད་རིམ་གསལ་ཐེབས་ནས་རིམ་པ་བཞིན་དམིགས་པ་ཕྱི་མ་རྣམས་ལ་འཇུག་པར་བྱ་སྟེ། དེའི་ཐུགས་ཀར་ཐིག་ལེ་གཉིས་པ་མི་མཇེད་ཀྱི་བཀོད་པ་སྔར་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ༀ་སེར་པᨖ་ལས་ཐུབ་པ་ཆེན་པᨖ་རྣམ་པར་སྣང་མཛད་གངས་ཆེན་མཚོ་སྤྲུལ་སྐུའི་ཆ་བྱད་ཅན། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་མཉམ་བཞག་མཛད་པ། གཡས་གཡོན་དུ་མཆོག་ཟུང་བཞེངས་ཏེ་བཞུགས་པ། ཐེག་པ་གསུམ་གྱི་འཁᨖར་ཚོགས་རྒྱ་མཚོས་བསྐོར་བ།
དེའི་ཐུགས་ཀར་ཐིག་ལེ་གསུམ་པ་ཁ་བ་ཅན་གྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བཀོད་པ་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བ་བཞིན་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཞི་པ་ཡང་སྒོས་དབུ་རུ་བྱང་ཕྱོགས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿ ལས་འབྲོམ་ཤེལ་གྱི་ཁྱེའུ་དཀར་པᨖ་ཞི་ཞིང་འཛུམ་པ། དབུ་སྐྲ་མཐིང་ག་དཔུང་པའི་ཐད་དུ་སླེབས་པ། ཕྱག་གཡས་ཤེལ་དཀར་གྱི་ཕྲེང་བ་དང༌། གཡོན་ཤེལ་གྱི་འཁར་བ་རྩེ་མᨖར་པདྨ་དཀར་པᨖ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་གདན་ལ་ཡུམ་ཆེན་མᨖ། གཡས་སུ་བླ་མ་མར་མེ་མཛད། གཡོན་དུ་རྒྱལ་བ་ཤཱཀྱ་ཐུབ་པ། འདབ་མ་སྟོང་ལ་སངས་རྒྱས་སྟོང་བཞུགས་པས་མཚན་པ་འཛᨑན་པ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། འདི་བཞི་ལ་རྟེན་གྱི་ཐིག་ལེ་ཞེས་བརྗོད་དེ། གཙོ་བᨖར་སྣོད་ཀྱི་འཇིག་རྟེན་སྤྱི་དང་བྱེ་བྲག་མ་དག་པའི་སྣང་ཞེན་སྦྱངས་ནས་དག་པ་རབ་འབྱམས་སུ་སྒྱུར་བར་བྱེད་པའི་ཕྱིར་རོ། །དེའི་ཐུགས་ཀར་ལྔ་པ་ཡུམ་ཤེར་ཕྱིན་མའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཨ་སེར་པᨖ་ལས་ཡུམ་ཤེར་ཕྱིན་མ་སྐུ་མདᨖག་སེར་མᨖ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པᨖ་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་དང་པᨖ་མཉམ་བཞག་མཛད་པ། གཡས་འོག་མས་རྡོ་རྗེ་དང༌། གཡོན་འོག་མས་གླེགས་བམ་འཛᨑན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ། དེའི་ཐུགས་ཀར་དྲུག་པ་ཐུབ་པའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མཱུཾ་སེར་པᨖ་ལས་ཐུབ་པ་བདུད་འདུལ་སྤྲུལ་སྐུའི་ཆ་ལུགས་ཅན། གཡས་ས་གནོན་དང་གཡོན་
མཉམ་བཞག་མཛད་པ། དེའི་ཐུགས་ཀར་བདུན་པ་སྤྱན་རས་གཟིགས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿ དཀར་པᨖ་ལ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། དང་པᨖ་གཉིས་ཐུགས་ཀར་ཐལ་མᨖ་སྦྱར་བ། ལྷག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛᨑན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། འཁᨖར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། དེའི་ཐུགས་ཀར་བརྒྱད་པ་རྗེ་བཙུན་སྒྲོལ་མའི་ཐིག་ལེ། གཞལ་ཡས་ཁང་གི་ནང་པད་ཟླའི་སྟེང་ན་ཏཱཾ་ལྗང་གུ་ལས་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ཨུཏྤལ་མཐེབ་སྲིན་གྱིས་ཐུགས་ཀར་འཛᨑན་པ། འཁᨖར་ཞི་བའི་ལྷ་མᨖ་དཔག་ཏུ་མེད་པས་བསྐོར་བ། དེའི་ཐུགས་ཀར་དགུ་པ་སྒྲོལ་མ་དྲག་མᨖའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་ན་ཏཱཾ་ལྗང་ནག་ལས་སྒྲོལ་མ་དྲག་མᨖ་ལྗང་ནག་ཞལ་གཅིག་ཕྱག་བཞི་མ། དང་པᨖ་གཉིས་གྲི་ཐོད། འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག་འཛᨑན་པ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསᨖལ་ཞིང་གཡོན་བརྐྱང་གིས་བཞུགས་པ། འཁᨖར་དུ་ལྷ་མᨖ་དྲག་མᨖའི་ཚོགས་དཔག་ཏུ་མེད་པས་བསྐོར་བ༑ དེའི་ཐུགས་ཀར་བཅུ་པ་མི་གཡོ་བའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་ན་ཧཱུྃ་མཐིང་ནག་ལས་མི་གཡོ་བ་སྔོན་པᨖ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཞིང་གཏུམ་པ། གཡས་རལ་གྲི་དང་གཡོན་ཞགས་པ་
