DNZ-04-NGA-024

From Damngak Dzö
Revision as of 13:42, 31 January 2025 by Jeremi (talk | contribs)

DNZ-04-NGA-024
Wylie title DNZ-04-NGA-024.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 4, Text 24, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༄༅། །མགོན་པᨖ་གྲི་གུག་དཔའ་གཅིག་གི་སྒྲུབ་ཐབས་བཟླས་ལུང་འབᨖགས་ཚུལ་དང་བཅས་པ་བཞུགས་སᨖ། །

ༀ་སྭ་སྟི། ནག་པᨖ་ཆེན་པᨖ་སྒྲུབ་པའི་ཐབས། །ཉུང་གསལ་བྱིན་རླབས་བཀའ་བབས་དང༌། །ཨ་ཏི་ཤ་ཡི་མན་ངག་ནི། །བཅོས་སླད་བྲལ་བ་འདི་ལྟར་ལགས། །སྐྱབས་འགྲᨖ་སེམས་བསྐྱེད་སྔོན་ཏུ་བཏང་སྟེ། སྟོང་པ་ལ་ཅུང་ཟད་མཉམ་པར་བཞག །ༀ་སྭ་བྷ་ཝ་སᨖགས་བརྗོད། པདྨ་དང་ཉི་མའི་སྟེང་དུ་མི་རོ་བཀན་པའི་གདན་ལ་རང་སྐད་ཅིག་གིས་དཔལ་ལྡན་མ་ཧཱ་ཀཱ་ལ་སྐུ་མདᨖག་དུས་མཐའི་སྤྲིན་དང་མཚུངས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་ཁྲག་གང་ཐུགས་ཀར་འཛᨑན་པ། སྤྱན་གསུམ་མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ། སྨ་ར་དང་སྨིན་མ་དམར་སེར་གྱེན་དུ་བརྫེས་པ། སྦོམ་ཐུང་ཡན་ལག་ཧྲགས་ཤིང་གསུས་ཁྱིམ་ཆེ་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། མི་མགོ་སྐམ་པᨖ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དᨖ་ཤལ་བྱས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས། མེ་ཚན་དྲག་པᨖ་འབར་བའི་ཀློང་ན་བཞུགས་པའོ། །ཐུགས་ཀར་རཾ་ལས་ཉི་མའི་སྟེང་དུ། ཧཱུྃ་མཐིང་ནག་དེ་ལས་འོད་ཟེར་འཕྲོས། ཤར་ཕྱོགས་ནས་རྒྱལ་བ་མི་བསྐྱོད་པ་བཛྲ་ས་མཱ་ཛཿ རང་གི་སྤྱི་བᨖར་རིགས་བདག་གི་ཚུལ་དུ་བཞུགས་པར་གྱུར། ཡང་ཧཱུྃ་ལས་འོད་ཟེར་སྨུག་ནག་ཤིན་ཏུ་ཚ་བ་འཕྲོས། ཕྱོགས་བཅུའི་སེམས་ཅན་གདུག་པ་ཅན་ཐམས་ཅད་ཀྱི་ལུས་རྣམས་གདུངས་ཤིང་སེམས་ངན་པ་ཅན་ཐམས་ཅད་བསྲེགས་པར་གྱུར། ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བ་བསྒོམས་ལ། ༀ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲེ་ཎ་ཧཱུྃ་ཕཊ། ཅེས་ཅི་ནུས་སུ་བཟླས་པའི་མཐར། དཔལ་མགོན་པᨖས་བདག་གི་དགྲ་ལྷ་དང་སྲུང་མ་ཆེན་པᨖ་མཛོད་ལ། སྤྱི་དང་ཁྱད་པར་གྱི་བསྟན་པ་སྐྱོང་བ་དང༌། བདག་དང་སེམས་ཅན་རྣམས་ལ་གནོད་བྱེད་ཐམས་ཅད་འདུལ་ཞིང༌༑ ཕྲིན་ལས་རྣམ་པ་བཞི་འགྲུབ་པ་དང༌། བར་ཆད་བསྲུང་ཞིང༌། ཡིད་ལ་བསམ་པའི་དᨖན་ཐམས་ཅད་འགྲུབ་པར་མཛད་དུ་གསᨖལ། དཔལ་མགོན་པᨖ་ཁྱེད་ཀྱི་གོ་འཕང་ ཐོབ་པར་མཛད་དུ་གསᨖལ། ཞེས་བདག་བསྐྱེད་ཀྱི་ལྷ་ལ་གསᨖལ་བ་དྲག་ཏུ་བཏབ་ཅིང༌། མ་འབྱོར་པ་དང་སᨖགས་ཀྱིས་བཟོད་པར་གསᨖལ། དགེ་བ་བསྔོ་བའོ། །བཟའ་གཏུང་ནམ་བྱེད་པའི་ཕུད་ནས་མི་ཆུང་ཙམ་བཅད་ལ། ༀ་ཨཱཿ ཧཱུྃ། ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས། ༀ་མ་ཧཱ་ཀཱ་ལ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། སྙིང་པᨖའི་མཐར། ཨི་དཾ་བ་ལ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་འབུལ། ༀ་མུཿ ཞེས་གཤེགས་སུ་གསᨖལ། ཁྱད་པར་གྱི་མཆོད་པ་ནི། དུས་བཟང་ཐམས་ཅད་དང༌། ཁྱད་པར་ཉེར་དགུའི་མཚན་མᨖ། མདུན་ཏུ་མཎྜལ་ནག་པᨖ་གྲུ་གསུམ་ཞིག་བྱས་ལ། ཁྲག་དང་ཆང་གིས་བྱུགས། ཚོམ་བུ་ནག་པᨖ་ཞིག་བཀོད། དེའི་མདུན་ཏུ་བཤོས་བུའི་གཏོར་མ་ལག་ལེན་ལྟར་གསུམ་བཤམས། མཆོད་པ་སྣ་ལྔ་གཅིག་དང༌། མཆོད་ཡོན། མེ་ཏོག་ནག་པᨖའི་ཕུང་པᨖ། སྤོས་སྦྱོར་རམ། གུ་གུལ། དཔལ་འབར་གསུམ་རྣམས་བཤམས། བདག་བསྐྱེད་ཡི་དམ་མམ། གོང་དུ་བསྟན་པའི་མགོན་པᨖ་ཉིད་སྔོན་དུ་འགྲᨖ་བས་མཆོད་རྫས་རྣམས་སྤྱི་དང་མཐུན་པར་བྱིན་གྱིས་བརླབ། གཏོར་མ་ཨ་མྲ་ཏས་བསང༌། སྭ་བྷ་ཝས་སྦྱང༌། ༀ་སྟོང་པར་གྱུར། ཨཱཿ ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ། ཧཱུྃ་ཤ་ལྔ་བདུད་རྩི་ལྔས་གང་བ། ཧོཿ ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པᨖར་གྱུར། ༀ་ཨཱཿ ཧཱུྃ་ཧོཿ ལན་གསུམ་བརྗོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དུར་ཁྲོད་ཆེན་པᨖའི་གནས་བརྒྱད་ནས། མགོན་པᨖ་ནག་པᨖ་འཁᨖར་དང་བཅས་པ་བཛྲ་ས་མཱ་ཛཿ མཎྜལ་གྱི་ཚོམ་བུའི་སྟེང་དུ་འཁᨖད་པ་ནི། དཔལ་ལྡན་མ་ཧཱ་ཀཱ་ལ་ནས། ཧཱུྃ་མཐིང་ནག་གོ །མཆོད་ཡོན་ནས། ཤབྡའི་བར་གྱིས་མཆོད། སྲིན་གཟུགས་མའི་ཤོ་ལོ་ཀ་དང་པᨖས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལ་དམིགས་ནས་ བཟླས་པ་ཅུང་ཟད་བྱ། གཏོར་མ་དང་པᨖ་གསᨖལ་བར་དམིགས་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱ་ཆེར་སྤེལ། སྙིང་པᨖའི་མཐར། ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་བསྟབ། བདག་བསྐྱེད་ཀྱི་སྐབས་བཞིན་གསᨖལ་བ་དྲག་ཏུ་བཏབ། གཏོར་མ་གཉིས་པའང་སྔར་དང་འདྲ་བ་ལས། སྙིང་པᨖའི་མཐར། ཨ་ཀཱ་རོ་བཏགས་པས་འབུལ། འདི་ལ་འདᨖད་དᨖན་མི་ཞུ། གསུམ་པ་ཡང་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་སྔོན་དུ་འགྲᨖ་བས། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ས་པ་རི་ཝཱ་རེ་བྷྱཿ ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ལན་ཉི་ཤུ་རྩ་གཅིག་ཙམ་གྱིས་འཁᨖར་དང་བཅས་པ་རྣམས་ལ་འབུལ་ལོ། །སྤོས་སྦྱོར་བསྲེག་ཅིང་མེ་ཏོག་རེ་རེ་ནས་གཏོར་མ་ལ་འབུལ་བ་དང༌། སྙིང་པᨖ་ཁᨖ་ན་བཟླ་བར་བྱའོ། །བསྟོད་པ་སྲིན་གཟུགས་མ་ཡོངས་རྫོགས་ཀྱི་མཐར། འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་ཞལ་བཞེས་པ། །ནག་པᨖ་ཁྱེད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་པ། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་བསྒྲད་ལྗགས་འདྲིལ་མཆེ་གཙིགས་ནས། །བར་གྱི་ལྷ་ཚོགས་བསྲེག་པར་མཛད། །གཡས་ན་གྲི་གུག་བསྣམས་པ་ནི། །དགྲ་བགེགས་འདུལ་ཞིང་བདུད་མགོ་གཅོད། །གཡོན་ན་ཐོད་པ་བསྣམས་པ་ནི། །གནོད་སེམས་ཅན་གྱི་སྙིང་ཁྲག་གསᨖལ། །ཁྲོས་པས་ཞབས་གཉིས་བརྡབ་པ་ཡིས། །མ་རུངས་རྣམས་ཀྱིས་ལུས་ལ་ཉེད། །ནག་པᨖ་ཆེ་ལ་ཕྱག་འཚལ་འདུད། །གང་ལ་བྱ་བ་རྡུལ་དུ་རློག །ཅེས་སᨖགས་ཕྲིན་ལས་བཅོལ་ཅི་ཤེས་བྱ། དཔལ་འབར་གསུམ་ཡང་སྤར་ཏེ། ༀ་མ་ཧཱ་པྲ་དཱི་པེ་ཧཱུྃ། ཞེས་ལན་གསུམ་བརྗོད་ཅིང༌། གཏོར་མ་རྣམས་ལ་རེ་རེ་བཙུགས། བཟོད་གསᨖལ་གྱི་མཐར་གཏོར་མ་ཁང་སྟེང་ངམ་དུར་ཁྲོད་དུ་བསྐྱལ། ༀ་མུཿ ཞེས་ཚོམ་བུ་བསྡུའོ། །ཚུལ་འདིས་སྔགས་འབུམ་ཕྲག་གཅིག་གིས་བསྙེན་པ་འགྲུབ་པར་བཤད། འབུམ་ཕྲག་བཅུ་གསུམ་གྱིས་སྟེང་གདᨖན་གྱིས་ཟིན་པའང་ཐར་བར་ཐེ་ཚོམ་མེད་ཅེས་གསུང༌། འབུམ་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་ནི། ཤིན་ཏུ་སྐལ་པ་དམན་ཡང་ལས་ཐམས་ཅད་འགྲུབ་ཅེས་བཤད་ལ། འོན་ཀྱང་ད་ལྟར་འབུམ་ཕྲག་བཅོ་བརྒྱད་བསྙེན་ཚད་དུ་མཛད་ཅིང༌། དེ་ནས་སྒྲུབ་པ་ལ་འཇུག་པར་འདᨖད་ན། བྲིས་སྐུ་མདུན་ཏུ་བཀྲམ་ལ། མཎྜལ་མ་གཏོགས་གོང་གི་མཆོད་ཆོག་དང་འདྲ་བར་བྱ་བ་ལས༑ ཁྱད་པར་ནི་མདུན་བསྐྱེད་ཀྱི་བཟླས་པ་ཁᨖ་ན་གཙོ་བᨖར་བྱེད་ཅིང༌། སྔར་གྱི་མཎྜལ་གྱི་ཚབ་བྲིས་སྐུ་ལ་བྱེད་པ་དང༌། སྔགས་ཕྲེང་ཞལ་ནས་ཞལ་ལྟེ་བ་ནས་ལྟེ་བར་འཁᨖར་བའི་དམིགས་པ་བྱེད། གཏོར་མ་གསུམ་པᨖ་སྒྲུབ་པ་མ་ཐོན་བར་ཕྱིར་མི་གཏོང་ཞིང༌། ཐུན་རེ་རེ་བཞིན་འབྱོར་པ་ཆེ་ན་གསར་པ་རེ་བཤམས་ལ། མིན་ན་ཁ་གསᨖ། ཐུན་མཚམས་སུ་གཤེགས་གསᨖལ་མི་བྱེད་པར་བྲིས་སྐུ་ལ་བརྟན་བཞུགས་བྱ། ཐུན་ཐམས་ཅད་དམ་སྲོད་ཐུན་ལ་ཐུན་གཏོར་རེ་རེ་ངེས་པར་གཏོང༌། ཚུལ་དེས་འབུམ་ཕྲག་བཅོ་བརྒྱད་བཟླས་ལ། སྒྲུབ་པའི་གྲངས་ཚད་ཐེང་བར་བྱེད་དᨖ། །འཚུབ་མ་ཤུགས་དྲག་ཁང་ཐོག་འཆག ། གླུ་ལེན་བྱ་རོག་ཨ་ཙ་ར། །དར་ནག་ཐོགས་ཏེ་འོ་དᨖད་འབᨖད། །ཕྱིའི་རྟགས་སུ་ཤེས་པར་བྱ། །སློབ་དཔᨖན་འོང་ནས་གཏམ་སྨྲ་དང༌། །ཆོས་འཆད་ལུང་སྟོན་གདུགས་འཕུབ་དང༌། །བནྡ་སྟོན་པ་ནང་གི་རྟགས། །མགོན་པᨖའི་སྐུ་སྟོན་གྲི་གུག་དང༌། །མཁའ་འགྲᨖའི་ཚོགས་དང་ཅ་ཅོ་འདᨖན། །དངོས་གྲུབ་སྟེར་བར་རྨི་བ་དང༌༑ ༑སྟག་དང་སེངྒེ་འཕྱོ་བ་དང༌། །ཤེལ་གྱི་མཆོད་རྟེན་བསྐོར་བ་དང༌། །གཏོར་ཆེན་ཁྱེར་འཕྲད་འགྲུབ་པའི་རྟགས། །མཚོན་ཆའི་ཆར་དང་ཨ་ཙ་ར། །འཁྲུག་རྒོལ་དུ་བ་བཟློག་རྟགས་སᨖ། །ཞེས་གསུངས་པ་ལྟར་རོ། །སྙིང་པᨖ་ལ། བཛྲེ་ཎ་བདག་ལ་སྲུངས་ཤིག་སྲུངས་ཤིག་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་འཁᨖར་ལོ་འཁᨖར་བའི་ཚུལ་གྱིས་དམིགས་པ་གསལ་བཏབ་སྟེ་བཟླས་ན། ནད་གདᨖན་ཐམས་ཅད་ཐོན་ཅིང༌། སྲུང་བ་དང༌། བྱིན་རླབས་ཀྱི་མཆོག་གོ །ཡང་གདᨖན་འདུལ་ན། བཛྲེ་ཎ་བདག་གམ་ཆེ་གེ་མᨖ་ལ་གནོད་པར་བྱེད་པའི་རྒྱལ་འགོང་མཱ་ར་ཡ་ ཛཿ ཛཿ ཧཱུྃ་ཕཊ། ཞེས་བཟླ། རྒྱལ་འགོང་ཞེས་པར་གང་དགོས་སྤེལ། ཡང་བཛྲ་ཎ་བ་སུ་པུ་པུཥྚ່་ཀུ་རུ་སྭཱ་ཧཱ། བདག་གི་འབྱོར་བ་པུཥྚ່་ཀུ་རུ་སྭཱ་ཧཱ། ཞེས་པས་ལོངས་སྤྱོད་ལྷག་པར་འཕེལ་བར་འགྱུར་ལ། ཨཱ་ཡུ་པུཥྚ່་ཚེ་པུཥྚ່་ཞེས་འདᨖན་པ་སྤོས་ན། ཚེ་སྒྲུབ་ཀྱི་མཆོག་ཡིན་ལ། བསྲུང་བ་དང་འདྲེ་འདུལ་གཙོ་བᨖར་ཕྱི་དྲོ་བཟླ་ཞིང༌། ལོངས་སྤྱོད་དང་ཚེ་སྤེལ་བ་གཙོ་བᨖར་སྔ་དྲོ་བཟླའོ། །སྒྲུབ་པ་དང་ལས་སྦྱོར་གྱི་ཚེ། ཟློག་པའི་རྟགས་བྱུང་བ། ༀ་མ་ཧཱ་ཀཱ་ལ་བཱི་ལ་མ་ཧཱུྃ་ཧཱུྃ་རིལ་རྦད། བུ་ནི་ཛ་མ་ཧཱ་ཀཱ་ལ་ཏྲཀྴད་སིདྡྷི་མ་མ་དུ་ཏི་ཛཿ གླིང་བྱིན་ཚལ༑ སྙིང་ནས་ཛཿ དགྲ་བᨖ་མཱ་ར་ཡ་ཛཿ ཛཿ ཞེས་བརྒྱ་རྩ་ཙམ་བཟླས་པས་སྤེལ་བར་འགྱུར་རོ། །དྲག་པᨖའི་ལས་སྦྱོར་ནི། སྒྲུབ་པའི་དུས་ཀྱི་ཆོ་ག་ལ་འདᨖན་པ་སྤོས་ནས། གཏོར་མ་དང་སྦྱིན་སྲེག་ལ་བརྟེན་པའི་དགྲ་བསད་ཅིག་ཡོད་དེ། འདིར་མ་བྲིས་སᨖ། །དེའི་ཚེ་དྲག་ཏུ་བསྐུལ་བའི་ཚᨑག་ནི༑ གང་ཞིག་དཀོན་མཆོག་གསུམ་གནོད་དང༌། །བསྟན་པ་ལ་གནོད་མཚམས་མེད་བྱེད། །བདག་ལ་སྡང་བའི་དགྲ་བᨖ་འདི། །ཕྱི་དུས་འགྱང་བར་མ་འཇོག་པར། །བདག་གིས་བསྒོ་བ་ཀུན་ཁུག་ལ། །ལིང་ག་འདི་ལ་མྱུར་དུ་ཁུག །འདི་ཡི་ཤ་ཟོ་ཁྲག་ལ་རོལ། །རུས་པ་ཀླད་པ་ནང་ཁྲོལ་དྲོངས། །རིགས་རྒྱུད་རྩད་ནས་ཆོད་ལ་ཤོག །མཛའ་བᨖ་ཀུན་དང་བྲོལ་ལ་ཤོག །ཡང་ན་འདི་ཡི་ཕྱིར་འབྲངས་ནས། །ཏིལ་འབྲུ་ཙམ་དུ་མཛད་དུ་གསᨖལ། ། ཅེས་བརྗོད་པ་སྟེ། འདི་ཇོ་བᨖའི་གསུང་ཡིན་ནོ། །ཞེས་སངས་རྒྱས་སྒོམ་པས་གསུངས་སᨖ། །བཟླས་ལུང་བྱ་བའི་ཚུལ་ནི། སློབ་དཔᨖན་གྱི་བྱ་བ་ཉེར་དགུ་མཆོད་པ་བཞིན་ལས། བཟླས་པའི་མཚམས་སུ་ལུང་སྦྱིན་ཏེ། སློབ་མས་མཎྜལ་ཕུལ། ཡན་ལག་བདུན་པ་བཟང་སྤྱོད་བཞིན་བྱ། སྐྱབས་འགྲᨖ་སེམས་བསྐྱེད་རྒྱས་པར་གྲུབ་ན་རབ། མ་འགྲུབ་ན་སངས་རྒྱས་ཆོས་དང་མ་ཙམ་ཞིག་བྱ། མངོན་རྟོགས་ཕོག །སྔགས་བཟླས་ལུང་དུ་སྦྱིན་པ་ཙམ་གྱིས་དᨖན་འགྲུབ་པ་ཡིན་ནོ། །དེ་ནས་སློབ་དཔᨖན་གྱིས་ཆོ་གའི་ལྷག་མ་རྣམས་བྱ། སྒྲུབ་ཐབས་འདི་ལྷད་མེད་ཤིན་ཏུ་ཡིད་ཆེས་དང་ལྡན་པ། གྲངས་ཆུང་བ་ཞིག་སྣང་བས་འབྲོམ་སྟོན་པ་ཡབ་སྲས་ཀྱི་ཡིག་ཆུང་གཉིས་དང༌། སངས་རྒྱས་སྒོམ་པའི་གསལ་བྱེད་ཡིག་ཆུང་བརྟེན་ནས། བསྙེན་པ་དང་སྒྲུབ་པའི་ཚུལ་གསལ་བར་བཀོད་པ་ཡིན་ནོ། །ལས་སྦྱོར་ནི་དེ་དག་ཏུ་ཤེས་པར་བྱའོ། །ནག་པᨖ་ཆེན་པᨖའི་སྒྲུབ་པ་ནི། །ཀུན་དགའི་ཉམས་ལེན་སྙིང་པᨖ་འདི། །དེང་དུས་གཞན་ལ་མ་ གྲགས་ཀྱང༌། །བདག་གི་བསᨖད་ནམས་དཔལ་ལས་རྙེད། །གྲི་གུག་དཔའ་གཅིག་གི་སྒྲུབ་ཐབས་བཟླས་ལུང་ལ་བརྟེན་པར་གྲགས་པའི་མན་ངག་བསྟན་པའི་ལེ་ཚན་ནོ། །སྒྲུབ་ཐབས་རིན་འབྱུང་ལས་ཁᨖལ་དུ་ཕྱུང་བ་དགེ་ལེགས་འཕེལ།། །།