DNZ-03-GA-018
DNZ-03-GA-018
༄༅། །ཇོ་བᨖ་མཉམ་མེད་གསེར་གླིང་པ་དང་མཇལ་བའི་རྣམ་ཐར་བཞུགས་སᨖ། །
རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བདག་གིས་ཟླ་བ་བཅུ་གསུམ་གྱི་བར་དུ་གཟིངས་ཀྱི་ནང་དུ་ཞུགས་ནས༑ བླ་མ་གསེར་གླིང་པའི་དྲུང་དུ་ཕྱིན་པ་ན། ཟླ་བ་ལྔ་ཙམ་འདས་པའི་དུས་སུ་ལྷའི་བུ་དབང་ཕྱུག་ཆེན་པᨖས་ཁᨖ་བᨖའི་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་གཅོད་པའི་ཕྱིར་མི་མཐུན་པའི་རླུང་དམར་ཆེན་པᨖ་གཡོས། ཆུ་སྲིན་ཉ་མིད་ཆེན་པᨖར་བྱས་ཏེ་མདུན་བཀག །ནམ་མཁའ་ནས་ཁᨖ་བᨖའི་སྟེང་དུ་ཐོག་ཕབ་སྟེ། དེའི་དུས་སུ་ཁᨖ་བᨖས་བྱམས་པ་དང་སྙིང་རྗེ་ཁྱད་པར་ཅན་གཅིག་བསྒོམས་པ་ལ་བརྟེན་ནས། རླུང་དམར་ཆེན་པᨖ་ཞི་ནས་ཐོག་ཆེན་པᨖ་དྲུག་ནམ་མཁའ་ལ་ཆགས་འདུག་པ་མཐོང༌། འོན་ཀྱང་ཆུ་སྲིན་དེས་མདུན་བཀག་པ་དང༌། རླུང་ཆེན་པᨖ་དེས་རྒྱ་མཚᨖའི་ཁ་འཁྱམས་པའི་སྟོབས་ཀྱིས་གཟིངས་དེ་ཡང་དར་པᨖ་ཆེ་རླུང་གིས་བསྐྱོད་པ་བཞིན་དུ་འདར་བ་དང༌། འཕྱར་བ་དང༌། རེས་འགའ་ནམ་མཁའ་ལ་ཁྱེར་བ་དང༌། རེས་འགའ་རྒྱ་མཚᨖའི་གཏིང་དུ་རྡེབས་པ་དང༌། ཕྱོགས་ཀྱི་བ་དན་ཆེན་པᨖ་བཞི་བསྙལ། ཁྲོ་ཆུའི་ཕ་བᨖང་བཞི་རྒྱ་མཚᨖའི་གཏིང་དུ་བསྐྱུར་ཀྱང༌༑ ཕྱོགས་བཞི་ནས་རྔ་ཆེན་པᨖ་བཞི་བརྡུངས་པ་ལྟར་འུར་སྒྲ་དང༌། ཆོམ་སྒྲ་དང༌། འོད་དང༌། སྐམ་གློག་ཆེན་པᨖ་བྱུང་བ་ལ་བརྟེན་ཏེ། འཁᨖར་ཐམས་ཅད་ཀྱང་ཤིན་ཏུ་སྐྲག་སྟེ། རབ་ཏུ་འདར་ཞིང་ཡོད་པ་ལ། ཡང་བྱམས་པ་དང་སྙིང་རྗེའི་ཏིང་ངེ་འཛᨑན་ལ་མཉམ་པར་བཞག་པ་དང༌། པཎྜི་ཏ་སའི་སྙིང་པᨖས་བླ་མ་ལ་གསᨖལ་བ་འདི་བཏབ་བᨖ། ། བཞེངས་ཤིག་བཞེངས་ཤིག་བླ་མ་ཐུགས་རྗེ་ཅན། །ཁྱེད་ལ་ས་སྟེང་འདི་ན་འགྲན་ཟླ་མ་མཆིས་ན། །དིང་སང་ནག་པᨖའི་ཕྱོགས་ཀྱིས་འཇིགས་ཤིང་གཙེ་བ་འདི། །ཁྱེད་ཀྱི་ཐུགས་རྗེ་ཆེན་པᨖས་ཞི་བར་མཛད་དུ་གསᨖལ། །འགྲᨖ་བ་ཐམས་ཅད་སྲིད་པའི་མཚᨖ་ལས་སྒྲོལ་བྱེད་ན། །དིང་སང་ནག་པᨖའི་ཕྱོགས་ཀྱིས་འདིར་ནི་མཐོ་མཚམས་སᨖ། །ཨེ་མ་ རླུང་དམར་གཡོས་ཤིང་གནམ་ལྕགས་རབ་ཏུ་ཕབ། །ཉ་མིད་ཆེན་པᨖས་མདུན་དུ་འཇིགས་པ་བྱས། །རྗེ་བཙུན་འཇིགས་པ་འདི་ལས་བསྐྱབ་ཏུ་གསᨖལ། །རྒྱ་མཚᨖ་རླུང་གིས་བསྐྱོད་ཅིང་རྦ་རླབས་མཁའ་ལ་འཕྱོ། །མི་སྙན་ཤུགས་སྒྲ་འདོན་ཅིང་གློག་དམར་འོད་དུ་གཡོས། །གཟིངས་ཀྱང་འདར་འདར་ཤིག་ཤིག་རབ་ཏུ་གཡོས། །མཁའ་ལ་ལིང་ལིང་འཕྱར་ཞིང་གཏིང་དུ་རྡེབ། །རྗེ་བཙུན་ད་ནི་འཇིགས་པ་འདི་ལས་བསྐྱབ་ཏུ་གསᨖལ། །ཁྱེད་ཀྱི་ཡོན་ཏན་ནམ་མཁའ་ལྟ་བུ་ལ། །བཀའ་སྡོད་ཆོས་སྲུང་ཚᨖགས་རྣམས་མཁའ་ལྡིང་ལྟར། །ལིང་ལིང་བསྐོར་ཞིང་བར་ཆད་སེལ་བྱེད་ན། །དེང་སང་འདི་ལྟར་བར་ཆད་ལྷགས་ཀྱང་མི་སྐྱོབ་པར། །དབེན་པའི་དབྱིངས་ན་བཞུགས་པ་ཐུགས་རྗེ་ཅི་ལྟར་ཆུང༌། །དེ་ནི་གསང་སྔགས་ཕྱི་ནང་མཁའ་འགྲᨖ་ཆོས་སྐྱོང་དང༌། །དགྲ་བཅོམ་དཔའ་བᨖ་དཔའ་མᨖ་ཡེ་ཤེས་ལྷ་ཚᨖགས་རྣམས། །དཀར་པᨖའི་ཕྱོགས་ལ་དགའ་བའི་ལྷ་ཚᨖགས་ཐམས་ཅད་ཀྱིས། །ཀུན་ནས་བསྐོར་ཞིང་དེང་སང་རྒྱ་མཚᨖ་ཆེན་པᨖ་འདིར། །བླ་མ་ཁྱེད་ཀྱིས་ཐུགས་རྗེའི་དཔུང་གིས་བཟློག་ཏུ་གསᨖལ། །གཞན་གྱིས་མི་ཐུབ་བཅོམ་ལྡན་གཤིན་རྗེ་གཤེད་དམར་ལ། །གཤིན་རྗེ་འཇིགས་པར་བྱེད་པའི་འཁᨖར་གྱིས་ཡོངས་སུ་བསྐོར། །མི་གཡོ་མགོན་པᨖ་ཁྲོ་བᨖ་བཅུ་ཡི་ཚᨖགས་དང་བཅས། །འཇིགས་པ་བརྒྱད་སྐྱོབ་ལྷ་མᨖ་བཀྲ་ཤིས་དཔལ་འབར་མ། །ཆོས་རྒྱལ་བླ་མ་ཁྱེད་ཀྱིས་དཔུང་གིས་བཟློག་ཏུ་གསᨖལ། །བསྟན་པའི་བདག་པᨖ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་ འདས། །རྗེ་བཙུན་སྤྱན་རས་གཟིགས་དབང་དྲི་མེད་དཀྱིལ་འཁᨖར་ཅན། །འགྲᨖ་བའི་སྡུག་བསྔལ་སེལ་བའི་ཆོས་རྒྱལ་ཡབ་སྲས་གཉིས། །དུས་ལ་བབས་སᨖ་ཐུགས་རྗེའི་ཕ་ཚན་དཔུང་དུ་སྐྱེད། །ཟག་མེད་བྱིན་རླབས་ཆུ་རྒྱུན་ཡུན་དུ་བསྲིང་དུ་གསᨖལ། །ཞེས་གསᨖལ་བ་ཁྱད་པར་ཅན་ལྷང་ལྷང་འདེབས་པ་ཁᨖ་བᨖས་ལེགས་པར་ཐོས་པ་དང༌། ཁᨖ་བᨖ་ཡང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་སྐུ་མདོག་དམར་ནག་གསུས་ཁྱིམ་ཆེ་བ། རལ་པ་ཁམ་ནག་གྱེན་དུ་བརྫེས་པ། མིག་དམར་ལ་སྡང་མིག་ཕྱོགས་བཅུར་བསྒྲད་པ། དེ་མཐོང་ཙ་ན་ཁྲོ་བᨖ་གཞན་གྱི་ལག་ཆ་བྲུལ་བ་གཅིག་ཏུ་མཛད་དེ། རྡོ་རྗེ་བེ་ཅོན་ནམ་མཁའ་ལ་འཕྱར་ཞིང༌། གཡོན་སྡིགས་མཛུབ་དང་ཞགས་པ་ཀླད་ལ་བསྐོར་ནས་རྡོ་རྗེ་བེ་ཅོན་གྱིས་བརྒྱབ་པས། རི་རབ་ལ་ཕོག་ནས་རི་རབ་ཚལ་པར་གཤགས་ནས་རི་རབ་ཀྱི་འོག་གསེར་གྱི་ས་གཞིའི་གཏིང་ལ་ཐུག་པར་མཚམས་ཕྱེ་སྟེ། ཡར་ལོག་རྒྱ་མཚᨖ་ཆེན་པᨖ་དཀྲུགས་པས་ཁྲག་ཏུ་ཁᨖལ་ནས་ཆུ་སྲིན་ཉ་མིད་དེ་རུས་པ་དཀར་སངས་ཀྱིས་སᨖང་བའི་མᨖད་ལས། བྱིས་པ་གཞོན་ནུ་ཤ་མེད་པ་གཅིག་ཏུ་བྱས་ཏེ་གཟིངས་ཀྱི་ནང་དུ་བྱུང་། ཕྱག་འཚལ་ཞིང་ཐལ་མᨖ་སྦྱར་ཏེ། ཁྲོ་བᨖའི་རྒྱལ་པᨖ་ཤིན་ཏུ་མཐུ་སྟོབས་ཅན། །ཐུགས་རྗེ་ཆེན་པᨖ་འགྲᨖ་བའི་སྐྱབས་གཅིག་པᨖ། །བདག་ནི་འཇིགས་པས་ཤིན་ཏུ་ནོངས་མᨖད་ཀྱི། །ད་ནི་ཁྱེད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསᨖལ། །ཞེས་ཟེར་བ་དང༌། བདག་གིས་ཀྱང་བེ་ཅོན་ལག་ཏུ་བླངས་ ནས༑ ཧཱུྃ། ང་ནི་སྐྱེ་འགྲᨖའི་སྲོག་བདག་ཆེན་པᨖ་ཡིན། །ཐུགས་རྗེ་ཆེན་པᨖའི་དབང་གིས་ནི། །སྙིང་རྗེས་ཁྱོད་ནི་མ་བསྒྲལ་ལོ། །ད་ནི་བདག་གི་གདུལ་བྱ་ལ། །མུ་སྟེགས་ཆོས་ལོག་མ་བསྟན་ཅིག །མᨖ་བᨖན་རྫུན་ཆོས་མ་བཤད་ཅིག ༑ཁྱོད་ཀྱི་ཚེ་སྲོག་ང་དབང་ངོ༌། །ཞེས་སྨྲས་པ་དང༌། ཁᨖས་སྙན་པའི་ཚᨑག་ཕུལ་བ། ཐུགས་རྗེ་ཆེན་པᨖ་དགོངས་སུ་གསᨖལ། །ཁྱོད་ཀྱི་གདུལ་བྱ་རྗེས་འབྲང་ལ། །ལོག་ཆོས་གང་ཡང་མི་བསྟན་གྱི། །ཁྱོད་ཀྱིས་བདག་ལ་བརྩེ་བར་དགོངས། །ཁྱེད་ནི་བདག་གི་སྲོག་བདག་ལགས། །ཞེས་སྐད་དོ། །དེ་ནས་མེ་ཐབ་ཀྱི་རྩ་ནས་མི་དཀར་པᨖ་གཅིག་ལངས་བྱུང་ནས། ཁ་བ་ཅན་དུ་ཁྱོད་མ་འགྲིམ། །བལ་པᨖའི་གཟིངས་ལ་ས་བཅད་གྱིས། །ཟངས་གླིང་ལ་སᨖགས་གླིང་ཕྲན་དུ། །མ་འགྲིམ་ཆུ་ཡིས་བར་མཚམས་ཕྱེ། །བྷྲཱུྃ་ཧྲཱིཿ རཀྴ་ཞེས་པ་ཐོས། །དེ་ནས་རླུང་དམར་ཐམས་ཅད་ཞི། མཚᨖ་རླབས་དང་སྒྲ་འོད་རྣམས་ཞི། གཟིངས་ཆེན་པᨖ་ཡང་རྣལ་དུ་ཕེབས་ནས། དེ་ནས་ཐམས་ཅད་དབུགས་རང་སར་ཕྱིན་ནས། ཕན་ཚུན་དགའ་བའི་གླེང་སློང་ཁྲོལ་ལེ་བྱུང་བ་དང༌། ཡང་ཁྲོ་བᨖ་གཤིན་རྗེའི་གཤེད་ཀྱི་བསྐྱེད་རིམ་མ་བཤིག་པར། གཟིངས་ཀྱི་ཁ་ཁྱེར་ལས་འཇའ་ལི་བཞག་ནས། རྡོ་རྗེ་བེ་ཅོན་མཁར་བར་བཙུག་ནས་འདུག་པ་ལ། དེ་ནས་གཟིངས་ཆེན་པᨖ་ཕྲག་ཁྲིག་ཙམ་ཡང་མེད་པར་གནས་གཞི་ཆེན་པᨖ་བཞིན་དུ་འདུག་པ་ལ་ཅི་ཡིན་སྙམ་ནས་བལྟས་པ་དང༌། བུ་མᨖ་གཞོན་ནུ་མ་ཁ་ཅིག་བཞད་གད་ཟེར་བ་ཐོས་ནས། དེ་ལྟར་བལྟས་ཙ་ན་ཁྲོ་བᨖའི་རྒྱལ་པᨖ་མི་གཡོ་བ་འདི་པུས་མᨖ་མན་ཆད་རྒྱ་མཚᨖའི་གཏིང་བཟླས་པར་བྱས་ཏེ། སྐྱེས་པ་དར་མས་གཞོང་པ་བཟུང་བ་བཞིན་དུ་གཟིངས་ཀྱི་ཤར་ནུབ་གཉིས་ནས་བཅུས་ཏེ། དབུ་མའི་ཅོད་པན་སྤྲིན་གྱི་གསེབ་ནས་ལྷག་གེ་འདུག །གཟིངས་ཀྱི་ཁ་ཁྱེར་ནས་ཕར་ལ་བུ་མᨖ་ཉི་ཤུ་རྩ་གཅིག་ཁ་ཕྱིར་བསྟན་ནས། འོ་སྐོལ་མིང་སྲིང་རྣམས་མིན་ན་དེ་རིང་ཁ་རྗེ་ཆེ་ཨང་གསུང་གིན་འདུག །དེ་ནས་ཁᨖ་བᨖས། འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ངན་སᨖང་སྒོ་འགེགས་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཁྱེད་ཀྱིས་སྡོང་གྲᨖགས་བྱས། །ད་དུང་ཐུགས་རྗེས་བསྐྱབ་ཏུ་གསᨖལ། །ཞེས་གསᨖལ་བ་བཏབ་པ་དང༌། བུད་མེད་ཀུན་ན་རེ། བུ་ས་ཡི་སྙིང་པᨖ་འདི་མིན་ན། མུ་སྟེགས་ཀྱི་གྲᨖང་ཁྱེར་སྭོ་བ་ན་ཐ་འདི་ཐལ་བར་རློག་ཅིག་སྙམ་ན་གསᨖལ་བ་འདེབས་པའི་སྒྲ་དེ་ཐོས་པ་དང༌། ཨ་པ་སེམས་ཅན་ཀུན་གྱི་མཆོག་ཀྱང་སེམས་དཔའ་ཆེན་པᨖ་འདི་ཡིན། ངེད་རྣམས་ཀྱིས་ཀྱང་འདི་དྲང་བའི་ཕྱིར་འདིར་འོང༌། ལར་བྱིས་པ་ཁ་སྔོན་པᨖ་འདི་བྲག་ན་གཞུ་འཚག་ཟེར་ཞིང་། བྱིས་པ་ཁᨖ་དེ་ཉི་མ་དེ་རིང་ཕན་ཆད་ནས་བལ་པᨖའི་གཟིངས་ཕར་མ་སྒྲོལ་ཅིག །ས་ཡི་སྙིང་པᨖ་ལ་བᨖས་ནས། ཚེ་དང་ལྡན་པ་ཁྱོད་རང་ནམ་མཁའི་མེ་ཏོག་འདི་སྭོ་བ་ན་ཐར་རྒྱོབ་ལ་ཐོང་། སྐྱབས་འགྲᨖ་སེམས་བསྐྱེད་ཀྱི་ཁག་ཁᨖ་བᨖ་ཅག་རྣམས་ཀྱིས་ལེན་ གསུངས་པ། པཎྜི་ཏ་སའི་སྙིང་པᨖས་ཀྱང༌། ཐོག་གཅིག་སྡིགས་མཛུབ་ལ་བླངས་ཏེ་བསྐོར་ནས་མུ་སྟེགས་ཀྱི་གྲᨖང་ཁྱེར་སྭོ་བ་ན་ཐའི་བྱང་ཕྱོགས་ན་ལྷ་མᨖ་ཙརྩི་ཀ་ཡོད་པའི་སྟེང་དུ་རྒྱབ་པས། མུ་སྟེགས་ཀྱི་ལྷ་ཁང་ལྷ་མᨖ་དང་བཅས་པ་བརླག་པར་བྱས། ཡང་གཅིག་འཕངས་པས་དབང་ཕྱུག་ཆེན་པᨖ་ཉིད་ཀྱི་རྟེན་ལ་རྒྱབ་སྟེ་ཚལ་པར་གས་ནས། དེའི་ཟེར་གཅིག་མུ་སྟེགས་ཀྱི་རྒྱལ་པᨖ་ལ་ཕོག་སྟེ་གཞོག་གཡས་པ་ཆག་ཟེར། གཅིག་མཐའ་དུ་རུ་ཀའི་ཕོ་བྲང་ལ་བརྒྱབ་པས་ལོ་བཅུ་གསུམ་དུ་སᨖག་པᨖའི་འགྲིམ་འགྲུལ་ཆད་ཟེར། གཅིག་ཞང་ཞུང་རྒྱལ་པᨖ་གུར་ནག་གི་ཕོ་བྲང་ལ་རྒྱབ་ནས། བᨖན་གྱི་བསྟན་པ་བསྣུབས། རེ་རེ་གཉིས་གཉིས་ཡོད་པ་བྲེད་ནས་རི་བᨖ་གངས་ཅན་གྱི་རྒྱུད་དུ་བྲོས་ཟེར། གཅིག་ལྷོ་ཕྱོགས་ཀྱི་དུག་མཚᨖ་ནག་པᨖ་ལ་བརྒྱབ་པས། ཀླུ་བདུད་ནག་པᨖའི་ཕོ་བྲང་བཤིག །མཛེ་ལ་སᨖགས་པའི་ནད་རྒྱུན་ཆད་ཟེར། གཅིག་ཡུལ་ལངྐར་བརྒྱབ་པས། སིན་པᨖའི་རྒྱལ་པᨖ་ལངྐ་པུ་རིའི་ཕོ་བྲང་ཐལ་བར་བརླག་སྟེ། སྲིན་པᨖ་མི་ཟན་གྱི་རབས་ཆད། དེ་ནས་ང་རྒྱལ་གྱི་ཚᨑག་སྨྲས་པ། ས་ཡི་དཀྱིལ་འཁᨖར་འདི་ཡི་བདག་པᨖ་ང་ཡིན་གྱིས། །ནག་པᨖའི་ཕྱོགས་རྣམས་བྱེར་ཅིག་བྱེར་ཅིག་ཐལ་བར་རློག །དཔའ་བᨖ་ཆེན་པᨖ་ང་ནི་ས་ཡི་སྙིང་པᨖ་ཡིན། །ཨུ་རྒྱན་ཡུལ་ན་རྟ་མགྲིན་རྒྱལ་པᨖ་རྟ་སྐད་འཚེར། །རློག་ཅིག་རློག་ཅིག་དབང་ཕྱུག་ཆེན་པᨖ་རྡུལ་དུ་རློག །བᨖན་པᨖའི་ལྷ་རྣམས་ངོ་བᨖའི་ནུས་པ་བརླག་པར་གྱིས། །ༀ་པདྨཱནྟ་ཀྲཏ་ཤྭ་ཏ་ཧ་ཡ་གྷྲ་ཝ་ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཟེར་བ་ཐོས་སᨖ། །དེ་ནས་ཁྲོ་བᨖའི་རྒྱལ་པᨖ་མི་གཡོ་བ་དང༌། བཅོམ་ལྡན་འདས་ཉིད་ཀྱང་ཡུད་ཙམ་ལས་མི་སྣང་ངོ༌། །ཁᨖ་བᨖ་ཡང་རང་ཉིད་དགེ་སློང་གི་རྣམ་པར་སྟན་ལ་འདུག་སྟེ་གདའ་འོ། ། རང་གི་རྗེས་སུ་འབྲང་བའི་འཁᨖར་ཐམས་ཅད་ཀྱང་ཡི་རངས་ཏེ། ལྷུན་གྱིས་གྲུབ་ཅིང་མ་བཅོས་པའི། །ཆོས་རྒྱལ་རིན་ཆེན་ལྷུན་པᨖ་འདྲ། །མཚན་རབ་ཡེ་ཤེས་མངའ་བ་དེས། །བདག་ཅག་ཐམས་ཅད་ཚᨑམ་པར་བྱས། །ཨེ་མ་ཧོ་མགོན་པᨖ་མཐུ་དཔལ་ཅན། །དེ་བཞིན་སྲིད་པའི་རྒྱ་མཚᨖ་ལས། །བདག་ཅག་འཇིགས་པས་ཉེན་པ་ན། །ཁྱོད་ཀྱི་ཐུགས་རྗེའི་སྐྱབས་འོག་ནས། །འཆུགས་པ་མེད་པར་བསྐྱབ་ཏུ་གསᨖལ། །ཞེས་ཟེར་ཏེ། ཞག་ཉི་ཤུ་རྩ་གཅིག་བར་དུ་གར་ཡང་ཕྱིན་པར་མ་ནུས་ནས་འཇིགས་པ་ལས་སྒྲོལ་མ་ཐག་ཏུ་ཕྱོགས་བཞིར་རླུང་གི་བ་དན་བཞི་ཕྱར། ཁྲོ་ཆུའི་ཕ་བᨖང་བཞི་སྟེང་དུ་དྲངས། མཐུན་པའི་རླུང་དང་སྦྱར་ཏེ་ཟླ་བ་ཕྱེད་དང་གཉིས་ཀྱི་བར་དུ་ཉིན་མཚན་མེད་པར་རྒྱ་མཚᨖ་ཆེན་པᨖ་ལ་ཞུགས་ཏེ་ཕྱིན་པས། ཟླ་བ་བདུན་ལྷག་ཙམ་ན་ཡང་མདུན་དུ་རླུང་དམར་ལངས་ཏེ་སྔར་བཏང་བའི་ཉིན་ལམ་ཙམ་རླུང་གིས་ཁྱེར་ཡང༌། བླ་མ་དཀོན་མཆོག་དང་མཁའ་འགྲᨖ་ཆོས་སྐྱོང་ལ་གསᨖལ་བ་བཏབ་པས་རླུང་དམར་རང་ཞི་ཡང༌། མཐུན་པའི་རླུང་ཆེན་པᨖ་ཙམ་ཡང་མ་བྱུང་བས་སེམས་ཅན་གྱི་བསᨖད་ནམས་ལ་བརྟེན་ནས་ཟླ་བ་ཕྱེད་ཀྱི་བར་ལུས། དེ་བཞིན་དུ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་མཐུན་པའི་ རླུང་དང་སྦྱར་ནས་ཕྱིན་པས་ཟླ་བ་གཉིས་དང་ཞག་ཉི་ཤུ་རྩ་དྲུག་ནས་རྒྱ་མཚᨖའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏེ། བླ་མ་བཙལ་བའི་ཕྱིར་དཀའ་བ་ཇི་ལྟར་སྤྱད་པའི་རྣམ་པར་བཞག་པ་ལས་རྒྱ་མཚᨖར་ལྷ་དབང་ཕྱུག་ཆེན་པᨖ་ཕམ་པར་བྱས་པའི་ལོ་རྒྱུས་ཀྱི་རྣམ་པར་བཞག་པ་རྫོགས་སᨖ།། །།ངོ་མཚར་བ་ལགས་སᨖ། ༈ །རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་ནས་རྒྱ་མཚᨖ་ཆེན་པᨖ་བསྒྲལ་མ་ཐག་ཏུ་གསེར་གླིང་གི་ལྗོན་ཤིང་གི་ནུབ་ཕྱོགས། བདེ་ལྡན་པདྨའི་ལྷོ་ཕྱོགས། དམ་ཤིང་འདམ་བུའི་ཚལ་གྱི་བྱང་ཕྱོགས། ཆུ་སྲིན་ཀེ་ཀེ་རུའི་ཤར་ཕྱོགས། བᨖད་ཀྱི་རྒྱལ་པᨖས་བཞེངས་པའི་བདེ་གཤེགས་གསེར་གྱི་མཆོད་རྟེན་གྱི་དྲུང་དུ། བླ་མ་གསེར་གླིང་པའི་སློབ་མ་དགེ་བཤེས་བསམ་གཏན་པ་དྲུག་ཡོད་པའི་སར། བླ་མ་གསེར་གླིང་པའི་རྣམ་པར་ཐར་པ་རྣམས་རྩད་གཅོད་པ་ལ་ཞག་བཅུ་བཞིའི་བར་བསྡད་པས། དེ་ལ་བླ་མའི་ཐུགས་དམ་གྱི་རིམ་པ་གང་ལ་མཛད་པ་དང༌། བརྒྱུད་པ་ཁུང་བཙུན་པ་གང་ནས་འདེད་པ་དང༌། གཞུང་ལུགས་ཇི་ཙམ་གཅིག་ཐུགས་ལ་མངའ་བ། ལུང་དང་རིགས་པ་མན་ངག་དུ་ཙམ་གྱི་བདག་པᨖ་ཡིན་པ། ཐུགས་རྒྱུད་འབྱོངས་པ། རྟོགས་པའི་ཚད་དང་ཡོན་ཏན་ཅི་ཙམ་མངའ་བ། ཐམས་ཅད་བསམ་གཏན་པ་ཀུན་ལ་ཞུས་ཤིང་། བསམ་གཏན་པ་ཀུན་གྱིས་ཀྱང་བླ་མའི་རྣམ་པར་ཐར་པ་བསྣོན་འཕྲི་མེད་པར་བཤད་པ་ལ་བརྟེན་ནས་ས་ཐོབ་པ་ཙམ་གྱི་དགའ་བ་སྐྱེས། བསམ་གཏན་པ་དག་གིས་ཀྱང༌། པཎྜི་ཏ་ས་ཡི་སྙིང་པᨖ་ལ་སᨖགས་པ་རྣམས་ལ་རྣམ་པར་ཐར་པ་དྲིས་པས་དེ་རྣམས་ཀྱིས་ཀྱང་། རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་ལུགས། བླ་མ་དཔག་ཏུ་མེད་པ་བསྟེན་ལུགས། གཙུག་ལག་ཁང་དཔག་ཏུ་མེད་པའི་བདག་པᨖ་བྱས་ལུགས། ཡོན་ཏན་རྒྱ་ཆེན་པᨖ་མངའ་ལུགས་བཤད་པ་ལ་བརྟེན་ནས་བསམ་གཏན་པ་ཀུན་ན་རེ། འོ་ན་པཎྜི་ཏ་ཆེན་པᨖ་འདི་རྒྱ་གར