DNZ-03-GA-013
DNZ-03-GA-013
༄༅། །ཐེག་པ་ཆེན་པᨖ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱང་ཆུབ་སེམས་དཔའི་ ལམ་བཟང་ཞེས་བྱ་བ་བཞུགས་སᨖ། །
ཕུན་ཚᨖགས་སྲིད་ཞིའི་ཕན་བདེ་ཇི་སྙེད་རྫོགས་པའི་སངས་རྒྱས་མཐུ་ལས་བྱུང༌། །སངས་རྒྱས་རྒྱལ་བའི་སྲས་པᨖ་ཉིད་དང་དེ་ཡང་བྱང་སེམས་ལས་འཁྲུངས་ཕྱིར། །རིན་ཆེན་རིན་ཐང་མེད་པའི་མཆོག་སྦྱིན་དགེ་བའི་བཤེས་ལ་གུས་བཏུད་ནས། །ཤིན་ཏུ་རྒྱས་པའི་སེམས་བསྐྱེད་ཆོ་ག་གཞན་ལ་ཕན་ཕྱིར་གསལ་བར་བཤད། །འདི་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་མཐའ་དག་གི་འབྱུང་གནས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བླ་མ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། གཅིག་ཏུ་སྐྱོན་གྱི་དྲི་མ་བག་ཆགས་དང་བཅས་པ་གཏན་ནས་སྤངས་ཤིང༌། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྒྱ་མཚᨖ་ཉམས་པ་མེད་པ་ལ་དབང་འབྱོར་བ། ཡིད་ཅན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་གཅིག་པུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པᨖ་ཆེ་ཐོབ་པར་འདོད་པས། དེ་ཡི་ཐབས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་དགོས། དེའང་ཐོག་མར་སྡོམ་པའི་ཆོ་ག་ལ་ལྟོས་པས། ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས། རིགས་དང་སྐལ་བར་ལྡན་པའི་སློབ་མ་རྣམས་བྱང་ཆུབ་ཆེན་པᨖའི་ལམ་དུ་གཞུག་པའི་ཕྱིར། ཐེག་པ་ཆེན་པᨖ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་ སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བྱེད་པར་འདོད་པས་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པᨖ་ནི། གནས་གཙང་ཞིང་ཡིད་དུ་འོང་བར། སྟོན་པ་ཐུབ་པའི་དབང་པᨖ་ཤཱཀྱ་སེང་གེའི་སྣང་བརྙན་གཙོ་བᨖར་གྱུར་པའི་རྟེན་ཁྱད་པར་ཅན་གྱི་དྲུང་དུ། ཉེར་སྤྱོད་སྤྱི་དང༌། ཁྱད་པར་སྤོས། མར་མེ། ཞལ་ཟས་རྣམས་ཀྱི་ཕྲེང་བ་ཚར་དུ་དངར་བས་མཚᨖན་ཅི་འབྱོར་བའི་མཆོད་པ་རྣམས་གཙང་ཞིང་བཀོད་པས་མཛེས་པ་དང༌། གཏོར་མ་འབུལ་བར་འདོད་ན༑ ཟླུམ་གཏོར་དཀར་པᨖ་གཉིས་དང༌། གཞི་བདག་གི་གཏོར་མའང་བཤམས། དེ་ནས་སློབ་དཔᨖན་རང་ཉིད་ཁྲུས་བྱ། གྲུབ་ན་སེམས་བསྐྱེད་དང་སྡོམ་པ་བླང༌། གང་ལྟར་ཡང་ལྟུང་བཤགས་སᨖགས་ཆོས་སྤྱོད་ཀྱི་རིམ་པ་ཇི་ལྟར་རིགས་པར་བྱ༑ དེ་ནས་སྟན་མཐོན་པᨖ་ལ་འདུག་སྟེ། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་བྱས། ནང་དུ་རང་རང་གི་སྟན་དམའ་བར་མེ་ཏོག་དང་བཅས་ཏེ་གུས་པའི་ཚུལ་གྱིས་འཁᨖད་དུ་གཞུག་གོ །གཉིས་པ་དངོས་གཞི་ནི། སློབ་དཔᨖན་གྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་དང༌། སེམས་ཅན་ཐམས་ཅད་ཕན་བདེ་ལ་དགོད་པར་འདོད་པའི་བརྩེ་བ་དང༌། ཁྱད་པར་སློབ་མ་རྣམས་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འདོད་པའི་བསམ་པ་བཟང་པᨖ་དང་ལྡན་པས། གསལ་ཞིང་ སྙན་པའི་ངག་གིས་འདི་སྐད་ཅེས་བརྡ་སྤྲོད་པར་བྱའོ། །འོ་སྐོལ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པᨖ་ཆེ་དང་མཇལ། འཁᨖར་འདས་ཀྱི་འདམ་ག་རང་དབང་ཡོད་པའི་དུས་འདིར་དལ་འབྱོར་ལ་སྙིང་པᨖ་ལེན་པའི་ཆོས་རྣམ་པར་དག་པ་ཞིག་ལ་ཅི་ནས་ཀྱང་འབད་དགོས་ཏེ། སློབ་དཔᨖན་ཆེན་པᨖ་འཕགས་པ་ཀླུ་སྒྲུབ་ཀྱིས། རྒྱ་མཚᨖ་གཅིག་གནས་གཉའ་ཤིང་བུ་ག་དང༌༑ ༑རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲᨖ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་ཤིང༌། དམ་ཆོས་ཀྱི་ནང་ནས་ཀྱང༌། རང་གཞན་ཐམས་ཅད་སྡུག་བསྔལ་ཆ་དང་བཅས་པ་ལས་སྒྲོལ་ཞིང་གནས་སྐབས་དང༌། མཐར་ཐུག་གི་བདེ་བ་ཐམས་ཅད་ཐོབ་པར་བྱེད་པའི་རྒྱུ་བསᨖད་ནམས་དང་ཡོན་ཏན་མཐའ་ཡས་པའི་གཏེར་དུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་ཁᨖ་ན་ཡིན་ཏེ། སློབ་དཔᨖན་ཆེན་པᨖ་ཞི་བ་ལྷས། སྡུག་བསྔལ་མཐར་འབྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་འགྲᨖ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ནས། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་དང༌། སློབ་དཔᨖན་ཆེན་པᨖ་ཙནྡྲ་གོ་མཱིས། ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས། །བསᨖད་ནམས་ཀུན་གྱི་གཏེར་གྱུར་གང༌། །ཞེས་གསུངས་པས་མཚᨖན་རྒྱལ་བ་སྲས་དང་བཅས་པས་བགྲᨖད་པ་གཅིག་པའི་ལམ་དུ་ བསྔགས་པར་མཛད་པ་བྱང་ཆུབ་ཀྱི་སེམས་དེ་ཡང་ཀུན་རྫོབ་ཆོ་ག་ལས་ཐོབ་པ་དང༌། དོན་དམ་བསྒོམ་པའི་སྟོབས་ཀྱིས་སྐྱེས་པ་གཉིས་ལས། དང་པᨖ་ལ། བསྐྱེད་བྱ་སེམས་ཀྱི་མཚན་ཉིད་ནི། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་ཐེག་ཆེན་སློབ་པའི་སེམས་གང་ཞིག་བྱང་འཕགས་ཀྱི་མཉམ་བཞག་གི་ངོ་བᨖར་གྱུར་པའི་སེམས་བསྐྱེད་རྣམ་པར་བཅད་པའོ། །མཚན་གཞི་ནི། ཐེག་ཆེན་ཚᨖགས་སྦྱོར་བའི་རྒྱུད་ཀྱི་སེམས་བསྐྱེད་རྣམས་དང་བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བᨖར་གྱུར་པའི་སེམས་བསྐྱེད་ལྟ་བུའོ། །དབྱེ་ན། གྲᨖགས་དགེ་བའི་བཤེས་གཉེན་གྱི་སྟོབས་དང༌། རྒྱུ་རིགས་སད་པའི་སྟོབས་དང༌། འབྲས་བུ་དགེ་རྩ་རྒྱས་པའི་སྟོབས་དང༌། ལམ་ཐེག་ཆེན་གྱི་སྡེ་སྣོད་ཐོས་པའི་སྟོབས་དང༌། ཐོས་པ་དེ་ཉིད་མང་དུ་གོམས་པས་བསྐྱེད་པ་དང་ལྔ་ལས། དང་པᨖ་ནི། གྲᨖགས་ལ་རག་ལས་པས་མི་བརྟན་པའི་སེམས་བསྐྱེད་དང༌། ཕྱི་མ་བཞི་ནི་མི་མཐུན་ཕྱོགས་ཀྱིས་ཉམས་དཀའ་བས་བརྟན་པའི་སེམས་བསྐྱེད་དེ། མདོ་སྡེ་རྒྱན་ལས། གྲᨖགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་པ་ལྟར། གཙོ་བᨖར་གཞན་གྱི་མཐུ་ལས་བྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལའང་མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག །ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པ་རྣམས་སུ་འདུ་བ་ལས། འདིར་དང་པᨖ་མ་ཐོབ་པ་ཐོབ་པར་བྱེད་པ་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་བགྱིད་པའི་སྐབས་སུ་བབས་པ་ལགས། དེ་ཡང་འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱི་གསུང་ལས། སེམས་བསྐྱེད་ལ་དབུ་མ་ལུགས་དང༌༑ སེམས་ཙམ་ལུགས་གཉིས་ཡོད། དབུ་མ་ལུགས་ནི་སྡོང་པᨖ་བཀོད་པ་དང༌། ནམ་མཁའི་སྙིང་པᨖས་ཞུས་པ་ལ་སᨖགས་པའི་མདོའི་རྗེས་སུ་འབྲངས། འཕགས་པ་འཇམ་དཔལ་གྱིས་གསུངས། སློབ་དཔᨖན་ཆེན་པᨖ་ཀླུ་སྒྲུབ་ནས་བརྒྱུད། སློབ་དཔᨖན་ཆེན་པᨖ་ཞི་བ་ལྷ་ཡི་ལུགས། སློབ་དཔᨖན་ཆེན་པᨖ་དགྲ་ལས་རྣམ་རྒྱལ་ལ་སᨖགས་པའི་ཕྱག་ལེན། བསྟན་པའི་མངའ་བདག་ཆེན་པᨖ་དཔལ་ལྡན་ས་སྐྱ་པ་ལ་སᨖགས་པས་མཛད་པ་འདི་ཡིན། སེམས་ཙམ་ལུགས་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སᨖགས་པའི་མདོའི་རྗེས་སུ་འབྲངས། འཕགས་པ་བྱམས་པས་གསུངས། འཕགས་པ་ཐོགས་མེད་ནས་བརྒྱུད། སློབ་དཔᨖན་ཆེན་པᨖ་ཙནྡྲ་གོ་མཱིའི་ལུགས། ཇོ་བᨖ་ཆེན་པᨖ་རྗེ་ཡི་ཕྱག་ལེན༑ དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱིས་མཛད་པ་འདི་ཡིན། འདི་གཉིས་ལ་བླང་བའི་ཡུལ། ལེན་པ་པᨖའི་གང་ཟག །ལེན་པའི་ཆོ་ག །བླངས་ནས་སྲུང་ཚུལ། ཉམས་ན་ཕྱིར་བཅོས་པ་རྣམས་ལ་མི་འདྲ་བའི་ཁྱད་པར་མང་དུ་ཡོད་ཅེས་གསུངས་ཤིང༌། ཡང་མཁས་པ་འགའ་ཞིག་དེ་གཉིས་ཀྱི་དབྱེ་བ་དང་ཁྱད་པར་ལ་སᨖགས་པ་མི་འཐད་ཅེས་གསུངས་ཀྱང༌། འདིར་དེ་ལྟ་བུའི་དགག་སྒྲུབ་ཀྱི་རིམ་པ་རྣམས་བཏང་སྙོམས་སུ་བཞག་ནས། སློབ་དཔᨖན་ཆེན་པᨖ་འཕགས་པ་ཐོགས་མེད་དང༌། ཇོ་བᨖ་རྗེ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་གསུང་རབ་ལས་འབྱུང་བ་ལྟར། ཡང་དག་པར་རྫོགས་པའི་སངས་རྒྱས་ནས། བདག་ཅག་གི་ཡོངས་སུ་འཛᨑན་པ་ཆེན་པᨖའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་ཕྱག་ལེན་བཞིན་འབུལ་བ་ལ་དོན་རྣམ་པ་གསུམ་སྟེ། སེམས་བསྐྱེད་དང་སྡོམ་པའི་རྟེན་ངེས་པར་བྱ་བ་དང༌། སྦྱོར་བ་རྗེས་སུ་སྒྲུབ་པ་དང༌། རང་བཞིན་གཏན་ལ་དབབ་པའོ། །དང་པᨖ་རྟེན་ངེས་པར་བྱ་བ་ལ་གསུམ་སྟེ། སྡུག་བསྔལ་འཁᨖར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ་དང༌། ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་དང༌། མཐའ་གཉིས་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པའོ། །དང་པᨖ་སྡུག་བསྔལ་འཁᨖར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ་ནི། འདི་ལྟར་ངེས་པར་བྱ་སྟེ། འོ་སྐོལ་རྣམས་ཀྱིས་དལ་འབྱོར་གྱི་མི་ལུས་ཐོབ་པའི་སྐབས་འདིར། འཁᨖར་བ་སྡུག་བསྔལ་གྱི་རྒྱ་མཚᨖ་ལས་བརྒལ་ཞིང༌། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་འབད་དགོས། དེ་ཡི་རྒྱུ་མཚན་ཡང་དོན་དེ་གཉིས་རྟེན་འདི་ལ་སྒྲུབ་ནུས་ཤིང་གཞན་གྱིས་མི་ནུས་པའི་ཕྱིར་ཏེ། སློབ་སྤྲིང་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚᨖ་མཐར་འབྱིན་ཞིང༌། །བྱང་ཆུབ་མཆོག་གི་ས་བᨖན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་རྟེན་འགྲᨖ་བ་འདྲེན་པར་ཆས་གྱུར་ཅིང༌། ། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང༌། །མཁའ་ལྡིང་རིག་འཛᨑན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སᨖ། །དལ་འབྱོར་དེའང་རྙེད་པར་དཀའ་སྟེ། སྡོང་པᨖ་བཀོད་པ་ལས། མིར་གྱུར་པའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚᨖགས་པ་རྣམ་པར་དག་པའང་རྙེད་པར་དཀའ། ཞེས་གསུངས་ཤིང༌། སློབ་དཔᨖན་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བᨖ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་ཡིས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས། རྙེད་པ་དེ་ཡང་དུས་རིང་དུ་མི་གནས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁᨖམས་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པས། མྱུར་དུ་དགེ་བ་ལ་འབད་དགོས། དེ་ལ་མ་འབད་པར་སྡིག་པ་བྱས་ན་ངན་འགྲᨖར་ལྟུངས་ཏེ། ཞི་བ་ལྷས། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲᨖའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས་ཤིང༌། ངན་སᨖང་དུ་སྐྱེས་ན་དམྱལ་བ་ལ་ཚ་གྲང་ལ་སᨖགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དེ། འཕགས་པ་ཀླུ་སྒྲུབ་ཀྱིས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་ སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་ཉེ་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སᨖ། །ཡི་དྭགས་ལ་ཡང་བཀྲེས་སྐོམ་ལ་སᨖགས་པའི་སྡུག་བསྔལ་མང་པᨖ་ཡོད་དེ། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས༑ ༑བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲᨖ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས་སᨖ། །དུད་འགྲᨖ་ལ་ཡང༌། གཅིག་ལ་གཅིག་ཟ་བ་ལ་སᨖགས་པའི་སྡུག་བསྔལ་ཡོད་དེ། དུད་འགྲᨖའི་སྐྱེ་གནས་ན་ཡང་བསད་པ་དང༌། །བཅིངས་དང་བརྡེག་སᨖགས་སྡུག་བསྔལ་སྣ་ཚᨖགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ༑ ༑ཞེས་གསུངས་པས། སྡིག་པ་སྤོང་བ་ལ་འབད་དགོས་ཤིང༌། དགེ་བ་ཡང་ཐར་པའི་ལམ་དུ་འགྱུར་བར་མ་སྒྲུབ་ན་བསᨖད་ནམས་དང་མི་གཡོ་བའི་ལས་ཀྱིས་བདེ་འགྲᨖར་སྐྱེས་ཀྱང་དེ་དག་ཁ་ཅིག་ལ་སྡུག་བསྔལ་ཆེན་པᨖ་ཡོད་ཅིང༌། དེ་མེད་པ་རྣམས་ཀྱང་དེ་ནས་ཤི་འཕོས་ནས་དམྱལ་བ་ལ་སᨖགས་པའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པᨖ་དང༌། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་འགྱུར་བ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གསུངས་སᨖ། །མདོར་ན་འཁᨖར་བ་སྡུག་བསྔལ་གྱི་རང་བཞིན་ཏེ། མགོན་པᨖ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲᨖ་ལྔ་དག་ལ་ བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚᨖན་རྒྱ་ཚྭ་ལ་སᨖགས་རེག་སྐྱེས་བཞིན། །ཞེས་གསུངས་པས། དེ་ལས་ཐར་པའི་ཐབས་ལ་འབད་དགོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཟློག་ཕྱིར་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པས། འཁᨖར་བ་ལས་ཐར་བར་བྱ་བའི་ཕྱིར་དམ་པའི་ཆོས་ལ་འབད་པར་བྱའོ་སྙམ་པའི་བསམ་པ་ཞེ་ཐག་པ་ནས་བསྐྱེད་པར་ཞུ། གཉིས་པ་ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་ནི། རང་ཉིད་འཁᨖར་བ་ལས་ཐར་ཀྱང་གཞན་གྱི་དོན་རྒྱུན་འཆད་པའི་ཕུང་པᨖ་ལྷག་མེད་ཀྱི་མྱང་འདས་དོན་དུ་གཉེར་བ་ནི། མ་ཆུས་ཁྱེར་བ་མཐོང་ཞིང་གདོན་པའི་ནུས་པ་ཡོད་བཞིན་དུ་དེ་མི་འདོན་པར་རང་ཉིད་སྐམ་ས་ན་ཡིད་བདེ་བར་གནས་པ་ལྟར་ཤིན་ཏུ་མི་རིགས་པའི་ཕྱིར་ཐེག་ཆེན་པས་དོན་དུ་གཉེར་བྱ་མ་ཡིན་ཏེ། སློབ་དཔᨖན་ཆེན་པᨖ་ཙནྡྲ་གོ་མཱིས། ཉེ་དུ་འཁᨖར་བའི་རྒྱ་མཚᨖའི་ནང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སᨖང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བᨖར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བᨖར་མེད། །བྱིས་པ་པང་ན་བཙས་པ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་ཟག་འཐུངས་པ། །ངལ་བ་མང་བསྟེན་བྱམས་པས་བསྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤང་བར་སུ་ ཞིག་སྤྲོ། །ཞེས་གསུངས་པས། གཞན་དོན་དོར་ནས་རང་ཉིད་གཅིག་པུ་ཞི་བདེ་ཐོབ་པར་འདོད་པའི་བློ་སྤང་འཚལ་ལོ། །གསུམ་པ་མཐའ་གཉིས་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པ་ནི། མགོན་པᨖ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་ནས། །སེམས་ཅན་སྲེད་ཕྱིར་བློ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་རྩེ་བྱང་ཆུབ་ཐབས་བསྟེན་ནས། །འཕགས་པ་འཁᨖར་བའམ་མྱ་ངན་འདས་མི་འགྱུར། །ཞེས་པ་ལྟར༑ འཁᨖར་འདས་གཉིས་ལ་མི་གནས་པའི་མྱང་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མངོན་སུམ་དུ་མཁྱེན། ཕྲིན་ལས་ཚད་ལས་འདས་ཤིང་རྒྱུན་མི་འཆད་པར་འབད་མེད་ལྷུན་གྲུབ་ཏུ་མཛད་པ་དེ་ཐོབ་པར་བྱ་བ་ཡིན་ལ། དེའི་རྒྱུའང་བྱང་ཆུབ་ཀྱི་སེམས་ཡིན་ཏེ། མདོ་སྡུད་པ་ལས། ཆུ་ཡི་ཐིག་པས་བུམ་པ་དང་པᨖ་ཐ་མའི་བར། །རིམ་གྱིས་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པᨖའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པᨖའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས་ཤིང༌། རྣམ་སྣང་མངོན་བྱང་ལས་ཀྱང༌༑ གསང་བའི་བདག་པᨖ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས། སྡོང་པᨖ་བཀོད་པ་ ལས་ཀྱང༌། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པས་ས་བᨖན་ལྟ་བུའོ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་སྙམ་པའི་འདུན་པ་དྲག་པᨖ་དུང་བ་རེ་བསྐྱེད་མཛོད། གཉིས་པ་སྦྱོར་བ་རྗེས་སུ་སྒྲུབ་པ་ལ་གཉིས་ཏེ། སྨོན་པ་དང་འཇུག་པའོ། །དང་པᨖ་ལའང་སྦྱོར་དངོས་རྗེས་གསུམ་གྱི་སྦྱོར་བ་ལ་གསུམ་སྟེ། ཡུལ་ཁྱད་པར་ཅན་ལ་གསᨖལ་བ་གདབ་པ་དང༌། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲᨖ་བ་དང༌། ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚᨖགས་བསགས་པའོ། །དང་པᨖ་ཡུལ་ཁྱད་པར་ཅན་ལ་གསᨖལ་བ་གདབ་པ་ནི། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས། ཕྱག་དང་མཆོད་པ་ཕུལ་ཏེ་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་ལ་ཕྱག་དང་མཎྜལ་ཕུལ་ནས་འདི་ལྟར་གསᨖལ་བ་གདབ་པར་བྱ་སྟེ། ཞེས་འབྱུང་བས། ཐོག་མར་ཁྱེད་རང་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མᨖས་གུས་གདུང་ཤུགས་དྲག་པᨖས་གསᨖལ་བ་བཏབ་པས་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བྱོན་པ་ལ་ཕྱག་དང་མཆོད་པ་ཕུལ་བའི་ཡིད་ཀྱིས་ཡན་ལག་མ་ལྔ་ས་ལ་གཏུག་པའི་ཕྱག་དང་བཅས་ཏེ་འདི་གསུང་བར་ཞུ། ཇི་སྙེད་སུ་དག་སᨖགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །བར་ལན་གཅིག །སླར་ ཡང་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་བརྗོད་ལ་ཕྱག་གསུམ་འཚལ་དུ་གཞུག །དེ་ནས་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཡོན་དུ་དམིགས་ཏེ་ མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། མཎྜལ་ཚᨖམ་བུ་བདུན་མ་སྤྱི་ལྟར་ལ། མ་ཚང་བ་མེད་པ་འདི་ཉིད་བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཞུ་བའི་ཡོན་དུ་སᨖགས་སྦྱར་ལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མᨖ་སྦྱར་ཏེ་གསᨖལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛད་པར་ཞུ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་ས་ཆེན་པᨖ་ལ་བཞུགས་པ་རྣམས་ཀྱིས། དང་པᨖར་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བ་ཡང༌། སློབ་དཔᨖན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསᨖལ། ཞེས་ལན་གསུམ་བརྗོད་དོ། །གཉིས་པ་རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲᨖ་བ་ནི། ཐུན་མᨖང་གི་སྐྱབས་འགྲᨖ་ལས་ཁྱད་པར་གསུམ་གྱིས་ཁྱད་པར་དུ་འཕགས་པའི་ཐེག་ཆེན་གྱི་སྐྱབས་འགྲᨖ་བྱེད་པ་ཡིན་ཏེ། དུས་ཀྱི་ཁྱད་པར་ནི། བྱང་ཆུབ་སྙིང་པᨖའི་བར་ཡིན་ལ། ཡུལ་གྱི་ཁྱད་པར་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། རྟོགས་པའི་ཆོས་ཐེག་ཆེན་གྱི་འགོག་ལམ་དང༌། ལུང་གི་ཆོས་ཐེག་ཆེན་གྱི་གསུང་རབ། དགེ་འདུན་ནི་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ཡིན་ནོ། །བསམ་པའི་ཁྱད་པར་ནི། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་ཕན་བཏགས་པས་དྲིན་ཆེ་ལ། དྲིན་ཆེན་དེ་རྣམས་འཁᨖར་བ་སྡུག་བསྔལ་དྲག་ལ་ཡུན་རིང་བས་གཙེས་ཤིང་ལས་དང་ཉོན་མᨖངས་པའི་འཆིང་བས་བཅིངས་པས་ཐར་པའི་ཐབས་མེད་པས་རེ་སྙིང་རྗེ་སྙམ་དུ་བསམས་ལ། འདི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བར་བདག་གིས་བྱེད་དགོས་པ་ལ། ད་ལྟ་བདག་ལ་དེའི་ནུས་པ་མེད་ཅིང༌། དེ་ལྟར་ནུས་པ་སངས་རྒྱས་ཁᨖ་ན་ཡིན་པས་བདག་གིས་སངས་རྒྱས་ཐོབ་པར་བྱེད་དགོས། དེའང་དཀོན་མཆོག་ལ་རགས་ལས་པས། བདག་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ནུས་ཀྱི་སངས་རྒྱས་ཐོབ་པའི་དོན་དུ་དཀོན་མཆོག་ལ་སྐྱབས་ཤིང་བློ་གཏོད་པས་བདག་དེ་ལྟར་འགྱུར་བར་དཀོན་མཆོག་མཁྱེན་སྙམ་པའི་འདུན་པ་དྲག་པᨖ་བྱ་སྟེ། མདོ་སྡེ་རྒྱན་ལས། དེ་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་རྗེ་ལས་རིག་བྱ༑ ༑ཞེས་གསུངས་པས། ད་ལྟ་བདག་ལ་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་མི་འདུག་པས། མ་ལག་ཞ་མའི་བུ་ཆུས་ཁྱེར་བ་གཞན་ལ་ར་མདའ་ཟློག་ཟེར་བ་ལྟར་དྲིན་ཅན་སེམས་ཅན་རྣམས། སྡུག་བསྔལ་དང་ཀུན་འབྱུང་གི་ཆུས་ཁྱེར་རོ་ར་མདའ་ཟློག་ཟེར་བའི་ཚུལ་དུ་བྱེད་པ་ཡིན་གསུང༌། དེས་ན་ད་ལྟ་སེམས་ཅན་རྣམས་སྡུག་བསྔལ་ལས་སྒྲོལ་བ་དང༌། མ་འོངས་པ་ན་བདག་ལ་སེམས་ཅན་ཐམས་ཅད་སྒྲོལ་བའི་ནུས་པ་ཡོད་པ་དཀོན་མཆོག་མཁྱེན་སྙམ་པའི་བསམ་པ་ཁྱད་པར་ཅན་དང་ལྡན་པས། བདག་ཀྱང་རྨི་ལམ་དང་སྒྱུ་མ་ལྟར་བདེན་པ་མེད་པར་ཤེས་པར་བྱས་ནས། སེམས་གཞན་དུ་མ་ཡེངས་པར་རྩེ་གཅིག་པའི་ཡིད་ཀྱིས་སྐྱབས་སུ་འགྲᨖ་བ་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ། སློབ་དཔᨖན་དགོངས་སུ་གསᨖལ། རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པᨖ་ལ་མཆིས་ཀྱི་བར་དུ༑ རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔᨖན་དགོངས་སུ་གསᨖལ། རང་རང་གི་མིང་ནས་སྨོས་ཏེ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པᨖ་ལ་མཆིས་ཀྱི་བར་དུ། ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །སློབ་དཔᨖན་དགོངས་སུ་གསᨖལ། རང་རང་གི་མིང་ནས་སྨོས་ཏེ། བདག་ མིང་འདི་ ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པᨖ་ལ་མཆིས་ཀྱི་བར་དུ། ཚᨖགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པས་སྐྱབས་སུ་སᨖང་ནས། དེ་ཡི་ བསླབ་བྱ་ལ། དེང་ཕྱིན་ཆད་སངས་རྒྱས་ལ་སྟོན་པ། ཐེག་ཆེན་གྱི་ཆོས་ལ་ལམ། བྱང་སེམས་འཕགས་པ་རྣམས་ལ་ལམ་སྒྲུབ་པའི་གྲᨖགས་སུ་བཟུང་བའི་བསམ་སྦྱོར་བརྟན་པᨖ་བསྐྱེད་དགོས་པ་ལགས། གསུམ་པ་ཐབས་ཁྱད་པར་ཅན་གྱི་སྒོ་ནས་ཚᨖགས་གསᨖག་ཅིང་སྒྲིབ་པ་སྦྱོང་བ་ནི། འགའ་ཞིག་ཕྱག་དང་མཆོད་པ་ཙམ་ལས་མི་མཛད་ནའང༌། ཇོ་བᨖ་ཆེན་པᨖས་ཡན་ལག་བདུན་ཚང་བར་བྱེད་པར་བཤད་པས། ཐོག་མར་ཡན་ལག་བདུན་པ་འབུལ་བའི་ཡུལ་གསལ་གདབ་པ་ནི། མདུན་གྱི་ནམ་མཁར་བསྟན་པའི་བདག་པᨖ་བཅོམ་ལྡན་འདས་ཐུབ་པ་ཆེན་པᨖ་ལ། འཁᨖར་ཉེ་བའི་སྲས་བརྒྱད་ལ་སᨖགས་པས་བསྐོར་བས་གཙོ་བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསམ་ལ། དེ་རྣམས་དང་སློབ་དཔᨖན་ལྷན་ཅིག་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། སྒོ་གསུམ་གུས་པ་ཆེན་པᨖས་ཕྱག་འཚལ་བའི་མᨖས་པས། རྗེས་ཟློས་ཀྱི་ཚᨑག་རྣམས་དལ་ཞིང་དོད་ལ་སྐབས་ཕྱེད་པར་བརྗོད་པ་ཤིན་ཏུ་གལ་ཆེ་བས། ཡན་ལག་མ་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛᨑན་པའི་ངོ་བᨖ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཚᨑགས་བཅད་རེ་དང་ཕྱག་རེ་སྦྲག་པ་ལན་གསུམ་བྱེད་དུ་གཞུག །དེ་བཞིན་དུ། མགོན་པᨖ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པᨖ། །བསᨖད་ནམས་ཡོན་ཏན་རྒྱ་མཚᨖའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སᨖང་ལས་སྒྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲᨖལ་ནས་གྲᨖལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་ཕྱག་དང་བཅས་ཏེ་བྱར་གཞུག་གོ །དེ་ལྟར་བླ་མ་དང་དཀོན་མཆོག་ལ་ཕྱག་འཚལ་བ་སྔོན་དུ་སᨖང་ནས། གཉིས་པ་མཆོད་པ་འབུལ་བ་ལ་ལྔ་ལས། དང་པᨖ་དངོས་སུ་བཤམས་པའི་མཆོད་པ་ནི། ཐོག་མར་སློབ་དཔᨖན་གྱིས་སᨖ་སᨖའི་རིག་པས་བྱིན་གྱིས་བརླབ་པར་བྱ་བ་ཡིན་ཏེ། ཞེས་མཚམས་སྦྱར་ལ། སློབ་དཔᨖན་གྱིས། རིན་པᨖ་ཆེ་ལ་སᨖགས་པའི་སྣོད་ཕུན་སུམ་ཚོགས་པར་དངོས་སུ་བཤམས་པའི་མཆོད་པ་རྣམས་སᨖ་སᨖའི་རིག་པས་བྱིན་གྱིས་བརླབས་པའི་ལྷ་རྫས་ཀྱི་མཆོད་ཡོན། མེ་ཏོག །བདུག་སྤོས། སྣང་གསལ། དྲི་མཆོག །ཞལ་ཟས། རོལ་མᨖ་ལ་སᨖགས་པ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གྱུར། ༀ་བཛྲ་ཨ?ཾ་ཨཱཿ ཧཱུྃ། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ། ནས། ཤབྡའི་བར་སྦྱར་བས་བྱིན་གྱིས་བརླབ། དེ་ལྟར་བྱིན་གྱིས་བརླབས་ནས། དངོས་སུ་བཤམས་པའི་མཆོད་པ་རྣམས་རྒྱུར་བྱས་པ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་ཁྱབ་པར་གྱུར་པ་དང༌། གཞན་ཡང་འཇིག་རྟེན་གྱི་ཁམས་ དཔག་ཏུ་མེད་པ་ན་ཡོད་པའི་མེ་ཏོག་ལ་སᨖགས་པ་རྣམས། བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་འབུལ་ལོ་སྙམས་པས་འདི་གསུང་བར་ཞུ། ༀ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ དེ་བཞིན་དུ༑ པུཥྤེ་ནས། ཤབྡའི་བར་སྦྱར་བས་མཆོད་དུ་གཞུག །སྤྲོ་ན། མཆོད་ཡོན་ཕལ་ཆེར་སᨖགས་ཚᨑགས་བཅད་ཇི་ལྟར་རིགས་པ་དང་སྦྲེལ་ནས་བྱས་ཀྱང་རུང་ངོ༌། །གཉིས་པ་བདག་པᨖས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། ཕྱོགས་བཅུ་རབ་འབྱམས་མུ་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ན། བདག་པᨖས་ཡོངས་སུ་མ་བཟུང་བའི་རིན་པᨖ་ཆེའི་རི། དཔག་བསམ་གྱི་ཤིང༌། འབྲུ་དང་མེ་ཏོག །སྨན་དང་ནགས་ཚལ་ལ་སᨖགས་པ་ཐམས་ཅད་རབ་ཏུ་དང་བའི་བློས་བླངས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ན། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚᨖགས་རྫོགས་པའི་དོན་དུ་ཁྱེད་རྣམས་ཀྱིས་བཞེས་སུ་གསᨖལ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། མེ་ཏོག་འབྲས་བུ་ཇི་སྙེད་མཆིས་པ་དང༌། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བᨖ་དང་ནི་དེ་བཞིན་དུ། ། ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སᨖགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་ རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་གང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚᨖ་དང་རྫིང་བུ་པདྨས་བརྒྱན་པ་དང༌། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་འདི་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །གསུམ་པ་ལུས་འབུལ་བ་ནི། བདག་གི་ལུས་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དུ་ཕུལ་ནས། དེ་དག་གི་བྱ་བ་སེམས་ཅན་གྱི་དོན་འབའ་ཞིག་བྱ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་འབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག ༑གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བཞི་པ་བློས་སྤྲུལ་པའི་མཆོད་པ་ནི། བདག་གི་ཚᨑག་ལས་བྱུང་བའི་ཁྲུས་ཀྱི་ཁང་པ་ཞེས་པ་ལ་སᨖགས་པ་འདི་རྣམས་ཚᨑགས་བཅད་ལས་ཇི་ལྟར་བྱུང་བའི་རིམ་པ་བཞིན་དུ་ལམ་ལམ་བྱུང་བར་མᨖས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་བར་ཞུ། ཞེས་བརྡའ་སྦྱར་ནས་རང་གིས་ཚᨑག་དལ་ལ་དོད་པ་སྐབས་ཕྱེད་པས་འདི་རྣམས་བརྗོད་པར་བྱའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། ། ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པᨖ་སྤོས་ཀྱི་ཆུས། ། ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མᨖ་བཅས་པ་དུ་མས་སྐུ་ཁྲུས་གསᨖལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚᨖགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སᨖགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང༌། །ཨུཏྤལ་ལ་སᨖགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚᨖགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚᨖགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་མཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཆུས་བྱུག་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁᨖར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་ བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །ལྔ་པ་མཆོད་པ་ཡོངས་སུ་བསྔོ་བ་ནི། དེ་དག་ལས་གཞན་ཡང་མཆོད་པའི་བྱེ་བྲག་མཐའ་ཀླས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མཉེས་པར་བྱེད་ཅིང༌། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པའི་ཚᨖགས་ནམ་མཁའི་ཁམས་ཁྱབ་པར་གནས་ཤིང་མཆོད་པའི་སྤྲིན་གྱི་ཆར་ཆེན་པᨖ་འབབ་པར་གྱུར་ཅིག་སྙམ་པས་འདིའི་རྗེས་ཟློས་མཛོད། དེ་ལས་གཞན་ཡང་མཆོད་པའི་ཚᨖགས། །རོལ་མᨖ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སᨖ་སᨖར་གནས་གྱུར་ཅིག །ཅེས་ལན་གཅིག་དང༌། ན་མᨖ་རཏྣ་ཏྲ་ཡཱ་ཡ། ན་མᨖ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མ་ཧཱ་བཛྲེ་མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བིདྱཱ་བᨖདྷི་ཙིཏྟ་བཛྲེ། མ་ཧཱ་བᨖ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་དུ་གཞུག་གོ །དེ་ནས་སྐབས་འདིར་གཏོར་མ་འབུལ་བར་སྤྲོ་ན། དེ་རྣམས་ཀྱིས་མཆོད་པའི་ཡན་ལག་དངོས་གཞི་གྲུབ་ནས། རྗེས་འབྲེལ་དུ་གཏོར་མ་འབུལ་བ་ནི་སློབ་དཔᨖན་གྱིས་བགྱི་བར་གདའ་སྟེ། ཞེས་མཚམས་སྦྱར་ལ། གཏོར་མ་རྣམས་ལ་ཆབ་བྲན། སློབ་དཔᨖན་གྱིས། རིན་པᨖ་ཆེ་ལ་སᨖགས་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་ངོ་བᨖར་གྱུར་པའི་གཏོར་མ་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ༀ་ཨ་ཀཱ་རོ་སᨖགས་ལན་གསུམ་གྱིས་བརླབས་ནས། གཏོར་མ་དང་པᨖ། ༀ་སརྦ་གུ་རུ་བུདྡྷ་དྷརྨ་སངྒ་ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་སᨖགས་བཏགས་པ་གསུམ་མམ་ལྔས་བླ་མ་དང་དཀོན་མཆོག་གསུམ་ལ་ཕུལ་ནས། བླ་མ་དང་དཀོན་མཆོག་རིན་པᨖ་ཆེ་རྣམ་པ་གསུམ་གྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པᨖ་འདི་བཞེས་ལ། བདག་ཅག་དཔᨖན་སློབ་རྣམས་ཀྱི་རྒྱུད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་བཅོས་མ་མ་ཡིན་པ་སྐྱེ་བ་དང༌། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་མཛད་དུ་གསᨖལ། ཞེས་གསᨖལ་བ་གདབ། གཏོར་མ་གཉིས་པ། ༀ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་སᨖགས་བཏགས་པ་ལན་གསུམ་གྱིས་ཆོས་སྐྱོང་སྤྱི་ལ་ཕུལ་ནས། དཔལ་རྡོ་རྗེ་ནག་པᨖ་ཆེན་པᨖ་ལ་སᨖགས་པ་ཆོས་སྐྱོང་བའི་སྲུང་མ་རྣམས་དང༌། དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་ཀླུ་གནོད་སྦྱིན་འབྱུང་པᨖའི་ཚᨖགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པᨖ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་ དར་བ་དང༌། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པᨖ་འབྱུང་བ་དང༌། བདག་ཅག་དཔᨖན་སློབ་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བ་དང༌། བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་དང་སྡོང་གྲᨖགས་མཛད་དུ་གསᨖལ། ཞེས་འདོད་དོན་གསᨖལ། གཏོར་མ་གསུམ་པ། གཉུག་མར་གནས་པའི་གཞིའི་བདག་པᨖ་རྣམས་མདུན་དུ་མངོན་སུམ་བཞིན་འཁᨖད་པར་བསམ་ལ། ༀ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ༀ་ཨ་ཀཱ་རོ་སᨖགས་བཏགས་པ་ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པᨖ་འདི་གཞི་བདག །གནས་བདག །གྲᨖང་བདག །དཀོར་བདག །གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །སྟོབ་བᨖ། །བཞེས་ཤིག །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་ཐམས་ཅད་འབྱུང་བ་དང༌། བདག་ཅག་དཔᨖན་སློབ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་བསྐྱེད་པ་ལ་དགའ་ཞིང་རྗེས་སུ་ཡི་རང་ནས། བར་དུ་གཅོད་པ་ཐམས་ཅད་སྲུང་བའི་སྟོང་གྲᨖགས་དམ་པ་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། གསུམ་པ་སྡིག་པ་བཤགས་པ་ནི། རང་གཞན་ཐམས་ཅད་ཀྱིས་རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་ཤིང༌། བྱེད་པ་པᨖ་སྒོ་གསུམ་དང་རྗེས་སུ་འབྲེལ་བས་སྔར་བསགས་པའི་སྡིག་ལྟུང་ཐམས་ཅད་དྲན་ཡུལ་དུ་བྱས་ནས་དེ་ལ་འགྱོད་པ་དྲག་པᨖ་བསྐྱེད་པ་དང༌། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་བྱེད་སྙམས་པའི་ཞེ་བཅད་ཆེན་པᨖ་དང༌། ད་ནི་གཞན་དོན་དུ་ སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་རྟེན་དཀོན་མཆོག་གསུམ་ལ་བརྟེན་ནས་སྡིག་པའི་གཉེན་པᨖའི་ཆོས་རྣམས་ཚུལ་བཞིན་དུ་ཉམས་སུ་བླང་བར་བྱའོ་སྙམས་པའི་བསམ་པ་ཞེ་ཐག་པའི་སྒོ་ནས་སྡིག་བཤགས་ཀྱི་ཚᨑག་བརྗོད་པས་སྡིག་པ་ཐམས་ཅད་སངས་སངས་དག་པའི་མᨖས་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སᨖ་སᨖར་བཤགས། །བཞི་པ་དགེ་བ་ལ་རྗེས་སུ་ཡི་རང་བ་ནི། འཕགས་པ་དང་སᨖ་སᨖ་སྐྱེ་བᨖའི་བདེ་བ་དང་དགེ་བའི་རྩ་བ་ཐམས་ཅད་ལ་ཞེ་ཐག་པ་ནས་དགའ་བའི་བསམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲᨖ་བ་ཀུན་གྱི་བསᨖད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །ལྔ་པ་ཆོས་ཀྱི་འཁᨖར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་སངས་རྒྱས་ནས་ཞུ་བ་པᨖའི་ཚᨖགས་རྫོགས་པར་བྱ་བ་ལ་སᨖགས་པའི་དོན་དུ་ཆོས་ཀྱི་འཁᨖར་ལོ་མི་བསྐོར་བའང་ཡོད་པས། དེ་རྣམས་ལ་གདུལ་བྱ་རྣམས་ཀྱི་དོན་དུ་ཆོས་ཀྱི་འཁᨖར་ལོ་བསྐོར་བར་ཞུ་སྙམ་པའི་བསམ་པ་ཞེ་ཐག་པས་གསᨖལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་ སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པᨖ་དེ་དག་བདག་གིས་ཐམས་ཅད་ལ། །འཁᨖར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསᨖལ་བ་གདབ་པ་ནི། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་འགའ་ཞིག་སངས་རྒྱས་ལ་དཀོན་པའི་འདུ་ཤེས་བསྐྱེད་པ་ལ་སᨖགས་པའི་དོན་དུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པའང་ཡོད་པས། དེ་རྣམས་ལ་ཞིང་དེ་རྣམས་ཀྱི་གདུལ་བྱའི་དོན་དུ་མྱ་ངན་ལས་མི་འདའ་བར་ཡུན་རིང་དུ་བཞུགས་སུ་གསᨖལ་སྙམ་པའི་བསམ་པ་ཞེ་ཐག་པས་མྱ་ངན་ལས་མི་འདའ་བར་གསᨖལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲᨖ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མᨖ་རབ་སྦྱར་གསᨖལ་བར་བགྱི། །བདུན་པ་བསྔོ་བ་ནི། དེ་ལྟར་ཕྱག་འཚལ་བ་ལ་སᨖགས་པའི་དགེ་བའི་རྩ་བས་མཚᨖན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་དང༌། གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་འགྲུབ་པའི་རྒྱུར་བྱང་ཆུབ་ཆེན་པᨖར་ཡོངས་སུ་བསྔོ་བར་བགྱིའོ་སྙམས་པའི་ཡིད་ཀྱིས་འདིའི་རྗེས་ཟློས་མཛོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསᨖལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །དེ་རྣམས་ཀྱིས་སྦྱོར་བའི་རིམ་པ་གྲུབ་ནས། གཉིས་པ་དངོས་གཞི་ནི། ཇི་སྐད་དུ། དེ་ལ་དང་པᨖའི་རིགས་ནུས་ལས། །སྙིང་རྗེའི་ས་བᨖན་རབ་སད་ཅིང༌༑ ༑སྦྱོར་དང་བསམ་པ་ཕུན་ཚᨖགས་པས། །བྱང་ཆུབ་སེམས་ནི་ཡོངས་སུ་བཟུང༌། །ཞེས་འབྱུང་བས། སེམས་བསྐྱེད་དེ་རང་སྟོབས་དང༌། གཞན་སྟོབས་དང༌། སྦྱོར་བའི་སྟོབས་ལས་སྐྱེ་བ་ལས། དང་པᨖ་ནི། རང་ལ་ཐེག་ཆེན་གྱི་རིགས་ཡོད་པ་ཡིན་ཏེ། ཁྱེད་རྣམས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་འདོད་པའི་བློ་བྱུང་བས་དེ་ཡོད་པར་གྲུབ། གཉིས་པ་ནི། སངས་རྒྱས་ཀྱི་ཡོན་ཏན་དང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཐོས་པ་དང༌༑ ཐེག་ཆེན་གྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་སᨖགས་པས་སྐྱེ་བ་ཡིན་ཏེ། དེ་དག་ཀྱང་ཅི་རིགས་པར་ཚང༌། གསུམ་པ་ནི། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་དང༌། རང་ལ་རྨི་ལམ་སྒྱུ་མ་ལྟ་བུའི་འདུ་ཤེས༑ སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་འདུ་ཤེས་བྱེད་པ་སྟེ། དང་པᨖ་ནི། བླ་མ་འདིས་བདག་ལ་སངས་རྒྱས་ཀྱི་རྒྱུའི་གཙོ་བᨖ་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པས་ན་སངས་རྒྱས་དངོས་ཡིན་སྙམ་པ་བྱ། དེ་ལྟར་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ན་ཤིན་ཏུ་ལེགས། དེ་མ་སྐྱེས་ནའང་སེམས་བསྐྱེད་ཀྱི་སློབ་དཔᨖན་དུ་འོས་པའི་བྱང་ཆུབ་སེམས་དཔའ་ཡིན་སྙམ་པའི་བསམ་པ་ངེས་པར་བསྐྱེད་དགོས་སᨖ། །གཉིས་པ་ནི། ཕུང་པᨖ་ལྔ་ལ་བདག་ཅེས་བཏགས་ཤིང་བློ་འཁྲུལ་པས་བདག་ཏུ་བཟུང་བ་མ་གཏོགས་བདག་བདེན་པར་མ་གྲུབ་པས་སྒྱུ་མའམ་རྨི་ལམ་ལྟ་བུ་ཡིན་སྙམ་དུ་བསམ་མᨖ། །གསུམ་པ་ནི། དབུ་མ་སྙིང་པᨖ་ལས། བྱམས་པ་དང་ནི་སྙིང་རྗེ་དང༌། །ཤེས་རབ་ཆེན་པᨖས་བརྒྱན་པ་ཡི། །སངས་རྒྱས་ས་བᨖན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་བཏང༌། །ཞེས་པ་དང༌། མདོ་སྡེ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །ཅེས་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་ལས། འདི་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཏུ་མངོན་པར་མᨖས་པའི་སྔོན་དུ་འགྲᨖ་བ་ནི་སྙིང་རྗེ་ཆེན་པᨖ་ཡིན་ནོ། །ཞེས་གསུངས་པས་འདི་ལྟར་ངེས་པར་བྱ་སྟེ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་བདག་གི་མ་བྱས་ཤིང་གནོད་པ་ལས་བསྐྱབས། ཕན་པ་བསྒྲུབས། རང་བས་ཀྱང་གཅེས་པའི་འདུ་ཤེས་ཀྱིས། རང་གི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་ང་ལ་ཕན་པ་སྣ་ཚᨖགས་བྱས། ང་བདེ་བ་དང་ལྡན་ཞིང་བདེ་བ་དང་མི་འབྲལ་བའི་དོན་དུ་ཚ་གྲང་བཀྲེས་སྐོམ་ངལ་དུབ་ལ་སᨖགས་པ་དང་ལྡན་པའི་འབད་རྩོལ་ཆེན་པᨖ་གྲངས་མེད་པར་བྱས་ཤིང༌། ང་ན་བ་དང་འཆི་བ་ལ་སᨖགས་པའི་སྡུག་བསྔལ་མ་བཟོད་ནས་ངུས་པའི་མཆི་མ་བསགས་ཀྱང་རྒྱ་མཚᨖ་ཆེན་པᨖ་བས་ཀྱང་ལྷག་པ་ཡོད་དེ། དེ་ལྟར་གནོད་པ་ལས་བཟློག་ཅིང་ཕན་པ་བསྒྲུབ་པས་འདི་རྣམས་ཤིན་ཏུ་དྲིན་ཆེ་སྙམ་དུ་ལེགས་པར་བསམས་ལ། འདི་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལྡན་ན་ཅི་མ་རུང་སྙམས་པ་དང༌། དེ་ལ་བདག་གིས་དགོད་པར་བྱའོ་སྙམ་པའི་བྱམས་པ་དང༌། འདི་རྣམས་བདེ་བར་འདོད་ཀྱང་སྡུག་བསྔལ་དང་ལྡན་ཏེ། དམྱལ་བ་ལ་ཚ་གྲང༌། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲᨖ་ལ་གཅིག་ལ་གཅིག་ཟ་བ་ལ་སᨖགས་པ་དང༌། མི་ལའང་སྐྱེ་རྒ་ན་འཆི་ལ་སᨖགས་པ་དང༌། ལྷ་མ་ཡིན་ལ་འཐབ་རྩོད་ལ་སᨖགས་པ་དང༌༑ འདོད་ཁམས་ཀྱི་ལྷ་ལ་འཆི་ལྟས་ལ་སᨖགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་ལ། ཁམས་གོང་མ་དག་ཏུའང་དེ་ལས་ཉམས་ནས་དམྱལ་བ་ལ་སᨖགས་པར་སྐྱེ་བར་འགྱུར་བས་མཚᨖན་སྡུག་བསྔལ་ཁᨖ་ན་ལས་མ་འདས་པའི་ཚུལ། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲᨖ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚᨖ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁᨖར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང༌། གཞན་ཡང་མདོ་ལས། འདོད་པའི་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ། ། དེ་བཞིན་གཟུགས་མེད་ཁམས་ཀྱང་སྐྱོན་མང་བཅས། །ཞེས་དང༌། འདུལ་བ་ལུང་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བᨖ་རྣམས། །མི་དང་ལྷ་དང་ངན་སᨖང་རྣམ་གསུམ་སྟེ། །འགྲᨖ་བ་ལྔ་པᨖ་དག་ཏུ་མི་མཁས་འཁᨖར། །དཔེར་ན་ རྫ་མཁན་འཁᨖར་ལོ་འཁᨖར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲᨖ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁᨖར་བ་བཞིན། །ཞེས་གསུངས་པ་ལྟར། མདོར་ན་གནས་ཁམས་གསུམ་དུ་རྟེན་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁᨖ་ནས་དུས་རྟག་ཏུ་སྡུག་བསྔལ་བར་གྱུར་པའི་སེམས་ཅན་དེ་དག་སྡུག་བསྔལ་དེ་ལས་ཐར་བར་འདོད་ཀྱང༌། ལས་དང་ཉོན་མᨖངས་པའི་འཆིང་བ་དམ་པᨖས་བཅིངས། དགེ་བའི་བཤེས་གཉེན་གྱིས་མ་ཟིན། ཐར་པར་འགྲᨖ་བའི་གྲᨖགས་བཟང་པᨖ་དང་བྲལ༑ འཕགས་པ་རྣམས་ཀྱི་གདུལ་བྱར་ཡང་མ་གྱུར་པས་སྡུག་བསྔལ་ལས་ཐར་པའི་ཐབས་མི་འདུག་པས་རེ་སྙིང་རྗེ་སྙམ་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རང་ཐོག་ཏུ་བབས་པ་ཙམ་དུ་བསམས་ལ། འདི་རྣམས་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་དང་བྲལ་ན་ཅི་མ་རུང༌། དེ་དང་བྲལ་བར་བདག་གིས་བྱའོ་སྙམ་པའི་སྙིང་རྗེ་དྲག་ཏུ་བསྒོམས་པ་དང༌། དེ་ལྟར་འདི་རྣམས་བདེ་བ་ལ་དགོད་ཅིང་སྡུག་བསྔལ་ཐམས་ཅད་ལས་སྒྲོལ་བའི་ཁུར་ང་ལ་བབ་ཅིང་སྤྲོ་ཡང་ད་ལྟ་དེའི་ནུས་པ་མེད་པར་མ་ཟད། ང་བས་ལྷག་པའི་ཚངས་པ་དང་བརྒྱ་བྱིན། དེ་བས་ལྷག་པའི་ཉན་རང་དགྲ་བཅོམ་པ་ལ་སᨖགས་པ་ལ་ཡང་མེད། དེ་ལྟར་སུས་ནུས་ན་དོན་གཉིས་ཕུན་སུམ་ཚᨖགས་ པ་རྫོགས་པའི་སངས་རྒྱས་ཁᨖ་ནས་ནུས་པས་དེ་ཐོབ་པར་བྱ། དེའི་རྒྱུའི་གཙོ་བᨖ་སེམས་བསྐྱེད་ཡིན་པས་དེ་བླང་བར་བྱ་སྙམ་དུ་ཞེ་ཐག་པ་ནས་བསམས་ལ། སེམས་བསྐྱེད་ནས་དེ་ལ་བསླབ་བྱ་རྣམས་ལ་བསླབ་པས་བདག་གིས་གདོན་མི་ཟ་བར་སངས་རྒྱས་ཐོབ་ངེས། དེ་ཐོབ་ནས་སེམས་ཅན་རྣམས་སྡུག་བསྔལ་གྱི་ཆུ་བᨖ་ལས་བསྒྲལ། ལས་དང་ཉོན་མᨖངས་པའི་འཆིང་བ་ལས་སྒྲོལ། གནས་སྐབས་སུ་སྡུག་བསྔལ་ལས་དབུགས་དབྱུང༌། མཐར་ཐུག་མྱ་ངན་ལས་བཟླ་སྙམ་དུ་བསམས་ལ། མདུན་གྱི་ནམ་མཁར་ཐུབ་པ་ཆེན་པᨖ་ལ་སᨖགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་མངོན་སུམ་དུ་བཞུགས་པར་མᨖས་པ་དང་བཅས་ཏེ་དགོངས་སུ་གསᨖལ་ ཞེས་བརྗོད། བརྗོད་པའི་ཚེ་འདི་རྣམས་ཀྱི་ཡེ་ཤེས་དང་ཐུགས་རྗེས་ངེས་པར་གཟིགས་སྙམ་དུ་བསམ་པ་ཤུགས་དྲག་ཏུ་བསྐྱེད། པུས་མᨖ་གཡས་པའི་ལྷ་ང་ས་ལ་བཙུགས་པའི་ཙོག་པུར་འདུག་སྟེ། ཐལ་མᨖ་སྦྱར་ནས་དོན་དྲན་བཞིན་པས་སེམས་རྩེ་གཅིག་ཏུ་བྱས་ཏེ། ཆོ་ག་འདི་རྣམས་ཀྱི་རྗེས་སུ་བཟླས་པ་ལན་གསུམ་གྱི་སྒོ་ནས་སེམས་བསྐྱེད་དགོས་པས་རྗེས་ཟློས་དང་པᨖ་གནང་བར་ཞུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསᨖལ། སློབ་དཔᨖན་བདག་ལ་དགོངས་སུ་གསᨖལ། སᨖ་སᨖ་རང་རང་གི་མིང་ནས་སྨོས་ཏེ། བདག་ མིང་འདི་ ཞེས་བགྱི་བས་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང་སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིས་པ་ལ་རྗེས་སུ་ཡི་རངས་པའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པᨖ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པᨖ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པᨖ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པᨖར་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲᨖལ་བ་རྣམས་དགྲᨖལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ཞེས་ལན་གཅིག་བརྗོད་དུ་གཞུག །དེས་རྗེས་ཟློས་དང་པᨖ་སᨖང་ནས། གཉིས་པ་དང་གསུམ་པའང་ལན་རེ་རེ་ཞིང་བློ་སྦྱོང་ཞིང་བྱ་བར་གསུངས་པས་ན་བསམ་པ་འདི་བཞིན་དུ་མཛོད། ནམ་མཁའ་ལ་མཐའ་མེད་པ་བཞིན་སེམས་ཅན་གྱི་ཁམས་ལའང་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེས་ཀྱང་རང་ཉིད་ཀྱི་ཕ་མ་གྲངས་མེད་པ་བྱས་ཤིང་བྱས་རེས་བཞིན་དུ་ད་ལྟའི་ཕ་མ་དང་མཚུངས་པར་ཕན་པ་ཚད་མེད་པ་བཏགས། གནོད་པ་ལས་ཅི་ནུས་ཀྱིས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་པས་བདག་གིས་ཀྱང་དེ་རྣམས་ལ་དྲིན་གཟོ་བའི་སླད་དུ་ཕན་པ་བསྒྲུབ་ཅིང༌། གནོད་པ་ལས་བཟློག་པར་བྱ། དེ་ཡང་གང་གིས་ཕན་ན་བདེ་བས་དངོས་སུ་ཕན་ཞིང༌༑ དགེ་བས་བརྒྱུད་ནས་ཕན་པའི་ཕྱིར་མ་དྲིན་ཅན་འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་པའི་བྱམས་པ་དང༌། སྡུག་བསྔལ་གྱིས་དངོས་སུ་གནོད་ཅིང་སྡིག་པས་བརྒྱུད་ནས་གནོད་པའི་ཕྱིར་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་ཚུལ་དེ་ཐམས་ཅད་ཀྱང་བདག་ཁᨖ་ནས་བགྱིའོ་སྙམ་དུ་ཁུར་ཁྱེར་བ་ལྷག་པའི་བསམ་པ་རྣམ་པར་དག་པ་སྔོན་དུ་འགྲᨖ་བས། དེ་ལྟར་སེམས་ཅན་ཐམས་ཅད་ཕན་བདེ་མཐའ་དག་ལ་དགོད་ནུས་པ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཁᨖ་ན་ལ་རག་ལས་པའི་ཕྱིར། བདག་གིས་ཀྱང་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཅི་ནས་ཀྱང་ཐོབ་ངེས་པ་ཞིག་བྱ། དེ་ཡང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། རྒྱུ་རྐྱེན་གྱི་གཙོ་བᨖ་རྣམ་པ་ཀུན་ཏུ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསགས་པའི་མཐུ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་བསྐྱེད་ཅིང་རྒྱལ་བའི་སྲས་ཀྱི་ལམ་ལས་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱས་ཏེ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཆུ་གཏེར་ལས་བསྒྲལ་ཞིང་ཀུན་འབྱུང་གི་ འཆིང་བ་ལས་སྒྲོལ་བ་དང༌། སྲིད་པའི་ཁམས་ལས་དབུགས་དབྱུང་ཞིང་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པᨖར་དགོད་པར་བགྱིའོ་སྙམ་པའི་མᨖས་པ་ཤུགས་དྲག་ཏུ་བསྐྱེད་ཅིང་ཚᨑག་ཏུ་བརྗོད་པ་ན་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་གཟིགས་པ་དམ་པས་མངོན་སུམ་དུ་མཁྱེན་ངེས་སྙམས་པའི་དད་གུས་ཀྱི་སེམས་རྩེ་གཅིག་པ་དང་བཅས་པས་རྗེས་ཟློས་གཉིས་པ་མཛད་པར་ཞུ། ཕྱོགས་བཅུ་ན་བཞུགས་པའི། ནས། བཟླ་བར་བགྱིའོ། །བར་ལན་གཅིག །སླར་ཡང་འདི་ལྟར་ངེས་པར་བྱ་སྟེ། བླ་མ་དང་དཀོན་མཆོག་རིན་པᨖ་ཆེ་རྣམ་པ་གསུམ་ལ་ཚད་མེད་པའི་མᨖས་གུས་བསྐྱེད་པ་སྔོན་དུ་འགྲᨖ་བས། བདག་དང་སེམས་ཅན་ཐམས་ཅད་དོན་དམ་པར་བདེན་པར་མ་གྲུབ་ཀྱང༌། ཀུན་རྫོབ་ཏུ་ང་དང་ང་ཡིར་འཛᨑན་པའི་དབང་གིས་སྒྱུ་མ་དང་རྨི་ལམ་ལྟར་བདེ་སྡུག་སྣ་ཚᨖགས་པ་ཉམས་སུ་མྱོང་བའི་སྐབས་འདིར། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་རྣམ་པ་ཀུན་ཏུ་མཚུངས་པས་ན། གནས་སྐབས་སུ་བདག་གི་བདེ་བ་དང་དགེ་བའི་རྩ་བ་ཅི་མཆིས་པ་རྣམས་མར་གྱུར་དྲིན་ཅན་ཐམས་ཅད་ལ་ཕོངས་པ་མེད་པར་གཏོང་ཞིང༌། དེ་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་རང་ཉིད་ཀྱིས་དང་དུ་བླང་བར་བགྱིའོ་སྙམ་པ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པᨖ་ཆེ་ཐོབ་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་ལ་རེ་རེ་ཞིང་ཕན་པ་དང་བདེ་བ་མཐའ་དག་བསྒྲུབ་པར་བགྱི། དེའི་ཆེད་དུ་རྒྱལ་བ་ སྲས་དང་བཅས་པའི་བགྲᨖད་པ་གཅིག་པའི་ལམ་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་བསྐྱེད་པར་བགྱིའོ་སྙམ་པ་སྟེ། མདོར་ན་བླ་མ་དང་དཀོན་མཆོག་ལ་དད་པ་ཆེན་པᨖ་དང༌། སེམས་ཅན་ལ་བརྩེ་བ་ཆེན་པᨖ་དང༌། སངས་རྒྱས་ཐོབ་འདོད་ཀྱི་འདུན་པ་ཆེན་པᨖ་སྟེ་ཆེན་པᨖ་གསུམ་དང་ལྡན་པའི་སྒོ་ནས་རྗེས་ཟློས་གསུམ་པ་འདི་ཤིན་ཏུ་གལ་ཆེ་བ་ལགས་པས་བཤད་པ་བརྡ་འཕྲོད་པ་དང༌། དམ་བཅའི་ཚᨑག་རྣམས་དལ་ཞིང་དོད་ལ་སྐབས་ཕྱེད་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་ནས། བཟླ་བར་བགྱིའོ། །བར་ལན་གཅིག །དེས་ཁྱེད་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཏུ་སྨོན་པའི་སེམས་ཁྱད་པར་ཅན་སྐྱེ་བ་ཡིན་པས་སྐྱེས་ངེས་སྙམ་པའི་ཐོབ་ཤེས་ཀྱི་དགའ་བ་བསྐྱེད་པར་ཞུ། གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ་ལས། དང་པᨖ་སེམས་གཟེངས་བསྟོད་པ་ནི། བདག་གིས་ཐོག་མ་མེད་པ་ནས་ལུས་དཔག་ཏུ་མེད་པ་བླངས་ཀྱང༌། དོན་ཆེན་པᨖ་མ་གྲུབ་པས་འཁᨖར་བར་ལུས་པ་ཡིན་པ་ལ། ད་རེས་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྒྱུ་གཅིག་པུ་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་རྒྱུད་ལ་སྐྱེས་པས། དལ་འབྱོར་གྱི་རྟེན་འཚᨖ་བ་དང་བཅས་པ་དོན་ཡོད་ཅིང༌། རྒྱལ་བའི་སྲས་སུ་གྱུར་པས་དོན་ཐམས་ཅད་གྲུབ་སྙམས་པ་དང༌། ཇི་ལྟར་འབྱུང་བའི་ཚᨑག་རྣམས་ཀྱི་དོན་ལ་ཡང་ལེགས་པར་སེམས་ཤིང་དགའ་སྤྲོ་ཁྱད་པར་ཅན་སྐྱེད་བཞིན་པའི་ངང་ནས་འདིའི་རྗེས་ཟློས་མཛོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེ། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་ལན་གཅིག་བརྗོད་དུ་གཞུག །གཉིས་པ་བསླབ་བྱ་བསྟན་པ་ལ་རྣམ་པ་ལྔ་ཡོད་པ་ནི། ཚᨑག་འདི་རྣམས་ལ་གསན་པས་ཁྱབ་པར་གདའ་སྟེ། དེ་ཡང་དང་པᨖ་ཡང་དང་ཡང་དུ་སེམས་བསྐྱེད་པར་གདམས་པ་ནི། མདོ་ལས། ཁྱོད་ལ་བསྒོ་ཞིང་ཁᨖང་དུ་ཆུད་པར་བྱ། །ཇི་ལྟར་ཇི་ལྟར་མང་དུ་མིས་བརྟགས་ན། །དེ་ལ་གནས་པའི་རྣམ་པར་རྟོག་པ་དེས། །དེ་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར། །ཞེས་གསུངས་ཤིང༌། དགེ་བའི་བཤེས་གཉེན་ཤ་ར་བའི་ཞལ་ནས་ཀྱང༌། བྱང་ཆུབ་ཀྱི་སེམས་ཏིང་ངེ་འཛᨑན་དུ་ཅི་འོང་བྱ། ཐེག་ཆེན་བསམ་གཏན་གྱི་དམིགས་པ་ཡང་འདི་ཁᨖ་ན་ཡིན་གསུང་སྐད༑ དེས་ན་ཡན་ལག་བདུན་པ་དང་སྐྱབས་འགྲᨖ་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་བསྡུས་ཅི་རིགས་པའི་སྒོ་ནས་ཡང་དང་ཡང་དུ་སེམས་བསྐྱེད་ཅིང༌། བྱང་ཆུབ་ཀྱི་སེམས་འཕེལ་བར་བྱ་བའི་ཕྱིར་ཐ་ནའང་ཉིན་ལན་གསུམ་མཚན་ལན་གསུམ་དུ། སངས་རྒྱས་ཆོས་དང་ཚᨖགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སᨖགས་བགྱིས་པ་འདི་དག་གིས། །འགྲᨖ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ༑ཅེས་པས་ཞེ་ཐག་པ་ནས་སེམས་བསྐྱེད་པར་བྱའོ། །གཉིས་པ་ཚᨖགས་གཉིས་བསགས་པ་ལ་བསླབ་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་བློས་སྦྱིན་པ་ལ་སᨖགས་པའི་དགེ་བ་ལ་མྱུར་དུ་འབད་པར་བྱ་སྟེ། ཇོ་བᨖའི་ཞལ་ནས། དགེ་བ་ཐམས་ཅད་ལ་ཚུལ་སྣ་ཚᨖགས་ནས་འབད་པར་བྱ་ཞིང་འཕྲལ་ལ་ཐམས་ཅད་མཁྱེན་པར་བསྔོ། དེ་ལྟར་བྱས་ན་བསᨖད་ནམས་ཀྱང་ཡེ་ཤེས་དང༌། ཡེ་ཤེས་ཀྱང་བསᨖད་ནམས་ཀྱི་ཚᨖགས་སུ་འགྲᨖ་བས་ཚᨖགས་གཉིས་ཐ་མི་དད་དུ་བྱ་སྟེ། ཐམས་ཅད་མཁྱེན་པ་ཚᨖགས་གཉིས་ཀྱི་འབྲས་བུ་ཡིན་པས་སᨖ། །ཞེས་གསུང་སྐད། གསུམ་པ་ཆོས་བཞིའི་སྤངས་བླང་ལ་བསླབ་པ་ནི། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་སྤངས་ནས། མི་ཉམས་པར་བྱེད་པའི་ཆོས་བཞི་ལ་སློབ་པར་བྱེད་པ་ཡིན་ཏེ། དེ་དག་ཀྱང་སྤང་གཉེན་དུ་བླ་མ་རྣམས་བཞེད་པས། དེ་ལ་བླ་མ་དང་མཆོད་པར་འོས་པ་བསླུ་བ་ནི། ལྟུང་བ་གླེང་བ་ན་བྱུང་བཞིན་དུ་མ་བྱུང་ཞེས་སྨྲ་བའམ། དགེ་བ་བསྒྲུབ་པའི་གནས་པ་ཡོད་བཞིན་དུ་མེད་ཅེས་པ་ལྟ་བུ་རྫུན་གྱིས་བསླུ་བ་ཡིན་ལ། དེའི་གཉེན་པᨖར་སྲོག་གི་ཕྱིར་ཡང་བསམ་བཞིན་དུ་རྫུན་མི་སྨྲ་བ་ལ་བསླབ་པར་བྱའོ། །གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་ནི། སྤྱིར་དགེ་བ་ལ་ཞུགས་པ་དང༌། ཁྱད་པར་དུ་ཐེག་པ་ཆེན་པᨖ་ལ་ཞུགས་པ་ལ་འགྱོད་པ་བསྐྱེད་པ་ཡིན་ཏེ། དེའི་གཉེན་པᨖར་སེམས་ཅན་འགའ་ཞིག་དགེ་བ་ལ་དགོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་མ་ཡིན་ནོ། །ཞེས་པའི་དོན་ལ་བསླབ་པར་བྱའོ། །སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚᨑགས་སུ་བཅད་པ་མ་ཡིན་ པ་བརྗོད་པའི་གཉེན་པᨖར། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པ་ལ་བསླབ་པར་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། ཉིན་དང་དེ་བཞིན་མཚན་མᨖ་ལན་གསུམ་དུ། །བྱང་ཆུབ་སེམས་དཔའ་རྣམས་ལ་མགོས་ཕྱག་འཚལ། །རྟག་ཏུ་འདོད་བཞིན་སྤྱད་པ་སྤྱོད་པ་ན། །དེ་དག་འཁྲུལ་པ་ཙམ་ཡང་མི་བཙལ་ལོ། །ཞེས་གསུངས་པ་ལྟར་བྱའོ། །སེམས་ཅན་ཐམས་ཅད་ལ་སྒྱུ་དང་གཡོས་སྤྱོད་པའི་གཉེན་པᨖར། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱ་ཡི། གཡོ་དང་སྒྱུ་མ་ཡིན་པ་ལ་བསླབ་པར་བྱའོ། །ལྷག་པའི་བསམ་པ་ནི། སེམས་ཅན་ཐམས་ཅད་ཕན་བདེ་ལ་སྦྱོར་བར་འདོད་པའོ། །བཞི་པ་སེམས་ཅན་བློས་མི་སྤང་བ་ལ་བསླབ་པ་ནི། སེམས་ཅན་ཁྱུ་རིལ་དུ་སྤངས་པ་ནི། སེམས་ཅན་གྱི་སྐྱོན་མཐོང་བའམ། ཐེག་ཆེན་གྱི་ལམ་སྒྲུབ་དཀའ་བ་ལ་སᨖགས་པའི་རྒྱུས་གཞན་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློས་སྤངས་པ་སྟེ། དེ་བྱུང་ན་ཐར་པ་གཏན་མི་འདོད་དམ་ཉན་རང་གི་ཐར་པ་འདོད་ཀྱང་རུང༌། སྨོན་འཇུག་གཉིས་ཀ་གཏོང་སྟེ། མདོ་སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། ། ཞེས་གསུངས་སᨖ། །ཉི་ཚེ་བ་སྤོང་བ་ནི། སེམས་ཅན་འགའ་ཞིག་ལ་བདག་གིས་ཕན་གདགས་དགོས་ཤིང་ནུས་ཀྱང་མི་གདགས་སྙམ་དུ་བློས་འདོར་བ་སྟེ། དེས་ཀྱང་སེམས་ཅན་ལ་དམིགས་པའི་སེམས་བསྐྱེད་གཏོང་བས་ཐུན་ཚᨖད་ཀྱི་ནང་དུ་གང་བློས་སྤངས་པ་དེ་ཕན་སེམས་ཀྱིས་བློས་བཟུང་ལ། དེ་ལ་དངོས་སུ་ཕན་མ་ཐོགས་ཀྱང་རང་གི་བློ་མ་གནོད་པར་བྱ་གསུང༌། དེས་ན། གཞན་ཕན་ལས་ལ་མཐུ་མེད་ཀྱང༌། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་པས་སེམས་ཅན་ཐམས་ཅད་ལ་ཕན་སེམས་བསྐྱེད་པར་བྱའོ། །ལྔ་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པར་བྱ་བ་ནི། སྡོང་པᨖ་བཀོད་པའི་མདོ་ལས། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བᨖན་ལྟ་བུའོ། །ཞེས་དང༌། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང༌། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཡོད་པ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཡང་དེ་སྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པའི་དཀྱིལ་འཁᨖར་ཐམས་ཅད་འདི་ལས་བྱུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་འབྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སᨖ། །ཞེས་གསུངས་པ་ལ་སᨖགས་པའི་ཕན་ཡོན་རྣམས་ཡང་དང་ཡང་དུ་དྲན་པར་བྱའོ། །གཞན་ཡང་གཞུང་ལས། ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པ་ཞེས་བྱ་བའི་ཐེག་པ་ཆེན་པᨖའི་མདོ་ལ་བསླབ་པར་བྱའོ། །ཞེས་འབྱུང་བས། མདོ་དེའི་དོན། རྣམ་རྟོག་གིས་ཀྱང་འདོད་པ་མི་བསྟེན་ན༑ དབང་པᨖ་གཉིས་སྤྲོད་པ་ལྟ་ཅི་སྨོས་ཤིང་རྨི་ལམ་དུའང་མི་དགེ་བའི་བཤེས་གཉེན་ལ་མི་བསྟེན་པ་དང༌། བྱ་དང་འདྲ་བར་སེམས་ཀྱིས་ཡོངས་སུ་འཛᨑན་པ་མེད་པ་དང༌། ཐབས་ཤེས་གཉིས་ལ་མཁས་ཀྱང་ང་རྒྱལ་མེད་པ་དང༌། དངོས་པᨖར་འཛᨑན་པ་སྤངས་ནས་སྟོང་ཉིད་ཀྱི་རྣམ་ཐར་བརྟེན་པར་བྱ་བ་དང༌། ཡང་དག་པར་བདེན་པ་མ་ཡིན་པས་སྒྱུ་མ་དང་འདྲ་བའི་ཤེས་པས་སྤྱད་པ་དང༌། སེམས་ཅན་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པ་དང༌། རྒྱུ་དང་འབྲས་བུ་ལ་སྐུར་པ་མི་གདབ་པ་སྟེ་ཆོས་བདུན་པᨖ་དེ་བསྟན་པས་དེ་དག་ལ་བསླབ་པར་བྱའོ། །ཡང༌། ནག་པᨖའི་ཆོས་བཞི་དང༌། སེམས་ཅན་བློས་སྤོང་བའི་ལྟུང་བ་བྱུང་ནས་ཉིན་ཞག་གཅིག་གི་དྲུག་ཆའི་ཐུན་ཚᨖད་ལས་འདས་ན་སེམས་བསྐྱེད་གཏོང་བས་བཤགས་བསྡམས་བྱས་ལ་སླར་བླང༌། ཐུན་ཚᨖད་ཀྱི་ནང་དུ་གཉེན་པᨖ་སྐྱེས་ན་བཤགས་དུས་སྔ་ཕྱི་འདྲ་ཞིང༌། བཤགས་ཡུལ་བྱང་ཆུབ་སེམས་དཔའམ། མ་རྙེད་ན་སᨖ་ཐར་གྱི་དགེ་བསྙེན་ཡན་ཆད་ཀྱི་མདུན་དུ་ལྟུང་བ་འདི་བྱུང་སྟེ་ཞེས་དངོས་པᨖ་བརྗོད་ནས་བཤགས་པར་བྱ་གསུངས་སᨖ། །སྨོན་པ་སེམས་བསྐྱེད་ཀྱི་སྐོར་འདི་རྒྱལ་བ་བྱམས་པ་ནས་ཇོ་བᨖའི་བར་དུ་སྙན་ནས་སྙན་དུ་བརྒྱུད་པའི་གདམས་པ་ཁᨖ་ན་ལས་བྱོན་པ་ཡིན། འདིའི་བློ་སྦྱོང་དང༌། ཆོ་ག་དང༌། བསླབ་བྱ་དང་བཅས་པ་འདི་གཞུང་གཞན་ན་མི་བཞུགས་པས་འདི་དང་སྐྱབས་འགྲᨖ་ཁᨖ་ན་ཇོ་བᨖ་བᨖད་ལ་བཀའ་དྲིན་ཆེ་བ་ ཡིན༑ དེས་ན་སྨོན་པ་སེམས་བསྐྱེད་སྐོར་དང་བཅས་པ་འདི་ཇོ་བᨖའི་གདམས་ངག་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ནོ་གསུངས་ཤིང༌། འདི་ལ་སློབ་མའང་ངེས་པ་མེད་པས་ཐམས་ཅད་ལ་གནང་བ་ལགས། གསུམ་པ་གཏོང་རག་གི་མཆོད་པ་འབུལ་བ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ཡིན་པས། དེའི་དྲིན་ལན་དུ་སྔར་སྦྱོར་བའི་སྐབས་སུ་ཇི་སྐད་བཤད་པའི་དམིགས་པ་རྣམས་ཡིད་ལ་དྲན་བཞིན་པས་དངོས་སུ་བཤམས་པའི་མཆོད་པ་དང༌། ལུས་དབུལ་བའི་མཆོད་པ་དང༌། དེ་ལས་གཞན་ཡང་བློས་སྤྲུལ་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་རིམ་བཞིན་དུ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། དངོས་སུ་བཤམས་པའི་མཆོད་པ་རྣམས་ཁ་གསᨖས་ལ། སློབ་དཔᨖན་གྱིས་སྦྱོར་བའི་སྐབས་ལྟར་བྱིན་གྱིས་བརླབས་ནས། དཔོན་སློབ་ཐུན་མᨖང་དུ། ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་སᨖགས་ཀྱིས་མཆོད། ལུས་འབུལ་བའི་མཆོད་པ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །སᨖགས་ཤོ་ལོ་ཀ་གཅིག་དང༌། གཞན་ཡང༌། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སᨖགས་ཤོ་ལོ་ཀ་གསུམ་རྣམས་ཚར་རེ་བརྗོད་དུ་གཞུག་གོ །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་ཡན་ལག་དང་བཅས་པ་ལེགས་པར་ཕུལ་གྲུབ་ནས། གཉིས་པ་འཇུག་པའི་སེམས་བསྐྱེད་ནི། བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ནས་གསུངས་ཤིང༌། དེའི་ཆོ་ག་ཡང་གསལ་པᨖར་གསུངས་པ་བཞིན་དུ། ཇོ་བᨖ་ཆེན་པᨖས་ཆོ་གའི་གཞུང་མཛད་པའི་ཚུལ་ལྟར་འདིར་སྡོམ་པ་འབᨖགས་པའི་ཆོ་ག་ལ་གསུམ། ལེན་པ་པᨖའི་གང་ཟག །བླང་བའི་ཡུལ། བླང་བའི་ཆོ་གའོ། །དེ་ལ་དང་པᨖ་ལེན་པᨖའི་གང་ཟག་ནི། སྨོན་པའི་སེམས་སྐྱེས་ཤིང་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་གསུམ་ལ་ངེས་པར་སློབ་པར་འདོད་པའི་འདུན་པ་དང་ལྡན་པ་སྟེ། བྱང་ས་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་ཀྱི་ཕུང་པᨖ་རྣམ་པ་གསུམ་པᨖ་འདི་དག་ལ་བསླབ་པར་འདོད་ཅིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་ཞེས་གསུངས་ཤིང༌། སᨖ་སᨖ་ཐར་པ་རིགས་བདུན་གང་རུང་གི་སྡོམ་པ་དང་ལྡན་དགོས་ཏེ། ཇོ་བᨖས༑ སᨖ་སᨖར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་སᨖ། །གཉིས་པ་གང་ལས་བླང་བའི་ཡུལ་ནི། རང་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་ཞིང༌། སྡོམ་པའི་ཆོ་ག་ལ་མཁས་པ། སློབ་མས་གོ་བར་ནུས་པའི་ཚᨑག་གི་སྒོ་ནས་སྡོམ་པ་འབᨖགས་པར་ནུས་པ་སྟེ། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ ལྡན་ལས་བླང་བར་བྱ། །ཞེས་གསུངས་སᨖ། །གསུམ་པ་ཇི་ལྟར་བླང་བའི་ཚུལ་ལ། སྦྱོར་བ། དངོས་གཞི། མཇུག་གི་ཆོ་གའོ། །དང་པᨖ་ལའང་ལྔ། གསᨖལ་བ་གདབ་པ་དང༌། བསམ་པ་བརྟག་པ་དང༌། མྱུར་དུ་སྦྱིན་པར་གསᨖལ་བ་གདབ་པ་དང༌། བར་ཆད་དྲི་བ་དང༌། བསླབ་པའི་གནས་གོ་བར་བྱས་ནས་སྤྲོ་བ་དྲི་བའོ། །དང་པᨖ་གསᨖལ་བ་གདབ་པ་ལ། ཐོག་མར་སློབ་དཔᨖན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་དུ་གཞུག །དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག །དེ་ལྟར་མཎྜལ་ཕུལ་ནས། ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མᨖ་སྦྱར་ཏེ་གསᨖལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔᨖན་ཁྱོད་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལེན་པར་འཚལ་གྱིས། དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སᨖ། །ལན་གསུམ། གཉིས་པ་བསམ་པ་བརྟག་པ་ལ་གསུམ་ལས། དང་པᨖ་བློ་རྩལ་ལ་བརྟག་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་ལ་ངས་མི་འགྲུབ་པའམ། མི་ནུས་པ་གང་ཡང་མེད་སྙམ་པའི་བློ་རྩལ་དགོས་པས། སྣོད་དུ་བྱེད་པའི་ཆོས་བཞི་བརྗོད་ལ་བརྟག་པར་བྱ་བར་གསུངས་པས་ངེད་ཀྱིས་དྲིས་པའི་ཚᨑག་འདི་རྣམས་ལ་ལན་དྲང་པᨖར་ཐོབ་མཛོད། ཅེས་བརྡ་སྦྱར་ལ་སློབ་དཔᨖན་གྱིས། འདི་ལྟར་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྨིན་པར་བྱེད་དགོས་ལ། དེ་ལ་བསླབ་པ་གྲངས་མེད་པ་ལ་བསླབ་དགོས་ན། སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའི་བསླབ་པ་རྣམས་ལ་སློབ་པར་ནུས་སམ། ཞེས་དྲིས་ལ། སློབ་མས། ནུས་ལགས། ཞེས་བརྗོད་པས་ཁས་བླང་ངོ༌། །དེ་བཞིན་དུ། སློབ་དཔᨖན་གྱིས། བྱང་ཆུབ་སེམས་དཔའ་ཞིང་ཁམས་གྲངས་མེད་པ་སྦྱོང་བ་དང༌། སངས་རྒྱས་གྲངས་མེད་པ་མཉེས་པར་བྱ་དགོས་ན། ཞིང་ཁམས་གྲངས་མེད་པ་སྦྱང་བ་དང་སངས་རྒྱས་གྲངས་མེད་པ་མཉེས་པར་བྱེད་པ་ལ་སློབ་པར་ནུས་སམ། ཞེས་དྲིས་ལ། སློབ་མས། ནུས་ལགས། ཞེས་བརྗོད་པས་ཁས་བླང་ངོ༌། །སློབ་དཔᨖན་གྱིས། བྱང་སེམས་ཀྱི་སྡོམ་པ་དེ་ཉམས་ན་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པར་དམ་བཅས་ནས་དེ་དག་ཐམས་ཅད་བསླུས་པར་འགྱུར་ཏེ། ཇི་སྐད་དུ། སྤྱོད་འཇུག་ལས། དངོས་པᨖ་ཕལ་པ་ཅུང་ཟད་ལའང༌། །ཡིད་ཀྱིས་སྦྱིན་ཞེས་བསམ་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པ། །དེ་ཡང་ཡི་དྭགས་རྒྱུར་གསུངས་ན། །བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲᨖན་གཉེར་ནས། །འགྲᨖ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲᨖར་ཅི་ག་འགྲᨖར་འགྱུར་རམ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་བསླུས་པའི་རྣམ་སྨིན་གྱིས་དམྱལ་བ་ལ་སᨖགས་པར་སྐྱེ་བར་འགྱུར་བའི་ཉེས་དམིགས་ཆེན་པᨖ་ཡོད་ན། ཉེས་དམིགས་དེས་མི་འཇིགས་སམ། ཞེས་དྲིས་པ་ལ། ཉམས་ན་ཉེས་དམིགས་ཆེ་ཡང་མ་ཉམས་པ་ བྱས་པས་ཆོག་སྙམ་དུ་གོ་བ་བསྐྱེད་ལ་ལན་ཐོབ་མཛོད། ཅེས་བརྗོད་ལ། སློབ་མས། མི་འཇིགས་ལགས། ཞེས་བརྗོད་ཅིང་ཁས་བླང་ངོ༌། །ཡང་སློབ་དཔᨖན་གྱིས། བསླབ་པ་དེ་མ་ཉམས་པར་བསྲུངས་ན། སྤྱོད་འཇུག་ལས། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླང་གྱུར་པ། །དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསᨖད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང༌། །ཞེས་གསུངས་པ་ལྟར་བསᨖད་ནམས་རྒྱུན་མི་འཆད་པར་འབྱུང་བ་ལ་སᨖགས་པའི་ཕན་ཡོན་ཆེན་པᨖ་ཡོད་ན་ཕན་ཡོན་ཆེན་པᨖ་དེ་ཐོབ་པར་འདོད་པས་བསླབ་པ་དེ་ལ་སློབ་པར་སྤྲོའམ། ཞེས་དྲིས་པ་ལ། སློབ་མས། སྤྲོ་ལགས། ཞེས་བརྗོད་པས་ཁས་བླང་ངོ༌། །གཉིས་པ་ཤེས་རབ་ལ་བརྟག་པ་ནི། སློབ་དཔᨖན་གྱིས། རིགས་ཀྱི་བུ། ཞེས་བརྗོད་པ་སྔོན་དུ་འགྲᨖ་བས། སློབ་མ་སᨖ་སᨖའི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བ་ཁྱེད་ཀྱིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མᨖ་ཐོས་སམ། ཞེས་དྲིས་ལ། སློབ་མས། ཅུང་ཟད་ཐོས་སᨖ། །ཞེས་ལན་བཏབ། དེ་བཞིན་དུ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མᨖ་ཤེས་སམ། ཞེས་དྲིས་ལ། ཅུང་ཟད་ཤེས་སᨖ། །ཞེས་ལན་བཏབ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མᨖ་ལ་དད་དམ། ཞེས་དྲིས་ལ། ཤིན་ཏུ་དད་དོ། །ཞེས་ལན་བཏབ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མᨖ་ལས་གསུངས་པའི་བསླབ་པའི་གཞི་རྣམས་བསྲུང་བར་ནུས་སམ། ཞེས་དྲིས་ལ། བསྲུང་བར་ནུས་ལགས། ཞེས་ཁས་བླང་དུ་གཞུག་གོ །གསུམ་པ་འདུན་པ་ལ་བརྟག་པ་ནི། ཐོག་མར་འདི་ལྟར་ངེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་བརྟེན་ནས། བདག་ཉིད་སངས་རྒྱས་ཐོབ་ཅིང་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ་ལ་སᨖགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པས་དེ་ལ་འཇུག་པར་བྱའོ་སྙམ་པའི་འདུན་པ་རྩེ་གཅིག་ཏུ་བསྐྱེད་ལ་ངེད་ཀྱིས་དྲིས་པའི་ཚᨑག་འདི་རྣམས་ལ་ལན་ཐོབ་མཛོད། ཞེས་བརྡ་སྦྱར་ལ། སློབ་དཔᨖན་གྱིས། རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཁྱོད་འདི་ལྟར་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲᨖལ་བ་རྣམས་དགྲᨖལ་བ་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་བཟླ་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། ཞེས་དྲིས་ལ། སློབ་མས། འདོད་ལགས། ཞེས་ལན་བཏབ་པ་ལ། སློབ་དཔᨖན་གྱིས། དེ་ལ་ཁྱོད་ཀྱིས་སེམས་བསྐྱེད་བརྟན་པ་དང༌། ཡི་དམ་བརྟན་པར་བྱའོ། ། ཞེས་གདམས། ཡང་སློབ་དཔᨖན་གྱིས། གཞན་དང་འགྲན་པའི་ཆེད་དུ་མ་ཡིན་ནམ། ཞེས་དྲིས་ལ། སློབ་མས། མ་ཡིན་ལགས། ཞེས་ལན་བཏབ། གཞན་གྱིས་ནན་གྱིས་ལན་དུ་བཅུག་པ་མ་ཡིན་ནམ། ཞེས་དྲིས་ལ། མ་ཡིན་ལགས། ཞེས་ལན་བཏབ་བᨖ། ། གསུམ་པ་མྱུར་དུ་སྦྱིན་པར་གསᨖལ་བ་གདབ་པ་ལ། མཆོད་པ་འབུལ་བ་ཕྱག་འཚལ་བ་སྔོན་དུ་འགྲᨖ་བའི་སྒོ་ནས་གསᨖལ་བ་གདབ་པར་གསུངས་པས། ཐོག་མར་བཅོམ་ལྡན་འདས་ཐུབ་པ་ཆེན་པᨖ་ལ་སᨖགས་པའི་ཕྱོགས་བཅུའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་མངོན་སུམ་ལྟ་བུར་བཞུགས་པར་བསམ་ལ། དེ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཚད་མེད་པ་རྗེས་སུ་དྲན་པས་དང་འདོད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་ཏུ་སྐྱེད་བཞིན་པའི་ངང༌། དངོས་སུ་བཤམས་པའི་མཆོད་པ་དང༌། ལུས་དབུལ་བའི་མཆོད་པ་དག་རིམ་བཞིན་དུ་གནང་བར་ཞུ། ཞེས་བརྡ་སྦྱར་ལ། མཆོད་པ་གསར་དུ་བཤམས་པ་རྣམས་སློབ་དཔᨖན་གྱིས་སྔར་ལྟར་བྱིན་གྱིས་བརླབས། དེ་ནས་དཔᨖན་སློབ་ཐུན་མᨖང་དུ། མཆོད་ཕྲེང་ཚᨑགས་བཅད་དང་བཅས་རྒྱས་པར་བྱ་བའམ། བསྡུ་ན། ༀ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། པཱུཥྤེ། ནས། ཤབྡའི་བར་སྦྱར་བ་དང༌། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །སᨖགས་ཤོ་ལོ་ཀ་གཅིག་བརྗོད་དུ་གཞུག །སློབ་དཔᨖན་ལ་སྟོན་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་ཟིན་པ་དང༌། རང་རང་གི་གྲལ་ལ་ཙོག་པུར་འཁᨖད་དེ་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མᨖ་སྦྱར་ཏེ་གསᨖལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔᨖན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་མྱུར་དུ་སྩལ་དུ་གསᨖལ། ལན་གསུམ། བཞི་པ་བར་ཆད་དྲི་བ་ནི། སྡོམ་པའི་རྟེན་དུ་བྱང་སེམས་ཀྱི་རིགས་ལ་གནས་ཤིང་སྨོན་པའི་སེམས་སྐྱེས་པ་དགོས་པས་དེ་ལྟ་བུའི་རིགས་ཅན་ཡིན་ནམ་ཞེས་དྲིས་པ་འདི་ལ་ལན་ཐོབ་མཛོད། རིགས་ཀྱི་བུ། མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་ སེམས་དཔའ་ཡིན་ནམ། ཞེས་དྲིས་ལ། ཡིན་ལགས། ཞེས་ལན་བཏབ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། ཞེས་དྲིས་ལ། བཏབ་ལགས། ཞེས་ལན་བཏབ་བᨖ། །ལྔ་པ་བསླབ་པའི་གནས་གོ་བར་བྱ་ཞིང་སྤྲོ་བ་དྲི་བ་ལ། དང་པᨖར་བསླབ་པའི་གནས་གོ་བར་བྱ་བ་ནི། མི་ཟད་པ་དཔག་ཏུ་མེད་པ་བླ་ན་མེད་པའི་བསᨖད་ནམས་ཀྱི་གཏེར། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། བྱང་ཆུབ་སེམས་དཔའི་སྡོམ་པ་མྱུར་དུ་ཐོབ་པར་འགྱུར་རོ་སྙམ་དུ་དགའ་བ་ཁྱད་པར་ཅན་བསྐྱེད་པ་དང་བཅས་ཚᨑག་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། མི་དགེ་བ་མཐའ་དག་སྤོང་བའི་སེམས་པ་ས་བᨖན་དང་བཅས་པ་སྡོམ་པའི་ཚུལ་ཁྲིམས། ཕར་ཕྱིན་དྲུག་ལ་སᨖགས་པའི་དགེ་བ་སྒྲུབ་འདོད་ཀྱི་སེམས་པ་ས་བᨖན་དང་བཅས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འདོད་པའི་སེམས་པ་ས་བᨖན་དང་བཅས་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ཞིང༌། དེ་དག་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་དང་ཚུལ་ཁྲིམས་ཡིན་ནོ། །ཞེས་གོ་བ་བསྐྱེད་ནས། དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་དང༌། ཚུལ་ཁྲིམས་དེ་དག་བདག་ལས་ལེན་པར་འདོད་དམ། ཞེས་སྤྲོ་བ་དྲིས་པ་འདི་ལ་ལན་ཐོབ་མཛོད། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་རྣམས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་ལས་ལེན་པར་ འདོད་དམ། ཞེས་དྲིས་ལ། སློབ་མས། ལེན་པར་འཚལ་ལོ། །ཞེས་ལན་བཏབ། གཉིས་པ་དངོས་གཞི་ནི། སྤྱིར་བསླབ་པ་ནོད་པར་ལན་གསུམ་དུ་ཁས་བླངས་པ་ཉིད་ཀྱིས་སྡོམ་པ་སྐྱེ་བ་ཡིན་ནའང༌། ཐོག་མར་བསམ་པ་འདི་ལྟར་ངེས་པ་གལ་ཆེ་སྟེ། ཆོས་ཐམས་ཅད་དོན་དམ་པར་ཡོད་མེད་ལ་སᨖགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང༌། ཀུན་རྫོབ་ཏུ། མདོ་ཏིང་ངེ་འཛᨑན་གྱི་རྒྱལ་པᨖ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པᨖ་ཤིང་རྟ་སྣ་ཚᨖགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་ལྟར། སྣང་བ་ཐམས་ཅད་སྣང་ཡང་བདེན་པ་མེད་པར་ཤེས་པར་བྱས་ནས། དེ་ལྟ་བུའི་དོན་མ་རྟོགས་པར༑ གཟུང་འཛᨑན་ལ་བདེན་པར་ཞེན་པའི་དབང་གིས་ཁམས་གསུམ་གྱི་འཁᨖར་བའི་གནས་སུ་བདེ་བ་འདོད་བཞིན་དུ་བདེ་བ་དང་ནི་བྲལ། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་དང་ནི་ལྡན། བདེ་བ་སྒྲུབ་ཅིང་སྡུག་བསྔལ་འདོར་བའི་ཐབས་མི་ཤེས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པ་ནས་ཡང་ནས་ཡང་དུ་བདག་གི་ཕ་མ་བྱས་ཏེ། ཕན་བདེ་སྒོ་དུ་མ་ནས་ནི་བསྒྲུབས། གནོད་འཚེ་ཐམས་ཅད་ལས་ནི་ཅི་ནུས་ཀྱིས་བསྐྱབས། བསམ་རྒྱུ་དང་དྲན་རྒྱུ་ནི་བདག་ལས་མེད་པ་བྱས་ཤིང༌། བདག་གི་ཆེད་དུ་ལུས་སྲོག་ཀྱང་གྲངས་མེད་པར་བཏང་བའི་དྲིན་ཅན་ཤ་སྟག་ཡིན་པས། དེ་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཞིང་བདེ་བ་ལ་དགོད་པར་བྱ་དགོས་ནའང༌། ད་ལྟ་བདག་ལ་དེའི་ནུས་པ་མེད་ཅིང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཞིང་བདེ་བ་ལ་འགོད་ནུས་པ་སངས་རྒྱས་ཁᨖ་ན་ཡིན་པས་དེ་བདག་གིས་ཐོབ་པར་བྱ། དེའང་རྒྱུ་མེད་པར་མི་ཐོབ་ཅིང༌། དེའི་རྒྱུའི་གཙོ་བᨖ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པས། དེ་བདག་གིས་བླངས་ནས། བསླབ་པ་གསུམ་ཀ་ཡུལ་ཐམས་ཅད་དུ། དུས་ཐམས་ཅད་ཀྱི་ཚེ་ཚེ་རབས་རབས་ཐམས་ཅད་དུ་བསྲུང་བར་བྱ་སྙམ་དུ་བསམས་ནས། བླ་མ་ལ་སངས་རྒྱས་དང༌། རང་ལ་སྒྱུ་མ་ལྟ་བུར་ཤེས་པ་དང་ལྡན་པས། སེམས་རྩེ་གཅིག་ཏུ་གྱིས་ལ་ལན་ཐོབ་མཛོད། ཅེས་བརྗོད་ནས། སློབ་དཔᨖན་གྱིས། རིགས་ཀྱི་བུ། མིང་འདི་ཞེས་བྱ་བ་ཁྱོད། བདག་བྱང་ཆུབ་སེམས་དཔའ་ སློབ་དཔᨖན་རང་ཉིད་ཀྱི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པའི་བསླབ་པའི་གཞི་གང་དག་དང༌། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པར་གྱུར་པ་དང༌། མ་བྱོན་ པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་དག་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམས་ནོད་དམ། ཞེས་བརྗོད་ལ། སློབ་མས། ནོད་ལགས། ཞེས་པས་བླང་ངོ༌། །དེས་ཁས་བླངས་པ་དང་པᨖ་སᨖང་ནས། ལན་རེ་རེ་བཞིན་བློ་སྦྱོང་བསྒོམ་ཞིང་བྱ་བར་གསུངས་པས་བསམ་པ་འདི་བཞིན་དུ་མཛོད། མཐའ་ཡས་པའི་མར་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་ལས་སྒྲོལ་བའི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པᨖ་ཆེ་དེ་ཅི་ནས་ཀྱང་ཐོབ་པ་ཞིག་བྱ། དེ་ཡང་རྒྱུ་མེད་རྐྱེན་མེད་པ་ལས་མི་འབྱུང་བས། རྒྱུ་རྐྱེན་གྱི་གཙོ་བᨖ་དུས་གསུམ་དུ་གཤེགས་ཤིང་བཞུགས་ལ་འབྱོན་པར་འགྱུར་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་བྱ་བའི་གཞི། ཚུལ་ཁྲིམས་རྣམ་པ་གསུམ་ཡང་དག་པར་བླངས་ཏེ། ཕྱོགས་དང་། དུས་དང༌། གནས་སྐབས་ཐམས་ཅད་དུ་བསྲུང་བར་བགྱིའོ། །སྙམ་དུ་སྡོམ་པ་བཟུང་བ་ལ་མཆོག་ཏུ་སྤྲོ་བའི་ཡིད་ཀྱིས་དྲི་བ་གཉིས་པའི་ལན་ཐོབ་མཛོད། ཅེས་བརྡ་སྦྱར་ལ། དྲི་བ་དང༌། ཁས་བླང་བ་གོང་བཞིན་བྱ། སླར་ཡང་འདི་ལྟར་ངེས་པར་བྱ་སྟེ། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་བཅས་ཏེ་དཀོན་མཆོག་གསུམ་ལ་མི་བསླུ་བའི་སྐྱབས་སུ་ངེས་པའི་དད་པ་ཆེན་པᨖ་དང༌། བདག་དང་སེམས་ཅན་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་མ་གྲུབ་ཀྱང༌། ཀུན་རྫོབ་སྒྱུ་མ་དང་རྨི་ལམ་ལྟར་འཁྲུལ་སྣང་གི་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པ་རྣམས་ཕན་བདེ་ལ་དགོད་པར་འདོད་པའི་བརྩེ་བ་ཆེན་པᨖ་དང༌། དེའི་ཆེད་དུ་མཐའ་གཉིས་ལ་མི་གནས་པ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པᨖ་ཆེ་ཐོབ་པར་འདོད་པའི་འདུན་པ་ཆེན་པᨖ་སྟེ་ཆེན་པᨖ་གསུམ་དང་ལྡན་པའི་སྒོ་ནས། སངས་རྒྱས་ཐོབ་པའི་རྒྱུའི་གཙོ་བᨖ། རྒྱལ་སྲས་རྣམས་ཀྱི་བསླབ་པར་བྱ་བའི་གཞི། བསᨖད་ནམས་དང་ཡོན་ཏན་མཐའ་ཡས་པའི་གཏེར་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉིད་ཡང་དག་པར་བླངས་ཏེ། རྣམ་པ་ཀུན་ཏུ་བསླབ་པར་བགྱིའོ་སྙམ་པའི་འདུན་པ་རྩེ་གཅིག་པས་དྲི་བ་གསུམ་པའི་ལན་ཐོབ་མཛོད། ཅེས་བརྗོད་ལ། དྲི་བ་ཁས་བླངས་པ་སྔར་བཞིན་བྱ། དེ་ལྟར་ལན་གསུམ་གྱི་བར་དུ་དྲིས་ཤིང་ཁས་བླངས་པས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་དངོས་གཞི་ངེས་པར་སྐྱེ་བ་ཡིན་པས་སྐྱེས་ངེས་སྙམ་དུ་ཐོབ་ཤེས་ཀྱི་དགའ་བ་ཁྱད་པར་ཅན་བསྐྱེད་མཛོད། ཅེས་བརྗོད་པར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ལ། མཁྱེན་པར་གསᨖལ་བ་དང༌། ཕན་ཡོན་བསྟན་པ་དང༌། གསང་བར་གདམས་པ་དང༌། བསླབ་བྱ་བསྟན་པ་དང༌། གཏོང་རག་དབུལ་བ་སྟེ་རྣམ་པ་ ལྔར་ཡོད་པ་ལས། དང་པᨖ་མཁྱེན་པར་གསᨖལ་བ་ནི། སློབ་དཔᨖན་གྱིས་བགྱི་བར་གདའ་སྟེ། ཞེས་བརྡ་སྦྱར་ལ། སློབ་མ་རྣམས་ཙོག་ཙོག་པུར་འཁᨖད་དུ་གཞུག །སློབ་དཔᨖན་རང་ཉིད་ཁྲི་ལས་བབས་ཏེ། རྟེན་རྣམས་ཀྱི་དྲུང་དུ་ཞལ་ཤར་དུ་ཕྱོགས་པས་འཁᨖད་པའི་མདུན་དུ། མེ་ཏོག་སིལ་མས་བཀང་བའི་སྣོད་དང༌། བདུག་སྤོས་ཀྱི་རེང་བུའམ་སྤོས་ཕོར་དག་བཤམས། དེ་ནས་ཤར་ཕྱོགས་སུ་ཕྱག་གསུམ་འཚལ་ལ། ཕྱག་རེ་རེ་ལ། ཤར་ཕྱོགས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གུས་པ་ཆེན་པᨖས་ཕྱག་འཚལ་ལོ། །ཞེས་ལན་རེ་བརྗོད་པའི་མཐར་མེ་ཏོག་སྙིམ་པ་གང་ཤར་ཕྱོགས་སུ་གཏོར་ཞིང༌། བདུག་སྤོས་ཀྱང་འབུལ་བའི་ཚུལ་བྱ། ཡིད་ཀྱིས་ཤར་ཕྱོགས་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པའི་སྤྲིན་གྱི་ཆར་ཆེན་པᨖ་ཕབ་པར་བསམ། ཚུལ་དེ་བཞིན་གྱིས་རིགས་འགྲེ་བས། ལྷོ་ཕྱོགས་སᨖགས་ཕྱོགས་ལྷག་མ་གསུམ་དང༌། མཚམས་བཞི་དང༌། འོག་ཕྱོགས་ཀྱི་དོད་དུ་ནུབ་དང༌། སྟེང་ཕྱོགས་ཀྱི་དོད་ཤར་རྣམས་སུ་ཕྱག་དང་མཆོད་པ་འབུལ་བ་རྣམས་གོ་རིམ་མ་འཁྲུལ་བར་བྱས་པའི་མཐར། རྟེན་ལ་ཞལ་ཕྱོགས་པས་པུས་མᨖ་གཡས་པའི་ལྷ་ང་ས་ལ་བཙུག །མེ་ཏོག་དང་བཅས་པའི་ཐལ་མᨖ་སྙིང་གར་སྦྱར། མདུན་དུ་སྤོས་བཏུལ་ལ་འདུན་པ་རྩེ་གཅིག་པས་མཁྱེན་པར་གསᨖལ་བ་ནི། བྱང་ཆུབ་སེམས་དཔའ་སློབ་མ་སᨖ་སᨖའི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བས་བདག་བྱང་ཆུབ་སེམས་དཔའ། རང་གི་མིང་ནས་སྨོས་ལ། ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལན་གསུམ་གྱི་བར་དུ་ཡང་དག་པར་མནོས་པ་ལགས་ཏེ། བྱང་ཆུབ་སེམས་དཔའ་སློབ་མའི་མིང་ནས་སྨོས་ལ། ཞེས་བགྱི་བས་ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་རང་གི་མིང་སྨོས་ལ། ཞེས་བགྱི་བ་དཔང་དུ་གྱུར་པས་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མཐའ་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསᨖལ་ལོ། །ཞེས་མེ་ཏོག་འཐོར་བ་དང་བཅས་པས་ལན་གསུམ་དུ་བརྗོད་པ་ན་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་གཟིགས་པས་མངོན་སུམ་མཁྱེན་ཅིང་རྗེས་སུ་བརྩེ་བས་དགོངས་པར་བསམ་མᨖ། །དེ་ནས་སློབ་དཔᨖན་གྱིས། དེ་དག་གིས་མཁྱེན་པར་གསᨖལ་བའི་དངོས་གཞི་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་མགོ་བᨖས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་བའི་མᨖས་པ་དང་བཅས་སློབ་དཔᨖན་དང་ལྷན་ཅིག་ཏུ་ཕྱག་གསུམ་མཛད་པར་ཞུ། ཞེས་བརྡ་སྦྱར་ལ། སློབ་དཔᨖན་རང་ཉིད་ཀྱིས་བསྐུལ་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སᨖགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་བརྗོད་ནས་རྟེན་ལ་ཕྱག་གསུམ་བཙལ། དེ་ལྟར་ཕྱག་འཚལ་ནས། སླར་ཡང་བདག་དང་སེམས་ཅན་ཐམས་ཅད་འཁᨖར་བ་ལས་ལངས་པར་བསམས་ལ་ཀེར་གྱིས་ལངས་ཏེ་ཐལ་མᨖ་སྤྱི་བᨖར་སྦྱར་བར་ཞུ། ཞེས་བརྗོད་ལ་དེ་ལྟར་བྱེད་དུ་གཞུག་གོ །དེ་ནས་སློབ་དཔᨖན་དང༌། སློབ་མ་གཉིས་ཀ་འགྲེང་བཞིན་དུ། སློབ་དཔᨖན་གྱིས་ཕྱག་གཡས་པ་སྐྱབས་སྦྱིན་གྱི་ ཚུལ་དང་བཅས་ཏེ། འདི་སྐད་དུ། དེས་མཁྱེན་པར་གསᨖལ་བ་ཡན་ལག་དང་བཅས་པ་གྲུབ་ནས། གཉིས་པ་ཕན་ཡོན་བསྟན་པ་ནི། འདི་ལ་གསན་པས་ཁྱབ་པར་གདའ་སྟེ། བྱང་ཆུབ་སེམས་དཔའ་ ཞེས་སྔོན་དུ་འགྲᨖ་བས་སློབ་མ་རྣམས་ཀྱི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལས། དེ་ཚེ་དེ་ལ་དགེ་བའི་ཕྱིར། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱིས་རྟག་པར་ཡང༌། །བུ་སྡུག་འདྲ་བར་དགོངས་པར་འགྱུར། །ཞེས་གསུངས་པ་ལྟར། འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་ལས་བརྗོད་པ་རྫོགས་པའི་ཚེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ཞིག་ན། བྱང་ཆུབ་སེམས་དཔའ། སློབ་མའི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ རང་གི་མིང་ནས་སྨོས་ལ། མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མནོས་ཞེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་ཀྱི་བརྩེ་བས་བུ་དང་སྤུན་ཟླའི་ཚུལ་དུ་དགོངས་པར་མཛད་ལ། དེ་ལྟར་དགོངས་པར་མཛད་པས་བསᨖད་ནམས་དང་ ཡེ་ཤེས་ཀྱི་ཚᨖགས་འཕེལ་བར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །དེ་ནས་དཔᨖན་སློབ་གཉིས་ཀ་འདུག་ནས། སློབ་དཔᨖན་གྱིས། གསུམ་པ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་འདི་ཉིད་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱའོ། །ཞེས་གསང་བར་གདམས་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་འདི་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར་དད་པ་མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན་དད་པ་མེད་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་མ་དད་པས་སྤོང་བར་བྱེད་དེ། དེས་ན་ཇི་སྲིད་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པས་བསᨖད་ནམས་ཀྱི་ཕུང་པᨖ་དང་ལྡན་པ་དེ་སྙེད་ཀྱི་བསᨖད་ནམས་མ་ཡིན་པའི་ཕུང་པᨖ་དེ་སྙེད་དང་ལྡན་པར་འགྱུར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བསྲུང་བར་བྱ་བ་ཡིན་པས་སྡིག་པ་ལས་བཟློག་པར་བྱ་སྟེ། དེའི་ཕྱིར་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔས་གསང་བར་བྱ་བ་ཡིན་ནོ། །ཞེས་བརྗོད་པར་བྱའོ། །བཞི་པ་བསླབ་བྱ་བསྟན་པ་ནི། དེ་ལྟར་སྡོམ་པ་བླངས་པ་ཙམ་གྱིས་མི་ཆོག །དེའི་མི་མཐུན་པའི་ཕྱོགས་སྤང་བྱ་རྣམས་སྤང་ཞིང༌། མཐུན་པའི་ཕྱོགས་བསླབ་བྱ་རྣམས་ལ་སློབ་དགོས། དེའང་སྤང་བླང་གི་ཡུལ་ངོ་ཤེས་པ་ལ་རགས་ ལས་པས། དེའི་ཚུལ་རྒྱས་པར་ན། ཐེག་པ་ཆེན་པᨖའི་མདོ་དང་བསྟན་བཅོས་རྣམས་ལས་རྒྱ་ཆེར་འབྱུང་བ་ལྟར་ཤེས་པར་བྱ་བ་ཡིན་ནའང༌། འདིར་དེ་དག་གི་སྙིང་པᨖ་མདོར་བསྡུས་ཏེ་གདམས་པའང་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། དེ་ལ་སྤང་བྱ་ནི། སློབ་དཔᨖན་ཙནྡྲ་གོ་མཱིས་སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌༑ ༑གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚᨖག་པ་དང༌། །ཐེག་པ་ཆེན་པᨖ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་པའི་ཆོས་བཞི་པᨖ་འདི་ལ་ཀུན་ནས་དཀྲིས་པ་ཆེ་འབྲིང་ཆུང་གསུམ་དུ་ཡོད་དེ། འཕགས་པ་ཐོགས་མེད་ཀྱིས་བྱང་ས་ལས། ཕམ་པའི་གནས་ལྟ་བུ་བཞི་པᨖ་འདི་དག་ནི་ཀུན་ནས་དཀྲིས་པ་ཆུང་ངུ་དང༌། འབྲིང་གིས་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེ་བྱང་ཆུབ་སེམས་དཔས་བཏང་བར་མི་འགྱུར་རོ། །ཀུན་ནས་དཀྲིས་པ་ཆེན་པᨖས་ནི་བཏང་བར་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཕམ་པའི་གནས་ལྟ་བུའི་ཆོས་བཞི་པᨖ་འདི་དག་རྒྱུན་མི་འཆད་པར་ཀུན་ཏུ་སྤྱད་པ་དང༌། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་བསྐྱེད་པ་དང༌། དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་དང༌། དེ་ཉིད་ལ་ཡོན་ཏན་དུ་ལྟ་བ་ཅན་དུ་གྱུར་པ་ནི་ཀུན་ནས་དཀྲིས་པ་ཆེན་པᨖ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པས། ཡན་ལག་གསུམ་པᨖ་དེ་ཚང་ན་ཀུན་ནས་དཀྲིས་པ་ཆེན་པᨖ་ཞེས་བྱའོ། །ཡང་བྱང་ས་ལས། མདོར་བསྡུས་ན་རྒྱུ་གཉིས་ཁᨖ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང༌། ཕམ་པའི་གནས་ལྟ་བུའི་ཆོས་ཀུན་ནས་དཀྲིས་པ་ཆེན་པᨖས་ཀུན་ཏུ་སྤྱོད་པའོ། །ཞེས་གསུངས་ཤིང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དེ་གཏོང་བ་ནི་མདོར་བསྡུ་ན་རྒྱུ་བཞིས་འགྱུར་ཏེ། ཡང་དག་པར་ལེན་པའི་སེམས་ཀྱིས་མི་འདྲ་བར་ངེས་པའི་སེམས་བསྐྱེད་པར་བྱེད་པ་དང༌། མི་བརྡ་འཕྲོད་པའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚᨑག་རྗོད་པར་བྱེད་པ་དང༌། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པᨖ་དེ་དག་ལས་ཐམས་ཅད་དམ་རེ་རེའི་ཉེས་པ་འབྱིན་པ་དང༌། ཕམ་པའི་གནས་ལྟ་བུའི་ཆོས་བཞི་པᨖ་ཐམས་ཅད་དམ་རེ་རེ་ལ་ཀུན་ནས་དཀྲིས་པ་ཆེན་པᨖའི་ཉེས་པ་འབྱིན་པར་བྱེད་ན་བྱང་ཆུབ་སེམས་དཔའི་སྡོམ་པ་བཏང་བར་བརྗོད་པར་བྱའོ། །ཞེས་གསུངས་པས་སྨོན་པ་བཏང་བ་དང༌། ཀུན་ནས་དཀྲིས་པ་ཆེན་པᨖས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་གང་རུང་སྤྱད་པ་དང༌། ཀུན་ནས་དཀྲིས་པ་འབྲིང་པᨖ་ཡན་ཆད་ཀྱིས་བཞི་ཀ་ཚང་བར་སྤྱད་པ་དང༌། བྱང་སེམས་ཀྱི་སྡོམ་པ་ལས་བཟློག་པའི་སྡོམ་མིན་སྐྱེས་པ་དང༌། བསླབ་པ་ཕུལ་བ་དང་ལྔས་སྡོམ་པ་བཏང་བས། དེ་དག་བྱུང་ན་བཤགས་བསྡམས་དང་བསགས་སྦྱང་བྱས་ལ་ སྡོམ་པ་སླར་ཡང་བླང་བར་བྱ་སྟེ། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཞེས་གསུངས་སᨖ། །ཀུན་ནས་དཀྲིས་པ་འབྲིང་དང་ཆུང་ངུས་བཞི་པᨖ་གང་རུང་སྤྱད་པ་ནི། ཉེས་བྱས་སུ་གཏོགས་ལ་དེ་ཡང་ཆོས་གང་རུང་དེ་ལ་ངོ་ཚ་དང་ཁྲེལ་ཡོད་ཅུང་ཟད་སྐྱེ་ཞིང་གཞན་གྱིས་གསᨖལ་བ་བཏབ་ན་ལྡོག་པ་ནི་འབྲིང་ཡིན་ལ། དེ་ནི་གང་ཟག་གསུམ་ཡན་ཆད་ལ་བཤགས་པར་བྱ་སྟེ། སྔ་མ་ལས། ཟག་པ་འབྲིང་ནི་གསུམ་ལ་བཤགས། །ཞེས་སᨖ། །ཆོས་གང་རུང་དེ་ལ་ངོ་ཚ་ཆེར་བསྐྱེད་ཅིང་གཞན་གྱིས་མ་བཟློག་ཀྱང་རང་ཉིད་མྱུར་དུ་དེ་ལས་ལྡོག་པ་ནི་ཆུང་ངུ་ཡིན་ལ། དེ་དང་འོག་ནས་འབྱུང་བའི་ཉེས་བྱས་བཞི་བཅུ་རྩ་བཞི་པᨖ་རྣམས་ནི་གང་ཟག་གཅིག་ཡན་ཆད་ལ་བཤགས་པར་བྱ་སྟེ། དེ་ཉིད་ལས། གཅིག་གི་མདུན་དུ་ལྷག་མ་རྣམས། །ཞེས་སᨖ། །དེ་བཞིན་དུ་སྡོམ་པ་ཉི་ཤུ་པ་ལས། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །ཅེས་པ་ལ་སᨖགས་པ་ཉེས་བྱས་བཞི་བཅུ་རྩ་བཞི་པᨖ་ཀུན་སློང་གི་དབང་གིས་ཉོན་མᨖངས་ཅན་དང༌། ཉོན་མᨖངས་ཅན་མ་ཡིན་པ་དང༌། ལྟུང་མེད་དུ་འགྱུར་བའང་ཡོད་ལ། དེ་དག་ནི་བཤགས་ཡུལ་མེད་ན་རང་གི་སེམས་ཀྱིས་བཤགས་པས་འདག་སྟེ། སྔ་མ་ལས། ཉོན་མᨖངས་མི་མᨖངས་བདག་སེམས་བཞིན། །ཞེས་སᨖ། །ཡང་བྱམས་དང་སྙིང་རྗེ་ཆེན་པᨖས་ཀུན་ནས་བསླངས་ཏེ་གཞན་ལ་ཕན་པ་ཆེན་པᨖར་འགྱུར་ངེས་པར་མཐོང་ནས་སྤྱད་ན་ཕལ་ཆེར་ལྟུང་མེད་དུ་འགྱུར་ཏེ། དེ་ཉིད་ལས། སྙིང་རྗེར་ལྡན་ཞིང་བྱམས་ ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་སᨖ། །བསླབ་བྱ་ནི། ཚུལ་ཁྲིམས་གསུམ་པᨖ་ཡིན་ཏེ། བྱང་ས་ལས། ཚུལ་ཁྲིམས་རྣམ་པ་གསུམ་པᨖ་དེ་དག་ཀྱང་མདོར་བསྡུ་ན། བྱང་ཆུབ་སེམས་དཔའི་བྱ་བ་རྣམ་པ་གསུམ་བྱེད་དེ། སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པས་ནི་བདག་གིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་བྱ་བ་ནི་གསུམ་པᨖ་དེ་དག་ཏུ་ཟད་དེ། འདི་ལྟ་སྟེ། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་སེམས་གནས་པར་བྱ་བ་དང༌། ལུས་དང་སེམས་དུབ་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་དེ་དག་ཏུ་ཟད་དོ། །ཞེས་གསུངས་པས། བྱང་ཆུབ་སེམས་དཔའི་བསླབ་བྱ་ཐམས་ཅད་གསུམ་པᨖ་དེར་འདུས་པས་གསུམ་པᨖ་དེ་ལ་འབད་དེ་བསླབ་པར་བྱའོ། །ཡང་རང་དང་གཞན་ལ་ཚེ་འདིར་སྡུག་བསྔལ་ཡང་ཕྱི་མ་ཕན་ཆད་དུ་ཕན་པར་འགྱུར་བའི་དགེ་བ་ནི་བསྒྲུབ་ཅིང་བསྒྲུབ་ཏུ་གཞུག་པར་བྱའོ༑ ༑འདི་དང་ཕྱི་མ་གཉིས་ཀར་ཕན་པ་དང་བདེ་བར་འགྱུར་ན་བསྒྲུབ་ཅིང༌། འདིར་བདེ་ཡང་ཕྱི་མ་ཕན་ཆད་དུ་སྡུག་བསྔལ་གྱི་རྒྱུར་འགྱུར་བ་ནི་འདོར་ཞིང་འདོར་དུ་གཞུག་པར་བྱ་སྟེ། སྡོམ་པ་ཉི་ཤུ་པ་ལས། གཞན་རྣམས་ དང་ནི་བདག་ལའང་རུང༌། །སྡུག་བསྔལ་ཡིན་ཡང་གང་ཕན་པ། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་སᨖ། །དེ་ལྟར་སྤང་བྱ་དང་བསྒྲུབ་བྱ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ས་ལ་སᨖགས་པ་ལས་ལེགས་པར་ཤེས་པར་བྱས་ཏེ། གནས་སྐབས་ཐམས་ཅད་དུ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས་བསླབ་པར་བྱ་སྟེ། སློབ་དཔᨖན་ཆེན་པᨖ་ཞི་བ་ལྷས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམ་སྟེ་སེམས་བསྲུང་བྱ། །ཞེས་པ་དང༌། སེམས་བསྲུང་འདོད་པ་རྣམས་ཀྱིས་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །ཅེས་གསུངས་པས། དྲན་པ་ཤེས་བཞིན་དང་ལྡན་པས་བསླབ་པ་རྣམས་ལ་ལེགས་པར་བསླབ་པར་བྱའོ། །ལྔ་པ་གཏོང་རག་འབུལ་བ་ནི། དེ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བ་ཐོབ་པ་དེ་ཉིད་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ལས་བྱུང་བས་ན། གཏོང་རག་གི་སླད་དུ་ཕྱག་དང༌། མཆོད་པས་བསྙེན་བཀུར་བ་སྐབས་སུ་བབས་པ་ཡིན་པས། ཐོག་མར་གནས་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་ཏེ་འདི་གསུང་བར་ཞུ། ཇི་སྙེད་སུ་དག་སᨖགས་ཤོ་ལོ་ཀ་བཞི་ཚར་གཅིག །དེ་ནས་མཆོད་པ་གསར་པ་བཟང་དུ་བཤམས་ལ། སློབ་དཔᨖན་གྱིས་སྔར་བཞིན་བྱིན་གྱིས་བརླབས་ཟིན་པ་དང༌། དེ་ནས་མཆོད་པ་འབུལ་བ་ལ། དངོས་སུ་བཤམས་པའི་མཆོད་པ་དང༌། ལུས་དབུལ་བའི་མཆོད་པ་དང༌། དེ་ལས་གཞན་ཡང་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་མཆོད་པ་དང་གསུམ་པᨖ་སྔར་ཇི་སྐད་བཤད་པའི་དམིགས་པ་རྣམས་ཡིད་ལ་དྲན་བཞིན་པའི་སྒོ་ནས་རིམ་བཞིན་དུ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ། ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་སᨖགས་སྔགས་རྐྱང་པའམ་ཚᨑགས་བཅད་དང་སྤེལ་བ་ཇི་ལྟར་རིགས་པས་དངོས་བཤམས། རྒྱལ་དང་དེ་སྲས་རྣམས་ལ་སᨖགས་ཤོ་ལོ་ཀ་གཅིག་གིས་ལུས་དབུལ་བ། མེ་ཏོག་དམ་པ་སᨖགས་ཤོ་ལོ་ཀ་གཅིག་གིས་ཡིད་སྤྲུལ་གྱི་མཆོད་པ་རྣམས་འབུལ་དུ་གཞུག་གོ །དེ་རྣམས་ཀྱིས་སྤྱིར་བླ་མ་དང་དཀོན་མཆོག་ལ་ཕྱག་དང་མཆོད་པ་ཕུལ་ནས། ཁྱད་པར་སློབ་དཔᨖན་ལ་བཀའ་དྲིན་རྗེས་སུ་དྲན་པས་གུས་པའི་འདུ་ཤེས་བསྐྱེད་དེ་ཕྱག་གསུམ་མཛད་པར་ཞུ། ཞེས་ཕྱག་གསུམ་འཚལ་དུ་བཅུག་ཟིན་པ་དང༌། འགྲེང་སྟེ་འདུད་པ་དང་བཅས་པས། བཀའ་དྲིན་ཆེ་ལགས། ཞེས་བརྗོད་དུ་གཞུག་གོ །སྤྱི་དོན་གསུམ་པ་རང་བཞིན་གཏན་ལ་དབབ་པ་ནི། སྨོན་འཇུག་གི་སེམས་དེ་དག་གང་ལས་སྐྱེ་བའི་རྒྱུ་དང༌། རང་གི་ངོ་བᨖ་དང༌། དེ་ཡི་རབ་ཏུ་དབྱེ་བ་དང༌། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འབྱིན་པའི་ཕན་ཡོན་ལ་སᨖགས་པ་ཡིན་ནའང༌། སྔ་མ་རྣམས་ནི་ཐེག་པ་ཆེན་པᨖ་ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམས་དང༌། རྒྱལ་བའི་སྲས་པᨖ་མ་ཕམ་པའི་མདོ་སྡེའི་རྒྱན་དང༌། འཕགས་པ་ཐོགས་མེད་ཞབས་ཀྱི་བྱང་ཆུབ་སེམས་དཔའི་ས་དང༌། སློབ་དཔᨖན་ཆེན་པᨖ་ཙནྡྲ་གོ་མཱིས་སྡོམ་པ་ཉི་ཤུ་པ་སᨖགས་ལས་རྒྱ་ཆེར་གསུངས་པས་དེ་རྣམས་སུ་གཟིགས་པས་ཁྱབ་ཅིང༌། ཕན་ཡོན་ནི། ཆོ་ག་ཤིན་ཏུ་རྒྱས་པར་བྱེད་ན་ཆོ་གའི་ སྐབས་སུའང་བཤད་པར་བྱ་བ་ཡིན་པས། འདིར་ཅུང་ཟད་བརྗོད་པར་བྱ་སྟེ། བྱམས་པའི་སྨོན་ལམ་གྱི་མདོ་ལས། ངན་འགྲᨖ་ཐམས་ཅད་ཟློག་བགྱིད་ཅིང༌། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས། དཔལ་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསᨖད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མᨖ་སྦྱར་བགྱིས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་དེ་ནི་ཁྱད་པར་འཕགས། །དེ་ལ་མཐའ་ནི་མ་མཆིས་སᨖ། །ཞེས་གསུངས་ཤིང༌། དེ་ལྟར་བསᨖད་ནམས་མཐའ་ཡས་པ་འབྱུང་བའི་གཏན་ཚᨑགས་ཀྱང༌། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས། བློ་གྲᨖས་རྒྱ་མཚᨖས་ཞུས་པ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛᨑན་དང༌། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་མེད་དེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུང་ངོ༌། །ཞེས་གསུངས། སེང་གེས་ཞུས་པ་ལས། སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་དོན་དུ་སེམས་བཏུད་པ། །དེས་ནི་ཆོས་རྣམས་བསྡུ་བ་ཐོབ། །དེ་ནི་དགའ་བ་ ཐོབ་པར་འགྱུར། །ཞེས་གསུངས། སྡོང་པᨖ་བཀོད་པའི་མདོ་ལས་ཀྱང༌། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བᨖན་ལྟ་བུའོ། །འགྲᨖ་བ་ཐམས་ཅད་ཀྱི་ཆོས་དཀར་པᨖ་ཐམས་ཅད་རྣམ་པར་འཕེལ་བར་བྱེད་པས་ཞིང་ས་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བསྟེན་པས་ས་ལྟ་བུའོ། །ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྲུང་བས་ཕ་ལྟ་བུའོ། །ཞེས་བྱ་བའི་བར་དང༌། དེ་བཞིན་དུ་སྦྱར་ཏེ། དབུལ་བ་ཐམས་ཅད་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པᨖ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པᨖ་ལྟ་བུའོ། །ཉོན་མᨖངས་པའི་དགྲ་ཕམ་པར་བྱེད་པས་མདུང་ཐུང་ལྟ་བུའོ། །ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་འགེབས་པས་གོ་ཆ་ལྟ་བུའོ། །ཉོན་མᨖངས་པའི་མགོ་ལྷུང་བར་བྱེད་པས་རལ་གྲི་ལྟ་བུའོ། །ཉོན་མᨖངས་པའི་ཤིང་གཅོད་པས་སྟ་རེ་ལྟ་བུའོ། །འཚེ་བ་ཐམས་ཅད་ལས་སྐྱོབ་པས་མཚᨖན་ཆ་ལྟ་བུའོ། །འཁᨖར་བའི་ཆུ་ནང་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ། །སྒྲིབ་པས་ཁེབས་པའི་རྩ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁᨖར་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ ཕན་ཡོན་དེ་དག་དང་ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ། །ཞེས་གསུངས། གཞན་ཡང༌། མཁས་པས་བྱང་ཆུབ་སེམས་བསྒོམས་ན། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །འདི་ནི་སྐྱོན་མེད་མེ་ཏོག་སྟེ༑ ༑རབ་ཏུ་དྲི་ཞིམ་རྣམ་པར་མཛེས། །ཐབས་འདིས་རིང་པᨖ་མི་ཐོགས་པར། །རྒྱལ་མཆོག་སངས་རྒྱས་ཉིད་དུ་འགྱུར། །གཞན་ཡང་འདོད་པའི་འབྲས་རྣམས་འགྲུབ། །ཅེས་གསུངས། འཕགས་པ་ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པᨖ་ལྟར་བརྟན་དང༌། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས། གཞན་ཡང་མདོ་ལས་འབྱུང་བའི་དོན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་མང་དུ་གསུངས་པ་སᨖགས་ལ་ངེས་ཤེས་ཁྱད་པར་ཅན་བསྐྱེད་དེ། ཇི་སྐད་བཤད་པའི་བསླབ་བྱ་རྣམས་ལ་སྤང་བླང་ཚུལ་བཞིན་དུ་བསྒྲུབས་པའི་ལེགས་བྱས་ཀྱི་སྣང་བས་རང་གཞན་རྣམས་ཀྱི་ཕན་བདེའི་པདྨོ་མཆོག་ཏུ་རྒྱས་པའི་ཐབས་ལ་བརྩོན་པར་བྱའོ། །ཞེས་བརྗོད། སྐབས་འདིར་ཕྱག་ལེན་འགའ་ཞིག་ལ་གཏོང་རག་གི་མཎྜལ་ལ་སᨖགས་བཤད་ཀྱང་སྤྲོ་ན་འགལ་བ་མེད་མᨖད། སྔར་གཏོང་རག་གི་ཕྱག་མཆོད་རྒྱས་པར་གྲུབ་པའི་ཕྱིར་མ་བྱས་ཀྱང་ཆོག་གོ །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲᨖད་པ་གཅིག་པའི་ལམ། མཐའ་ཡས་པའི་རྒྱལ་བའི་སྲས་པᨖ་རྣམས་ཀྱི་འཇུག་སྒོ། སངས་རྒྱས་ཀྱི་གསུང་རབ་ཐེག་པ་ཆེན་པᨖ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག །སྨོན་སེམས་དང༌། འཇུག་སྡོམ་སᨖ་སᨖར་བཟུང་བའི་ཚུལ་དགེ་བའི་བཤེས་གཉེན་བརྒྱུད་པ་དང་བཅས་པའི་ཕྱག་ལེན་བཞིན་ལེགས་པར་ཕུལ་གྲུབ་པའི་སྐབས་འདིར། རང་རེ་རྣམས་ཀྱིས་ཆོས་ཉན་བཤད་བྱས་པ་ལས་བྱུང་བའི་བསᨖད་ནམས་ཀྱི་ཕུང་པᨖ་དཔག་ཏུ་མེད་པ་ཞིག་ཡོད་པ་དེ་དག་བར་མ་དོར་ཆུད་མི་འཛའ་བར༑ བྱང་ཆུབ་ཆེན་པᨖའི་རྒྱུར་སྨིན་པའི་སླད་དུ་ཡོངས་སུ་བསྔོ་བས་རྒྱས་གདབ་དགོས་པས་བསྔོ་བ་དང་སྨོན་ལམ་གྱི་མཐུན་འགྱུར་ཐུགས་ལ་འདོག་པར་ཞུ། ཞེས་མཚམས་སྦྱར་ལ། སྤྱིར་བསྔོ་བ་རྒྱས་བསྡུས་ཇི་ལྟར་རིགས་པར་བྱ་བའམ། ཡང་ན། བསྔོ་བས་རྒྱས་གདབ་དགོས་པས། ཞེས་པ་ཡན་གོང་ལྟར་ལ། བསྔོ་བ་དང་སྨོན་ལམ་ལྷན་ཅིག་ཏུ་གནང་བར་ཞུ། ཞེས་དང༌། འཕགས་པ་བཟང་པᨖ་སྤྱོད་པ་དང༌། བྱམས་པའི་སྨོན་ལམ་སᨖགས་བསྔོ་སྨོན་རྒྱས་པར་བྱ་ཞིང༌། གང་ལྟར་ཡང༌། མདོ་སྡེ་ལས་འབྱུང་བའི་བཀྲ་ཤིས་ཀྱི་ཚᨑགས་སུ་བཅད་པ་དང་བཅས་མེ་ཏོག་གི་ཆར་སིལ་མ་དགྲམ་པར་བྱའོ། །འདིར་འཕྲོས་དོན་ཅུང་ཟད་བརྗོད་ན། གོང་དུ་བཤད་པ་བཞིན་སྨོན་སེམས་རྐྱང་པར་སᨖ་ཐར་རིགས་བདུན་གང་རུང་སྔོན་དུ་འགྲᨖ་བ་དང༌། སྣོད་བརྟག་པ་སᨖགས་གང་ཡང་མི་དགོས་པས་དོན་གཉེར་ཐམས་ཅད་ལ་སྦྱིན་དུ་རུང་བའི་ཕྱིར། སྐྱེ་བᨖ་མང་པᨖ་ཚᨖགས་པ་ལ་སེམས་བསྐྱེད་ན་འདིའི་སྨོན་པ་སེམས་བསྐྱེད་ཁᨖ་ན་བྱ། དེ་ཡང་གོང་བཤད་ཀྱི་སྐབས་སུ་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་ཞེས་པ་ལ། སེམས་བསྐྱེད་ཀྱི་ཆོ་ག་ཞེས་དང༌། སེམས་བསྐྱེད་དང་སྡོམ་པའི་རྟེན་ངེས་པར་བྱ་བ་ལ། སེམས་བསྐྱེད་ཀྱི་རྟེན་ངེས་པར་བྱ་བ་ཞེས་དང༌། གཉིས་པ་སྦྱོར་བ་རྗེས་སུ་སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པᨖ་སྦྱོར་བ་ལའང་གསུམ་སྟེ་སᨖགས་དཀྱུས་བཞིན་ལ། སྨོན་སེམས་ཀྱི་གཏོང་རག་འབུལ་བའི་བར་བྱས་ནས། དེ་རྣམས་ཀྱི་སྒོ་ནས་ཐེག་པ་ཆེན་པᨖ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ཡན་ལག་དང་བཅས་པ་ལེགས་པར་ཕུལ་གྲུབ་པའི་སྐབས་འདིར། རང་རེ་རྣམས་ཀྱིས་ཆོས་ཉན་བཤད་བྱས་པ་ལས་བྱུང་བའི། ཞེས་སᨖགས་གོང་བཞིན་སྦྲེལ་ལ་དགེ་བ་བསྔོས་པས་དོན་འགྲུབ་བᨖ། །གལ་ཏེ་དོན་གཉེར་དམིགས་བསལ་ལ་འཇུག་སྡོམ་སྦྱིན་ན། སྤྱིར་ཡང་ལེན་པ་པᨖའི་གང་ཟག་གི་སྐབས་སུ་བཤད་པའི་མཚན་ཉིད་ཐམས་ཅད་ཚང་བ་དང༌། ཁྱད་པར་ཐེག་པ་ཆེན་པᨖའི་མདོ་སྡེ་ཇི་སྙེད་པའམ། དེ་ཙམ་མ་ནུས་ཀྱང་བྱང་སའམ། བསླབ་བཏུས་ལྟ་བུ་ཉན་ནས་གོ་དོན་འཕྲོད་པ་བྱུང་ན་ཤིན་ཏུ་ལེགས། མ་མཐའ་ཡང་འཕགས་པ་དཀོན་མཆོག་སྤྲིན་ནས། ནམ་མཁའི་སྙིང་པᨖས་ཞུས་པ་ལྟ་བུའི་མདོ་སྡེ་ཞིག་གི་བཀླག་ལུང་ཙམ་ངེས་པར་ཐོབ་པ་གལ་ཆེ་སྟེ། སྔར་ལམ་རིམ་དང་བློ་སྦྱོང་སᨖགས་བརྗོད་བྱ་དོན་གྱི་ཐེག་ཆེན་ཉན་པ་ཞིག་ཡིན་དུ་ཟིན་ནའང་རྗོད་བྱེད་ཚᨑག་གི་ཐེག་ཆེན་གྱི་མདོ་སྡེ་ཞིག་མ་ཐོས་པའི་ཐབས་མེད་དོ། །དེ་བཞིན་དུ་ཕྱག་ལེན་གྱི་རིམ་པའང་གོང་དུ་ཇི་སྐད་བཤད་པ་བཞིན་ལས་སྔགས་ཀྱི་ཆོ་གས་རྒྱས་བཏབ་པ་དང༌། སླ་ཆོས་སᨖགས་གང་དྲན་བྱས་ན་ཆོས་ལ་དབང་ཟ་བའི་ཉེས་པ་ནི་ཚད་མེད་པའི་ཕྱིར་བག་ཡོད་པར་བྱའོ། །དེ་ལྟར་སེམས་བསྐྱེད་དང་སྡོམ་པའི་ཚུལ་ལ་གནས་པའི་གང་ཟག་གིས་ཐེག་པ་ཆེན་པᨖའི་ལམ་ལ་བསླབ་པར་བྱ་བ་ཡིན་པས། དེ་དག་གི་བློ་གྲᨖས་ཀྱི་སྒོ་དབྱེ་བའི་ཕྱིར་ལམ་གྱི་རིམ་པའང་མདོར་བསྡུ་ན། མགོན་པᨖ་བྱམས་པས་མདོ་སྡེའི་རྒྱན་ལས། རིགས་དང་ཆོས་ལ་མᨖས་པ་དང༌། །དེ་བཞིན་དུ་ནི་སེམས་བསྐྱེད་དང༌། །སྦྱིན་པ་ལ་སᨖགས་ བསྒྲུབ་པ་དང༌། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང༌། །སྐྱོན་མེད་པ་ལ་འཇུག་ཉིད་དང༌། །ཞིང་ནི་ཡོངས་སུ་དག་པ་དང༌། །མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་ལམ་སྟོན་པའོ། །ཞེས་གསུངས་ པ་ལྟར། ཐོག་མར་སྐལ་བ་དང་ལྡན་པའི་གཞི་ཐེག་པ་ཆེན་པᨖའི་རིགས་སད་པའི་རྟགས་སུ་སྙིང་རྗེ་དང༌། མᨖས་པ་དང༌། བཟོད་པ་དང༌། དགེ་བ་སᨖགས་ལ་མངོན་པར་སྤྲོ་བའི་གང་ཟག་གིས། ཆོས་འདི་པ་ལ་མི་ཕྱེད་པའི་མᨖས་པས་མཚམས་སྦྱར་ཏེ་བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲᨖ་དང༌། བྱེ་བྲག་ཐེག་ཆེན་གྱི་འཇུག་སྒོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲᨖ་བས་རང་སྨིན་པར་བྱེད་པ་སྦྱིན་པ་ལ་སᨖགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་ཅིང༌། གཞན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་བསྡུ་བའི་དངོས་པᨖ་བཞི་ལ་མཉམ་རྗེས་གཉིས་ཀྱི་སྒོ་ནས་ཅི་ནུས་སུ་འབད་པས་རང་ཤུགས་ཀྱིས་ཆོས་ལས་བློ་གཞན་དུ་མི་འགྲᨖ་ཞིང༌། དད་པ་དང༌༑ ངེས་འབྱུང་དང༌། བསྒོམ་པ་སᨖགས་ལ་སུན་པ་མེད་པར་པདྨོའི་མཚᨖ་ལ་ངང་མᨖ་འཇུག་པ་བཞིན་སྤྲོ་བ་ངང་གིས་འཕེལ་བ་ན་ཚᨖགས་ལམ་ཆུང་ངུ་ཐོག་མར་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེ་ནས་ཏིང་ངེ་འཛᨑན་སྐྱོན་མེད་པ་དང༌། ཞིང་ཡོངས་སུ་དག་པ་འཕགས་པའི་ཆོས་ལ་འཇུག་པའི་སླད་དུ་ལམ་ལ་འབད་པས། བདེན་པ་བཞིའི་དོན་ལ་གསལ་སྣང་ཅུང་ཟད་རྙེད་པ་ནི་ཚᨖགས་ལམ། དེ་ཉིད་བསྒོམ་པའི་སྟོབས་དང༌། ཚᨖགས་བསགས་པའི་ སྟོབས་གཉིས་འཛོམས་པས་ཕུང་པᨖ་ལྔ་སྒྱུ་མ་ལྟར་རྟོགས་ཤིང༌། ཆོས་ཀྱི་བདག་མེད་ལ་གསལ་སྣང་རིམ་གྱིས་རྙེད་པ་ནི་སྦྱོར་ལམ། བདག་མེད་གཉིས་ཀྱི་དོན་ཇི་བཞིན་པ་དང་པᨖར་མཐོང་བ་མཐོང་ལམ། མཐོང་ཟིན་པའི་ཏིང་ངེ་འཛᨑན་ཁྱད་པར་ཅན་གྱི་འཇུག་ངོགས་ལ་གོམས་པར་བྱེད་པ་བསྒོམ་ལམ། ཤེས་བྱ་དང་སྤང་བྱ་མཐར་ཕྱིན་པ་མི་སློབ་པའི་ལམ་སྟེ། དེ་ཡང་མཐོང་ལམ་གྱི་ཡེ་ཤེས་ཁᨖང་དུ་ཆུད་པ་དང༌། ས་དང་པᨖ་གསར་དུ་ཐོབ་པ་དུས་མཉམ། དེ་ནས་བསྒོམ་ལམ་གྱིས་ས་དགུ་པའི་བར་བགྲᨖད་ནས། མི་སློབ་པའི་ལམ་དུ་ས་བཅུ་པ་ཆོས་ཀྱི་སྤྲིན་རྒྱ་མཚᨖར་འཇུག་པ་སྟེ། མདོར་ན་དེ་ལྟ་བུའི་ལམ་དང་ས་དེ་དག་ཀྱང་དོན་དམ་སེམས་བསྐྱེད་ལ་བརྟེན་ནས། ཤེས་རབ་སྟོང་ཉིད་བསྒོམས་པས་ཉེར་ལེན་གྱི་རྒྱུ་དང༌། ཐབས་སྙིང་རྗེ་ཆེན་པᨖས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ལམ་ལྔ་འགྲུབ། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས། ཐབས་སྙིང་རྗེས་ཉེར་ལེན་གྱི་རྒྱུ་དང༌། ཤེས་རབ་སྟོང་པ་ཉིད་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ས་བཅུ་ཐོབ་ལ། སངས་རྒྱས་པ་ནའང་ལམ་མཐར་ཐུག་པ་ཆོས་སྐུ་དང༌། ས་མཐར་ཐུག་པ་གཟུགས་སྐུ་ཡིན་ནོ། །དེ་ལྟར་ས་ལམ་མཐར་ཕྱིན་པའི་འབྲས་བུ་ནི། ཤེས་རབ་ཆེན་པᨖས་འཁᨖར་བ་དང༌། སྙིང་རྗེ་ཆེན་པᨖས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས། བྱང་ཆུབ་མཆོག་སྟེ་སངས་རྒྱས་ཀྱི་སའི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ། ནམ་མཁའ་ཇི་སྲིད་བར་དུ་སེམས་ཅན་གྱི་ཁམས་ལ་ལམ་སྟོན་པའི་ཕྲིན་ལས་རྒྱུན་མི་འཆད་པར་འགྱུར་བ་ནི་ངེས་པའོ། །དེ་ལྟར་ཐེག་ཆེན་ཤིན་ཏུ་རྒྱས་པའི་སེམས་བསྐྱེད་སྡོམ་པའི་ཆོ་གའི་ཚུལ། །བྱང་ཆུབ་སེམས་དཔའི་ལམ་བཟང་གང་དེ་གསལ་བར་བཤད་པའི་ལེགས་བྱས་ཀྱིས། །ཤེས་རབ་ཆེན་པᨖས་སྲིད་ལས་འདས་ཀྱང་སྙིང་རྗེས་ཞི་མཐར་ལྟུང་མིན་པའི། །སྐུ་དང་ཡེ་ཤེས་ཕྲིན་ལས་རྨད་བྱུང་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པᨖ་དཔལ་ས་སྐྱ་པ་འཇམ་དཔལ་གཞོན་ནུ་ངག་དབང་རྡོ་རྗེ་རིན་ཆེན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པᨖའི་ཞལ་སྔ་ནས་ཀྱི་ཐུགས་བཞེད་བསྒྲུབ་པ་དང༌། དོན་གཉེར་ཅན་གཞན་ལའང་ཕན་པའི་བསམ་པ་བཟང་པᨖས། ཡོངས་འཛᨑན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་ཐེག་པ་ཆེན་པᨖའི་གཞུང་ལུགས་མང་དུ་ཐོས་པའི་ཤཱཀྱའི་བཙུན་པ་རྨོངས་བརྟུལ་ཀུན་ཏུ་རྒྱུ་འཇམ་དབྱངས་མཁྱེན་བརྩེའི་དབང་པᨖས༑ རྒྱལ་བའི་སྲས་པᨖ་ཐོགས་མེད་བཟང་པᨖའི་དཔལ་གྱི་གསུང་རབ་ལ་ཚᨑག་མཐའ་བསྐྱེད་ཚུལ་མི་འགལ་བས་ཟུར་བརྒྱན་ཏེ། ཡོན་ཏན་རིན་ཆེན་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྦྱར་བའོ། །འདིས་ཀྱང་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་བཅོས་མ་མ་ཡིན་པ་སྐྱེས་པའི་མཐུ་ལས། བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པᨖ་འབྱུང་བའི་རྒྱུར་གྱུར་ཅིག །ཐེག་པ་ཆེན་པᨖ་ཤིན་ཏུ་རྒྱས་པའི་ལུགས་ཀྱི་སེམས་བསྐྱེད་དང་སྡོམ་པ་རྣམ་པར་དག་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། མགོན་པᨖ་བྱམས་པ། འཕགས་པ་ཐོགས་མེད༑ སློབ་དཔᨖན་དབྱིག་གཉེན། འཕགས་པ་གྲᨖལ་སྡེ། བཙུན་པ་རྣམ་གྲᨖལ་སྡེ། མཆོག་གི་སྡེ། འདུལ་བའི་སྡེ། སློན་དཔᨖན་སེང་གེ་བཟང་པᨖ། ཀུ་སཱ་ལི་ཆེ་ཆུང་གཉིས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བᨖ་རྗེ་དཔལ་མར་མེ་མཛད། རྒྱལ་བ་འབྲོམ་སྟོན་པ། སྤྱན་སྔ་ཚུལ་ཁྲིམས་འབར། དགེ་བཤེས་བྱ་ཡུལ་བ། རྒྱལ་སྲས་ཆར་ཆེན་པ། མུས་སྨན་པའང་ཟེར། གྲᨖ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སེངྒེ་སྐྱབས། མཆིམས་ནམ་མཁའ་གྲགས། མཁན་ཆེན་སེང་གེ་སྐྱབས། མཁས་བཙུན་བསᨖད་ནམས་ཡེ་ཤེས། བྱང་སེམས་བསᨖད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པᨖ་དཔལ། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་དགའ་བཟང་པᨖ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་རྩེའི་དབང་ཕྱུག །རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཀུན་དགའ་བསᨖད་ནམས། དེ་སྲས་བསᨖད་ནམས་དབང་ཕྱུག ༑ལྷ་ཁང་མཁན་ཆེན་དོན་གྲུབ་ལེགས་བཟང༌། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲᨖས། མུས་ཆེན་བསᨖད་ནམས་དཔལ་བཟང༌། མུས་ཆེན་ཆོས་ཉིད་ཡེ་ཤེས། མུས་ཆེན་ཡེ་ཤེས་རྒྱལ་མཆོག །ཡོངས་འཛᨑན་རིན་པᨖ་ཆེ་བློ་གྲᨖས་རྒྱ་མཚᨖ། དཔལ་ས་སྐྱ་པ་འཇམ་མགོན་བླ་མ་ངག་དབང་རྡོ་རྗེ་རིན་ཆེན། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པᨖ། དེས་བདག་ལ་བཀའ་དྲིན་ཆེན་པᨖས་ཁྱབ་པར་མཛད་པའོ། །ཡང་ན། བྱང་སེམས་བསᨖད་ནམས་གྲགས་པ་ནས། བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། མཁན་ཆེན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ། འདུལ་འཛᨑན་བློ་གྲᨖས་སྦས་པ། པཎ་ཆེན་ལུང་རིག་རྒྱ་མཚᨖ། རྗེ་སྐྱབས་མཆོག་དཔལ། དབེན་ས་བ་བློ་བཟང་དོན་འགྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་བརྩོན་འགྲུས་རྒྱལ་མཚན། རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚᨖ། ཕུར་བུ་ལྕོག་ངག་དབང་བྱམས་པ། ཡོངས་འཛᨑན་ཡེ་ཤེས་རྒྱལ་མཚན། བཤེས་གཉེན་བློ་བཟང་རྒྱལ་མཚན། རྒྱལ་སྲས་སེམས་དཔའ་ཆེན་པོ་རིན་ཆེན་བློ་གསལ་བསྟན་སྐྱོང༌། འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པᨖ། དེས་བདག་ལའོ། །ཡང་ན། རྒྱལ་སྲས་ ཐོགས་མེད་ནས། ལོ་ཆེན་བྱང་ཆུབ་རྩེ་མᨖ། དེ་དབᨖན་ལོ་ཆེན་གྲགས་རྒྱལ། བᨖ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། བྱམས་གླིང་པཎ་ཆེན་བསᨖད་ནམས་རྣམ་རྒྱལ། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་དོན་ཡོད་གྲུབ་པ། རྗེ་བཙུན་ཀུན་དགའ་གྲᨖལ་མཆོག །མཁན་ཆེན་ལུང་རིག་རྒྱ་མཚᨖ། རྗེ་བཙུན་ཀུན་དགའ་སྙིང་པᨖ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚᨖ། རྗེ་ཡོན་ཏན་མགོན་པᨖ། གྲུབ་ཆེན་མགོན་པᨖ་དཔལ་འབྱོར། མཚུངས་མེད་མགོན་པᨖ་གྲགས་པ། གྲུབ་དབང་མགོན་པᨖ་རྣམ་རྒྱལ། རིག་འཛᨑན་འཇམ་དབྱངས་རྒྱ་མཚᨖ། ཀུན་གཟིགས་ཕྲིན་ལས་ཤིང་རྟ། རྨོག་ལྕོགས་པ་ཀུན་དགའ་དགེ་ལེགས། ཀུན་དགའ་ལྷུན་གྲུབ་རྒྱ་མཚᨖ། རྗེ་བཀའ་བརྒྱུད་བསྟན་འཛᨑན། བླ་མ་ཀརྨ་ལྷག་མཐོང༌། གྲུབ་དབང་ཀརྨ་ནོར་བུ། དེས་བདག་བློ་གྲོས་མཐའ་ཡས་ལ་བཀའ་དྲིན་ཆེན་པᨖས་བསྩལ་བའོ། །སརྦ་དཱ་ཀལྱཱ་ཎི་བྷ་ཝ་ཏུ།། །།