འཛᨑན་པ། སྦྲུལ་དང་རིན་པᨖ་ཆེས་བརྒྱན་ཅིང་གླང་ལྤགས་དང་སྟག་ཤམ་གསᨖལ་བ། གཡས་བརྐྱང་གིས་ཚོགས་ཀྱི་བདག་པᨖའི་གདན་ལ་མེ་དཔུང་གི་དབུས་ན་ཁྲོ་བᨖའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པ། འདི་དྲུག་ལ་བརྟེན་པ་ཡི་དམ་ལྷའི་ཐིག་ལེ་ཞེས་བརྗོད་དོ། །གཙོ་བᨖར་རང་རང་གི་ལུས་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་ཡི་དམ་གྱི་ལྷའི་སྐུར་བསྒོམ་པ་སྟེ་ཟབ་གསལ་གཉིས་མེད་ཀྱི་ལྷའི་རྣལ་འབྱོར་རྩལ་དུ་བཏོན་པ་དང༌། སྔོན་འབྲོམ་ཆོས་ཀྱི་རྒྱལ་པᨖས་ཇོ་བᨖའི་སྤྱན་སྔར་སངས་རྒྱས་བྱང་སེམས་ཐམས་ཅད་ལྷ་བཞིར་བསྡུས་ནས་གདམས་པ་ལྟར། བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་རྣམ་ཐར་བསྐྱང་བར་འདᨖད་པ་རྣམས་ཀྱིས་གཙོ་བᨖར་ཉམས་སུ་བླང་དགོས་པའི་ཕྱིར་རོ༑ ༑དེའི་ཐུགས་ཀར་བཅུ་གཅིག་པ་ཇོ་བᨖའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུྃ་དཀར་པᨖ་ལས་མགོན་པᨖ་ཨ་ཏི་ཤ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། རྡོ་རྗེ་དང་དྲིལ་བུ་འཛᨑན་པ། སྐྱིལ་ཀྲུང་གིས་བཞུགས་པ། དེའི་མདུན་དུ་ཐུབ་པ་ལོངས་སྤྱོད་ཆ་ལུགས་ཅན། གཡས་སུ་སྤྱན་རས་གཟིགས། གཡོན་དུ་སྒྲོལ་མ། རྒྱབ་ཏུ་མི་གཡོ་བ། ཤར་ལྷོར་ཇོ་བᨖ་པཎྜི་ཏའི་ཆ་བྱད་ཅན། ལྷོ་ནུབ་ཏུ་འབྲོམ་དགེ་བསྙེན་གྱི་ཆ་བྱད་ཅན། ནུབ་ཏུ་རྔོག་དང་བྱང་ཤར་དུ་ཁུ་སྟོན་གཉིས་བᨖད་སྟོན་རབ་བྱུང་གི་ཆ་བྱད་ཅན། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་བཅུ་གཉིས་པ་འབྲོམ་གྱི་ཐིག་ལེ། གཞལ་ཡས་ཁང་གི་
ནང་དུ་པད་ཟླའི་སྟེང་ན་ཧྲཱིཿ དམར་པᨖ་ལས་འབྲོམ་ཆོས་ཀྱི་རྒྱལ་པᨖ་ལོངས་སྐུའི་གར་ཆས་སུ་བཞུགས་པ། དགུང་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། གཡས་པད་དཀར་དང་གཡོན་དྲིལ་བུ་འཛᨑན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་མདུན་དུ་ཕྱི་ལྟར་ན་རང་དང་ཆ་ལུགས་མཚུངས་པའི་ཁྱེའུ་དཀར་པᨖ་བཞི། གཡས་སུ་སེར་པᨖ་བཞི། གཡོན་དུ་ལྗང་གུ་བཞི། རྒྱབ་ཏུ་དམར་པᨖ་བཞི། ནང་ལྟར་ན་སྐུ་མཆེད་གསུམ་སᨖགས། གསང་བ་ལྟར་ན་རིགས་ལྔའི་ངོ་བᨖ། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མ་རྣམས་དང༌། གསང་བ་ཡེ་ཤེས་སᨖགས་མཁའ་འགྲᨖའི་ཚོགས་དུ་མ་རྣམས་ཨུ་རྒྱན་གྱི་ཡུལ་དུ་མཛད་པ་ཇི་ལྟ་བ་བཞིན་གར་སྟབས་སྣ་ཚོགས་སུ་བསྒྱུར་བ༑ དེའི་ཐུགས་ཀར་བཅུ་གསུམ་པ་བྱམས་པའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མ་སེར་པᨖ་ལས་རྒྱལ་བ་བྱམས་པ་དགེ་སློང་རྣམ་སྦྱར་ཆོས་གོས་གྱོན་པ། མཚན་དཔེ་དང་ལྡན་པ། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་གཡོན་ན་ནམ་མཁའ་དྲི་མ་མེད་པ་དང་བཙུན་པ་སྤྱན་རས་གཟིགས་གཉིས་དགེ་སློང་གི་ཆ་བྱད་ཅན་བཞེངས་ཏེ་བཞུགས་པ། སྟེང་གི་ཆ་ལ་འཕགས་པ་ཐོགས་མེད་སᨖགས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་བཅུ་བཞི་པ་འཇམ་དབྱངས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་དྷཱིཿ དམར་སེར་ལས་རྗེ་བཙུན་འཇམ་དཔལ་དབྱངས་རབ་བྱུང་སྤྲུལ་སྐུའི་
ཆ་ལུགས་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་ཇོ་བᨖ་དང་སྤྱན་རས་གཟིགས་རབ་བྱུང་གི་རྣམ་པ་ཅན། སྟེང་གི་ཆ་ལ་མགོན་པᨖ་ཀླུ་སྒྲུབ་སᨖགས་ཟབ་མᨖ་ལྟ་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་བཅོ་ལྔ་པ་རྡོ་རྗེ་འཆང་གི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་སེང་གེས་བཏེགས་པའི་རིན་པᨖ་ཆེའི་ཁྲིའི་སྟེང་དུ་པདྨ་ཉི་མ་ཟླ་བའི་གདན་ལ་ཧཱུྃ་མཐིང་ག་ལས་རྒྱལ་བ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་སྐུ་མདᨖག་སྔོན་པᨖ། རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛᨑན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་མཆོག་ཟུང་ལོངས་སྐུའི་ཆ་ལུགས་ཅན་གྱིས་བཞེངས་པ། སྟེང་གི་ཆ་ལ་ཏེ་ལོ་ནཱ་རོ་སᨖགས་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མའི་ཚོགས་རྣམས་བཞུགས་པ། འདི་རྣམས་ལ་རྩ་བརྒྱུད་ཀྱི་བླ་མའི་ཐིག་ལེ་ཞེས་བརྗོད་དོ། །གསང་སྔགས་བླ་མེད་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་མྱུར་བ་མྱུར་བར་རྒྱུད་ལ་སྐྱེད་པའི་ཕྱིར་བླ་མའི་རྣལ་འབྱོར་ལ་རྩལ་དུ་བཏོན་པ་ཡིན་པའི་ཕྱིར་རོ། །དེ་ཡན་ཆད་ནི་གཟུགས་སྐུའི་ལག་རྗེས་འཇོག་བྱེད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁᨖར་བསྒོམ་པའོ། །གཉིས་པ་རྫོགས་རིམ་ནི། རྡོ་རྗེ་འཆང་དེའི་ཐུགས་ཀར་བཅུ་དྲུག་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུྃ་ ཧཱུྃ་སེར་པᨖ་ལས་གསེར་མདᨖག་ཏུ་བསྒོམ་པའང་ཡོད།
སྔོན་པᨖ་ལས་སངས་རྒྱས་ཆོས་ཀྱི་སྐུ་མཐིང་སྐྱ་མཉམ་བཞག་དང་སྐྱིལ་ཀྲུང་ཅན་ཆོས་ཀྱི་དབྱིངས་ལས་མི་གཡོ་བཞིན་དུ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་སྣ་ཚོགས་སུ་སྟོན་པ། དེའི་སྙིང་དཀྱིལ་དུ་ཤིན་ཏུ་ཕྲ་བའི་རླུང་གི་ངོ་བᨖ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དྭངས་ཡུངས་འབྲུ་ཙམ་པ། དེ་རྒྱ་ཇེ་ཆེར་སᨖང་ནས་ནོར་བུ་རིན་པᨖ་ཆེའི་སྣོད་རྒྱ་ཆེ་ཞིང་དཔངས་མཐོ་ལ་འོད་འཚེར་བ། དེའི་ནང་དུ་རང་སེམས་ཐིག་ལེ་སེར་པᨖ་སྲན་མ་ཙམ་པ་དྭངས་ཤིང་འོད་འཚེར་བ་མེར་མེར་གཡོ་ཞིང་འཇུ་བ་ལྟ་བུ། དེ་རྒྱ་ཇེ་ཆེར་སᨖང་བས་ཐིག་ལེའི་རྒྱ་མཚོ་གསེར་བཙོ་མའི་མདᨖག་ལྟར་དྭངས་ཤིང་ཁᨖད་སྙོམས་པ། གཞི་བརྟན་པ། རྒྱ་ཆེ་བ། ཁྱབ་ཆེ་བ། གཟུགས་བརྙན་ཐམས་ཅད་འཆར་བ་ཞིག་ཏུ་གྱུར་པར་བསམས་ལ་སེམས་ཞུགས་པ་བཞིན་གཏད་ནས་རྩེ་གཅིག་ཏུ་མཉམ་པར་བཞག་པས་རླུང་སེམས་འཇུག་པ་གཅིག་པས། སེམས་སྙིང་དབུས་ཀྱི་དྷཱུ་ཏིར་ཟིན་པ་ན། རླུང་ཡང་དེ་ཉིད་དུ་ཟིན་ཏེ། རླུང་དབུ་མར་ཞུགས་པའི་རྟགས་སུ་སྣ་བུག་ནས་མཉམ་རྒྱུ་ཁᨖ་ནར་འབབས། གནས་པའི་རྟགས་སུ་རྣལ་འབྱོར་ལ་མཉམ་པར་བཞག་པའི་སྐབས་སུ་ལྟོ་བ་མི་འགུལ། ཐིམ་པའི་རྟགས་སུ་འོད་གསལ་དུ་བ་ལ་སོགས་པའི་སྣང་བ་ཤར་བ་སྟེ་དེ་ལྟ་བུའི་ཞུགས་གནས་ཐིམ་གསུམ་གྱི་རྩལ་རྫོགས་ཏེ་ཡུལ་བདེ་བ་ཆེན་པᨖ་དང༌། ཡུལ་ཅན་སྟོང་པ་ཉིད་ཟུང་འཇུག་ཏུ་གྲུབ་པས་ན་རྫོགས་རིམ་དུ་འགྲᨖ་བ་ཡིན་ནོ། །དེ་ལྟར་ཐིག་ལེ་བཅུ་དྲུག་པᨖ་
དེ་རེ་རེ་ལའང༌། རྒྱས་པར་ན་རྗེས་དྲན་ལྔ་ཚང་བར་བསྒོམས་ཏེ་རྩ་བརྒྱུད་བླ་མ་རྣམས་ལ་གསᨖལ་བ་གདབ་པ་དང༌། ཆོས་སྐུའི་ལག་རྗེས་འཇོག་བྱེད་སྟོང་པའི་རྣལ་འབྱོར་བསྒོམ་པ་དང༌། དེའི་ངང་ལས་ལྷ་བསྒོམ་པ་དང༌། དཀྱིལ་འཁᨖར་རྟེན་དང་བརྟེན་པར་བཅས་པ་ལ་གསལ་སྣང་ཐོན་ནས། རང་གི་སེམས་ཀྱི་ཆ་ཤས་ཤིག་གིས་འགྲᨖ་ཀུན་ཕ་མར་རྗེས་སུ་དྲན་པ་སེམས་ཅན་ཐམས་ཅད་དཀྱིལ་འཁᨖར་གྱི་ནང་དུ་ཁྲིད་དེ་དཀྱིལ་འཁᨖར་གྱི་གཙོ་བᨖ་ལ་ཐུན་མᨖང་མ་ཡིན་པའི་ཡན་ལག་བདུན་པ་ཕུལ་བ་དང༌། ཕྱག་དང་བསྐོར་བ་མང་དུ་བྱས་ནས་གཟུངས་སྔགས་བཟླས་པས་སླར་ཡང་ནང་མ་ནང་མར་འཇུག་པ་དང༌། ངག་སྔགས་སུ་རྗེས་དྲན་གྱིས་སᨖ་སᨖའི་སྙིང་པᨖ་དམིགས་པའི་གནད་དང་བཅས་པས་བཟླ་བ་རྣམས་བྱ་ཞིང༌། མདᨖར་བསྡུ་ན། སྐབས་འདིར་གནས་གསུམ་བྱིན་རླབས་མན་ལྷན་ཅིག་ཏུ་བྱ་བ་ནི། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བᨖར་ༀ་དཀར་པᨖ། མགྲིན་པར་ཨཱཿ དམར་པᨖ༑ ཐུགས་ཀར་ཧཱུྃ་སྔོན་པᨖ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿ ཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། པདྨ་ཀ་མ་ལཱ་ཡ་སྟྭཾ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསᨖལ།
