DNZ-01-KA-006: Difference between revisions

From Damngak Dzö
DNZ-01-KA-006
(Imported new text files with Wyckibaat for processing)
 
No edit summary
 
(8 intermediate revisions by 2 users not shown)
Line 1: Line 1:
༄༅།  །དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་ལམ་གྱི་སྙིང་པᨖའི་དᨖན་ཁྲིད་བཞུགས་སོ།
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་ལམ་གྱི་སྙིང་པོའི་དོན་ཁྲིད།
|fulltitle=dpal rdo rje sems dpa' sgyu 'phrul drwa ba'i grol byed lam gyi snying po'i don khrid
|citation=Klong chen pa. ''Dpal rdo rje sems dpa' sgyu 'phrul drwa ba'i grol byed lam gyi snying po'i don khrid''. In ''Gdams ngag rin po che'i mdzod'', Vol. 1: 153-163. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|author=klong chen pa
|compiler='jam mgon kong sprul
|tibgenre=Contemplative Guide Books and Instructional Manuals - khrid yig
|terma=No
|practicelineage=Nyingma
|language=Tibetan
|volumenumber=01
|volnumtib=༡
|volyigtib=ཀ
|totalvolumes=18
|textnuminvol=006
|pagenumbers=153-163
|totalpages=11
|beginfolioline=1a1
|endfolioline=6a4
|totalfolios=6
|multivolumework=No
|rectonotes=sgyu drwa'i don khrid
|versonotes=rnying ma'i skor
|colophontib=།ཀུན་མཁྱེན་ངག་གི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་མཛད་པའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསའི་དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་ལས་ཁོལ་དུ་ཕྱུང་བའོ།  །ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་ཀྱི་དཔལ་རབ་ཏུ་འབར་བས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག  །མངྒ་ལཾ།།
|colophonwylie=/kun mkhyen ngag gi dbang po rdo rje gzi brjid kyis mdzad pa'i rdzogs pa chen po sems nyid ngal gsa'i dge ba gsum gyi don khrid byang chub lam bzang las khol du phyung ba'o/__/phyogs dang dus thams cad du bkra shis kyi dpal rab tu 'bar bas shin tu dge zhing bkra shis par gyur cig__/mang+ga laM//
|shechendnz=DNZ-Shechen-01-KA-005
|pdflink=File:DNZ-01-KA-006.pdf
|authortib=ཀློང་ཆེན་རབ་འབྱམས་
|InitCategories=Damngak Rinpoché Dzö; DNZ-Volume-01-KA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་ལམ་གྱི་སྙིང་པོའི་དོན་ཁྲིད་བཞུགས་སོ།

ༀ་སྭ་སྟི་སིདྡྷཾ། ཚོགས་གཉིས་མཐར་ཕྱིན་རྣམ་གྲོལ་དཔག་བསམ་ཤིང༌། །མཐའ་ཡས་ཡོན་ཏན་མེ་ཏོག་འབྲས་བཀྲ་ཞིང༌། །ཕན་བདེའི་གྲིབ་བསིལ་སྲིད་ཞིའི་
༄༅།  །ༀ་སྭ་སྟི་སིདྡྷཾ། ཚོགས་གཉིས་མཐར་ཕྱིན་རྣམ་གྲོལ་དཔག་བསམ་ཤིང༌། །མཐའ་ཡས་ཡོན་ཏན་མེ་ཏོག་འབྲས་བཀྲ་ཞིང༌། །ཕན་བདེའི་གྲིབ་བསིལ་སྲིད་ཞིའི་དབྱིངས་ཀུན་ཁྱབ། །རྒྱལ་བའི་བྱང་ཆུབ་ལྗོན་ཤིང་ལ་ཕྱག་འཚལ། །དེ་ལ་འདིར་གསང་སྔགས་རྙིང་མ་ངེས་པ་དོན་གྱི་སྙིང་པོ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས། ཐུན་མོང་གི་སྔོན་འགྲོས་རྒྱུད་ལས་སུ་རུང་བའི་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་འཁྲིད་པ་ལ། བླ་མ་བརྒྱུད་པའི་རིམ་པ་དང༌། གདམས་ཁྲིད་དངོས་གཉིས་ལས། །དང་པོ་ནི། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་རིག་པས་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པ་དང་གསུམ་ལས། དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་རིགས་གསུམ་མགོན་པོས་གནས་རིགས་སོ་སོར་མི་མ་ཡིན་གྱི་རིག་འཛིན་ཐ་དད་ལ་བརྒྱུད་པའོ། །གཉིས་པ་ནི། ཕྱག་ན་རྡོ་རྗེ་ལ་རྒྱལ་པོ་ཛས་ཞུས། དེ་ནས་རིམ་པ་བཞིན། ཨིནྡྲ་བྷཱུ་ཏི། སྲས་ཤཱཀྱ་བྷཱུ་ཏི། ཀུ་ཀུ་རཱ་ཛ། ནཱ་གཱརྫུ་ན། པདྨ་སཾ་བྷ་ཝ། བི་མ་ལ་མི་ཏྲའོ། །གསུམ་པ་ནི། གཉགས་ཀུ་མཱ་ར། རྨ་རིན་ཆེན་མཆོག །གྱེ་རེ་མཆོག་སྐྱོང༌། དར་རྗེ་དཔལ་གྱི་གྲགས་པ། གནུབ་སངས་རྒྱས་ཡེ་ཤེས། སྤ་གོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག །བེགས་གསལ་བའི་བྱང་ཆུབ། རྒྱ་བློ་གྲོས་གཞོན་ནུ། འགར་ཚུལ་ཁྲིམས་བཟང་པོ། མཚུར་ཡེ་ཤེས་དབང་པོ། དན་ཆོས་ཀྱི་དབང་ཕྱུག ༑ཞང་མཆོག་གི་བླ་མ། ཀྱི་ཡོན་ཏན་འབྱུང་གནས། སློབ་དཔོན་གཞོན་ནུ་དོན་གྲུབ། དེས་བསམ་ཡས་ངག་གི་དབང་པོ་ལའོ། །རྒྱལ་བ་ཀུན་གྱི་རྣམ་འཕྲུལ་མཆོག །ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །རླབས་ཆེན་ཕྲིན་ལས་དཔག་ཏུ་མེད། །བླ་མ་ཀུན་ལ་ཕྱག་འཚལ་ལོ། །གཉིས་པ་ནི། གཉིས་སུ་མེད་པ་བླ་ན་མེད་པའི་རྒྱུད་ཀྱི་དོན་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་བསྒོམ་པ་ལ། བསྐྱེད་རྫོགས་སྤྱིར་བསྒོམ་པ་དང༌། ཟབ་ལམ་བྱེ་བྲག་ཏུ་བསྒོམ་པ་གཉིས་ལས། །དང་པོ་ལ། སྐྱེ་བ་བཞིའི་བག་ཆགས་སྦྱོང་ཚུལ་ལ་ལྟོས་ནས་སྒོམ་ཚུལ་བཞི་ལས། སྒོང་སྐྱེས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ནི། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། མདུན་གྱི་ནམ་མཁར་ཞི་ཁྲོའི་དཀྱིལ་འཁོར་སྤྱན་དྲངས་ཏེ། མཆོད་པ་དང་བསྟོད་པ་དང་གསོལ་བ་གདབ་པ་དང་སྡོམ་པ་བཟུང་བ་རྣམས་ཡེ་ཤེས་སྐུ་མཆོག་གི་ཚིག་གི་ཕྱིར་སེམས་གཞོལ་བར་བྱས་ཏེ། སླར་ཡང་བཛྲ་མུཿ ས་སྟོང་པའི་ངང་དུ་མཉམ་པར་བཞག་ནས། དེ་བཞིན་ཉིད་དང༌། ཀུན་ཏུ་སྣང་དང༌། རྒྱུའི་ཏིང་ངེ་འཛིན་བསྒོམ་པའི་ཨ་དཀར་ལས་ལྷའི་ས་བོན་དཀྱིལ་འཁོར་སོ་སོའི་གདན་ལ་བབས་ནས། ལྷར་གྱུར་བའི་ཚུལ་གྱིས་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད་ལ། ཡེ་ཤེས་པ་བསྟིམས་ནས། མཆོད་པ་དང༌། བསྟོད་པ་དང༌། འཕྲོ་འདུ་འཛབ་ཀྱི་བཟླས་པའི་བར། རྒྱས་པར་བྱས་ནས་ཚོགས་ལ་རོལ་པའམ་མེད་ཀྱང་རུང་སྟེ། རྫོགས་རིམ་གཉིས་པོ་བསྒོམས་ལ་བསྔོ་བ་བྱའོ། །འདི་དག་རྒྱས་པར་ཞི་བ་རིན་པོ་ཆེའི་དྲྭ་བ་དང༌། ཁྲོ་བོ་སྣང་བ་རྒྱན་དུ་བལྟ་བར་བྱའོ། །དེ་ནས་མངལ་སྐྱེས་སྦྱོང་བ་རྒྱས་པ་འབྲིང་གི་སྒོམ་ཚུལ་ནི་སྔར་ལས། བསོད་ནམས་ཞིང་བསམ་སྟེ་མི་དམིགས་པ་བོར་ལ། གཞན་དེ་དང་འདྲ་བར་བསྒོམ་པའོ། །དེ་ནས་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱང་བའི་ཕྱིར་བསྡུས་པ་བསྒོམ་པ་ནི་སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། སྟོང་པའི་ངང་ལས་རྟེན་གཞལ་ཡས་ཁང་དང༌། བརྟེན་པ་ལྷའི་དཀྱིལ་འཁོར་རྣམས་སོ་སོའི་མཚན་བརྗོད་པ་ཙམ་གྱིས་ཞི་ཁྲོའི་ལྷར་གསལ་བཏབ་པས། འདི་ནི་དབང་རྫོགས་ཞེས་པ་ནས༑ ཐམས་ཅད་ལྷ་དང་ལྷ་མོའི་ངང༌། །ཞེས་པའི་བར་ལན་གཅིག་བརྗོད་ནས་རང་ཉིད་ཡེ་ནས་ལྷའི་རང་བཞིན་དུ་སངས་རྒྱས་པའི་ངོ་བོར་རྟོགས་པ་ལས། ཐུགས་ཀའི་པདྨ་ཉི་ཟླའི་སྟེང་གི་ཀུན་བཟང་ཡབ་ཡུམ་གྱི་ཧཱུྃ་ལས་འོད་འཕྲོས། མ་རྟོགས་པའི་སེམས་ཅན་གྱི་སྒྲིབ་པ་སྦྱངས། ལྷར་གྱུར། འཕགས་པ་མཆོད། སྔགས་ཀྱི་རང་སྒྲས་འཇིག་རྟེན་ཁྱབ་པར་བསམས་ལ། ༀ་ཨཱཿ ཧཱུྃ།  ༀ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿ ཞེས་ཅི་འགྲུབ་བཟླས་ལ། རྫོགས་རིམ་གཉིས་གང་རུང་བསྒོམས་ནས་བསྔོ་བ་བྱའོ། །དེ་ནས་རྫུས་སྐྱེས་ཀྱི་བག་ཆགས་སྦྱང་བ་ཤིན་ཏུ་བསྡུས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། སྟོང་པའི་ངང་ལས་སྐད་ཅིག་གིས་གསལ་བཏབ་ནས་སྔགས་བཟླས་ཏེ་རྫོགས་རིམ་བསྒོམ་པ་ལས། སྐབས་འདིར་སེམས་བསྐྱེད་ནས་ནམ་མཁའི་དཀྱིལ་དུ་ཉི་ཟླའི་སྟེང་ན་ཀུན་བཟང་ཡབ་ཡུམ་ཞལ་སྦྱར་རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་མཛད་པ་ལས། འོད་འཕྲོས་སྣང་སྲིད་ཐམས་ཅད་ཡེ་ཤེས་ལྔའི་ཞིང་ཁམས་སུ་དག་པར་བྱས། འཁོར་འདས་ཐམས་ཅད་རོ་གཅིག་ཡེ་ནས་དག་པའི་སངས་རྒྱས་སུ་གསལ་བཏབ་ལ། ༀ་ཨཱཿ ཧཱུྃ་ཞེས་ཅི་འགྲུབ་བཟླས་ནས་དེའི་ངང་ལ་གློད་པས་བསམ་མི་ཁྱབ་པའི་འོད་གསལ་འཆར་རོ། །རྗེས་ལ་བསྔོ་བ་བྱའོ། །འདི་ནི་རྒྱལ་བ་གཅིག་བསྒོམས་ཀུན་གྱི་ངང༌། །ཞེས་བྱ་སྟེ། རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་དབང་ཕྱུག །རང་བྱུང་གདོད་མའི་མགོན་པོ། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་དམ་པ་བསྒོམ་པའི་ཕྱིར་རོ། །གསང་སྙིང་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟོང་གསལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །ཐམས་ཅད་འདི་ཡིས་བསྒོམ་པར་འགྱུར། །ཞེས་གསུངས་སོ། །དེ་ནས་ཟབ་ལམ་བྱེ་བྲག་ཏུ་བསྒོམ་པ་ལ། བྱིན་རླབས་དངོས་གྲུབ་ཀྱི་གནད། སྔོན་འགྲོ་ལམ་སེལ་གྱི་གནད། དངོས་གཞི་ཁྱད་པར་གྱི་གནད་དང་གསུམ་ལས། དང་པོ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྟོང་པའི་ངང་ལས་རང་ཉིད་ལྷར་བསྐྱེད་པའི་སྤྱི་བོར་བླ་མའི་རྣལ་འབྱོར། ཡབ་ཡུམ་འཁྲིལ་སྦྱོར་ཅན་དཔའ་བོ་མཁའ་འགྲོ་ཟུང་འཇུག་མཛད་པར་བསྒོམས་ལ། མཆོད་པ་དང༌། བསྟོད་པ་དང༌། གསོལ་བ་བཏབ་ནས། སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་ལུས་ངག་ཡིད་གསུམ་ལ་ཐིམ། དབང་དང་པོ་གསུམ་ཐོབ། དེ་ཐམས་ཅད་བདེ་བའི་ངོ་བོར་ཞུ་བ་རང་གི་སྙིང་གར་བབས་པས་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་རང་བཞིན་ཚིག་དབང་རིན་པོ་ཆེ་རང་འཁྲུངས་སུ་ཐོབ་པར་བསམས་ལ་དར་ཅིག་གློད་ལ་བཞག །རྗེས་ལ་བསྔོ་བ་བྱའོ། །འདིས་ནི་བྱིན་རླབས་དངོས་སུ་འབབ། རྟོགས་པ་ཤུགས་ལས་འཆར། ལམ་གྱི་བར་ཆད་སེལ། གེགས་དང་གོལ་ས་ཆོད། དངོས་གྲུབ་རྣམ་གཉིས་ཐོབ་པའི་ཕྱིར་རབ་ཏུ་གསང་བའི་གནད་དོ། །དེ་ནས་སྔོན་འགྲོ་ལམ་སེལ་གྱི་གནད་ལ་གསུམ་ལས། རྩལ་སྦྱོང་བ་སྟོང་རའི་གནད་ནི། སྔོན་འགྲོ་བཤད་མ་ཐག་པ་ལྟར་བསྒོམས་ལ། འཁོར་ལོ་བཞིའི་དབུས་ན་རོ་རྐྱང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་ཡོད་པའི་ནང་སྦུག་མ་སྟོང་སང་ངེ་བ་ལ་དམིགས་པ་འཛིན་པ་ཡིན་ཏེ། གཙོ་མོ་དབུ་མའི་ནང་ཕྲུ་མ་ཕུས་བཏབ་པ་ལྟ་བུ། དང་པོ་མདའ་སྨྱུག་གི་ནང་ཙམ། དེ་ནས་སྤོས་དོང་ཙམ། དེ་ནས་བཞོ་ཟོའི་ནང་ཙམ། དེ་ནས་ལུས་ཐམས་ཅད་དབུ་མའི་ནང་ཙམ་དུ་བསྒོམ་མོ། །འདིས་ནི་རླུང་སེམས་ཐམས་ཅད་རང་གི་དབུ་མར་ཚུད་པའི་གནད་དོ། །དེ་ནས་རླུང་སྦྱོང་བ་སྲོག་གི་གནད་ནི། དེ་ལྟར་དབུ་མ་དང་འཁོར་ལོ་བཞི་སྟོང་པར་གསལ་བའི་གཡས་གཡོན་གྱི་རོ་རྐྱང་ཡར་སྣ་གཉིས་སྨིན་མཚམས་ནས་སྣ་བུག་གི་ནང་གཉིས་ལ་ཟུག་ཅིང༌། མར་སྣ་གཉིས་ལྟེ་བའི་འོག་སོར་བཞིའི་ཆ་སྦུ་གུའི་ཐད་ནས་དབུ་མར་གུག་པའི་སྣ་ཚུད་པར་བསམ་ལ། རླུང་རོ་བུས་ནས་ཕྱིར་འཕངས་དུས་ནད་དང་སྡིག་སྒྲིབ་ཐམས་ཅད་ཕྱིར་སོང༌། ནང་དུ་འདྲེན་དུས་སྣོད་བཅུད་བརྟན་གཡོའི་འཇིག་རྟེན་སངས་རྒྱས་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་བཅས་པ་རླུང་གི་རྣམ་པས་སྣ་བུག་ནས་རོ་རྐྱང་གི་ནང་ལ་བྱུང་བ་དབུ་མའི་ནང་དུ་ཚུད་པ་ལ་དམིགས་པ་བཟུང་ནས། འཇམ་རླུང་དལ་བུས་འཛིན་ཅིང༌། རང་བབ་ཀྱི་འབྱུང་རྔུབ་ལས་ཆ་བབས་སུ་འཛིན་པ་ནི་གནད་ཡང་དག་པའོ། །དེ་ལྟར་བྱས་པས་རླུང་སྐྱོན་མེད་པར་ངང་གིས་རླུང་ཟིན་ཅིང་འབྱོངས་པའི་གནད་དོ། །དེ་ནས་ཐིག་ལེ་སྦྱངས་བ་རྩོལ་བའི་གནད་ནི། གཏུམ་མོའི་རྣལ་འབྱོར་བསྒོམ་པ་སྟེ། རླུང་བསྒོམས་པ་ཡན་ཆད་སྔར་བཞིན་བྱས་པའི་ལྟེ་བའི་ཐད་སྤྲུལ་པའི་འཁོར་ལོའི་དབུས་དབུ་མའི་ནང་ན། མེ་ཡི་དྭངས་མ་རྒྱ་ཁབ་ཀྱི་རྩེའམ་ཉུང་ཀར་གྱི་ཡང་ཞུན་ཙམ་ལ། ཨ་ཤད་ཀྱི་རྣམ་པ་ཅན་རེག་བྱ་ཤིན་ཏུ་ཚ་བ་ཞིག་བསྒོམས་ལ། རོ་རྐྱང་གི་རླུང་དབུ་མའི་མར་སྣར་ཞུགས་དྭངས་མ་དེས་སྦར་བས་མེ་རྟ་རྔའི་ཉག་ཙམ་འབར་བ། དབུ་མའི་ནང་བདེ་ཆེན་འཁོར་ལོའི་ཐད་ཀའི་དཀྱིལ་ཧཾ་མགོ་ཐུར་དུ་ལྟ་བ་སྲན་མའི་གའུ་ཙམ་ལ་རེག་པས། ཐིག་ལེ་དཀར་དམར་གྱི་ཐིགས་པ་ཕྲ་མོ་མར་བབ། ལྟེ་བའི་མེའི་གསོས་བྱས། དེ་བས་ཀྱང་མེ་ཆེར་འབར་བ་བཞིན། ཧཾ་ལས་ཐིགས་པ་ཆེར་བབས་པས་དབུ་མའི་ནང་ཁེངས། དྭངས་མ་འཁོར་ལོ་བཞིའི་རྩ་འདབ་སྟོང་པ་རྣམས་གང་བ་ལ་མ་ཡེངས་པར་བསྒོམ་པས། ལུས་སེམས་བདེ་བ་ཆེན་པོ་ངང་གིས་འཆར་རོ། །དེ་ནས་དངོས་གཞི་ཁྱད་པར་གྱི་གནད་ལ། ཡས་བརྟན་གྱི་ཡེ་ཤེས། མས་བརྟན་གྱི་ཡེ་ཤེས། ཀུན་ཏུ་བཟང་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་གསུམ་ལས། དང་པོ་ལ་བཞི་ལས། བདེ་ཆེན་འཁོར་ལོའི་མན་ངག་ནི། འཁོར་ལོ་བཞིའི་དབུས་ན་དབུ་མ་ཡེ་ཤེས་ཀྱི་རྩལ། དྭངས་མའི་དྭངས་མ། དཀར་དམར་འདྲེས་པ་ཉུངས་འབྲུ་ཙམ་གྱི་རྟེན་ལ་འོད་ལྔའི་གོང་བུ་སྲན་མ་རྡོག་པོ་ཙམ་རེ་བསམ་པའི་སྤྱི་གཙུག་གི་དྭངས་མ་ཉུངས་འབྲུ་ཙམ་ལ། མགྲིན་པའི་དྭངས་མ་འོད་དང་བཅས་པའི་དྲོད་ཀྱིས་བཞུ་བས། བྱང་ཆུབ་སེམས་ཀྱི་ཐིགས་པ་སྐྲའི་ཉག་ཙམ་བབས་པས་སྤྱི་བོའི་རྩ་འདབ་དང༌། མགྲིན་པའི་རྟེན་གྱི་དྭངས་མ་ལ་ཞུགས། ཚད་མེད་བདེ་བས་ཁྱབ་པར་བསམ་ལ་འཇམ་རླུང་རང་ཞིར་བཟུང་ངོ་། །དེ་ནས་སྙིང་ཁའི་འོད་དང་དྭངས་མའི་དྲོད་ཀྱིས་མགྲིན་པའི་རྟེན་གྱི་དྭངས་མ་ཞུ་བས༑ ལོངས་སྤྱོད་འཁོར་ལོའི་རྩ་འདབ་དང་སྙིང་གའི་རྟེན་ལ་ཞུགས། ཟག་པ་མེད་པའི་བདེ་བར་སྐྱེས་པར་བསམ་མོ། །དེ་ནས་ལྟེ་བའི་འོད་དང་ཐིག་ལེའི་དྲོད་ཀྱིས་སྙིང་གའི་རྟེན་གྱི་དྭངས་མ་ཞུ་བས། ཆོས་ཀྱི་འཁོར་ལོའི་རྩ་འདབ་དང༌། ལྟེ་བའི་རྟེན་གྱི་ཐིག་ལེ་ལ་ཞུགས། མཆོག་ཏུ་བདེ་བའི་ཡེ་ཤེས་སྐྱེས་པར་བསམ་མོ། །དེ་ནས་སྙིང་གའི་འོད་དང་རྟེན་གྱི་དྭངས་མའི་དྲོད་མར་སོང༌། ལྟེ་བའི་རྟེན་གྱི་དྭངས་མ་ཞུ་བའི་དྭངས་མ་རླངས་ཀྱི་ཚུལ་དུ་རགས་པ་མ་ཡིན་ཕྲ་ལ་དྭངས་པར་སྤྲུལ་པའི་འཁོར་ལོའི་རྩ་འདབ་དང༌། རོ་རྐྱང་དབུ་མའི་ནང་ཀུན་ཁྱབ་པར་ཞུགས་པས་ཉེ་བར་ཞི་བའི་བདེ་བས་ཁྱབ་སྟེ། དགའ་བཞིའི་ཡེ་ཤེས་སྐྱེས་པར་བསམ་མོ། །དེ་ནས་མས་བརྟན་གྱི་ཡེ་ཤེས་ལའང་བཞི་ལས། དང་པོ་སྙིང་གའི་འོད་ལས་ཟེར་འཕྲོས་ཏེ་ལྟེ་བར་སོང་བས་ཐིག་ལེ་རྟེན་དང་བཅས་པ་ཇེ་ཕྲ་ཇེ་ཆུང་ལ་ཡར་འདུས་སྙིང་གའི་འོད་དང་ཐིག་ལེ་ལ་ཐིམ་པའི་ངང་ལ་བཞག །དེ་ནས་འོད་ཟེར་མགྲིན་པར་འཕྲོས་ཇེ་ཕྲ་ལས་སྙིང་གར་འདུས་པའི་ངང་ལ་བཞག་གོ །དེ་ནས་ཡང་འོད་ཟེར་སྤྱི་བོའི་ཐིག་ལེ་རྟེན་དང་བཅས་པ་ལ་ཕོག་པས། ཇེ་ཕྲ་ཇེ་ཆུང་ལས་སྙིང་གར་འདུས་པའི་ངང་ལ་བཞག་གོ །དེ་ནས་སྙིང་གའི་རྩ་འདབ་ཀྱི་དྭངས་མ་ལ་འདུས། དེ་ཡང་བརྟེན་པ་ཐིག་ལེ་སྲན་མ་ཙམ་ལ་འདུས། འོད་ལྔ་པོའང་དབུས་ཀྱི་མཐིང་ག་ནམ་མཁའ་ལྟ་བུའི་ངང་དུ་འདུས། དེ་ཡང་གདངས་ཇེ་ཕྲ་ལས་མཐར་ཡིད་ལ་མི་བྱེད་པ་ཀུན་ཏུ་བཟང་མོ་ཆོས་ཉིད་སྟོང་པ་ཆེན་པོའི་དབྱིངས་སུ་དག་པའི་ངང་ལ་མཉམ་པར་བཞག་གོ །དེ་ནས་ཀུན་ཏུ་བཟང་མོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ནི། དེའི་ཚེ་ལུས་རི་རྒྱལ་ལྟར་མི་གཡོ། ངག་ལྐུགས་པ་ལྟར་མི་བརྗོད། སེམས་ནམ་མཁའ་ལྟར་མི་རྟོག་པའི་ངང་ལ་བཞག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་པ་ནི་ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་ལ། རང་གསལ་དྭངས་དང་བཅས་པའི་རིག་པ་གསལ་དྭངས་ཕྱེད་པའི་སྣང་ཆ་ནི་ཀུན་ཏུ་བཟང་པོ་ཆོས་སྐུ་བཞིའི་ཡེ་ཤེས་འདི་གཉིས་དབྱེར་མེད་རིག་པ་ཕྱི་ནང་བར་མེད་དུ་ཕྱམ་གདལ་བ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀུན་བཟང་ཡབ་ཡུམ་ཟུང་འཇུག་གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པོ་ཞེས་བྱའོ། །ཚུལ་འདི་ནི་སྒྱུ་འཕྲུལ་དོན་གྱི་རྫོགས་རིམ་བླ་ན་མེད་པའི་མཐར་ཐུག་ངེས་པ་དོན་གྱི་བཅུད་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་གནད་བསྟན་པའོ། །ཚུལ་འདི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ། །ཟབ་ཅིང་རྒྱ་ཆེ་གསང་བ་མཆོག་གི་གནས། །མྱུར་དུ་རྫོགས་པའི་སངས་རྒྱས་སྒྲུབ་བྱེད་ཡིན། །སྐལ་བཟང་སྐྱེ་བོས་དང་དུ་བླང་བར་མཛོད། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །གསང་སྔགས་རྡོ་རྗེ་ཐེག་ལ་རབ་ཞུགས་ཏེ། །ཉིན་མཚན་རིམ་གཉིས་འཁོར་ལོའི་བཞོན་པ་ཡིས། །དངོས་གྲུབ་ཡིད་བཞིན་གླིང་དུ་ཕྱིན་པར་ཤོག །སྣ་ཚོགས་ཁམས་ཅན་འཁོར་བའི་རང་བཞིན་དང༌། །གཉིས་མེད་མྱ་ངན་འདས་པ་རོ་གཅིག་ཏུ། །ནམ་ཞིག་ནུས་ལྡན་ཐབས་ཀྱིས་འདྲེས་པའི་ཚེ། །གཞན་དོན་ལྷུན་གྲུབ་ཆོས་ཀྱི་ཆར་འབེབས་ཤོག །ཀུན་མཁྱེན་ངག་གི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་མཛད་པའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསའི་དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་ལས་ཁོལ་དུ་ཕྱུང་བའོ། །ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་ཀྱི་དཔལ་རབ་ཏུ་འབར་བས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག  །མངྒ་ལཾ།།    །།
དབྱིངས་ཀུན་ཁྱབ། །རྒྱལ་བའི་བྱང་ཆུབ་ལྗོན་ཤིང་ལ་ཕྱག་འཚལ། །དེ་ལ་འདིར་གསང་སྔགས་རྙིང་མ་ངེས་པ་དᨖན་གྱི་སྙིང་པᨖ་སྒྱུ་འཕྲུལ་དྲྭ་བ་ཆེན་པᨖའི་རིམ་པ་གཉིས་ཀྱི་རྣལ་འབྱོར་ཟབ་མᨖ་ལ་བརྟེན་ནས། ཐུན་མᨖང་གི་སྔོན་འགྲོས་རྒྱུད་ལས་སུ་རུང་བའི་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་འཁྲིད་པ་ལ། བླ་མ་བརྒྱུད་པའི་རིམ་པ་དང༌། གདམས་ཁྲིད་དངོས་གཉིས་ལས། །དང་པᨖ་ནི། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛᨑན་རིག་པས་བརྒྱུད་པ། གང་ཟག་སྙན་ཁུང་དུ་བརྒྱུད་པ་དང་གསུམ་ལས། དང་པᨖ་ནི། ཆོས་སྐུ་ཀུན་ཏུ་བཟང་པᨖ། ལོངས་སྐུ་རིགས་ལྔའི་སངས་རྒྱས། སྤྲུལ་སྐུ་རིགས་གསུམ་མགོན་པᨖས་གནས་རིགས་སོ་སོར་མི་མ་ཡིན་གྱི་རིག་འཛᨑན་
}}
ཐ་དད་ལ་བརྒྱུད་པའོ། །གཉིས་པ་ནི། ཕྱག་ན་རྡོ་རྗེ་ལ་རྒྱལ་པᨖ་ཛས་ཞུས། དེ་ནས་རིམ་པ་བཞིན། ཨིནྡྲ་བྷཱུ་ཏི། སྲས་ཤཱཀྱ་བྷཱུ་ཏི། ཀུ་ཀུ་རཱ་ཛ། ནཱ་གཱརྫུ་ན། པདྨ་སཾ་བྷ་ཝ། བི་མ་ལ་མི་ཏྲའོ། །གསུམ་པ་ནི། གཉགས་ཀུ་མཱ་ར། རྨ་རིན་ཆེན་མཆོག །གྱེ་རེ་མཆོག་སྐྱོང༌། དར་རྗེ་དཔལ་གྱི་གྲགས་པ། གནུབ་སངས་རྒྱས་ཡེ་ཤེས། སྤ་གོར་བློན་ཆེན་འཕགས། དན་ཡོན་ཏན་མཆོག །བེགས་གསལ་བའི་བྱང་ཆུབ། རྒྱ་བློ་གྲོས་གཞོན་ནུ། འགར་ཚུལ་ཁྲིམས་བཟང་པᨖ། མཚུར་ཡེ་ཤེས་དབང་པᨖ། དན་ཆོས་ཀྱི་དབང་ཕྱུག ༑ཞང་མཆོག་གི་བླ་མ། ཀྱི་ཡོན་ཏན་འབྱུང་གནས། སློབ་དཔᨖན་གཞོན་ནུ་དᨖན་གྲུབ། དེས་བསམ་ཡས་ངག་གི་དབང་པᨖ་ལའོ། །རྒྱལ་བ་ཀུན་གྱི་རྣམ་འཕྲུལ་མཆོག
</onlyinclude>
ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །རླབས་ཆེན་ཕྲིན་ལས་དཔག་ཏུ་མེད། །བླ་མ་ཀུན་ལ་ཕྱག་འཚལ་ལོ། །གཉིས་པ་ནི། གཉིས་སུ་མེད་པ་བླ་ན་མེད་པའི་རྒྱུད་ཀྱི་དᨖན་སྒྱུ་འཕྲུལ་དྲྭ་བ་ཆེན་པᨖ་བསྒོམ་པ་ལ། བསྐྱེད་རྫོགས་སྤྱིར་བསྒོམ་པ་དང༌། ཟབ་ལམ་བྱེ་བྲག་ཏུ་བསྒོམ་པ་གཉིས་ལས། །དང་པᨖ་ལ། སྐྱེ་བ་བཞིའི་བག་ཆགས་སྦྱོང་ཚུལ་ལ་ལྟོས་ནས་སྒོམ་ཚུལ་བཞི་ལས། སྒོང་སྐྱེས་སྦྱོང་བ་
{{TsagliCall}}
རྒྱས་པ་ཆེན་པᨖའི་བསྐྱེད་རིམ་ནི། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། མདུན་གྱི་ནམ་མཁར་ཞི་ཁྲᨖའི་དཀྱིལ་འཁོར་སྤྱན་དྲངས་ཏེ། མཆོད་པ་དང་བསྟོད་པ་དང་གསོལ་བ་གདབ་པ་དང་སྡོམ་པ་བཟུང་བ་
<headertabs/>
རྣམས་ཡེ་ཤེས་སྐུ་མཆོག་གི་ཚᨑག་གི་ཕྱིར་སེམས་གཞོལ་བར་བྱས་ཏེ། སླར་ཡང་བཛྲ་མུཿ ས་སྟོང་པའི་ངང་དུ་མཉམ་པར་བཞག་ནས། དེ་བཞིན་ཉིད་དང༌། ཀུན་ཏུ་སྣང་དང༌། རྒྱུའི་ཏིང་ངེ་འཛᨑན་བསྒོམ་པའི་ཨ་དཀར་ལས་ལྷའི་ས་བᨖན་དཀྱིལ་འཁོར་སོ་སོའི་གདན་ལ་བབས་ནས། ལྷར་གྱུར་བའི་ཚུལ་གྱིས་སྒྱུ་འཕྲུལ་ཞི་ཁྲᨖའི་དཀྱིལ་འཁོར་བསྐྱེད་ལ། ཡེ་ཤེས་པ་བསྟིམས་ནས། མཆོད་པ་དང༌། བསྟོད་པ་དང༌། འཕྲོ་འདུ་འཛབ་ཀྱི་བཟླས་པའི་བར། རྒྱས་
པར་བྱས་ནས་ཚོགས་ལ་རོལ་པའམ་མེད་ཀྱང་རུང་སྟེ། རྫོགས་རིམ་གཉིས་པᨖ་བསྒོམས་ལ་བསྔོ་བ་བྱའོ། །འདི་དག་རྒྱས་པར་ཞི་བ་རིན་པᨖ་ཆེའི་དྲྭ་བ་དང༌། ཁྲᨖ་བᨖ་སྣང་བ་རྒྱན་དུ་བལྟ་བར་བྱའོ། །དེ་ནས་མངལ་སྐྱེས་སྦྱོང་
བ་རྒྱས་པ་འབྲིང་གི་སྒོམ་ཚུལ་ནི་སྔར་ལས། བསོད་ནམས་ཞིང་བསམ་སྟེ་མི་དམིགས་པ་བᨖར་ལ། གཞན་དེ་དང་འདྲ་བར་བསྒོམ་པའོ། །དེ་ནས་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱང་བའི་ཕྱིར་བསྡུས་པ་བསྒོམ་པ་ནི་སྐྱབས་འགྲོ་
