གཅོད་བཀའ་ཚོམས་ཆེན་མོའི་ས་བཅད།

From Damngak Dzö
DNZ-14-PHA-004-001
Wylie title gcod bka' tshoms chen mo'i sa bcad DNZ-14-PHA-004.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 14, Text 4, Subtext 1, Pages 102-106 (Folios 1b1 to 3b3)
Author རང་བྱུང་རྡོ་རྗེ་
Citation Karmapa, 3rd (Rang byung rdo rje). Gcod bka' tshoms chen mo'i sa bcad. In Gdams ngag rin po che'i mdzod, Vol. 14: 102-106. Kalimpong: Rigpe Dorje Publications, 2024.
Side notes Recto: gcod kyi sa bcad   Verso: zhi byed skor
More details More details
Genre Outlines - sa bcad  ·  Synopsis - mdor bsdus - bsdus don
Colophon

།བཀའ་ཚོམས་ཆེན་མོའི་བསྡུས་དོན་རྫོགས་སོ།

bka' tshoms chen mo'i bsdus don rdzogs so/

[edit]
༄༅། །གཅོད་བཀའ་ཚོམས་ཆེན་མོའི་ས་བཅད་དང་གཅོད་ཀྱི་ཊཱི་ཀ་བཞུགས་སོ། །

རྗེ་རང་བྱུང་རྡོ་རྗེས་མཛད་པ།

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །བདུད་ཀྱི་གཅོད་ཡུལ་བཀའ་ཚོམས་ཆེན་མོ་འདི་ལ་གསུམ་ལས། ཀླད་ཀྱི་དོན་དང༌། གཞུང་དང༌། མཇུག་གོ ༑གོང་མ་ལ་གསུམ། མི་སྨྲ་ ཕྱག་འཚལ་བ། གཅོད་ཀྱི་ མཚན་བསྟན་པ། དགའ་ལ་ མདོར་བསྟན་པ་དང་གསུམ་མོ། །གཉིས་པ་གཞུང་གི་དོན་ལ་གཉིས། བདུད་ལ་ མདོར་བསྟན་པ། རྒྱས་པར་བཤད་པའོ། །འདི་ལ་གསུམ། བདུད་བཞི་བྱེ་བྲག་ཏུ་བསྟན་པ་དང༌། དཔེས་བསྟན་པ་དང༌། དཔེ་དང་བྲལ་བར་བསྟན་པའོ། །ཐོག་མ་ལ་བཞི། ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད་དོ། །དང་པོ་ལ་གཉིས། བདུད་ ཐོགས་བཅས་ རང་ལས་བྱུང་བ་ངོས་བཟུང་བ་དང༌། དེའི་ངོ་བོ་སྟོང་ གཟུགས་ནི། པར་གཏན་ལ་དབབ་པའོ། །ཐོགས་མེད་ལ་གཉིས། བྱུང་ཚོར་ ཐོགས་མེད་ ངོས་བཟུང་བ་དང༌། རྟོགས་པ་ ཆོས་དབྱིངས་ ཤར་བས་རང་གྲོལ་དུ་བསྟན་པའོ། །དགའ་བྲོད་ལ་གཉིས། དགའ་བྲོད་ མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །འདི་ལ་གཉིས། ཐུན་མོང་དང༌། མཆོག་གོ །དང་པོ་ལ་གཉིས། གཉན་སར་འདྲེ་ཡིས་ ཡོན་ཏན་ལ་ཆགས་ན་ལམ་བདུད་ཡིན་པ་དང༌། ཡོན་ཏན། རྨི་ལམ་ལྟ་བུར་བསྟན་པའོ། །མཆོག་ལ་གཉིས། མ་གོ་ན་ལམ་བདུད་དུ་བསྟན་པ་དང༌༑ བློས་བྱས་བདུད་དུ་བསྟན་པའོ། །དང་པོ་ལ་གཉིས། བདུད་ངོས་བཟུང་བ་དང༌། བརྡ་རུ་ཤེས་ན་གྲོལ་བའོ། །ངོས་བཟུང་བ་ལ་གཉིས་ལས། མཆོག་གི་ མདོར་བསྟན་པ་དང༌། སྤྲོས་བྲལ་ རྒྱས་པར་བཤད་པའོ། །གཉིས་པ་ལ་བཞི། རང་ཤར་ ལྟ་བསྒོམ་ ལ་བལྟ་བྱ་ལྟ་བྱེད་མེད་པ་དང༌། བསྒོམ་པ་ ཀུན་ཀྱང་ བསྒོམ་མཁན་མེད་པ། ཤུགས་བྱུང་རང་གི་ སྤྱོད་ བལྟ་བ་ཟིན་ན། སྤྱོད་པ་ཟིན་ན་སྤྱོད་པ་རང་གི་རོལ་པ་ཡིན་པ་ཉམས་ ཉམས་སུ་ མྱོང་བློ་ལས་འདས་པའོ། །བློས་བྱས་བདུད་དུ་བསྟན་པ་ལ་གཉིས། འདོད་པ་དང་བཅས་ མཆོག་གི་བདུད་ འབྲས་བུའི་བདུད་དང༌། རང་ཡིན་པར་ ལུས་ངག་ཡིད་གསུམ་ རྟོགས་ན་བསྒྲུབ་ཏུ་མེད་པའོ། །སྙེམས་བྱེད་ཀྱི་བདུད་ལ་གཉིས། བདུད་ལ་ མདོར་བསྟན་པ། རྒྱས་པར་བཤད་པའོ། །དེ་ལ་གསུམ། ཐོགས་བཅས་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང༌། ཐོགས་མེད་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང༌། དགའ་བྲོད་ཀྱི་བདུད་སྙེམས་བྱེད་དུ་འདུས་པ་དང་གསུམ་མོ། །ཐོག་མ་ལ་གཉིས། ལྟ་བས་མ་ཟིན་ན་ དངོས་པོའི་ཡུལ་ དངོས་པོ་བདུད་དུ་བསྟན་པ་དང༌། རྩ་བྲལ་དུ་ དངོས་སུ་ ཤེས་ན་ཀུན་གྲོལ་དུ་བསྟན་པའོ། །གཉིས་པ་ལ་ལྔ། རྩ་བ་སྙེམས་བྱེད་ལས་བྱུང་བའི་བདུད་ ཐོགས་མེད་ ལྔ་ངོས་བཟུང་བ་དང༌། སྙེམས་བྱེད་ ཞེ་སྡང་རང་ གྲོལ་ན་རིགས་དྲུག་ལས་ཐར་ཞིང་ཡེ་ཤེས་ལྔ་རྟོགས་པ་དང༌། དཔེའི་སྒོ་ནས་ དེ་ཡང་ ཡ་ང་མེད་པ་དང༌། རྟོགས་ཀྱང་ རྟོགས་ཀྱང་ མ་བཅད་ན་འཆིང་བ་དང༌། སྙེམས་བྱེད་ཆོད་ན་ ཨེ་མ་ཧོ། སངས་རྒྱས་པའོ། །གསུམ་པ་ལ་གཉིས། ཐུན་མོང་དང༌། མཆོག་གོ །ཐུན་མོང་ལ་གཉིས། དངོས་གྲུབ་ལ་ དགའ་བྲོད་ ཆགས་ན་བདུད་ཡིན་པ་དང༌། མ་ཆགས་ན་རྒྱན་ཡིན་པའོ། །མཆོག་ལ་གཉིས་ཏེ། བྲོད་པ་ སྐུ་གསུམ་ བདུད་དུ་བསྟན་པ་དང༌། དེ་ཤེས་ན་ འཁོར་བའང་ སྒོམ་བྱེད་མེད་པའོ། །སྤྱི་དོན་གཉིས་པ་དཔེའི་སྒོ་ནས་བསྟན་པ་ལ་ལྔ་ལས། དཔེས་བཤད་པ་དང༌། ལྟ་བ་དང༌། བསྒོམ་པ་དང༌། སྤྱོད་པ་དང༌། འབྲས་བུའོ། །དང་པོ་ལ་གཉིས། རྒྱུད་ དཔེ་ཡིས་ ལ་མ་ཁེལ་ན་འཆིང་བ། རང་གིས་ འབྲི་བཟང་ རྟོགས་ན་གཞན་ལ་ཕན་པའོ། །ལྟ་བ་ལ་གཉིས། བདུད་ ཁྱུང་ཆེན་ རྩ་བྲལ་དུ་རྟོགས་པར་བྱེད་པ་དང༌། དེ་ལྟར་ཤེས་པས་ རྩ་བྲལ་ ཆོད་པའོ། །བསྒོམ་པ་ལ་གསུམ། དཔེའི་ བཞག་ཐབས་ སྒོ་ནས་བསམ་དུ་མེད་པ། མ་བཅོས་ བཅོས་བསླད་ ལྷུག་པར་བཞག་པ་དང༌། དྲན་རྟོག་ རིག་པ་རང་ལུགས་ བདེན་མེད་དུ་ཤེས་པས་མྱ་ངན་ལས་འདས་པའོ། །སྤྱོད་པ་ལ་གཉིས། ཉོན་མོངས་ སྤྱོད་པ་ དང་བྲལ་བའི་བརྟུལ་ཤུགས་སྤྱོད་པ་ཀློང་དུ་གྱུར་པས་ཐམས་ཅད་གྲོགས་སུ་བསྟན་པའོ། །འབྲས་བུ་ལ་གཉིས། དོན་རྟོགས་ འབྲས་བུ་ པས་བསྒྲུབ་ཏུ་མེད་པ་དང༌། བདག་ སྙེམས་པ་ སངས་རྒྱས་སུ་ངེས་པའོ། །སྤྱི་དོན་གསུམ་པ་དཔེ་དང་བྲལ་བར་བསྟན་པ་ལ་ལྔ། རིག་པ་འཁྲུལ་པ། མ་རིག་པ་ཡེ་ཤེས། མ་བྱས་པ་གཞི། མི་བྱེད་པ་ལམ། མ་གྲུབ་པ་འབྲས་བུའོ། །དང་པོ་ལ་གཉིས། རང་བཞིན་ རིག་མེད་ འཁྲུལ་པ་དང༌། གྲུབ་ དབྱེར་མེད་ མཐའ་ལ་ལྟོས་ཏེ་འཁྲུལ་པའོ། །གཉིས་པ་ལ་གཉིས། དེ་བས་ གཏི་མུག་ཡེ་ཤེས་སུ་བསྒྱུར་བ། རིག་པ་ ཅི་ཤར་རང་བྱུང་དུ་བསྟན་པའོ། །གསུམ་པ་ལ་གཉིས། སངས་རྒྱས་ ཡང་དག་ ཀྱིས་མ་བྱས་པ། འཇིག་རྟེན་ མ་བྱས་འདུས་མ་བྱས་ པས་མི་རྟོགས་པའོ། །བཞི་པ་ལ་གཉིས། མ་བྱས་ མུ་བཞི་བདེན་མེད་དུ་རྟོགས་པ། དོན་རྟོགས་ གཟུགས་དང་ཚོར་ པས་འཁོར་བ་ལས་གྲོལ་བའོ། །ལྔ་པ་ལ་བཞི། བློ་ མ་གྲུབ་ ཆུང་བ་ལ་དྲང་ཐབས་སུ་བསྟན་པ། གྲུབ་ གྲུབ་ན་ རྒྱུ་དོན་མེད་པ་དང༌། བློ་མ་ ཆོས་ཀྱིས་ གྲོལ་ན་དོན་མེད་པ་དང༌། འཛིན་ ལུས་ལ་ མེད་རྟོགས་ན་སྐུ་གསུང་ཐུགས་སུ་བསྟན་པའོ། །མཇུག་གི་དོན་ལ་ཡང་གཉིས། མཚན་ ཨེ་མ་ཧོ། དོན་གྱི་སྒོ་ནས་བསྟན་པ་དང༌༑ ཉམས་སོ། །དེ་ལ་བཞི། བློ་ ནན་ཏན་ དང་བྲལ་བའི་ཉམས་དང༌། གདམས་ གཉན་ས་ལ་སོགས། པ་ཁྱད་པར་ཅན་དང༌། ཁལ་ རྐྱེན་སྣང་ དུ་ཁེལ་ན་ལྟ་བ་ཡིན་པ་དང༌། གཉན་ས་ གཉན་སར་ འགྲིམ་པ་གལ་ཆེ་བའོ། །བཀའ་ཚོམས་ཆེན་མོའི་བསྡུས་དོན་རྫོགས་སོ།