ཞེས་གསᨖལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། ལུས་གང༌། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་རང་རང་གི་ས་བᨖན་གྱིས་དབུར་
བརྒྱན་པར་མᨖས་པ་སྟེ་ཡན་ལག་བཞི་རྫོགས་ཀྱི་ཚུལ་དུ་གསལ་བཏབ་ནས། རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་མཆོད་པའི་ལྷ་མᨖ་དཔག་ཏུ་མེད་པ་སྤྲོས་ཏེ། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སྐྱེ་གནས་འཇིག་པས་མ་གོས་པའི། །དྲི་མེད་མཆོད་ཚོགས་འབུལ་ལོ་ལྷ། །སྒོ་གསུམ་སྐྱེ་གནས་འཇིག་བྲལ་བའི། །ཉེས་པའི་གཡང་ས་མཐོལ་ལོ་བཤགས། །སྟོང་ཡང་སྣ་ཚོགས་སྐུར་སྟོན་པའི། །གྲངས་མེད་འདྲེན་ལ་རྗེས་ཡི་རང༌། །སྨོན་དང་མཚན་མས་སྟོང་པ་ཡི། །འཁᨖར་ལོ་དབྱིངས་སུ་བསྐོར་དུ་གསᨖལ། །སྐྱེ་བས་སྟོང་པའི་ཆོས་སྐུ་ཁྱེད། །ལྷུན་གྲུབ་གནས་པའི་རང་བཞིན་ལས། །གང་དུའང་འདའ་བར་མ་མཛད་ཅིག །དགེ་བ་འདི་ཡིས་འཁᨖར་བ་རྣམས། །འདི་འདྲར་རྟོགས་ཏེ་འདི་འདྲ་བའི། །གཞལ་ཡས་ཁང་དུ་འདྲོངས་གྱུར་ཏེ། །གསང་སྔགས་འདི་བཞིན་སྤྱོད་པར་བསྔོ། །གནས་སྐབ་ཀྲི་ཡའི་ལྷ་ལྔ་བཞིན། །པད་དཀར་སྟོང་ལྡན་ལྟེ་བ་ལ། །ཟླ་བ་ཞུན་མའི་གདན་སྟེང་དུ། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །བསྐྱེད་རྫོགས་མཆོག་ཏུ་བསྔགས་པར་ཤོག །གློ་བུར་འདི་ཡང་ཆོས་དབྱིངས་ལས། །ཐ་དད་ཅི་ཡང་ཡོད་མ་མཆིས། །ཐ་དད་མེད་པར་ཕུན་ཚོགས་པའི། །བཀྲ་ཤིས་
ཕུན་སུམ་ཚོགས་པར་ཤོག །གཙང་མ་རིགས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་གསུམ་གཙང་མ་ལས། །གཡོས་པ་མེད་པའི་བཀྲ་ཤིས་ཤོག །ཅེས་ཡན་ལག་བདུན་པ་དང༌། རྒྱས་པར་ཚᨑགས་བཅད་སྦྲགས་པའམ། བསྡུ་ན།  
ༀ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་སྦྱར་བའི་ཆུ་གཉིས་སྔོན་འགྲᨖའི་ཉེར་སྤྱོད་ཀྱིས་མཆོད། སྤྲོ་ན་འདᨖད་ཡོན་ལྔ་དང༌། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས་སᨖགས་ཀྱང་སྤྱི་ལྟར་ཕུལ། མ་དག་ཞིང་གི་འཇིག་རྟེན་ཇི་སྙེད་པ། །དག་པ་རབ་འབྱམས་ལྷ་ཡི་གཞལ་ཡས་སུ། །མངོན་པར་ལེགས་སྒྱུར་བཅོམ་ལྡན་ཐུབ་པ་ཆེ། །རྗེ་བཙུན་ཕྱག་ན་པདྨོའི་ཚོགས་ལ་བསྟོད། །སྡེ་སྣོད་གསུམ་གྱི་ཡུམ་ཆེན་ཤེར་ཕྱིན་མ། །སངས་རྒྱས་ཞི་དང་ཁྲོ་བᨖ་མཁའ་འགྲᨖའི་ཚོགས། །ཀུན་འདུས་བཀའ་གདམས་ལྷག་པའི་ལྷ་མཆོག་བཞི། །སྐྱབས་མཆོག་ཡི་དམ་ཆོས་སྐྱོང་རྣམས་ལ་བསྟོད། །རྒྱ་ཆེན་སྤྱོད་དང་ཟབ་མᨖ་ལྟ་བའི་ལམ། །ཉམས་ལེན་སྙན་བརྒྱུད་གདམས་པ་མཆོག་གི་གཏེར། །རྒྱུན་ཆད་མེད་པར་འཛᨑན་ཅིང་སྤེལ་མཁས་པ། །ལྷ་ཆོས་བདུན་ལྡན་བརྒྱུད་པ་རྣམས་ལ་བསྟོད། །གདᨖད་ནས་རྣམ་དག་སྣང་སྟོང་དག་པའི་གཤིས། །བཞིན་ལག་མཚན་དཔེའི་འཇའ་ཚོན་རྣམ་བཀྲ་བ། །འགྱུར་མེད་ཆོས་སྐུ་གསལ་སྟོང་རླུང་སེམས་ཟུང༌། །ཆེས་ཕྲ་ཐིག་ལེའི་རྣམ་པར་ཤར་ལ་བསྟོད། །ལྷ་ཆོས་བདུན་གྱི་ཉིང་ཁུ་ཐིག་ལེའི་ཆོས། །ཉམས་སུ་བསྟར་བས་ཚེ་འདིར་ཟུང་འཇུག་སྐུ། །མངོན་དུ་བྱས་ཏེ་དᨖན་གཉིས་མ་ལུས་པ། །