སེམས་བསྐྱེད་བྱས་ནས། སྟོང་པའི་ངང་ལས་རྟེན་གཞལ་ཡས་ཁང་དང༌། བརྟེན་པ་ལྷའི་དཀྱིལ་འཁོར་རྣམས་སོ་སོའི་མཚན་བརྗོད་པ་ཙམ་གྱིས་ཞི་ཁྲᨖའི་ལྷར་གསལ་བཏབ་པས། འདི་ནི་དབང་རྫོགས་ཞེས་པ་
ནས༑ ཐམས་ཅད་ལྷ་དང་ལྷ་མᨖའི་ངང༌། །ཞེས་པའི་བར་ལན་གཅིག་བརྗོད་ནས་རང་ཉིད་ཡེ་ནས་ལྷའི་རང་བཞིན་དུ་སངས་རྒྱས་པའི་ངོ་བᨖར་རྟོགས་པ་ལས། ཐུགས་ཀའི་པདྨ་ཉི་ཟླའི་སྟེང་གི་ཀུན་བཟང་ཡབ་ཡུམ་གྱི་ཧཱུྃ་ལས་འོད་འཕྲོས། མ་རྟོགས་པའི་སེམས་ཅན་གྱི་སྒྲིབ་པ་སྦྱངས། ལྷར་གྱུར། འཕགས་པ་མཆོད། སྔགས་ཀྱི་རང་སྒྲས་འཇིག་རྟེན་ཁྱབ་པར་བསམས་ལ། ༀ་ཨཱཿ ཧཱུྃ།  ༀ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿ ཞེས་ཅི་འགྲུབ་བཟླས་ལ། རྫོགས་རིམ་གཉིས་གང་རུང་བསྒོམས་ནས་བསྔོ་བ་བྱའོ། །དེ་ནས་རྫུས་སྐྱེས་ཀྱི་བག་ཆགས་སྦྱང་བ་ཤིན་ཏུ་བསྡུས་པ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ནས། སྟོང་པའི་ངང་ལས་སྐད་ཅིག་གིས་གསལ་བཏབ་ནས་སྔགས་བཟླས་ཏེ་རྫོགས་རིམ་བསྒོམ་པ་ལས། སྐབས་འདིར་སེམས་བསྐྱེད་ནས་ནམ་མཁའི་དཀྱིལ་དུ་ཉི་ཟླའི་སྟེང་ན་ཀུན་བཟང་ཡབ་ཡུམ་ཞལ་སྦྱར་རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་མཛད་པ་ལས། འོད་འཕྲོས་སྣང་སྲིད་ཐམས་ཅད་ཡེ་ཤེས་ལྔའི་ཞིང་ཁམས་སུ་དག་པར་བྱས། འཁོར་འདས་ཐམས་ཅད་རོ་གཅིག་ཡེ་ནས་དག་པའི་སངས་རྒྱས་སུ་གསལ་བཏབ་ལ། ༀ་ཨཱཿ ཧཱུྃ་ཞེས་ཅི་འགྲུབ་བཟླས་ནས་དེའི་ངང་ལ་གློད་པས་བསམ་མི་ཁྱབ་པའི་འོད་གསལ་འཆར་རོ། །རྗེས་ལ་
བསྔོ་བ་བྱའོ། །འདི་ནི་རྒྱལ་བ་གཅིག་བསྒོམས་ཀུན་གྱི་ངང༌། །ཞེས་བྱ་སྟེ། རིགས་ཐམས་ཅད་ཀྱི་བདག་པᨖ། དཀྱིལ་འཁོར་ཐམས་ཅད་ཀྱི་དབང་ཕྱུག །རང་བྱུང་གདᨖད་མའི་མགོན་པᨖ། སངས་རྒྱས་ཐམས་ཅད་ཀྱི་མེས་པᨖ་དམ་པ་བསྒོམ་པའི་ཕྱིར་རོ། །གསང་སྙིང་ལས། མཁའ་དཀྱིལ་དྭངས་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པᨖ་སྟོང་གསལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །ཐམས་ཅད་འདི་ཡིས་བསྒོམ་པར་འགྱུར། །ཞེས་གསུངས་སོ།
དེ་ནས་ཟབ་ལམ་བྱེ་བྲག་ཏུ་བསྒོམ་པ་ལ། བྱིན་རླབས་དངོས་གྲུབ་ཀྱི་གནད། སྔོན་འགྲོ་ལམ་སེལ་གྱི་གནད། དངོས་གཞི་ཁྱད་པར་གྱི་གནད་དང་གསུམ་ལས། དང་པᨖ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། སྟོང་
པའི་ངང་ལས་རང་ཉིད་ལྷར་བསྐྱེད་པའི་སྤྱི་བᨖར་བླ་མའི་རྣལ་འབྱོར། ཡབ་ཡུམ་འཁྲིལ་སྦྱོར་ཅན་དཔའ་བᨖ་མཁའ་འགྲོ་ཟུང་འཇུག་མཛད་པར་བསྒོམས་ལ། མཆོད་པ་དང༌། བསྟོད་པ་དང༌། གསོལ་བ་བཏབ་ནས། སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་ལུས་ངག་ཡིད་གསུམ་ལ་ཐིམ། དབང་དང་པᨖ་གསུམ་ཐོབ། དེ་ཐམས་ཅད་བདེ་བའི་ངོ་བᨖར་ཞུ་བ་རང་གི་སྙིང་གར་བབས་པས་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་རང་བཞིན་ཚᨑག་དབང་རིན་པᨖ་ཆེ་རང་འཁྲུངས་སུ་ཐོབ་པར་བསམས་ལ་དར་ཅིག་གློད་ལ་བཞག །རྗེས་ལ་བསྔོ་བ་བྱའོ། །འདིས་ནི་བྱིན་རླབས་དངོས་སུ་འབབ། རྟོགས་པ་ཤུགས་ལས་འཆར། ལམ་གྱི་བར་ཆད་སེལ། གེགས་དང་
གོལ་ས་ཆོད། དངོས་གྲུབ་རྣམ་གཉིས་ཐོབ་པའི་ཕྱིར་རབ་ཏུ་གསང་བའི་གནད་དᨖ། །དེ་ནས་སྔོན་འགྲོ་ལམ་སེལ་གྱི་གནད་ལ་གསུམ་ལས། རྩལ་སྦྱོང་བ་སྟོང་རའི་གནད་ནི། སྔོན་འགྲོ་བཤད་མ་ཐག་པ་ལྟར་བསྒོམས་ལ། འཁོར་ལོ་བཞིའི་དབུས་ན་རོ་རྐྱང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་ཡོད་པའི་ནང་སྦུག་མ་སྟོང་སང་ངེ་བ་ལ་དམིགས་པ་འཛᨑན་པ་ཡིན་ཏེ། གཙོ་མᨖ་དབུ་མའི་ནང་ཕྲུ་མ་ཕུས་བཏབ་པ་ལྟ་བུ། དང་པᨖ་མདའ་སྨྱུག་གི་ནང་ཙམ། དེ་ནས་སྤོས་དᨖང་ཙམ། དེ་ནས་བཞོ་ཟོའི་ནང་ཙམ། དེ་ནས་ལུས་ཐམས་ཅད་དབུ་མའི་ནང་ཙམ་དུ་བསྒོམ་མᨖ། །འདིས་ནི་རླུང་སེམས་ཐམས་ཅད་རང་གི་དབུ་མར་ཚུད་པའི་གནད་དᨖ། །དེ་ནས་རླུང་སྦྱོང་བ་སྲོག་གི་གནད་ནི། དེ་ལྟར་དབུ་མ་དང་འཁོར་ལོ་བཞི་སྟོང་པར་གསལ་བའི་གཡས་གཡོན་གྱི་རོ་རྐྱང་ཡར་སྣ་གཉིས་སྨིན་མཚམས་ནས་སྣ་བུག་གི་ནང་གཉིས་ལ་ཟུག་ཅིང༌། མར་སྣ་གཉིས་ལྟེ་བའི་འོག་སོར་བཞིའི་ཆ་སྦུ་གུའི་ཐད་ནས་དབུ་མར་གུག་པའི་སྣ་ཚུད་པར་བསམ་ལ། རླུང་རོ་བུས་ནས་ཕྱིར་འཕངས་དུས་ནད་དང་སྡིག་སྒྲིབ་ཐམས་ཅད་ཕྱིར་སོང༌། ནང་དུ་འདྲེན་དུས་སྣོད་བཅུད་བརྟན་གཡོའི་འཇིག་རྟེན་སངས་རྒྱས་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་བཅས་པ་རླུང་གི་རྣམ་པས་སྣ་བུག་ནས་རོ་རྐྱང་གི་ནང་ལ་བྱུང་བ་དབུ་མའི་ནང་དུ་ཚུད་པ་ལ་དམིགས་པ་བཟུང་ནས། འཇམ་རླུང་དལ་བུས་འཛᨑན་ཅིང༌། རང་བབ་ཀྱི་འབྱུང་རྔུབ་ལས་ཆ་
བབས་སུ་འཛᨑན་པ་ནི་གནད་ཡང་དག་པའོ། །དེ་ལྟར་བྱས་པས་རླུང་སྐྱོན་མེད་པར་ངང་གིས་རླུང་ཟིན་ཅིང་འབྱོངས་པའི་གནད་དᨖ། །དེ་ནས་ཐིག་ལེ་སྦྱངས་བ་རྩོལ་བའི་གནད་ནི། གཏུམ་མᨖའི་རྣལ་འབྱོར་བསྒོམ་པ་སྟེ། རླུང་བསྒོམས་པ་ཡན་ཆད་སྔར་བཞིན་བྱས་པའི་ལྟེ་བའི་ཐད་སྤྲུལ་པའི་འཁོར་ལོའི་དབུས་དབུ་མའི་ནང་ན། མེ་ཡི་དྭངས་མ་རྒྱ་ཁབ་ཀྱི་རྩེའམ་ཉུང་ཀར་གྱི་ཡང་ཞུན་ཙམ་ལ། ཨ་ཤད་ཀྱི་རྣམ་པ་ཅན་རེག་བྱ་ཤིན་ཏུ་ཚ་བ་ཞིག་བསྒོམས་ལ། རོ་རྐྱང་གི་རླུང་དབུ་མའི་མར་སྣར་ཞུགས་དྭངས་མ་དེས་སྦར་བས་མེ་རྟ་རྔའི་ཉག་ཙམ་འབར་བ། དབུ་མའི་ནང་བདེ་ཆེན་འཁོར་ལོའི་ཐད་ཀའི་དཀྱིལ་ཧཾ་མགོ་ཐུར་དུ་ལྟ་བ་སྲན་མའི་གའུ་ཙམ་ལ་རེག་པས། ཐིག་ལེ་དཀར་དམར་གྱི་ཐིགས་པ་ཕྲ་མᨖ་མར་བབ། ལྟེ་བའི་མེའི་གསོས་བྱས། དེ་བས་ཀྱང་མེ་ཆེར་འབར་བ་བཞིན། ཧཾ་ལས་ཐིགས་པ་ཆེར་བབས་པས་དབུ་མའི་ནང་ཁེངས། དྭངས་མ་འཁོར་ལོ་བཞིའི་རྩ་འདབ་སྟོང་པ་རྣམས་གང་བ་ལ་མ་ཡེངས་པར་བསྒོམ་པས། ལུས་སེམས་བདེ་བ་ཆེན་པᨖ་ངང་གིས་འཆར་རོ། །དེ་ནས་དངོས་གཞི་ཁྱད་པར་གྱི་གནད་ལ། ཡས་བརྟན་གྱི་ཡེ་ཤེས། མས་བརྟན་གྱི་ཡེ་ཤེས། ཀུན་ཏུ་བཟང་པᨖ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་གསུམ་ལས། དང་པᨖ་ལ་བཞི་ལས། བདེ་ཆེན་འཁོར་ལོའི་མན་ངག་ནི། འཁོར་ལོ་བཞིའི་དབུས་ན་དབུ་མ་ཡེ་ཤེས་ཀྱི་རྩལ། དྭངས་མའི་དྭངས་མ། དཀར་དམར་འདྲེས་པ་ཉུངས་འབྲུ་ཙམ་གྱི་རྟེན་ལ་འོད་ལྔའི་གོང་བུ་སྲན་མ་རྡོག་པᨖ་ཙམ་རེ་བསམ་པའི་སྤྱི་གཙུག་གི་དྭངས་མ་ཉུངས་འབྲུ་ཙམ་ལ། མགྲིན་པའི་དྭངས་མ་འོད་དང་བཅས་པའི་དྲོད་ཀྱིས་བཞུ་བས། བྱང་ཆུབ་སེམས་ཀྱི་ཐིགས་པ་སྐྲའི་ཉག་ཙམ་བབས་པས་སྤྱི་བᨖའི་རྩ་འདབ་དང༌། མགྲིན་པའི་རྟེན་གྱི་དྭངས་མ་ལ་ཞུགས། ཚད་མེད་བདེ་བས་ཁྱབ་པར་བསམ་ལ་འཇམ་རླུང་རང་ཞིར་བཟུང་ངོ་། །དེ་ནས་སྙིང་ཁའི་འོད་དང་དྭངས་མའི་དྲོད་ཀྱིས་མགྲིན་པའི་རྟེན་གྱི་དྭངས་མ་ཞུ་བས༑ ལོངས་སྤྱོད་འཁོར་ལོའི་རྩ་འདབ་དང་སྙིང་གའི་རྟེན་ལ་ཞུགས། ཟག་པ་མེད་པའི་བདེ་བར་སྐྱེས་པར་བསམ་མᨖ། །དེ་ནས་ལྟེ་བའི་འོད་དང་ཐིག་ལེའི་དྲོད་ཀྱིས་སྙིང་གའི་རྟེན་གྱི་དྭངས་མ་ཞུ་བས། ཆོས་ཀྱི་འཁོར་ལོའི་རྩ་འདབ་དང༌། ལྟེ་བའི་རྟེན་གྱི་ཐིག་ལེ་ལ་ཞུགས། མཆོག་ཏུ་བདེ་བའི་ཡེ་ཤེས་སྐྱེས་པར་བསམ་མᨖ། །དེ་ནས་སྙིང་གའི་འོད་དང་རྟེན་གྱི་དྭངས་མའི་དྲོད་མར་སོང༌། ལྟེ་བའི་རྟེན་གྱི་དྭངས་མ་ཞུ་བའི་དྭངས་མ་རླངས་ཀྱི་ཚུལ་དུ་རགས་པ་མ་ཡིན་ཕྲ་ལ་དྭངས་པར་སྤྲུལ་པའི་འཁོར་ལོའི་རྩ་འདབ་དང༌། རོ་རྐྱང་དབུ་མའི་ནང་ཀུན་ཁྱབ་པར་ཞུགས་པས་ཉེ་བར་ཞི་བའི་བདེ་བས་ཁྱབ་སྟེ། དགའ་བཞིའི་ཡེ་ཤེས་སྐྱེས་པར་བསམ་མᨖ། །དེ་ནས་མས་བརྟན་གྱི་ཡེ་ཤེས་ལའང་བཞི་ལས། དང་པᨖ་སྙིང་གའི་འོད་ལས་ཟེར་འཕྲོས་ཏེ་ལྟེ་བར་སོང་བས་ཐིག་ལེ་རྟེན་དང་བཅས་པ་ཇེ་ཕྲ་ཇེ་ཆུང་ལ་ཡར་འདུས་སྙིང་གའི་འོད་དང་ཐིག་ལེ་ལ་ཐིམ་པའི་ངང་ལ་བཞག །དེ་ནས་འོད་ཟེར་
