DNZ-01-KA-003: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །མན་ངག་ལྟ་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=gdams ngag rin po che'i mdzod | |||
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད། | |||
|totalvolumes=18 | |||
|author='jam mgon kong sprul | |||
|authortib=འཇམ་མགོན་ཀོང་སྤྲུལ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=01 | |||
|volumeLetter=KA | |||
|textnuminvol=003 | |||
|pdflink=File:DNZ-01-KA-003.pdf | |||
|InitCategories=Damngak Rinpoché Dzö; DNZ-Volume-01-KA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །མན་ངག་ལྟ་བའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། | |||
ལྟ་བ་དང་ཐེག་པ་ལ་སོགས་པའི་ཁྱད་པར་བསྡུས་པའི་བསྐྱུད་བྱང༌། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་དང༌། རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་གྲངས་མེད་པ་མདᨖ་རྣམ་པ་བཞིར་འདུས་ཏེ། ཕྱལ་བ་དང༌། རྒྱང་འཕེན་དང༌། མུར་ཐུག་དང༌། མུ་སྟེགས་པའོ། །དེ་ལ་ཕྱལ་བ་ནི་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་ཡོད་མེད་དུ་མ་རྟོགས་ཏེ། ཀུན་ཏུ་རྨོངས་པའོ། །རྒྱང་འཕེན་ནི་ཚེ་སྔ་ཕྱི་ཡོད་མེད་དུ་མ་རྟོགས་ཤིང༌། ཚེ་གཅིག་ལ་བཙན་ཕྱུག་དང་མཐུ་སྟོབས་སྒྲུབ་པ་སྟེ། འཇིག་རྟེན་གྱི་གསང་ཚᨑག་ལ་བརྟེན་པའོ། །མུར་ཐུག་པ་ནི། ཆོས་ཐམས་ཅད་རྒྱུད་པ་འབྲས་བུ་མེད་པ་སྟེ། ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་གློ་བུར་དུ་སྐྱེས་ལ་མཐའ་ཆད་པར་ལྟ་བའོ། །མུ་སྟེགས་པ་ནི་ཆོས་ཐམས་ཅད་ལ་ཀུན་ཏུ་བརྟགས་པས་བདག་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ། དེ་ལ་ཡང་རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་དང༌། རྒྱུ་འབྲས་ལོག་པར་ལྟ་བ་དང༌། རྒྱུ་ཡོད་པ་ལ་འབྲས་བུ་མེད་པར་ལྟ་བ་དང༌། འདི་དག་ནི་མ་རིག་པའི་ལྟ་བའོ། །འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་རྡོ་རྗེའི་ཐེག་པའོ། །མཚན་ཉིད་ཀྱི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་པ་ལ་སོགས་པས་སྒྲོ་དང་སྐུར་བས་ཀུན་ཏུ་བརྟགས་པས། ཡེ་མེད་པ་ཆད་པའི་ལྟ་བ་དང༌། རྟག་པ་ལ་སོགས་པའི་ཡོད་པར་ལྟ་བ་ནི། ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་དུ་མེད་དེ། ཕུང་པᨖ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་འབྱུང་བ་ཆེན་པᨖ་བཞིའི་རྡུལ་ཕྲ་རབ་དང༌། རྣམ་པར་ཤེས་པ་ནི་དᨖན་དམ་པར་ཡོད་པར་ལྟ་ཞིང༌། འཕགས་པའི་བདེན་པ་བཞི་བསྒོམས་པས་རིམ་གྱིས་འབྲས་བུ་རྣམ་པ་བཞི་འགྲུབ་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་ལ་སོགས་པས་སྒྲོ་དང་སྐུར་པས་ཀུན་ཏུ་བརྟག་པའི་བདག་རྟག་པ་ལ་སོགས་པ་མེད་པར་ལྟ་བ་ཉན་ཐོས་དང་མཐུན། དེ་ལས་ཁྱད་པར་དུ་གཟུགས་ཀྱི་ཕུང་པᨖའི་ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཤིང༌། རང་བྱང་ཆུབ་ཀྱི་འབྲས་བུ་འཐོབ་པའི་དུས་ནའང༌། ཉན་ཐོས་ལྟར་དགེ་བའི་བཤེས་གཉེན་ལ་མི་ལྟོས་པར་སྔོན་གོམས་པའི་ཤུགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ཆོས་ཉིད་ཟབ་མᨖའི་དᨖན་རྟོགས་ནས། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཡིན་ནོ། ༈ །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཀུན་ནས་ཉོན་མᨖངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དᨖན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ཙམ་དུ་སོ་སོའི་མཚན་ཉིད་མ་འདྲེས་པར་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱད་པའི་འབྲས་བུ་ས་བཅུ་རིམ་གྱིས་བགྲོད་པའི་མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་འདᨖད་པ་ཡིན་ནོ། ༈ །རྡོ་རྗེ་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། བྱ་བའི་རྒྱུད་ཀྱི་ཐེག་པ་དང༌། གཉིས་ཀ་རྒྱུད་ཀྱི་ཐེག་པ་དང༌། རྣལ་འབྱོར་གྱི་ཐེག་པའོ། །དེ་ལ་བྱ་བའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དᨖན་དམ་པར་སྐྱེ་འགགས་མེད་པ་ལས། ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུར་སྒོམ་ཞིང་སྐུའི་གཟུགས་བརྙན་དང༌། | ལྟ་བ་དང་ཐེག་པ་ལ་སོགས་པའི་ཁྱད་པར་བསྡུས་པའི་བསྐྱུད་བྱང༌། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་དང༌། རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བ་གྲངས་མེད་པ་མདᨖ་རྣམ་པ་བཞིར་འདུས་ཏེ། ཕྱལ་བ་དང༌། རྒྱང་འཕེན་དང༌། མུར་ཐུག་དང༌། མུ་སྟེགས་པའོ། །དེ་ལ་ཕྱལ་བ་ནི་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་ཡོད་མེད་དུ་མ་རྟོགས་ཏེ། ཀུན་ཏུ་རྨོངས་པའོ། །རྒྱང་འཕེན་ནི་ཚེ་སྔ་ཕྱི་ཡོད་མེད་དུ་མ་རྟོགས་ཤིང༌། ཚེ་གཅིག་ལ་བཙན་ཕྱུག་དང་མཐུ་སྟོབས་སྒྲུབ་པ་སྟེ། འཇིག་རྟེན་གྱི་གསང་ཚᨑག་ལ་བརྟེན་པའོ། །མུར་ཐུག་པ་ནི། ཆོས་ཐམས་ཅད་རྒྱུད་པ་འབྲས་བུ་མེད་པ་སྟེ། ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་གློ་བུར་དུ་སྐྱེས་ལ་མཐའ་ཆད་པར་ལྟ་བའོ། །མུ་སྟེགས་པ་ནི་ཆོས་ཐམས་ཅད་ལ་ཀུན་ཏུ་བརྟགས་པས་བདག་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ། དེ་ལ་ཡང་རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་དང༌། རྒྱུ་འབྲས་ལོག་པར་ལྟ་བ་དང༌། རྒྱུ་ཡོད་པ་ལ་འབྲས་བུ་མེད་པར་ལྟ་བ་དང༌། འདི་དག་ནི་མ་རིག་པའི་ལྟ་བའོ། །འཇིག་རྟེན་ལས་འདས་པའི་ལམ་ལ་ཡང་རྣམ་པ་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་རྡོ་རྗེའི་ཐེག་པའོ། །མཚན་ཉིད་ཀྱི་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། བྱང་ཆུབ་སེམས་དཔའི་ཐེག་པའོ། །དེ་ལ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་པ་ལ་སོགས་པས་སྒྲོ་དང་སྐུར་བས་ཀུན་ཏུ་བརྟགས་པས། ཡེ་མེད་པ་ཆད་པའི་ལྟ་བ་དང༌། རྟག་པ་ལ་སོགས་པའི་ཡོད་པར་ལྟ་བ་ནི། ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་དུ་མེད་དེ། ཕུང་པᨖ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་འབྱུང་བ་ཆེན་པᨖ་བཞིའི་རྡུལ་ཕྲ་རབ་དང༌། རྣམ་པར་ཤེས་པ་ནི་དᨖན་དམ་པར་ཡོད་པར་ལྟ་ཞིང༌། འཕགས་པའི་བདེན་པ་བཞི་བསྒོམས་པས་རིམ་གྱིས་འབྲས་བུ་རྣམ་པ་བཞི་འགྲུབ་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཆོས་ཐམས་ཅད་ལ་མུ་སྟེགས་ལ་སོགས་པས་སྒྲོ་དང་སྐུར་པས་ཀུན་ཏུ་བརྟག་པའི་བདག་རྟག་པ་ལ་སོགས་པ་མེད་པར་ལྟ་བ་ཉན་ཐོས་དང་མཐུན། དེ་ལས་ཁྱད་པར་དུ་གཟུགས་ཀྱི་ཕུང་པᨖའི་ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཤིང༌། རང་བྱང་ཆུབ་ཀྱི་འབྲས་བུ་འཐོབ་པའི་དུས་ནའང༌། ཉན་ཐོས་ལྟར་དགེ་བའི་བཤེས་གཉེན་ལ་མི་ལྟོས་པར་སྔོན་གོམས་པའི་ཤུགས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་ཆོས་ཉིད་ཟབ་མᨖའི་དᨖན་རྟོགས་ནས། རང་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཡིན་ནོ། ༈ །བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། ཀུན་ནས་ཉོན་མᨖངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དᨖན་དམ་པར་ནི་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ཙམ་དུ་སོ་སོའི་མཚན་ཉིད་མ་འདྲེས་པར་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་བཅུ་སྤྱད་པའི་འབྲས་བུ་ས་བཅུ་རིམ་གྱིས་བགྲོད་པའི་མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་འགྲུབ་པར་འདᨖད་པ་ཡིན་ནོ། ༈ །རྡོ་རྗེ་ཐེག་པ་ལ་ཡང་རྣམ་པ་གསུམ་སྟེ། བྱ་བའི་རྒྱུད་ཀྱི་ཐེག་པ་དང༌། གཉིས་ཀ་རྒྱུད་ཀྱི་ཐེག་པ་དང༌། རྣལ་འབྱོར་གྱི་ཐེག་པའོ། །དེ་ལ་བྱ་བའི་རྒྱུད་ཀྱི་ཐེག་པ་ལ་ཞུགས་པ་རྣམས་ཀྱི་ལྟ་བ་ནི། དᨖན་དམ་པར་སྐྱེ་འགགས་མེད་པ་ལས། ཀུན་རྫོབ་ཏུ་ལྷའི་གཟུགས་ཀྱི་སྐུར་སྒོམ་ཞིང་སྐུའི་གཟུགས་བརྙན་དང༌། | ||
Line 12: | Line 31: | ||
སྙིང་རྗེ་ནི་བསྟེན་དུ་མེད་ལ། ཞེ་སྡང་ནི་སྤང་དུ་མེད་དེ། དེ་ལྟར་མ་རྟོགས་པ་ལ་ཐུགས་རྗེ་མི་འབྱུང་བར་མ་ཡིན་ཏེ། ཇི་ལྟར་བལྟས་པས་ཡེ་ནས་རྣམ་པར་རྟོག་པ་དང་མི་རྟོག་པ་བཞིན་དུ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་ | སྙིང་རྗེ་ནི་བསྟེན་དུ་མེད་ལ། ཞེ་སྡང་ནི་སྤང་དུ་མེད་དེ། དེ་ལྟར་མ་རྟོགས་པ་ལ་ཐུགས་རྗེ་མི་འབྱུང་བར་མ་ཡིན་ཏེ། ཇི་ལྟར་བལྟས་པས་ཡེ་ནས་རྣམ་པར་རྟོག་པ་དང་མི་རྟོག་པ་བཞིན་དུ་དཀའ་ཐུབ་དང་བརྟུལ་ཞུགས་ཀྱང་ | ||
དེ་ལྟར་རྣམ་པར་དག་པ་དང་མ་དག་པ་སྤྱོད་དᨖ། །ལྟ་བའི་ཕྲེང་བ་གསང་བ་འདི། །དམུས་ལོང་རང་བྱེ་མིག་རྙེད་ལྟར། །ཤེས་རབ་ཐབས་ཀྱི་རྩལ་འཆང་བའི། །སྐྱེས་མཆོག་ཡོད་ན་འཕྲད་གྱུར་ཅིག །ལྟ་བའི་ཕྲེང་བ་ཞེས་བྱ་བའི་མན་ངག་རྫོགས་སོ།། །། | དེ་ལྟར་རྣམ་པར་དག་པ་དང་མ་དག་པ་སྤྱོད་དᨖ། །ལྟ་བའི་ཕྲེང་བ་གསང་བ་འདི། །དམུས་ལོང་རང་བྱེ་མིག་རྙེད་ལྟར། །ཤེས་རབ་ཐབས་ཀྱི་རྩལ་འཆང་བའི། །སྐྱེས་མཆོག་ཡོད་ན་འཕྲད་གྱུར་ཅིག །ལྟ་བའི་ཕྲེང་བ་ཞེས་བྱ་བའི་མན་ངག་རྫོགས་སོ།། །། | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 13:36, 31 January 2025
Wylie title | Rigpe Dorje Publications, 2024
| |
---|---|---|
Location | gdams ngag rin po che'i mdzod Volume 1, Text 3, Pages (Folios to ) | |
Author | འཇམ་མགོན་ཀོང་སྤྲུལ་ | |
Citation | ||
Side notes | ||
More details More details | ||
Genre |