འབད་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྡོ་རྗེའི་གླུ་སྙན་འགྱུར་གྱི་ཉམས་དང་ལྡན་པས་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་བསྟོད་པར་བསམ། དེ་ནས་རང་ཉིད་ཐུགས་རྗེ་ཆེན་པᨖ་ཕྱག་གཉིས་པའི་རྣམ་པར་ལོགས་སུ་བྱེ་བས། འགྲᨖ་ཀུན་ཕ་མར་རྗེས་སུ་དྲན་པས་སྙིང་རྗེ་ཆེན་པᨖས་བལྟས་ཏེ། རང་ཉིད་ཀྱིས་སྣ་དྲངས་སེམས་ཅན་ཐམས་ཅད་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁᨖར་དུ་ཞུགས། ཐུགས་རྗེ་ཆེན་པᨖ་རྒྱལ་བ་རྒྱ་མཚོ་ལ་ཕྱག་དང་བསྐོར་བ་བྱས་ཏེ་གསᨖལ་བ་བཏབ། ཁྱད་པར་དུ་རང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་འགྲᨖ་བ་མགོན་དང་སྐྱབས་མེད་པ་རྣམས་ཀྱི་ཕན་པ་དང་བདེ་བ་གང་ལ་གང་འཚམས་ཀྱི་ཉེར་འཚོའི་རྟེན་དུ་འགྱུར་བའི་ཕྱིར་ཕོངས་པ་མེད་པར་ལྷ་ཚོགས་རྣམས་ལ་ཀུན་ཏུ་བཟང་པᨖའི་མཆོད་སྤྲིན་ཆེན་པᨖར་ཕུལ་བས་ཟག་མེད་ཀྱི་བདེ་བས་དགྱེས། གནས་གསུམ་གྱི་ཡི་གེ་གསུམ་དང་ཁྱད་པར་ཐུགས་ཀའི་ས་བᨖན་དང་སྔགས་ཕྲེང་ལས་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་པ་བྱུང༌། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས། ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱང་༑ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ་མᨖ། །ལྔ་པ་ངག་སྔགས་སུ་རྗེས་སུ་དྲན་པ་ལ་གཉིས་ཏེ། རིམ་པ་དང་པᨖའི་ལྷའི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བའི་བཟླས་བརྗོད་ཇི་ལྟར་བྱ་བ་དང༌། རིམ་པ་གཉིས་པའི་རྣལ་འབྱོར་དང་ལྡན་པས་རླུང་སྔགས་དབྱེར་མེད་དུ་བྱས་ཏེ་རྡོ་རྗེའི་བཟླས་པ་ལ་སློབ་ཚུལ་ལོ། །དང་པᨖ་ནི། ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་རྣམས་ཀྱི་གཙོ་བᨖའི་
ཐུགས་ཀར་སᨖ་སᨖའི་ས་བᨖན་གྱི་མཐར་སྔགས་ཀྱི་ཕྲེང་བ་བཀོད་ལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། གསང་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱང་། ཐམས་ཅད་དག་པའི་ཞིང་གི་རྣམ་རོལ་དུ་གྱུར་པ་བསམས་ལ། ཐིག་ལེ་དང་པᨖ་ལ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ། དེ་བཞིན་དུ་གཉིས་པ་ལ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། གསུམ་བཞི་གཉིས་ལ་ཡིག་དྲུག་དང༌། ལྔ་པ་ལ། ཏདྱ་ཐཱ། ༀ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བᨖ་དྷི་སྭཱ་ཧཱ། དྲུག་པ་ལ་མུ་ནི། བདུན་པ་ལ་ཡིག་དྲུག །བརྒྱད་པ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དགུ་པར། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། བཅུ་པ་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བཅུ་གཅིག་པ་ལ། བཀའ་གདམས་ལྷ་བཞིའི་སྔགས་སམ། ཡང་ན། ༀ་མ་ཧཱ་གུ་རུ་དྷཱི་པཾ་ཀ་ར་ཨ་ཏི་ཤ་སྭཱ་ཧཱ། བཅུ་གཉིས་པ་ལ་ཡིག་དྲུག །བཅུ་གསུམ་པ་ལ། ༀ་མཻ་ཏྲི་མཻ་ཏྲི་མ་ཧཱ་མཻ་ཏྲི་ཡེ་སྭཱ་ཧཱ་དང༌། ༀ་མཻ་ཏྲི་ཡེ་སྭཱ་ཧཱ་གང་རུང༌། བཅུ་བཞི་པ་ལ། ༀ་ཝཱ་གཱི་
ཤྭ་རི་མཱུཾ། བཅོ་ལྔ་པ་ལ། ༀ་བཛྲ་དྷྲ?ཀ་ཧཱུྃ་ཧཱུྃ། བཅུ་དྲུག་པ་ལ། ༀ་དྷརྨ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་དང༌། ༀ་ཨཱཿ ཧཱུྃ། ཞེས་སᨖ་སᨖར་བརྒྱ་སྟོང་སᨖགས་ཅི་ནུས་སུ་བཟླ། ཡང་ན། དེ་ཐམས་ཅད་ལ་ཡིག་དྲུག་ཁᨖ་ན་བཟླ་ཞིང༌།
གཙོ་བᨖར་ཡིག་དྲུག་ལ་རྩལ་དུ་འདᨖན། དེའི་ཚེ་དམིགས་པ་ནི། རང་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པᨖའི་སྐུའི་བ་སྤུའི་ཁུང་བུ་རེ་རེ་ཡང་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དང༌། དེ་རེ་རེ་ཡང་རྒྱལ་བ་སྲས་བཅས་བསམ་གྱིས་མི་ཁྱབ་པ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་བཞུགས་པ་ཐམས་ཅད་ཀྱི་ཞལ་ནས་ཀྱང་ཡི་གེ་དྲུག་པའི་སྒྲ་འུར་དིར་རེ་གསུངས་པ་དང༌། དེར་མ་ཟད་ཞིང་ཁམས་དེ་དང་དེར་གནས་པའི་ས་ཆུ་མེ་རླུང་སྟེ་རྟེན་འབྱུང་བ་བཞིའི་སྒྲ་དང༌། བརྟེན་པ་སེམས་ཅན་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པᨖའི་རྣམ་རོལ་ཏུ་ཤར་བས་ཡི་གེ་དྲུག་པའི་སྒྲ་འུར་འུར་སྒྲོགས་པར་བསམ་ལ། ཅི་སྣང་ལྷ་སྐུ། སྒྲར་གྲགས་ཡི་གེ་དྲུག་པ། དྲན་རྟོག་ཐུགས་རྗེ་ཆེན་པᨖའི་ཐུགས་སྟོང་ཉིད་སྙིང་རྗེའི་སྙིང་པᨖ་ཅན་དུ་བལྟ་བའི་ལམ་ཁྱེར་ཟབ་མᨖ་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་བ་ནི་བསᨖད་ནམས་ཀྱི་ཕུང་པᨖ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དེའི་རྒྱུ་མཚན་ཞིབ་པར་ཟ་མ་ཏོག་བཀོད་པའི་མདᨖ་སྡེ་སᨖགས་ལས་ཤེས་པར་བྱའོ། །གཉིས་པ་ནི། ལུས་གནད་བསྲངས་ཏེ་རླུང་རོ་བསལ་ལ་ཅུང་ཟད་ངལ་བསᨖ། དེ་ནས་སྣ་བུག་གཉིས་ནས་རླུང་ནང་དུ་འཇུག་པ་ༀ་གྱི་གདངས་དང༌། སྙིང་གའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་གནས་པ་ཨཱཿ འི་གདངས་དང༌། དེ་ལས་ཕྱིར་ལྡང་བ་ཧཱུྃ་གི་གདངས་དང་ངོ་བᨖ་དབྱེར་མེད་དུ་སྦྱོར་བའི་རྡོ་རྗེའི་བཟླས་པ་ལ་འབད་དᨖ། །སྤྱིར་འདིའི་རྫོགས་རིམ་ཉིད་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་རྫོགས་རིམ་ཐིག་ལེ་བཞི་རིམ་དང་མཐུན་ཞིང༌། ཁྱད་པར་མཐར་ཐུག་ལྷན་སྐྱེས་ཀྱི་དགའ་བའི་དབང་དུ་བྱས་ཏེ་སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་ཚུལ་དང༌། འདིའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཉིས་དᨖན་གཅིག་ཏུ་འབབ་པའི་ཕྱིར། ཚུལ་འདི་ལ་ཡེ་ཤེས་ཞབས་ལུགས་ཀྱི་གཞུང་ཆེན་པᨖ་རྣམས་དང༌། མན་ངག་གི་ཡི་གེ་རྣམས་ལེགས་པར་རྟོགས་པར་བྱས་ཏེ་ཕན་ཚུན་ལྟོ་སྦྱར་ནས་ངེས་ཤེས་བསྐྱེད་པར་བྱའོ་ཞེས་བླ་མ་ཕྱི་མ་རྣམས་གསུང་ངོ༌། །གསུམ་པ་རྗེས་ནི། ཐུན་དེ་ལས་ལྡང་བར་བརྩམ་པ་ན། ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ་བས་ཏིང་ངེ་འཛᨑན་གྱི་ལྷག་ཆད་ཁ་བསྐང་བ་དང༌། བརྟན་ཅིང་ནུས་པ་གོང་འཕེལ་དུ་བྱས་ནས། སྔར་ལྟར་མཆོད་ཅིང་བསྟོད། རང་ཉིད་གཙོ་
བᨖའི་ཐུགས་ཀའི་ཐིག་ལེ་སེར་པᨖ་ཡུངས་འབྲུ་ཙམ་དྭངས་ཤིང་གསལ་བ་དེ་ལས་འོད་ཟེར་འཕྲོས་པ་སྣོད་བཅུད་ཐམས་ཅད་ལན་ཚྭ་ཆུར་བཅུག་པ་བཞིན་འོད་དཀར་པᨖ་བདེ་བ་ཆེན་པᨖའི་ངོ་བᨖར་མེར་གྱིས་ཞུ་ནས་ཕྱི་བཀོད་པ་བསམ་
གྱིས་མི་ཁྱབ་པའི་ལྷའི་གཞལ་ཡས་ཁང་ལ་ཐིམ་ཞིང༌། ཐིག་ལེ་བཅོ་ལྔ་པའི་བར་གྱི་གཞལ་ཡས་ཁང་དེ་རྣམས་ཀྱང་རང་རང་གི་ཁ་དᨖག་གི་ཐིག་ལེར་གྱུར་ནས་ཕྱི་མ་ཕྱི་མ། ནང་མ་ནང་མ་ལ་ཐིམ་པའི་མཐར། ཐིག་ལེ་སེར་པᨖ་སྲན་མ་ཙམ་པ་ཞིག་ཏུ་གྱུར། དེ་ཉིད་སངས་རྒྱས་ཆོས་ཀྱི་སྐུའི་སྤྱི་བᨖའི་ༀ་ལ་ཐིམ། དེ་ཨཱཿ ལ། དེ་ཧཱུྃ་ལ། དེ་ཡང་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ཐིག་ལེ་ལ་ཐིམ་ནས་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་གྱུར་པར་
བསམས་ལ་ཅི་གནས་སུ་མཉམ་པར་བཞག །དེའི་ངང་ལས་སྐད་ཅིག་གིས་རང་ཉིད་ཐུགས་རྗེ་ཆེན་པᨖ་ཞལ་གཅིག་ཕྱག་གཉིས་པའི་སྐུ་འཇའ་ཚོན་ལྟར་ལམ་གྱིས་ཤར་བའི་གནས་གསུམ་དུ་ༀ་ཨཱཿ ཧཱུྃ་གིས་མཚན་པར་མᨖས་ལ། བརྒྱུད་པ་གསུམ་ལྡན་བླ་མ་ཐམས་ཅད་དང༌། །ཡི་དམ་ཐུགས་རྗེ་ཆེན་པᨖའི་ལྷ་ཚོགས་དང༌། །ཇོ་བᨖ་ཡབ་སྲས་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་གི་སྨོན་པའི་གནས་འདི་འགྲུབ་པར་མཛོད། །འདིས་མཚོན་དུས་གསུམ་དགེ་ཚོགས་བསྡོམས་པའི་མཐུས། །བདག་དང་མཁའ་མཉམ་འགྲᨖ་བ་མ་ལུས་པ། །བརྒྱུད་པ་གསུམ་ལྡན་བླ་མ་དམ་པ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་སྟེ། །བཀའ་གདམས་རྣམ་ཐར་གཙང་མ་མཐར་ཕྱིན་ཤོག །སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཀུན། །བསྡུས་ཏེ་ཉམས་སུ་བླངས་པས་རྒྱུད་སྦྱངས་ནས། །གསང་ཆེན་སྒོར་ཞུགས་དམ་ཚᨑག་ཚུལ་བཞིན་བསྲུང༌། །ཟུང་འཇུག་སྙིང་གི་ཐིག་ལེ་འགྲུབ་པར་ཤོག ༑ལྷ་བཞིས་ལུས་དང་སྡེ་སྣོད་གསུམ་གྱིས་ངག །བསླབ་པ་གསུམ་གྱིས་སེམས་བརྒྱན་རྗེས་དྲན་ལྔའི། །ཉམས་ལེན་མཐར་ཕྱིན་འགྲᨖ་ཀུན་སྒྲོལ་བ་ལ། །རྒྱལ་བ་རྒྱ་མཚོ་ཉིད་དང་མཚུངས་པར་ཤོག །གསང་ཆེན་སྙིང་