མགྲིན་པར་འཕྲོས་ཇེ་ཕྲ་ལས་སྙིང་གར་འདུས་པའི་ངང་ལ་བཞག་གོ །དེ་ནས་ཡང་འོད་ཟེར་སྤྱི་བᨖའི་ཐིག་ལེ་རྟེན་དང་བཅས་པ་ལ་ཕོག་པས། ཇེ་ཕྲ་ཇེ་ཆུང་ལས་སྙིང་གར་འདུས་པའི་ངང་ལ་བཞག་གོ །དེ་ནས་སྙིང་གའི་རྩ་འདབ་ཀྱི་དྭངས་མ་ལ་འདུས། དེ་ཡང་བརྟེན་པ་ཐིག་ལེ་སྲན་མ་ཙམ་ལ་འདུས། འོད་ལྔ་པᨖའང་དབུས་ཀྱི་མཐིང་ག་ནམ་མཁའ་ལྟ་བུའི་ངང་དུ་འདུས། དེ་ཡང་གདངས་ཇེ་ཕྲ་ལས་མཐར་ཡིད་ལ་མི་བྱེད་པ་ཀུན་ཏུ་བཟང་མᨖ་ཆོས་ཉིད་སྟོང་པ་ཆེན་པᨖའི་དབྱིངས་སུ་དག་པའི་ངང་ལ་མཉམ་པར་བཞག་གོ །དེ་ནས་ཀུན་ཏུ་བཟང་མᨖ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ནི། དེའི་ཚེ་ལུས་རི་རྒྱལ་ལྟར་མི་གཡོ། ངག་ལྐུགས་པ་ལྟར་མི་བརྗོད། སེམས་ནམ་མཁའ་ལྟར་མི་རྟོག་པའི་ངང་ལ་བཞག་པས། གང་ཡང་ཡིད་ལ་མི་བྱེད་པའི་སྟོང་པ་ནི་ཀུན་ཏུ་བཟང་མᨖ་ཆོས་ཉིད་དᨖན་གྱི་ཡེ་ཤེས་ལ། རང་གསལ་དྭངས་དང་བཅས་པའི་རིག་པ་གསལ་དྭངས་ཕྱེད་པའི་སྣང་ཆ་ནི་ཀུན་ཏུ་བཟང་པᨖ་ཆོས་སྐུ་བཞིའི་ཡེ་ཤེས་འདི་གཉིས་དབྱེར་མེད་རིག་པ་ཕྱི་ནང་བར་མེད་དུ་ཕྱམ་གདལ་བ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀུན་བཟང་ཡབ་ཡུམ་ཟུང་འཇུག་གཉུག་མའི་ཡེ་ཤེས་རྫོགས་པ་ཆེན་པᨖ་ཞེས་བྱའོ། །ཚུལ་འདི་ནི་སྒྱུ་འཕྲུལ་དᨖན་གྱི་རྫོགས་རིམ་བླ་ན་མེད་པའི་མཐར་ཐུག་ངེས་པ་དᨖན་གྱི་བཅུད་ཀྱི་སྙིང་པᨖ་དེ་ཁོ་ན་ཉིད་ངེས་པའི་གནད་བསྟན་པའོ། །ཚུལ་འདི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ། །ཟབ་ཅིང་རྒྱ་ཆེ་གསང་བ་མཆོག་གི་
གནས། །མྱུར་དུ་རྫོགས་པའི་སངས་རྒྱས་སྒྲུབ་བྱེད་ཡིན། །སྐལ་བཟང་སྐྱེ་བᨖས་དང་དུ་བླང་བར་མཛོད། །དགེ་བ་འདི་ཡིས་མ་ལུས་འགྲོ་བ་ཀུན། །གསང་སྔགས་རྡོ་རྗེ་ཐེག་ལ་རབ་ཞུགས་ཏེ། །ཉིན་མཚན་རིམ་གཉིས་འཁོར་ལོའི་བཞོན་པ་ཡིས། །དངོས་གྲུབ་ཡིད་བཞིན་གླིང་དུ་ཕྱིན་པར་ཤོག །སྣ་ཚོགས་ཁམས་ཅན་འཁོར་བའི་རང་བཞིན་དང༌། །གཉིས་མེད་མྱ་ངན་འདས་པ་རོ་གཅིག་ཏུ། །ནམ་ཞིག་ནུས་ལྡན་ཐབས་ཀྱིས་འདྲེས་པའི་ཚེ། །གཞན་དᨖན་ལྷུན་གྲུབ་ཆོས་ཀྱི་ཆར་འབེབས་ཤོག །ཀུན་མཁྱེན་ངག་གི་དབང་པᨖ་རྡོ་རྗེ་གཟི་བརྗིད་ཀྱིས་མཛད་པའི་རྫོགས་པ་ཆེན་པᨖ་སེམས་ཉིད་ངལ་གསའི་དགེ་བ་གསུམ་གྱི་དᨖན་ཁྲིད་བྱང་ཆུབ་ལམ་བཟང་ལས་
ཁོལ་དུ་ཕྱུང་བའོ། །ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་ཀྱི་དཔལ་རབ་ཏུ་འབར་བས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག  །མངྒ་ལཾ།།    །།
[[Category:Wyckibaat]]

Latest revision as of 12:12, 26 February 2025

Wylie title dpal rdo rje sems dpa' sgyu 'phrul drwa ba'i grol byed lam gyi snying po'i don khrid DNZ-01-KA-006.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 1, Text 6, Pages 153-163 (Folios 1a1 to 6a4)
Author ཀློང་ཆེན་རབ་འབྱམས་
Citation Klong chen pa. Dpal rdo rje sems dpa' sgyu 'phrul drwa ba'i grol byed lam gyi snying po'i don khrid. In Gdams ngag rin po che'i mdzod, Vol. 1: 153-163. Kalimpong: Rigpe Dorje Publications, 2024. DNZ-Shechen-01-KA-005.pdf
Shechen Publications, 1999
Side notes Recto: sgyu drwa'i don khrid   Verso: rnying ma'i skor
More details More details
Genre Contemplative Guide Books and Instructional Manuals - khrid yig
Colophon

།ཀུན་མཁྱེན་ངག་གི་དབང་པོ་རྡོ་རྗེ་གཟི་བརྗིད་ཀྱིས་མཛད་པའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསའི་དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་ལས་ཁོལ་དུ་ཕྱུང་བའོ། །ཕྱོགས་དང་དུས་ཐམས་ཅད་དུ་བཀྲ་ཤིས་ཀྱི་དཔལ་རབ་ཏུ་འབར་བས་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།།

/kun mkhyen ngag gi dbang po rdo rje gzi brjid kyis mdzad pa'i rdzogs pa chen po sems nyid ngal gsa'i dge ba gsum gyi don khrid byang chub lam bzang las khol du phyung ba'o/__/phyogs dang dus thams cad du bkra shis kyi dpal rab tu 'bar bas shin tu dge zhing bkra shis par gyur cig__/mang+ga laM//

[edit]
༄༅། །དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་གྲོལ་བྱེད་ལམ་གྱི་སྙིང་པོའི་དོན་ཁྲིད་བཞུགས་སོ། །