DNZ-15-BA-019: Difference between revisions
No edit summary |
No edit summary |
||
Line 7: | Line 7: | ||
|author='jam mgon kong sprul | |author='jam mgon kong sprul | ||
|authortib=འཇམ་མགོན་ཀོང་སྤྲུལ་ | |authortib=འཇམ་མགོན་ཀོང་སྤྲུལ་ | ||
|citation= | |compiler='jam mgon kong sprul | ||
|citation='jam mgon kong sprul. ''''. In ''Gdams ngag rin po che'i mdzod'', Vol. 15: . Kalimpong: Rigpe Dorje Publications, 2024. | |||
|language=Tibetan | |language=Tibetan | ||
|volumenumber=15 | |volumenumber=15 | ||
| | |volnumtib=༡༥ | ||
|volyigtib=བ | |||
|practicelineage=Kalachakra Jordruk | |||
|versonotes=sbyor drug skor | |||
|textnuminvol=019 | |textnuminvol=019 | ||
|pdflink=File:DNZ-15-BA-019.pdf | |pdflink=File:DNZ-15-BA-019.pdf | ||
Line 18: | Line 21: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །ཆོས་རྒྱལ་རིགས་ལྡན་གཙོ་བོར་གྱུར་པ་རྡོ་རྗེའི་རྣལ་འབྱོར་བརྒྱུད་པའི་བླ་མ་མཆོད་པའི་ཆོ་ག་རྡོ་རྗེ་ཉི་མའི་སྣང་བ་ཆེན་པོ་ཞེས་བྱ་བ་བཞུགས་སོ། ། | ||
༄༅། །ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲ་ཡ། ཉི་རྡུལ་ནོར་བུར་བརྟན་ཅིང་གཙུག་ཏོར་དུ། །བྱང་སེམས་ཟླ་བ་གང་བས་སྲིད་ཞི་ལ། །མི་གནས་དང་པོའི་མགོན་གྱུར་བར་མ་ཆད། །བྱོན་པའི་བླ་མ་སངས་རྒྱས་རྣམས་ལ་འདུད། །གང་ལ་མཆོད་ན་དོན་ཆེ་བ། །དེ་ཉིད་མཆོད་དང་གསོལ་འདེབས་ཐབས། །རྡོ་རྗེའི་ཚིག་རྣམས་བཏུས་ནས་དགོད། །དད་སྐལ་ལྡན་རྣམས་ཡི་རང་བྱོས། །དེའང་དབེན་པའི་གནས་གཙང་ཞིང་ཡིད་དུ་འོང་བར་རྒྱན་གྱིས་བརྒྱན་ལ། ཐུབ་དབང་དུས་འཁོར་ཆོས་རྒྱལ་རིགས་ལྡན་བརྒྱུད་པའི་བླ་མ་རྣམས་ཀྱི་སྐུ་བརྙན་བྲིས་འབུར་གྱིས་མཚོན། བསོད་ནམས་གསོག་པའི་རྟེན་གང་འབྱོར་བཀྲམ། གུང་དུ་སྟེགས་བུ་ཁེབས་བཟང་པོས་བཀབ་པའི་སྟེང་དུ་རིན་པོ་ཆེའི་མཎྜལ་དྲིའི་ཆུ་དང་ཆང་གིས་བརླན་པ་ལ་དབུས་སུ་ཚོམ་བུ་ཆེ་གཅིག་དང་གཡས་གཡོན་ཆུང་གཉིས། དེ་རྒྱབ་ཚོམ་བུ་ཉེར་དགུ། དེ་རྒྱབ་གྲངས་མ་ངེས་པ་བཀོད་ལ་ཁྲིའུའི་ཁར་བཞག །མདུན་དུ་འབུལ་གཏོར་ཟླུམ་པོ་ཁ་ཟས་བཟང་དགུས་བསྐོར་བ་དང་ནང་མཆོད་ཐོད་པའི་བདུད་རྩི་བཞག །མཆོད་པ་བཅུ་གཉིས་ཆ་གྲངས་འཛོམས་ན་ཕྱོགས་བཞི་ཀ་དང་ཆ་གཅིག་ལས་མེད་ན་ཤར་དུ་དྲི་ཆབ་དང་མེ་ཏོག །ལྷོར་སྤོས་དང་མར་མེ། | |||
བྱང་དུ་ཞལ་ཟས་དང་ཤིང་ཐོག །ནུབ་ཏུ་སྒེག་མོ་མ་དང་བཞད་མ་མཚོན་པའི་ན་བཟའ་དང་མེ་ལོང༌། སྟེང་གི་སྒྲ་མའི་ཏིང་ཤག་སོགས་རོལ་མོ་གང་རུང་དང༌། གར་མའི་རྡོར་དྲིལ་ལྟ་བུ། འོག་གི་འདོད་མའི་ཆོས་འབྱུང་ནང༌༑ གླུ་མ་མཚོན་བྱེད་པི་ཝཾ་རྣམས་མ་འཆོལ་བར་བཤམ། དེ་མདུན་ཆུ་བཞིའི་སྣོད་ཕྲེང་ཚར་དང༌། ཆུ་སྣོད་བྱ་མ་བུམ་ཉེ་བར་བསྡོགས། གཞན་ཡང་མཆོད་པའི་མཎྜལ། ཐབས་ཤེས་ཀྱི་ཚོགས་རྫས། མཁའ་འགྲོ་སྤྱི་གཏོར་སོགས་མཁོ་བའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱའོ། །ཆོ་ག་དངོས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་སེམས་ཡིག་རྙིང་ལྟར་ན། སྲིད་པའི་འཇིགས་པ་འཕྲོག་བྱེད་པ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །བླ་མེད་སངས་རྒྱས་འགྲུབ་པར་ཤོག །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང༌། །བསམ་པ་རྣམ་པར་དག་པར་བགྱིད། །ལན་གསུམ། དེ་ནས། རང་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གྱུར། ཐོག་མར་ནང་མཆོད་ལ་དམིགས་ཏེ། | བྱང་དུ་ཞལ་ཟས་དང་ཤིང་ཐོག །ནུབ་ཏུ་སྒེག་མོ་མ་དང་བཞད་མ་མཚོན་པའི་ན་བཟའ་དང་མེ་ལོང༌། སྟེང་གི་སྒྲ་མའི་ཏིང་ཤག་སོགས་རོལ་མོ་གང་རུང་དང༌། གར་མའི་རྡོར་དྲིལ་ལྟ་བུ། འོག་གི་འདོད་མའི་ཆོས་འབྱུང་ནང༌༑ གླུ་མ་མཚོན་བྱེད་པི་ཝཾ་རྣམས་མ་འཆོལ་བར་བཤམ། དེ་མདུན་ཆུ་བཞིའི་སྣོད་ཕྲེང་ཚར་དང༌། ཆུ་སྣོད་བྱ་མ་བུམ་ཉེ་བར་བསྡོགས། གཞན་ཡང་མཆོད་པའི་མཎྜལ། ཐབས་ཤེས་ཀྱི་ཚོགས་རྫས། མཁའ་འགྲོ་སྤྱི་གཏོར་སོགས་མཁོ་བའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱའོ། །ཆོ་ག་དངོས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་སེམས་ཡིག་རྙིང་ལྟར་ན། སྲིད་པའི་འཇིགས་པ་འཕྲོག་བྱེད་པ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །བླ་མེད་སངས་རྒྱས་འགྲུབ་པར་ཤོག །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང༌། །བསམ་པ་རྣམ་པར་དག་པར་བགྱིད། །ལན་གསུམ། དེ་ནས། རང་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གྱུར། ཐོག་མར་ནང་མཆོད་ལ་དམིགས་ཏེ། | ||
ༀ་ཨཱཿ ཧཱུྃ་ཧྲཿ ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་ཨཱཿ ཧཱུྃ་ཧོཿ ཞེས་ལན་གསུམ་ལ་སོགས་པས་བྱིན་རླབས་བགེགས་བསལ་བ་ནི། ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ཅིའང་རུང༌། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ང་ནི་དཔལ་ལྡན་རྡོ་རྗེ་ཤུགས། །སྲུང་བའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་འབར་བའི་སྐུ་ཡིས་ནི། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །རྣམ་པར་བརླག་འགྱུར་གཞན་དུ་མིན། །ༀ་ཨཱཿ ཧཱུྃ་ཧོཿ ཧཾ་ཀྵཿ ཧྲཱཿ ཧྲཱཿ ཧྲཱཿ ཧྲཱཿ ར་ར་ར་ར་བཛྲ་ཨཱ་ན་ལ། སརྦ་ཨཱ་ཝ་ར་ཎ་དྷརྨ་པྲ་ལ་ཡ་སྭ་བྷཱ་ཝ་སརྦ་མཱ་ར་ཀཱ་ཡི་ཀ །བིགྷྣ་བི་ནཱ་ཡ་ཀ་ཨཱ་དཱི་ནཱཾ། ད་ཤ་དི་ཀ་ག་ཏཱ་ནཱཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་ནི། ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨི་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བདུད་སྲེག་པའི་སྔགས་ཀྱིས་བགེགས་བསྐྲད། ཚམས་རྔམས་དང་རལ་མོའི་སྒྲ་བྱ། དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿ ཧཱུྃ་ཧྲཿ ཕཊ་ཀྱིས་བསང༌། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་གྲུ་བཞི་བསྒོ་བཞི་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཤེལ་གྱི་སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ། ༀ་ཨཱཿ ཧཱུྃ་ཧོཿ རྣམས་ལས་བྱུང་བའི་ཆུ་དང་མཆོད་ཡོན་དང་དྲི་དང་མེ་ཏོག་དང་བདུག་པ་དང་སྣང་གསལ་དང༌། ཞལ་ཟས་དམ་པ་དག་དང་ | ༀ་ཨཱཿ ཧཱུྃ་ཧྲཿ ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་ཨཱཿ ཧཱུྃ་ཧོཿ ཞེས་ལན་གསུམ་ལ་སོགས་པས་བྱིན་རླབས་བགེགས་བསལ་བ་ནི། ལྷ་དང་ལྷ་མིན་གསང་བ་པ། །ལུས་སྲུལ་ལ་སོགས་གང་ཅིའང་རུང༌། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ང་ནི་དཔལ་ལྡན་རྡོ་རྗེ་ཤུགས། །སྲུང་བའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་འབར་བའི་སྐུ་ཡིས་ནི། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །རྣམ་པར་བརླག་འགྱུར་གཞན་དུ་མིན། །ༀ་ཨཱཿ ཧཱུྃ་ཧོཿ ཧཾ་ཀྵཿ ཧྲཱཿ ཧྲཱཿ ཧྲཱཿ ཧྲཱཿ ར་ར་ར་ར་བཛྲ་ཨཱ་ན་ལ། སརྦ་ཨཱ་ཝ་ར་ཎ་དྷརྨ་པྲ་ལ་ཡ་སྭ་བྷཱ་ཝ་སརྦ་མཱ་ར་ཀཱ་ཡི་ཀ །བིགྷྣ་བི་ནཱ་ཡ་ཀ་ཨཱ་དཱི་ནཱཾ། ད་ཤ་དི་ཀ་ག་ཏཱ་ནཱཾ། ཀཱ་ཡ་ཝཱ་ཀ་ཙིཏྟ་ནི། ད་ཧ་ད་ཧ། པ་ཙ་པ་ཙ། བྷསྨི་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་བདུད་སྲེག་པའི་སྔགས་ཀྱིས་བགེགས་བསྐྲད། ཚམས་རྔམས་དང་རལ་མོའི་སྒྲ་བྱ། དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿ ཧཱུྃ་ཧྲཿ ཕཊ་ཀྱིས་བསང༌། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་པ་གྲུ་བཞི་བསྒོ་བཞི་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཤེལ་གྱི་སྣོད་སོར་བཅུ་གཉིས་པ་རྣམས་ཀྱི་ནང་དུ། ༀ་ཨཱཿ ཧཱུྃ་ཧོཿ རྣམས་ལས་བྱུང་བའི་ཆུ་དང་མཆོད་ཡོན་དང་དྲི་དང་མེ་ཏོག་དང་བདུག་པ་དང་སྣང་གསལ་དང༌། ཞལ་ཟས་དམ་པ་དག་དང་ |
Revision as of 09:27, 1 April 2025
Wylie title | Rigpe Dorje Publications, 2024
| |
---|---|---|
Location | gdams ngag rin po che'i mdzod Volume 15, Text 19, Pages (Folios to ) | |
Author | འཇམ་མགོན་ཀོང་སྤྲུལ་ | |
Citation | 'jam mgon kong sprul. '. In Gdams ngag rin po che'i mdzod, Vol. 15: . Kalimpong: Rigpe Dorje Publications, 2024. | |
Side notes | Verso: sbyor drug skor | |
More details More details | ||
Genre |