གི་ཐིག་ལེའི་གདམས་པ་མཆོག །དབེན་པའི་གནས་སུ་ཉམས་སུ་ལེན་པ་ལ། །ཇོ་བᨖའི་བཀའ་སྲུང་དགུ་བཅུ་རྩ་གཉིས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲᨖགས་བྱེད་ཤོག །ཅེས་བསྔོ་སྨོན་དང༌། ལེགས་ཚོགས་ཀུན་གྱི་འབྱུང་གནས་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྐུ་གསུམ་མངོན་དུ་གྱུར་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་དུ་དགེ་བ་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །བསླབ་གསུམ་རྣམ་པར་དག་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །བདག་གཞན་མཉམ་བརྗེ་རིན་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །ཐབས་ཤེས་ཟུང་འཇུག་རིམ་གཉིས་རྣལ་འབྱོར་ཟབ་མᨖའི་བཀྲ་ཤིས་ཤོག །ཕན་བདེའི་གཞིར་གྱུར་ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །འགྲᨖ་ཀུན་ཐེག་མཆོག་ཆོས་ཀྱི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་སྤྱོད་ལམ་ལ་འཇུག་པར་བྱའོ། །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་བཀའ་གདམས་གླེགས་བམ་རིན་པᨖ་ཆེའི་དᨖན་གྱི་སྙིང་པᨖ་མདᨖར་བསྡུས་ཏེ་རྗེས་དྲན་ལྔའི་ཚུལ་གྱིས་ཉམས་སུ་ལེན་ཚུལ་གྱི་ཁྲིད་འཇམ་དབྱངས་ཀུན་དགའ་གྲᨖལ་མཆོག་གི་ཁྲིད་བརྒྱ་སᨖགས་ལས་ཀྱང་མདᨖ་ཙམ་འབྱུང་བ་དང༌། ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་དང་ཞལ་ལུང་ལས་ཇི་ལྟར་ཐོས་པ་བཞིན་ངག་འདᨖན་དང་དམིགས་རིམ་ཕྱོགས་གཅིག་ཏུ་བཀོད་པ་ཡིན་ནོ། །གཉིས་པ་ནི། དེ་ལས་ཀྱང་རྒྱས་པར་སྤྲོ་ན། ཐིག་ལེ་དང་པᨖའི་སྐབས་ལྷའི་གསལ་སྣང་དང༌། ཚོགས་བསགས་པའི་དམིགས་པ་ནན་ཏན་དུ་བྱས་ནས། ཐིག་ལེ་གཉིས་པ། གསུམ་པ། བཞི་པ་རྣམས་ལ་རིམ་པ་བཞིན་སྐྱེས་བུ་ཆུང་ངུའི་ཁྲིད། འབྲིང་གི་ཁྲིད། ཆེན་པᨖ་ཐེག་པ་ཆེན་པᨖའི་བློ་སྦྱོང་བའི་ཁྲིད་རྣམས་བསྒོམ། ལྔ་པ་ལ་ཤེར་ཕྱིན་གྱི་ཐུགས་ཀའི་འོད་ཟེར་གྱི་འཕྲོ་འདུས་བདུད་སྡེའི་དཔུང་ཚོགས་རྣམས་བཅོམ་ནས་ཞི་བར་བསམ་མᨖ། །དྲུག་པ་བདུན་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ་བཀའ་གདམས་ལྷ་བཞིའི་ཁྲིད་བསྒོམ་ཞིང༌༑ ཁྱད་པར་སྒྲོལ་མ་དྲག་མᨖ་དང་མི་གཡོ་བ་གཉིས་ལ་དགྲ་བགེགས་ཚར་གཅོད་པའི་དམིགས་པ་དང་དྲག་སྔགས་བཟླ། ཐིག་ལེ་བཅུ་གཅིག་པ་འདིར་ནི་བརྒྱུད་པ་གསུམ་ལ་བརྟེན་པའི་བླ་མའི་སྒྲུབ་པ་གཙོ་བᨖར་བྱ། བཅུ་གཉིས་པ་གླེགས་བམ་རིན་པᨖ་ཆེའི་སྐྱེས་རབས་སྤྱི་དང༌། ཁྱད་པར་དཀོན་མཆོག་འབངས་ཀྱི་ཨོ་རྒྱན་གྱི་ཡུལ་དུ་བྱོན་པའི་རྡོ་རྗེའི་གླུ་དང་ཆོས་ཟབ་མᨖ་དཔག་ཏུ་མེད་པའི་སྐོར་གྱི་རྣམ་ཐར་ཡིད་ཡུལ་དུ་ངེས་པར་བྱས་ནས་རང་ཉིད་ཀྱང་བློས་དེར་ཕྱིན་པ་དང་དེ་འདྲ་བ་བྱས་པའི་བསམ་སྒོམ་ནན་ཏན་དུ་བྱ། བཅུ་གསུམ་པ་ལ་ཞི་གནས་གཙོ་བᨖར་བསྒོམ། བཅུ་བཞི་པ་ལ་ཟབ་མᨖ་དབུ་མའི་ལྟ་བ་བསྒོམ། བཅོ་ལྔ་པར་རང་གང་མᨖས་པའི་བླ་མེད་ཀྱི་རྒྱུད་སྡེ་ཞིག་གི་རྫོགས་རིམ་དང་སྦྱར་ན་ལེགས། བཅུ་དྲུག་པ་ནི་སངས་རྒྱས་ཆོས་སྐུའི་ཐིག་ལེ་དེ་ཉིད་གྲངས་མེད་པར་སྤྲོ་ཞིང་སྡུད་པ་སᨖགས་ཀྱི་ངང་ནས་ཐིག་ལེའི་ནང་དུ་སངས་རྒྱས་ཀྱི་ཞིང་རྟེན་དང་བརྟེན་པར་བཅས་པ་