་གྱི་མཁན་པᨖ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་ཡོད་ཟེར་བ་དེ་ཅང་མིན་ནམ་ཟེར། སའི་སྙིང་པᨖས་སྨྲས་པ། རྒྱལ་བ་གཉིས་པར་འཇིག་རྟེན་ཡོངས་ན་གྲགས། །ལྔ་བཅུ་རྩ་གཉིས་པཎ་ཆེན་ཡོངས་ཀྱིས་བསྐོར། །ཐེག་པ་ཆེ་ཆུང་ཡོངས་ཀྱིས་བསྔགས་པ་དེ། །རྒྱ་གར་མཁས་པ་ཆེན་པᨖར་ཡོངས་སུ་གྲགས། །བསམ་གཏན་པ་ཀུན་གྱིས་སྨྲས་པ། ས་ཡི་བདག་པᨖ་གནས་འདིར་ལྷགས་པ་ལེགས། །ཐོས་པས་སྙན་པ་རྒྱང་ནས་སྐྱེ་ན་ཡང༌། །དེ་རིང་བདག་ཅག་བསᨖད་ནམས་སྐལ་བར་ལྡན། །མཁས་པ་ཆེན་པᨖ་གཟིངས་ལ་བྱོན་པ་ལེགས། །བར་དུ་བདུད་ཀྱིས་བགག་པར་མ་གྱུར་ཏམ། །ཉ་མིད་རླུང་གི་བར་ཆད་མ་མཆིས་སམ། །ཡུན་རིང་འཚེ་བས་ཉེན་པར་མ་གྱུར་ཏམ། །ས་ཡི་སྙིང་པᨖས་ལན་སྨྲས་པ། ཟླ་བ་བཅུ་གཉིས་གཟིངས་སུ་ཞུགས་ནས་འོང༌། །དབང་ཕྱུག་ཆེན་པᨖས་ཉ་མིད་རླུང་དམར་གཡོས། །དེ་ནས་གཟིངས་ལ་སླར་ཡང་འོང་བ་ན། །རྗེ་བཙུན་ནམ་མཁའ་མཛོད་ལ་མངའ་བརྙེས་པས། །བརྒྱ་དང་ཉེར་ལྔ་འཕོངས་ཤིང་དུབ་པར་གྱུར། །མི་མཐུན་ ཕྱོགས་རྣམས་བདེན་པའི་ཚᨑག་གིས་ཞི། །ས་ཡི་སྙིང་པᨖས་ཚᨑག་དེ་སྨྲས་པ་དང༌། །བསམ་གཏན་པ་རྣམས་དགའ་ཞིང་རབ་ཏུ་དགྱེས་ཏེ། ཁᨖ་བᨖས་ཕྱོགས་གཅིག་ཏུ་འདུག་པའི་དྲུང་དུ་འོང་སྟེ་གུས་པས་འདི་སྐད་དོ། །ཁྱོད་ཀྱི་སྙན་པ་རྒྱང་ནས་ཐོས་པ་ན། །དགའ་བའི་སེམས་ཀྱིས་མཐོང་ན་ཡིད་སྨོན་ཤོར། །ད་འདིར་མཁས་པ་ཆེན་པᨖ་ལྷགས་པ་ན། །མི་ཤེས་མུན་པའི་སྒྲིབ་པས་ནོན་པར་གྱུར། །ད་ནི་ལུས་དང་ངག་དང་ཡིད་དག་གིས། །རབ་ཏུ་གུས་པས་ཁྱེད་ལ་ཕྱག་འཚལ་ལོ། །ཁᨖ་བᨖའི་དྲུང་དུ་ཕྱག་འཚལ་བ་དང༌། ཁᨖ་བᨖ་སླར་ཁེངས་པ་སྤངས་ཏེ་གུས་པས་ཕྱག་བགྱིས་སᨖ། །ཡང་བསམ་གཏན་པ་ཀུན་གྱིས་སྨྲས་པ། སྐྱེས་བུ་དམ་པ་གླིང་འདིར་ལྷགས་པ་ཡི། །ཆེད་དུ་བྱ་བ་གང་ལགས་བཤད་དུ་གསᨖལ། །གུས་པར་ཁྱེད་ཀྱི་བྱ་བ་བདག་གིས་བྱ། །ཅི་འཚལ་བདག་ལ་ལེགས་པར་བཀའ་སྩོལ་ཞིག །ཁᨖ་བᨖས་ལན་སྨྲས་པ། བདག་ནི་གསེར་གླིང་བླ་མའི་དྲུང་དུ་འོང༌། །དལ་འབྱོར་ལུས་ལ་སྙིང་པᨖ་ལེན་དུ་འོང༌། །ཁྱེད་ཅག་མྱུར་དུ་བླ་མའི་དྲུང་དུ་སᨖང༌། །ཞུས་ལ་བདག་གི་འདོད་པའི་སྐབས་དབྱེ་ཞིག །དེ་ནས་བསམ་གཏན་པ་དག་གིས་བླ་མ་གསེར་གླིང་པའི་དྲུང་དུ་ཕྱིན་ནས། ཀྱེ་མ་དམ་པ་གསན་དུ་གསᨖལ། དེང་སང་གླིང་འདིར་རྒྱ་གར་གྱི་མཁན་པᨖ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་དེ། སློབ་མ་བརྒྱ་དང་ཉེར་ལྔའི་ཚᨖགས་དང་བཅས་ཏེ་ལྷན་ཅིག་ཏུ་རྒྱ་མཚᨖ་ཆེན་པᨖ་ལ་ཟླ་བ་བཅུ་གཉིས་ཀྱི་བར་དུ་བདུད་དང་། མུ་སྟེགས་ཀྱི་ལྷ་དབང་ཕྱུག་ཆེན་པᨖ་བྱམས་ པ་དང་སྙིང་རྗེས་བཅིངས་ཤིང་། སྐུ་གསུང་ཐུགས་མདངས་མ་ཤོར་བར་བདག་ཕྱོགས་གང་ན་བ་དེར་ལྷགས་སᨖ། །དེ་ལ་ཞག་བཅུ་བཞིའི་བར་དུ་ཆོས་ཀྱི་གཏམ་སྦྲེལ་པᨖར་མཛད་པས་བདག་ཅག་སེམས་རངས་ཤིང་ཚᨑམ་པར་གྱུར་ཏོ། །ད་ནི་སྐབས་ཀྱི་དོན་ལ་མཁས་པ་ཆེན་པᨖ་དེ་ཁྱེད་ཀྱི་དྲུང་དུ་འོང་སྟེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་གཙོ་བᨖར་ཉན་པ་དང༌། སྨོན་འཇུག་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། ཐེག་པ་ཆེན་པᨖའི་བློ་སྦྱᨖང་བར་བགྱི། གཞན་ཡང་བླ་མའི་གཞུང་ལུགས་རྒྱ་མཚᨖ་ལྟ་བུ་ཉིན་མཚན་དུ་སྤྱོད་པར་འདོད་པ་གདའ་བས། ཐུགས་རྗེ་ཆེན་པᨖས་སྐབས་དབྱེ་ཞིག་ཅེས་ཞུས་པ་དང༌། ཚᨑག་དེ་གསན་མ་ཐག་ཏུ་བླ་མའི་ཞལ་ནས། ས་ཡི་བདག་པᨖ་བྱོན་པ་ལེགས། །དཔའ་བᨖ་ཆེན་པᨖ་བྱོན་པ་ལེགས། །འཁᨖར་དང་བཅས་ཏེ་བྱོན་པ་ལེགས། །དཀའ་བ་ཆེན་པᨖ་སྤྱད་པ་ལེགས། །དབང་ཕྱུག་ནག་པᨖ་བཏུལ་བ་ལེགས། །མི་མཐུན་ཕྱོགས་ལས་རྒྱལ་བ་ལེགས། །སྙན་པའི་བ་དན་སྒྲོགས་པ་ལེགས། །ཉེས་སྐྱོན་མེད་པར་སླེབས་པ་ལེགས། །དགེ་སློང་ཐམས་ཅད་ཆོས་གོས་གསᨖལ། །དམ་པ་དེ་ལ་བསུ་བ་གྱིས། །དགེ་སློང་ཆོས་གོས་གསུམ་ཁ་དོག་མཐུན་པར་གསᨖལ་བ། ཐམས་ཅད་མཐུན་པར་རིལ་བ་སྤྱི་བླུགས་འཛᨑན་པ། ཐམས་ཅད་ཀྱང་འཁར་གསིལ་མཛེས་པར་བསྣམས་པ། ཤིན་ཏུ་དང་བ་འདྲེན་པའི་དགྲ་བཅོམ་པ་ལྟ་བུ་ལྔ་བརྒྱ་དང་སུམ་ཅུ་རྩ་ལྔའི་སྣ་བླ་མ་ གསེར་གླིང་པས་དྲངས་ནས། དགེ་ཚུལ་དྲུག་ཅུ་རྩ་གཉིས་ཀྱིས་བརྟེན་ཏེ། མདོར་ན་རབ་ཏུ་བྱུང་བ་ལྔ་བརྒྱ་དང་བདུན་ཅུ་རྩ་གཉིས་ཀྱིས་རྒྱང་རིང་པᨖ་ནས་བསུ་བའི་ཕྱིར་ནར་གྱིས་བྱུང་བ་མཐོང་ངོ༌། །དེ་མ་ཐག་ཏུ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་ན་དགྲ་བཅོམ་པ་རྣམས་ཀྱིས་བསྐོར་བ་ལྟར་ཤིན་ཏུ་དང་བ་འདྲེན་ཅིང་ཤེས་པ་ཉམས་དགའ་བའི་མཐར་ཐུག་པར་གྱུར་ཏེ། དེའི་ཚེ་ཁᨖ་བᨖས་ཀྱང་གླང་པᨖ་ཆེ་གཉིས་ལ་མཐུན་པའི་རྐྱེན་རྣམས་བཀལ་ཏེ། དགེ་བསྙེན་བཞིས་ཡོ་བྱད་མགོ་འདོན་དུ་བཅུག་གོ །བླ་མ་ལ་ངོམས་པར་བྱ་བའི་ཕྱིར་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་དང༌། སྡེ་སྣོད་གསུམ་ལ་མཁས་པའི་དགེ་སློང་གཅིག་ཡན་ཆད་ཆག་ ལྷ ྭ མ་འབྷྲེང་མིག་མ་གསᨖལ་བ། ཁ་ཆེ་གུར་གུམ་གྱིས་ལེགས་པར་ཁ་བསྒྱུར་བའི་གོས་རྣམ་གསུམ་ཐོག་མ་བབས་པ་ཕལ་ཆེན་སྡེ་པས་ལེགས་པར་བསྔགས་པ་མཛེས་པར་གསᨖལ་བ། དེ་ཐམས་ཅད་རྟེན་འབྲེལ་གྱི་ཆེ་བས་ལྕགས་ཀྱི་ལྷུང་བཟེད་རབ་ཚད་རྡོལ་བུག་མེད་པ་བསྣམས་པ། ཟངས་ཀྱི་རིལ་བ་སྤྱི་བླུགས་མ་ག་དྷའི་བྲེ་གང་ཤོང་བ། བསྟན་པའི་བདག་པᨖས་རབ་ཏུ་བསྔགས་པ་འཁར་གསིལ་ལ་སᨖགས་པ་སྡེ་ཚན་ཐམས་ཅད་ལེགས་པར་ཚང་བར་ཡོད་པ། ཐམས་ཅད་ཀྱང་པཎྜི་ཏའི་ཞྭ་ང་རྒྱལ་མེད་པར་གསᨖལ་བ། རྔ་ཡབ་དཀར་པᨖ་རེ་ཕྱག་ན་བསྣམས་པ། དེ་ཡང་པཎྜི་ཏ་ཆེན་པᨖ་འགྲᨖ་བ་བཟང་པᨖ། ཆོས་ཀྱི་བཤེས་གཉེན། དགེ་བའི་འབྱུང་གནས། དཔའ་བᨖ་རྡོ་རྗེ། ལྷ་ཡི་བློ་གྲᨖས། ཉི་མ་སྦས་པ། ས་ཡི་སྙིང་པᨖ། ཡེ་ཤེས་སྙིང་པᨖ། ངག་གི་དབང་ཕྱུག །དྷ་ན་ཤྲཱི་མི་ཏྲ། ཤེས་རབ་བཟང་པᨖ། ཟླ་བ་བཟང་པᨖ། ཀུན་ཏུ་བཟང་པᨖ། གསང་བའི་སྙིང་པᨖ། བློ་གྲᨖས་མཐའ་ཡས༑ རྒྱ་མཚᨖ་རྦ་རླབས། རི་རབ་རྒྱལ་པᨖ། དཔའ་བᨖ་རོལ་པ་ལ་སᨖགས་པའི་པཎྜི་ཏ་ཆེན་པᨖ་རྣམས་དང༌། སྡེ་སྣོད་གསུམ་ལ་མཁས་པའི་དགེ་སློང་བརྒྱ་དང་བརྒྱད། དགེ་ཚུལ་བཅུ་གསུམ། དགེ་སློང་ཆེན་པᨖ་བཞི་སྟེ་བརྒྱ་དང་ཉི་ཤུ་རྩ་ལྔས་ཁᨖ་བᨖའི་རྗེས་སུ་ལམ་བར་དུ་མི་རེ་ཤོང་བ་ཙམ་དུ་མ་འབྱར་བར་རྒྱང་ཆེས་མ་དྲག་པ། བར་མ་ཆད་པ་འཇའ་ཚᨖན་སྣ་ལྔའི་གུར་བཞིན་དུ། མགོན་པᨖ་གསེར་གླིང་པ་ག་ལ་དེར་བཞུགས་པ་དེར་ཕྱིན་པ་དང༌༑ ཐམས་ཅད་ཕུན་སུམ་ཚᨖགས་པ་ཤ་སྟག་ཏུ་གྱུར་པ་དང༌། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབས་སᨖ། །སྔར་འཁᨖར་བ་ཐོག་མ་མེད་པ་ནས་བླ་མ་དང་ཉེ་བར་འབྲེལ་ཡང༌། འདིར་སྔར་གདམས་པ་མ་ཐོབ་པ་དང༌། ཁᨖ་བᨖའི་རྗེས་སུ་པཎྜི་ཏ་ཆེ་ལ་མང་བ་དང༌། བདག་ཅག་གིས་ཕྱག་གི་མཆོད་པའི་རྗེས་སུ་བླ་མའི་སྐུ་འཁᨖར་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་ཁᨖ་བᨖ་དང་། ཁᨖ་བᨖའི་སློབ་མ་ཆེན་པᨖ་རྣམས་ཀྱི་གཟི་བརྗིད་མ་ཐུབ་པར་ཐམས་ཅད་ཀྱང་སᨖ་ཐར་སྡོམ་པ་ནས་ཡོན་ཏན་ཐམས་ཅད་ཁᨖ་བᨖས་ཚང་བར་བྱས་པས་སྙིང་གཅིག་ཏུ་ཡོད་པ་དང༌། ཐམས་ཅད་ཀྱང་ལྟ་སྤྱོད་མཐུན་པ་དང༌། ཐམས་ཅད་ཀྱང་ཁᨖ་བᨖའི་རྗེས་སུ་སློབ་པ་ཤ་སྟག་ཡོད་པས། ལན་དུ་ཕྱག་ལན་ གྱང་འགྱེལ་བ་བཞིན་དུ་མཛད་དོ། །དེས་རབ་ཏུ་གནས་པ་མཛད་ནས་ཕྱིས་ཀྱང་ཁᨖ་བᨖ་རྒྱ་བᨖད་ཐམས་ཅད་ཀྱིས་བསྐུར་བར་གྱུར་ཏོ། །དེའི་ཚེ་བདག་གིས་རིན་པᨖ་ཆེའི་བུམ་པ་ལྟོ་བ་ཆེ་ལ་ལྷུན་གྱིས་གྲུབ་པ། རྩ་བ་བརྟན་ལ་མགྲིན་པ་རིང་བ། ཁ་གཡེལ་བ་མཆུ་དྲང་བ། ནང་ན་དངོས་པᨖ་ཅི་ཡོད་ཕྱི་ན་གསལ་བ་གཅིག །རིན་པᨖ་ཆེ་དང༌། གསེར་དང༌། དངུལ་དང༌། མུ་ཏིག་དང༌། བྱི་རུ་དང༌། བཻཌཱུས་བཀང་སྟེ་བླ་མའི་ཕྱག་ཏུ་ཕུལ་ལོ། །གཞན་ཐམས་ཅད་ཀྱིས་ཀྱང་གསེར་གྱི་སྦྲམ་བུ་ཞོ་རེ་ཡོད་པ་རེ་ཕུལ་ལོ། །བླ་མ་དམ་པ་གསེར་གླིང་པས་ཚᨑགས་སུ་བཅད་པའི་སྒོ་ནས་ལམ་གྱི་བར་ཆད་དྲིས་པ་འདི་ལྟར་ཏེ། འདུལ་བ་འཛᨑན་པ་བྱོན་པ་ལེགས། །ཚུལ་ཁྲིམས་གོས་ཅན་བྱོན་ལགས་སམ། །སྙིང་རྗེ་ཆེན་པᨖ་བྱོན་ལགས་སམ། །ཆོས་ཀྱི་རྒྱལ་པᨖ་འདིར་ལྷགས་སམ། །ཁྱོད་ཀྱི་སྙན་པ་རྒྱང་ན་ཆེ། །མཐོང་བས་དགའ་ཁྱོད་བྱོན་ལགས་སམ། །རྒྱ་གར་ཆོས་ཀྱི་ཕོ་བྲང་དུ། །རྒྱ་ཆེན་སྤྱོད་པས་འགྲᨖ་བ་ལ། །ཕྱོགས་རིས་མེད་པའི་སྙིང་རྗེ་ཡིས། །མགོན་སྐྱབས་དཔུང་གཉེན་མཛད་ལགས་སམ། །མཁས་པ་ཁུངས་ནས་བཙུན་ལགས་སམ། །བླ་མ་མང་པᨖས་བསྐྱངས་ལགས་སམ། །མཁས་པ་མང་པᨖས་ཁུར་ལགས་སམ༑ ༑དེང་སང་གནས་འདིར་བྱོན་པ་ལེགས། །སྐྱེ་རྒུའི་བདག་པᨖ་རྒྱ་མཚᨖ་ལས། །ཟླ་བ་བཅུ་གསུམ་བྱོན་ཞེས་ཐོས། །དཀའ་བ་སྤྱད་པ་ངོ་མཚར་ཆེ། །དབང་ཕྱུག་ནག་པᨖ་བཏུལ་ཞེས་ཐོས། །སྙན་པའི་གྲགས་པ་ངོ་མཚར་ཆེ། །མཁས་པ་ཤུལ་ཐག་རིང་པᨖ་ལ། །ལུས་སེམས་དུབ་པར་མ་གྱུར་ཏམ། །ནག་པᨖའི་ཕྱོགས་ཀྱི་ཕྲག་དོག་ལ། །སྙིང་རྗེས་སྐྱོ་བར་མ་གྱུར་ཏམ། །སྐྱེས་བུ་ཆེན་པᨖ་བྱོན་པ་ལེགས། །གནས་ན་ཁ་འཐོར་ཙམ་གཅིག་མཆིས། །དེ་དག་ཐོས་བསམ་ལས་ལ་ཞུགས། །གཞན་རྣམས་ཁྱེད་ཀྱི་མདུན་དུ་འོང༌། །ད་འདིར་མཇལ་བ་སྐལ་བ་བཟང༌། །ད་ནི་གཙུག་ལག་ཁང་དུ་གཤེགས། །འདུས་པའི་ཀུན་དགའ་ར་བར་གཤེགས། །ཕེབས་པའི་གསུང་གླེང་རིམ་གྱིས་བསྙད། །ཆོས་དང་མཐུན་པར་བགྲᨖ་བར་བྱ། །ཞེས་པ་དང༌། བདག་གིས་འདི་སྐད་ཞུས་པ། འོངས་ལགས་རྒྱ་གར་དབུས་ནས་འོང༌། །བར་ཆད་ཆོས་དང་བྲལ་ཏེ་འོང༌། །དཀོན་མཆོག་ཐུགས་རྗེས་དཔལ་གྱིས་བལྟམས། །དབང་ཕྱུག་ནག་པᨖ་ལས་ཀྱིས་ཕམ། །སྒོ་གསུམ་ནག་པᨖའི་ཕྱོགས་ལས་རྒྱལ། །ཉམས་པར་མ་གྱུར་བདེ་བར་སླེབས། །སྐྱེ་དགུའི་དོན་ལས་མ་ཉམས་པར། །རྒྱལ་བ་ལྷམ་མེར་བཞུགས་ལགས་སམ། །གཞུང་ལུགས་རྒྱ་མཚᨖ་རབ་འབྱེད་ཅིང༌། །མདངས་དང་ལྡན་པ་བཞུགས་ལགས་སམ། །བདུད་སྡེ་ཐམས་ཅད་འཇོམས་མཛད་ཅིང༌། །ཤེས་རབ་རྒྱ་མཚᨖར་བཞུགས་ལགས་སམ། །གསེར་གླིང་འདི་ན་མཁས་པ་ཁྱེད། །འགྲᨖ་བའི་དོན་ལ་ཉིན་མཚན་དུ། །བྱམས་དང་སྙིང་རྗེས་རབ་གཟིགས་ཤིང༌། །བསྟན་པའི་བདག་པᨖར་བཞུགས་ཞེས་ཐོས། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཁྱེད། །བདག་གི་བླ་མར་གསᨖལ་འདེབས་ཀྱིས། །ཤེས་བྱའི་དཀྱིལ་འཁᨖར་ཡངས་པ་ལ། །བདག་གི་ཤེས་རབ་སྤེལ་དུ་གསᨖལ། །ཞེས་ཞུས་པ་དང༌། དགེ་སློང་ཐམས་ཅད་ཀྱང་ངག་མཐུན་པར། སྐྱེས་བུའི་དམ་པ་བྱོན་པ་ཤིན་ཏུ་ལེགས། །བདག་ཅག་རྣམས་དང་ཁྱེད་དང་ལྷན་ཅིག་ཏུ། །དམ་པའི་ཆོས་ཀྱི་བདེ་བས་ཚᨑམ་པར་བྱ། །ཞེས་གསུངས་ནས་གཞི་བྱེས་ལྷན་ཅིག་ཏུ་དགེ་འདུན་ཀུན་གྱི་ཀུན་དགའ་ར་བར་བྱོན་པ་དང༌། དེ་ན་གནས་བརྟན་ཡང་བསྒྲེས་པ་གཅིག་དགེ་འདུན་འགའ་ཞིག་ལ་ཆོས་གསུང་གིན་འདུག་པ་ལ། ཁᨖ་བᨖས་ཕྱག་བཙལ་ཏེ། གནས་བརྟན་དེས་དེའི་ལན་དུ་ཕྱག་ལན་མ་མཛད། དེ་ནས་བླ་མའི་གཟིམ་ཁང་ཕོ་བྲང་དངུལ་གདུགས་ཅན་གྱི་ནང་དུ་བྱོན་ཏེ་སྟན་ལ་འཁᨖད་པ་ན། གནས་བརྟན་དེ་ཡང་ཆོས་ཐུན་བཏང་ནས་བྱུང་སྟེ། ཁᨖ་བᨖ་ལ་ཆོས་དང་མཐུན་པའི་ཕྱག་བྱས་ཤིང་། བདག་ལ་འདི་སྐད་གསུངས། སྐྱེས་བུ་དམ་པ་གནས་འདིར་བྱོན་པ་ལ་བསུ་བ་མ་བྱས། འོན་ཀྱང་ང་རྒྱལ་མེད། གང་ཡང་སྐྱེས་བུ་དམ་པ་མཉེས་པ་ནི། །ཆོས་ལ་བྱ་བ་བྱས་པ་ཡིན་བསམ་མᨖ། །གསུང་དེ་ཐོས་པ་དང་། ཁᨖ་བᨖ་ཡང་ཡི་རངས་ཏེ། ཆོས་དང་གང་ཟག་ལ་ཆེ་བ་འདོན་པ་ངོ་མཚར་ཆེ་སྙམ་མᨖ། །དེ་ནས་གཞི་ལེགས་པར་ཕེབས་པ་དང༌། བླ་མས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆེ་བར་ཆོས་མངོན་པར་རྟོགས་པའི་རྒྱན་ཆོས་ཐུན་བཅོ་ལྔ་ཙམ་གྱིས་ལེགས་པར་བཀྲོལ་ནས་ཁᨖ་བᨖ་ལ་ལེགས་པར་གནང་ངོ༌། །དེ་ནས་ཕོ་བྲང་དངུལ་གདུགས་ཅན་བཟུང་སྟེ། ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བར་བྱས་སᨖ། །དེ་ཐམས་ཅད་ཇོ་བᨖ་གསེར་གླིང་དུ་ཆགས་ཕེབས་ཤིང་། འགྲᨖ་བའི་མགོན་པᨖ་མཉམ་མེད་གསེར་གླིང་པ་ཆོས་ཀྱི་གྲགས་པ་དང་ལེགས་པར་དགེས་བཞིན་དུ་མཇལ་བའི་ལོ་རྒྱུས་ལགས་པར་གདའོ། །ཤིན་ཏུ་ལེགས་པ་ངོ་མཚར་རྒྱ་མཚᨖའི་དཔལ། །ཀུན་ལ་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །རྒྱལ་རིགས་རིག་པའི་གནས་ལྔ་ཀུན་ལ་མཁས། །སྒྲོལ་མས་ལུང་བསྟན་གངས་ཅན་དཔལ་དུ་བྱོན། །བདག་བས་གཞན་གཅེས་འབྱོངས་ནས་གཞན་དོན་མཛད། །མཚུངས་མེད་ཨ་ཏི་ཤ་ལ་གསᨖལ་བ་འདེབས། །ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསᨖལ། །སྐྱེ་རྒུའི་སྡུག་བསྔལ་འཕྲལ་དུ་བསལ་དུ་གསᨖལ། །འགྲᨖ་ཀུན་བྱང་ཆུབ་ལམ་ལ་དྲᨖང་དུ་གསᨖལ། །ཕན་བདེ་ཀུན་གྱི་འབྱུང་གནས་སྩལ་དུ་གསᨖལ། །སྐྱིད་མགོ་ད་ལྟ་ཉིད་དུ་འཛུག་ཏུ་གསᨖལ། །བདེ་མགོ་དེ་རིང་ཉིད་ནས་སྩལ་དུ་གསᨖལ། །སྲིད་པའི་སྡུག་བསྔལ་ཐམས་ཅད་གཞོམ་དུ་གསᨖལ། །ཆོས་ཀྱི་བར་ཆད་ཐམས་ཅད་བཟློག་ཏུ་གསᨖལ། །བྱ་རྒྱུ་ཆོས་ལས་མེད་པར་བྱིན་གྱིས་རློབས། །ཞེས་གསᨖལ་བ་དྲག་པᨖ་རྒྱུན་ཆད་མེད་པར་བཏབ་པ་ལ་བརྟེན་ནས། བདག་གཞན་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བདག་བས་གཞན་གཅེས་པར་ འཛᨑན་པའི་ལྷག་པའི་བསམ་པ་རྣམ་པར་དག་པ། བདག་གཞན་ལ་བརྗེ་བའི་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་བཅོས་མ་མ་ཡིན་པ་སྐྱེས་ནས། འགྲᨖ་བ་ཐམས་ཅད་སྒྲོལ་བའི་དེད་དཔᨖན་ཆེན་པᨖར་མྱུར་དུ་སྐྱེ་བར་གྱུར་ཅིག། །།