གྲངས་མེད་པར་འཆར་བ་དང༌། དེ་རྣམས་ལ་རང་ཉིད་ཀྱིས་མཇལ་ཞིང་ཆོས་ཉན་པ་སᨖགས་མང་དུ་བསམས་པའི་མཐར་ཐིག་ལེ་དེ་ཉིད་གསལ་སྟོང་དབྱིངས་རིག་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག །ཐུན་བསྡུ་བ་ནི་བཅུ་དྲུག་པᨖ་ཐམས་ཅད་ལ་རིགས་འགྲེའོ། །ཁྲིད་རྒྱུན་ཁྱེར་ཉམས་སུ་ལེན་ན་བཅུ་དྲུག་པᨖ་གཞན་རྣམས་རྒྱས་བསྡུས་སྐབས་སྦྱར་ཆག་མེད་ཙམ་བྱས། རང་གང་མᨖས་པ་ཞིག་དང༌། བཅུ་དྲུག་པ་གཉིས་ལ་ནན་ཏན་དུ་བྱ༑ ཤིན་ཏུ་བསྡུས་པ་བྱེད་ན། ཐིག་ལེ་ཐམས་ཅད་ཀྱི་བསྐྱེད་ཆོག་ཙམ་བྱས་ནས་ཉམས་ལེན་དམིགས་ཕུག་པ་གཅིག་ལ་བྱས་ཀྱང་རུང་ངོ༌། །མདᨖར་ན་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ནས་ཟུང་འཇུག་གི་བར་གྱི་ལམ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་ཚང་ལ་མ་ནོར་བ་འདི་ནི་གདུལ་བྱ་རིན་པᨖ་ཆེ་ལྟ་བུའི་གང་ཟག་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་ཡིན་ནོ། །སྨྲས་པ། མཁས་གྲུབ་གངྒཱའི་ཡབ་གཅིག་ཏི་སེའི་གཟུགས། །མཉམ་མེད་དཱི་པཾ་ཀཱ་ར་ཡབ་སྲས་ཀྱི། །ཟབ་ཆོས་ཐིག་ལེ་བཅུ་དྲུག་སྙིང་པᨖའི་གཏམ། །བདུད་རྩིའི་མཆོད་ཡོན་གཏན་པ་མེད་པ་སྦྲེངས། །དེ་ལས་བྱུང་བའི་དགེ་བ་ནི། །དཔག་བསམ་གསར་པའི་རྗེས་འགྲᨖ་བས། །འགྲᨖ་བ་ཀུན་ལ་གྲུབ་གཉིས་ཀྱི། །དགའ་སྟོན་མཆོག་ཏུ་སྦྱིན་གྱུར་ཅིག །ཅེས་པའང་རྗེ་བླ་མ་བཅུ་ཕྲག་རིག་པའི་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པᨖས་ཆོས་གྲྭ་ཆེན་པᨖ་བཀྲ་ཤིས་
ལྷུན་པᨖ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕུན་ཚོགས་ཁང་གསར་དུ་ཇི་ལྟར་སྩལ་བ་བཞིན། གཞོན་ནུ་མཁྱེན་བརྩེའི་མིང་གིས་ཟིན་བྲིས་སུ་བཏབ་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།    །།
[[Category:Wyckibaat]]

Latest revision as of 16:33, 18 June 2025

Wylie title bka' gdams thig le bcu drug gi zab khrid kyi rim pa snying por dril ba grub gnyis mchog sbyin DNZ-04-NGA-013.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 4, Text 13, Pages 421-449 (Folios 1a1 to 15a1)
Author འའཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Citation 'jam dbyangs mkhyen brtse'i dbang po. Bka' gdams thig le bcu drug gi zab khrid kyi rim pa snying por dril ba grub gnyis mchog sbyin. In Gdams ngag rin po che'i mdzod, Vol. 4: 421-449. Kalimpong: Rigpe Dorje Publications, 2024. DNZ-Shechen-04-NGA-013.pdf
Shechen Publications, 1999
Side notes Recto: thig le zab khrid   Verso: bka' gdams skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

།ཅེས་པའང་རྗེ་བླ་མ་བཅུ་ཕྲག་རིག་པའི་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕུན་ཚོགས་ཁང་གསར་དུ་ཇི་ལྟར་སྩལ་བ་བཞིན། གཞོན་ནུ་མཁྱེན་བརྩེའི་མིང་གིས་ཟིན་བྲིས་སུ་བཏབ་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།

ces pa'ang rje bla ma bcu phrag rig pa'i paN+Di ta dkon mchog bstan pa rab rgyas dpal bzang pos chos grwa chen po bkra shis lhun po dpal gyi sde chen phyogs thams cad las rnam par rgyal ba'i phun tshogs khang gsar du ji ltar stsal ba bzhin/__gzhon nu mkhyen brtse'i ming gis zin bris su btab pa sarba dA ka l+yA NaM b+ha ba tu//

[edit]
༄༅། །བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཟབ་ཁྲིད་ཀྱི་རིམ་པ་སྙིང་པོར་དྲིལ་བ་གྲུབ་གཉིས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ། །