DNZ-03-GA-011
DNZ-03-GA-011
༄༅། །བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་གྱི་ཕྱག་བཞེས་སྙིང་པᨖར་དྲིལ་བ་བཞུགས་སᨖ། །
ༀ་སྭ་སྟི་སིདྡྷཾ། འདིར་བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་པའི་སྐབས་སུ་ངག་འདོན་སᨖགས་ཇི་ལྟར་བྱ་བའི་ཕྱག་བཞེས་མདོ་ཙམ་བཀོད་པ་ལ་གཉིས། ཐུན་གྱི་ངོ་བᨖ་ལ་ཇི་ལྟར་བྱ་བའི་ཚུལ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པᨖ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སᨖ། །དང་པᨖ་ལ་དྲུག །གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམ་པ། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འཁᨖད་ནས་སྐྱབས་འགྲᨖ་སེམས་བསྐྱེད་རྒྱུད་དང་འདྲེས་ངེས་སུ་བྱ་བ། ཚᨖགས་ཞིང་གསལ་གདབ་པ། བསགས་སྦྱོང་གི་གནད་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱོང་བ། དམིགས་པ་གསལ་བར་བྱས་ཤིང་མཎྜལ་ཕུལ་ཏེ་དོན་ཆེན་པᨖ་གསུམ་གྱིས་གསᨖལ་བ་གདབ་པའོ། །དེ་ལ་སྦྱོར་ཆོས་དང་པᨖ་གཉིས་ཁྲིད་ཡིག་དང་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བསྟར་བའི་རྗེས། སྦྱོར་ཆོས་གསུམ་པ་ནི། བསམ་གཏན་དང་རྗེས་སུ་མཐུན་པའི་གདན་ལ་ལུས་གནད་སྐྱིལ་ཀྲུང་དྲང་པᨖར་བསྲང༌། ངག་གནད་རླུང་ཕྱི་ནང་དུ་རང་བཞིན་གྱིས་རྒྱུ་བ་ཉེར་གཅིག་གི་བར་དུ་མ་འཁྲུལ་བར་བགྲང་ལ་ཡིད་གཏད་དེ་རླུང་ཆམ་ལ་ཕབ། ཁྱད་པར་སེམས་ཀྱི་གནད་མི་དགེ་བ་དང་ལུང་མ་བསྟན་དུ་མ་སᨖང་བར་ངེས་འབྱུང་དང༌། བྱང་ཆུབ་ཀྱི་སེམས་སྒོ་དུ་མ་ནས་ཡིད་ལ་བྱས་ཏེ་དགེ་སེམས་ཁྱད་པར་ཅན་གྱི་ངང༌། སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་སུ་འགྲᨖ་བ་ནི། བདག་དང་འགྲᨖ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པᨖ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ། ཞེས་ཅི་ནུས་ཀྱི་མཐར་ཐལ་མᨖ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པᨖ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསᨖལ། ཁྱད་པར་དུ་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསᨖལ། ཞེས་བདུན་དང་ཉེར་གཅིག་སᨖགས་དད་མᨖས་ཤུགས་དྲག་པᨖས་གསᨖལ་བ་གདབ། སེམས་བསྐྱེད་པ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱིའོ། །ཞེས་པའི་དོན་ཡིད་ལ་དྲན་བཞིན་པའི་ངང་ནས་ཚᨑག་ངག་ཏུ་ལན་གསུམ་མམ་བདུན་གང་ཡང་རུང་བ་བརྗོད་དོ། །བསྡུ་ན། སངས་རྒྱས་ཆོས་དང་ཚᨖགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སᨖགས་བགྱིས་པའི་བསᨖད་ནམས་ཀྱིས། །འགྲᨖ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་སྐྱབས་སེམས་སྦྲག་མར་བགྱིས་ཀྱང་རུང་ངོ་། །བཞི་པ་ནི། ཐོག་མར་གནས་ཁང་དང་མཆོད་པའི་ཡོ་བྱད་ལ་དམིགས་ཏེ་སྨན་བླ་དང་གནས་བརྟན་གྱི་ཆོ་ག་སᨖགས་ལས་འབྱུང་བ་ལྟར་བྱིན་རླབས་བཞི་སྐོར་རྒྱས་པར་བྱ་བའམ། དེ་ཙམ་མི་ནུས་ན། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚᨖགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པᨖ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁᨖར་ཡུག་གི་ས་གཞི་འདི་དག་བཅོམ་ལྡན་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ཕུན་སུམ་ཚᨖགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་གཞིར། གཞལ་མེད་ཁང་རིན་པᨖ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ལེགས་པས་མཛེས་ཤིང་ལྷུན་སྟུག་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། རིན་པᨖ་ཆེ་སྣ་ཚᨖགས་ལས་གྲུབ་པའི་ཁྲི་སེང་གེ་ཆེན་པᨖ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་པདྨ་དང་ཟླ་བའི་གདན། མཐར་བསྐོར་ཀུན་ཏུ་སེང་ཁྲི་པད་ཟླའི་གདན་གྲངས་མེད་པ་དང༌། ཕྱི་ནང་ཀུན་ཏུའང་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང༌། ན་བཟའ་དང༌། རོལ་མᨖ་ལ་སᨖགས་པ་ཕུལ་དུ་ཕྱིན་པ་སྣ་ཚᨖགས་པ་ཕུང་པᨖ་གསུམ་པའི་མདོ་དང༌། བཟང་པᨖ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚᨖ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་བཀླུབས་པ་དང་ལྡན་པ་འབྱུང་བར་གྱུར་ཅིག ། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སᨖགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་ཌཱུའི། །རང་བཞིན་འཇམ་པᨖར་གནས་གྱུར་ཅིག །ཅེས་དང༌། ན་མᨖ་བྷ་ག་བ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བᨖ་དྷི་ཙིཏྟ་བཛྲེ། མ་ཧཱ་བᨖ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་དང༌། སླར་ཡང༌། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང༌། ཚᨖགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པᨖ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། དེ་ནས་འདུན་པ་རྩེ་གཅིག་པས་སྤོས་བཏུལ་ཞིང་སྙན་པའི་དབྱངས་དང་བཅས་པས། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེ་ཚད་མེད་འགྲᨖ་ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་ཕྲིན་ལས་རྒྱས་མཛད་པ། །དུས་གསུམ་བླ་མ་འཁᨖར་བཅས་འདིར་གཤེགས་ཤིག །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁᨖར་བཅས་གནས་འདིར་གཤེགས་སུ་གསᨖལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲᨖ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲᨖ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚᨖགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚᨖགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁᨖར་དང་བཅས་ཏེ་གཤེགས་སུ་གསᨖལ། །ཞེས་གསᨖལ་བ་བཏབ་པས། ཆོས་འདི་སྟོན་པའི་དྲིན་ཅན་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པᨖ་ལ་རྒྱ་ཆེན་སྤྱོད་བརྒྱུད་དང་ཟབ་མᨖ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། དེའི་མཐར་ཐེག་པ་གསུམ་གྱི་སློབ་པ་དང་མི་སློབ་པའི་དགེ་འདུན་སྤྲིན་གྱི་ཕུང་པᨖ་འཁྲིགས་པ་ལྟ་བུས་བསྐོར་ཏེ་མ་ག་དྷཱ་བཟང་མᨖའི་གཏམ་རྒྱུད་ལས་ཇི་ལྟར་འབྱུང་བ་བཞིན་བྱོན་ནས་སྟན་བཤམ་པ་རྣམས་ལ་བཞུགས་པར་མᨖས། ཁྲུས་ཁང་བསྐྱེད་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཁྲུས་གསᨖལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསᨖལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསᨖལ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མᨖངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱོང་སླད་དུ། ། རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསᨖལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཅེས་དང༌། སྤྲོ་ན། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསᨖལ། །ཞེས་སᨖགས་ཕར་ཕྱིན་དྲུག་གི་ཚᨑགས་བཅད་ཀྱང་བརྗོད། སྐུ་ཕྱི་བ་ནི། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །བྱུགས་པ་འབུལ་བ་ནི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུགས་པར་བགྱི། །ན་བཟའ་འབུལ་བ་ནི། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་བརྗོད། འདི་རྣམས་ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་ཚᨑག་ཟིན་དངོས་བསྟན་ལྟར་བྲིས་པ་ཡིན་ལ། ན་བཟའ་དང་རྒྱན་འབུལ་བ། དེ་ནས་དེ་ལ་ཁ་དོག་ལེགས་སྒྱུར་བའི། །ཞེས་སᨖགས་སྤྱོད་འཇུག་ལྟར་བགྱིས་པས་ཀྱང་རུང་བས་མཚᨖན་རྒྱས་བསྡུས་སྐབས་དང་སྦྱར་བར་བྱའོ། །དེ་ནས། བདག་དང་འགྲᨖ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསᨖལ། །ཞེས་བརྗོད་པས། ཚᨖགས་ཀྱི་ཞིང་དུ་དགྱེས་བཞིན་པས་བརྟན་པར་བཞུགས་པར་བསམ་མᨖ། །ལྔ་པ་ནི། དེ་ནས་བསགས་སྦྱོང་གི་གནད་བསྡུས་པའི་ཡན་ལག་བདུན་པའི་ཐོག་མར་ཕྱག་འཚལ་བ་ནི། སྐྱབས་ཡུལ་གྱི་དམིགས་པ་རྣམས་མ་དོར་བའི་ངང་ནས་ལངས་ལ་དངོས་སུ་ཕྱག་འཚལ་བ་དང་བཅས་ཏེ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་ཕྱག་འཚལ་ལོ། །ཞེས་སᨖགས་འོག་ནས་འབྱུང་བའི་གསᨖལ་འདེབས་ཉིད་ཕྱག་འཚལ་དུ་བསྒྱུར་བ་དང༌། ཇི་སྙེད་སུ་དག་སᨖགས་ནས། བདག་གིས་བསྟོད། །ཅེས་པའི་བར་བྱ། མཆོད་པའི་སྐབས་འདིར་ཐོག་མར་མཎྜལ་འབུལ་བར་གསུང་ནའང༌། ལམ་རིམ་ཆེན་པᨖར་ས་བཅད་ལོགས་སུ་མཛད་པ་ལྟར་འོག་ཏུ་གསལ། ཉེར་སྤྱོད་འབུལ་བ་ནི་ཐལ་མᨖ་སྦྱར་ཏེ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚᨖགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པᨖ་རྒྱལ་བ་སྲས་བཅས་མཆོད། །དེ་བཞིན་དུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། སིལ་སྙན། ཞེས་སྦྱར་བ་དང༌། འདོད་ཡོན་ལྔ་དང༌། རྒྱལ་སྲིད་སྣ་བདུན་སᨖགས་ཀྱང་འབུལ་བར་གསུངས་པས། སྤྲོ་ན་ཚᨑགས་བཅད་རྒྱས་པ་གཞན་ཇི་ལྟར་འོས་པ་དང༌། བསྡུ་ན། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང༌། །རེག་བྱའི་ཁྱད་པར་ཕུན་སུམ་ཚᨖགས་པ་རྣམས། །མᨖས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསᨖལ། ། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲᨖ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ལྷ་ཡི་དབང་པᨖ་ལྷ་མིན་གཡུལ་རྒྱལ་ནས༑ ༑བཀྲ་ཤིས་ལྷ་མᨖ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་རྒྱལ་བའི་སྲས་རྣམས་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཞེས་ཕུལ། གཞན་ཡང་སྤྱོད་འཇུག་ལས་འབྱུང་བའི་མཆོད་ཕྲེང་སᨖགས་ཇི་ལྟར་འོས་པ་སྦྱར། བསྡུ་ན། མེ་ཏོག་དམ་པ་ནས། ཕྱག་འཚལ་མཆོད་པར་བགྱི། །ཞེས་པའི་བར་གྱིས་འཐུས། དེ་ནས་ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ཞེས་སᨖགས་ནས། བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་བཟང་སྤྱོད་ནས་འབྱུང་བ་ལྟར་བྱའོ། །དྲུག་པ་ནི། མཎྜལ་གྱི་གཞི་དང༌། ཚᨖམ་བུ་དགོད་པའི་འབྲུ། དྲི་བཟང་གི་ཆུ་སᨖགས་སྟ་གོན་བྱས་ལ། ཐོག་མར་མཎྜལ་ལེགས་པར་ཕྱི་ཞིང་དྲི་བཟང་གི་ཆུས་བརླན། དེ་ནས་ལུས་ཀྱི་ལས་སུ་ཚᨖམ་བུ་དགོད་པ། ངག་གི་ལས་སུ་ཚᨑག་བརྗོད་པ། ཡིད་ཀྱི་ལས་སུ་དམིགས་རྣམ་ཡིད་ལ་བྱ་བ་སྟེ་སྒོ་གསུམ་འཇུག་པ་གཅིག་པས་མཎྜལ་ཚᨖམ་བུ་སᨖ་བདུན་མའམ། ཉེར་གསུམ་མ། བདུན་མ་སᨖགས་ཅི་རིགས་པ་མ་ཚང་བ་མེད་པ་འདི་ཉིད། ཅེས་པའི་བར་སྤྱི་ལྟར་ལ། བླ་མ་དང་དཀོན་མཆོག་རིན་པᨖ་ཆེ་རྣམ་པ་གསུམ་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲᨖ་བའི་དོན་དུ་བཞེས་སུ་གསᨖལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསᨖལ། །ཞེས་པ་ཙམ་མམ། སྤྲོ་ན། བཞེས་ནས་བདག་གི་རྒྱུད་ཀྱི་ཐེག་པ་ཆེན་པᨖའི་ལམ་སྒྲུབ་པ་དང་འགལ་བའི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསᨖལ། བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་རྣམ་པ་གཉིས་སᨖགས་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་མྱུར་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསᨖལ། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསᨖལ། ཅེས་དོན་ཆེན་པᨖ་གསུམ་གྱི་སྒོ་ནས་གསᨖལ་བ་གདབ། དེ་ནས་སླར་ཡང་མᨖས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་ལ་ལམ་འདིའི་བླ་མ་བརྒྱུད་པ་ལ་གསᨖལ་བ་འདེབས་པར་བྱ་སྟེ། ཐོག་མར་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ལ་གསᨖལ་བ་འདེབས་པ་ནི། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་གསᨖལ་བ་འདེབས། །འཛམ་གླིང་མཁས་པའི་གཙུག་རྒྱན་དབྱིག་གི་གཉེན། །དབུ་མའི་ལམ་བརྙེས་འཕགས་པ་རྣམ་གྲᨖལ་སྡེ། །དད་པའི་སར་གནས་བཙུན་པ་རྣམ་གྲᨖལ་སྡེ། །འཇིག་རྟེན་མིག་འབྱེད་གསུམ་ལ་གསᨖལ་བ་འདེབས། །རྨད་བྱུང་ངོ་མཚར་གནས་གྱུར་མཆོག་གི་སྡེ། །ཟབ་མᨖའི་ལམ་གྱིས་རྒྱུད་སྦྱངས་དུལ་བའི་སྡེ། །རླབས་ཆེན་སྤྱོད་པའི་གཏེར་གྱུར་རྣམ་སྣང་མཛད། །འགྲᨖ་བའི་རྩ་ལག་གསུམ་ལ༴ ལམ་མཆོག་ཤེར་ཕྱིན་རྒྱས་མཛད་སེང་བཟང་ཞབས། །རྒྱལ་བའི་མན་ངག་ཀུན་འཛᨑན་ཀུ་སཱ་ལི། ། འགྲᨖ་ཀུན་བརྩེ་བས་རྗེས་འཛᨑན་དགེ་བ་ཅན། །འགྲᨖ་བའི་དེད་དཔᨖན་གསུམ་ལ༴ བྱང་ཆུབ་ཐུགས་ལ་མངའ་བརྙེས་གསེར་གླིང་པ། །ཤིང་རྟ་ཆེན་པᨖའི་སྲོལ་འཛᨑན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པᨖ་ཆེ། ། བསྟན་པའི་སྲོག་ཤིང་གསུམ་ལ༴ རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བ། །ཟབ་མᨖའི་ཏིང་འཛᨑན་བརྟན་པའི་སྣེ་ཟུར་བ། །འདུལ་བའི་སྡེ་སྣོད་ཀུན་འཛᨑན་ཐག་མ་བ། །མཐའ་འཁᨖབ་སྒྲོན་མེ་གསུམ་ལ༴ བརྩོན་པས་སྒྲུབ་པ་ལྷུར་ལེན་ནམ་སེང་ཞབས། །དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་པᨖ་དང༌། །འཇིག་རྟེན་ཆོས་བརྒྱད་སྤངས་པའི་སེང་གེ་བཟང༌། །རྒྱལ་སྲས་བཟང་པᨖའི་ཞབས་ལ༴ བྱང་ཆུབ་ཐུགས་རྗེས་འགྲᨖ་ཀུན་བུ་བཞིན་གཟིགས། །ལྷག་པའི་ལྷ་ཡིས་རྗེས་བཟུང་བྱིན་གྱིས་བརླབས། །སྙིགས་དུས་འགྲᨖ་བ་འདྲེན་པའི་བཤེས་གཉེན་མཆོག །ནམ་མཁའ་རྒྱལ་མཚན་ཞབས་ལ༴ དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པᨖ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ༴ ༈ མཁས་གྲུབ་ཆེན་པᨖ་ཤེས་རབ་སེང་གེའི་ཞབས། །ཐམས་ཅད་མཁྱེན་དངོས་དགེ་འདུན་གྲུབ་པ་དང༌། །སྐུ་གསུམ་གོ་འཕང་མངོན་གྱུར་ནོར་བུ་བཟང༌། །དཔལ་ལྡན་བླ་མ་གསུམ་ལ༴ དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚᨖའི་སྡེ། །སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པᨖ། །མཁས་གྲུབ་ལྷ་བཙུན་བསᨖད་ནམས་དཔལ་བཟང་སྟེ། །བཤེས་གཉེན་དམ་པ་གསུམ་ལ༴ ཕྱག་ན་པདྨ་བསᨖད་ནམས་རྒྱ་མཚᨖའི་ཞབས། །ཟབ་དོན་གདམས་པའི་བཀའ་བབས་ཆོས་དཔལ་བཟང༌། །རིགས་ཀུན་བདག་པᨖ་དཔལ་འབྱོར་ལྷུན་གྲུབ་ཞབས། །མཁས་གྲུབ་ ཆེན་པᨖ་གསུམ་ལ༴ བཀའ་དྲིན་མཉམ་མེད་ཤྲཱི་བྷཱུ་ཏིའི་མཚན། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚᨖའི་སྡེ། །འཇམ་དཔལ་དབྱངས་དངོས་ངག་དབང་དཔལ་བཟང་པᨖ། །རྣམ་འདྲེན་དམ་པ་གསུམ་ལ༴ བཤེས་གཉེན་དམ་པ་བྱམས་པ་ཆོས་ལྡན་དང༌། །རྩ་བའི་བླ་མ་དགེ་ལེགས་རྒྱ་མཚᨖའི་སྡེ། །བསྟན་པའི་སྲོག་ཤིང་ངག་དབང་བྱམས་པའི་དཔལ། །སྙིགས་དུས་འགྲᨖ་འདྲེན་གསུམ་ལ༴ མཁས་བཙུན་གྲུབ་བརྙེས་བྱམས་པ་སྨོན་ལམ་དང༌། །ཡེ་ཤེས་མཆོག་གཟིགས་བསྟན་པ་རབ་རྒྱས་ཞབས། །སྨྲ་བའི་དབང་ཕྱུག་ངག་དབང་ཆོས་འཕེལ་ཏེ། །ལུང་རྟོགས་མཛོད་འཛᨑན་གསུམ་ལ༴ བྱམས་པའི་དཔལ་མངའ་དམིགས་མེད་ཐུགས་རྗེའི་གཏེར། །མཁྱེན་པས་ཆོས་ཀུན་དེ་ཉིད་རབ་ཏུ་གཟིགས། །ཕུན་ཚᨖགས་སྐུ་བཞིའི་བདག་ཉིད་བླ་མ་ལྷས། །རྗེས་བཟུང་བཤེས་གཉེན་དམ་པར་གསᨖལ་བ་འདེབས། །རབ་འབྱམས་གསུང་རབ་ཀུན་ལ་བལྟ་བའི་མིག །སྐལ་བཟང་ཐར་པར་བགྲᨖད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གསᨖལ་བ་འདེབས། །ཞེས་དང༌། ཟབ་མᨖ་ལྟ་བའི་བརྒྱུད་པའི་གསᨖལ་འདེབས་ནི། སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །ཟབ་མᨖའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །སྨྲ་བའི་གཙུག་རྒྱན་གསུམ་ལ་གསᨖལ་བ་འདེབས། །འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས། །དེ་སྲས་ཐུ་བᨖ་ རིག་པའི་ཁུ་བྱུག་དང༌། །རྒྱལ་སྲས་རིག་པའི་ཁུ་བྱུག་གཉིས་པའི་ཞབས། །རིག་པའི་དབང་ཕྱུག་གསུམ་ལ༴ རྟེན་འབྲེལ་ཟབ་མᨖ་ཇི་བཞིན་གཟིགས་པ་ཡི། །ཤིང་རྟ་ཆེན་པᨖའི་སྲོལ་འཛᨑན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པᨖ་ཆེ། །འཛམ་གླིང་རྒྱན་གྱུར་གཉིས་ལ༴ རྒྱལ་བའི་གདུང་འཚᨖབ་བཤེས་གཉེན་པུ་ཏོ་བ། །རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ། །བྱང་ཆུབ་ཐུགས་ཀྱི་བཀའ་བབས་འཆད་ཁ་བ། །འགྲᨖ་བའི་རེ་སྐོང་གསུམ་ལ༴ ལུང་རྟོགས་མངའ་བདག་བྱང་སེམས་སྤྱིལ་བུ་བ། །དྲི་མེད་ལུང་གི་དབང་ཕྱུག་མཁས་པའི་གཙོ། །ཁམས་གསུམ་འགྲᨖ་བའི་མགོན་པᨖ་རིན་པᨖ་ཆེ། །གནས་བརྟན་ཆེན་པᨖ་གསུམ་ལ༴ རྣམ་དག་ཚུལ་ཁྲིམས་ངད་ལྡངས་ཟངས་ཆེན་པ། །འདུལ་བ་འབུམ་སྡེའི་མངའ་བདག་མཚᨖ་སྣ་བ། །ཆོས་མངོན་རྒྱ་མཚᨖའི་མཐར་སᨖན་མᨖན་གྲ་བ། །འགྲᨖ་བའི་འདྲེན་པ་གསུམ་ལ༴ ཟབ་ཅིང་རྒྱ་ཆེའི་ཆོས་ལ་མངའ་བརྙེས་པས། །སྐལ་ལྡན་འགྲᨖ་བ་ཀུན་གྱི་སྐྱབས་སུ་གྱུར། །ཕྲིན་ལས་བཟང་པᨖས་བསྟན་པ་རྒྱས་མཛད་པ། །རྗེ་བཙུན་བླ་མའི་ཞབས་ལ༴ བློ་གྲᨖས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག །བཟང་པᨖའི་ཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ༴ མཁས་གྲུབ་ཆེན་པᨖ་ཤེས་རབ་སེང་གེའི་ཞབས། །ཞེས་སᨖགས་མན་གོང་ལྟར་རོ། །དེ་ཡང་འདིའི་རིག་པའི་ཁུ་བྱུག་གཉིས་པ་ཡན་ཆད་ནི་ཟབ་མᨖ་ལྟ་བའི་སྒོས་བརྒྱུད་དངོས་ཡིན་ལ། དེ་མན་ཆད་བརྒྱུད་སྲོལ་ གཉིས་ཀ་ཆུ་བᨖ་གཅིག་འདྲེས་སུ་གྱུར་པས་བརྒྱུད་པ་ཐ་དད་མེད་མᨖད། འོན་ཀྱང་རྗེ་རིན་པᨖ་ཆེས་ལམ་རིམ་ཆེན་མᨖར། རྗེ་བཙུན་དམ་པ་ནམ་མཁའི་མཚན་ཅན་ལས་དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པ་དང༌། སྤྱན་སྔ་བ་ནས་བརྒྱུད་པའི་ལམ་གྱི་རིམ་པ་ཐོས་ཤིང༌། རྗེ་བཙུན་དམ་པ་བཟང་པᨖའི་མཐའ་ཅན་ལས། པᨖ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པ་དང༌། པᨖ་ཏོ་བ་ནས་དོལ་པ་ལ་བརྒྱུད་པའི་ལམ་གྱི་རིམ་པ་ཐོབ་ཅེས་གསུངས་པ་ལྟར། བྲ་གོར་མཁན་ཆེན་ཆོས་སྐྱབས་བཟང་པᨖ་ལས་གསན་པའི་བརྒྱུད་པའི་ཁྱད་པར་རོ། །ཡང་ན་སྟོན་པ་རིན་པᨖ་ཆེའི་རྗེས་སུ། གྲུབ་པའི་དབང་ཕྱུག་ཆེན་པᨖ་ཚུལ་ཁྲིམས་འབར། །བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད། །ཐེག་མཆོག་ལམ་གྱིས་རྒྱུད་སྦྱོང་སྒྱེར་སྒོམ་ཞབས། །རྒྱལ་བའི་སྲས་པᨖ་གསུམ་ལ༴ རྨད་བྱུང་ཡོན་ཏན་མཛོད་འཛᨑན་སངས་རྒྱས་དབོན། །དམ་པས་བྱིན་བརླབས་ནམ་མཁའ་རྒྱལ་པᨖ་དང༌། །ནམ་མཁའ་རྒྱལ་མཚན་ཞབས་ལ༴ བློ་གྲᨖས་ཁང་བཟང་སᨖགས་གོང་བཞིན་ནོ། །དེ་ལྟར་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་ནས་སྨོས་ཏེ་དད་མᨖས་དྲག་པᨖས་གསᨖལ་བ་གདབ་པའི་མཐར་ལམ་གྱི་རིམ་པའི་མངོན་རྟོགས་རྒྱུད་ལ་སྐྱེ་བའི་སླད་དུ་གསᨖལ་བ་འདེབས་པ་ནི། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པᨖས་བསྟེན་པར་བྱིན་གྱིས་རློབས། །ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པᨖ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །མྱུར་དུ་ འཇིག་པའི་འཆི་བ་དྲན་པ་དང༌། །ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན། །དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །ངེས་པ་བརྟན་པᨖ་རྙེད་ནས་ཉེས་པའི་ཚᨖགས། །ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང༌། ། དགེ་ཚᨖགས་མཐའ་དག་སྒྲུབ་པར་བྱེད་པ་ལ། །རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས། །སྤྱོད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚᨖགས་ཀྱི། །ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ། །དོན་གཉེར་ཆེན་པᨖ་སྐྱེ་བར༴ རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། །དྲན་དང་ཤེས་བཞིན་བག་ཡོད་ཆེན་པᨖ་ཡིས། །བསྟན་པའི་རྩ་བ་སᨖ་སᨖ་ཐར་པ་ལ། །སྒྲུབ་པ་སྙིང་པᨖར་བྱེད་པར༴ རང་ཉིད་སྲིད་མཚᨖར་ལྷུང་བ་ཇི་བཞིན་དུ། །མར་གྱུར་འགྲᨖ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲᨖ་བ་སྒྲོལ་བའི་ཁུར་ཁྱེར་བའི། །བྱང་ཆུབ་སེམས་མཆོག་འབྱོངས་པར༴ སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པ། །ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པᨖས་སློབ་པར༴ ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང༌། །ཡང་དག་དོན་ལ་ཚུལ་བཞིན་དཔྱད་པ་ཡི། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ༑ ༑མྱུར་དུ་རྒྱུད་ལ་སྐྱེ་བར༴ ཐུན་མᨖང་ལམ་སྦྱངས་སྣོད་དུགྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །སྐལ་བཟང་སྐྱེ་བᨖའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །དེ་ཚེ་ དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །རྣམ་དག་དམ་ཚᨑག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་བསྲུང་བར༴ དེ་ནས་རྒྱུད་སྡེའི་སྙིང་པᨖ་རིམ་གཉིས་ཀྱི། །གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། །ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར། །དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌། །ཚུལ་བཞིན་སྒྲུབ་པའི་གྲᨖགས་རྣམས་ཞབས་བརྟན་ཅིང༌། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚᨖགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསᨖལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའི་ཚᨑག་དོན་ཡིད་ལ་དྲན་བཞིན་དུ་ཕུར་ཚུགས་སུ་གསᨖལ་བ་གདབ་བᨖ། །དེ་ནས་སྤྱིར་དོན་ཆེན་པᨖ་གསུམ་གྱི་སྒོ་ནས་གསᨖལ་བ་གདབ་ཚུལ་སྔར་ལྟར་ལ། བྱེ་བྲག་བཤེས་གཉེན་བསྟེན་ཚུལ་ཁᨖ་ན་བསྒོམ་པའི་སྐབས་ཀྱི་དབང་དུ་བྱས་ན་མཎྜལ་གྱི་གསᨖལ་འདེབས་དང༌། སྐབས་འདིར་ཡང༌། བདག་གི་རྒྱུད་ལ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་རྟོགས་པ་དང་འགལ་བའི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསᨖལ། བཤེས་གཉེན་བསྟེན་ཚུལ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསᨖལ། ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསᨖལ། ཞེས་ངག་ཏུ་བརྗོད་པའམ་ཡིད་ཀྱིས་བསམ་ སྟེ་དམིགས་ཕུལ་བའི་གསᨖལ་འདེབས་བློ་སྣ་འགྱུར་ངེས་པ་བྱ། མཐར་ཚᨖགས་ཞིང་རྣམས་ཀྱི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་གྱི་རྒྱུན་དང་བཅས་པ་བྱུང༌། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཚེ་འཁᨖར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང༌༑ ཁྱད་པར་དངོས་གཞིའི་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་གེགས་བྱེད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསᨖད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་དུའང་དངོས་གཞིའི་ལམ་གྱི་རྟོགས་པ་རྩོལ་བ་མེད་པར་ངམ་ངམ་ཤུགས་ཀྱིས་སྐྱེ་བའི་རྟེན་འབྲེལ་བསྒྲིགས་ཤིང་བྱིན་གྱིས་བརླབས་པར་བསམ་མᨖ། །གཉིས་པ་དངོས་གཞི་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང༌། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་ཚུལ་ལོ། །གཉིས་པ་ལ་གཉིས། དལ་རྟེན་ལ་སྙིང་པᨖ་བླང་བར་བསྐུལ་བ་དང༌། སྙིང་པᨖ་ཇི་ལྟར་ལེན་པའི་ཚུལ་ལོ། །དེའི་ཕྱི་མ་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མᨖང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ། སྐྱེས་བུ་ཆེན་པᨖའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་སྟེ། དེ་ལྟ་བུའི་ཚུལ་རྣམས་ཁྲིད་ཡིག་ལས་ཇི་ལྟར་འབྱུང་བ་བཞིན་དཔྱད་སྒོམ་དང༌། འཇོག་སྒོམ་ཇི་ལྟར་རིགས་པས་ཉམས་སུ་བླངས་སྐབས་སུ་བླ་མ་དང་ལྷག་པའི་ལྷ་ལ་གསᨖལ་བ་བཏབ་ཅིང་བདུད་རྩི་འབེབས་སྦྱོང་གི་དམིགས་པའང་བྱ། དེ་ཡང་བཤེས་གཉེན་བསྟེན་པ་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པའི་བར་རྣམས་དཔྱད་སྒོམ་གཙོ་ཆེ་བ་དང་། ཞི་གནས་སᨖགས་འཇོག་སྒོམ་གཙོ་ཆེ་ཡང༌། དཔེར་ན་བཤེས་གཉེན་བསྟེན་པའི་ཆོས་སྐོར་ལྟ་བུའི་ཚེ་བླ་མའི་ཡོན་ཏན་བསམ་པ་སᨖགས་དཔྱད་སྒོམ་དང༌། དེའི་མཐར་རྟོག་པ་གཞན་རྣམས་བག་ལ་ཞ་སྟེ་དད་པ་རྩེ་གཅིག་ཏུ་གནས་པ་ནི་འཇོག་སྒོམ་དང༌། ཞི་གནས་སྒོམ་ཚུལ་གྱི་གནད་ལ་ཡང་ཡང་སེམས་པ་ནི་དཔྱད་སྒོམ་དང༌། རྩེ་གཅིག་ཏུ་གནས་པ་ནི་འཇོག་སྒོམ་ཡིན་པས་གནད་དེ་དག་གོ་བར་བྱས་ཏེ་སᨖ་སᨖའི་མྱོང་བ་མ་སྐྱེས་ཀྱི་བར་དུ་ཉམས་སུ་ལེན་པ་དང༌། རྒྱུན་དུའང་ལམ་རིམ་བསྡུས་དོན་གྱི་ཚᨑགས་སུ་བཅད་པ་ལྟ་བུ་ངག་ཏུ་བརྗོད་ཅིང་དོན་ཡིད་ལ་བསམ་སྟེ་བཤར་སྒོམ་གྱི་ཚུལ་དུ་བསྐྱང་བས་ཀྱང་དལ་བའི་རྟེན་ལ་སྙིང་པᨖ་ལེན་པའི་ཐབས་མཁས་ལ་སྒོ་དུ་མ་ནས་བརྩོན་པར་བྱའོ། །གསུམ་པ་ནི། ཐུན་དེ་ལས་ལྡང་བར་བརྩམ་པ་ན། སྤྲོ་ཞིང་ནུས་ན། སླར་ཡང་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཞིང་གསᨖལ་བ་ཤུགས་དྲག་ཏུ་གདབ། གང་ལྟར་ཡང་ཚᨖགས་ཞིང་རྣམས་རྟེན་ཡོད་ན་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ། ཡང་ན་རང་བཞིན་གྱི་གནས་སུ་གཤེགས་པའམ་མི་དམིགས་པར་བསམ་པས་ཀྱང་རུང༌། ཐུན་གཅིག་ཏུ་ཉམས་ལེན་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚᨖན། དུས་གསུམ་དུ་བསགས་དང་བསག་པར་འགྱུར་བའི་དགེ་ཚᨖགས་ཐམས་ཅད་རང་གཞན་སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ཁᨖ་ནར་བསྔོ་ཞིང༌། དེ་ལྟར་བསྔོས་པ་ལ་བརྟེན་ནས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱིས་མཚᨖན་ཏེ། དངོས་གཞིའི་ཉམས་ལེན་གྱིས་སྣ་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པᨖ་ཆེ་རྣམ་པ་གཉིས་བཅོས་མ་མ་ཡིན་པར་སྐྱེས་པའི་མཐུས། རང་གཞན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཤོག་ཅིག་སྙམ་དུ། བཟང་པᨖ་སྤྱོད་པ་ལ་སᨖགས་པའི་སྨོན་ལམ་རྒྱས་པའམ། དེ་ཙམ་མི་ནུས་ན། འཇམ་དཔལ་དཔའ་བᨖས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པᨖ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པᨖ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་བསྔོ་བ་དང༌། དགེ་བ་འདི་ཡིས་སྐྱེ་བᨖ་ཀུན། །བསᨖད་ནམས་ཡེ་ཤེས་ཚᨖགས་རྫོགས་ཤིང༌། །བསᨖད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །བྱང་ཆུབ་སེམས་ནི་རིན་པᨖ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌༑ ༑བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲᨖ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པᨖ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲᨖ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་དང༌། དེར་ནི་རིང་དུ་འབད་ལས་ཚᨖགས་གཉིས་ནི། །མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས། །བློ་མིག་མ་རིག་གིས་ལྡོངས་འགྲᨖ་བ་ཀུན། །རྣམ་འདྲེན་རྒྱལ་བའི་དབང་པᨖར་བདག་གྱུར་ཅིག །དེར་མ་སᨖན་པའི་ཚེ་རབས་ཀུན་ཏུ་ཡང༌། །འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ། །བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག །རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག །རང་གིས་ ཇི་བཞིན་རྟོགས་པའི་ལམ་གྱི་གནད། །ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །འགྲᨖ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །རྒྱལ་བའི་བསྟན་པ་ཡུན་རིང་འཛᨑན་གྱུར་ཅིག །བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །སྙིང་རྗེ་ཆེན་པᨖས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །སྲས་བཅས་རྒྱལ་བའི་རྨད་བྱུང་ཕྲིན་ལས་ལམ། །ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང༌། །ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང༌། །རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག །ལམ་བཟང་སྒྲུབ་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀྱང་། །ཚེ་ རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། །མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲᨖགས་བྱེད་ཅིང༌། ། བཀྲ་ཤིས་རྒྱ་མཚᨖས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་འདུན་པ་རྩེ་གཅིག་པས་བརྗོད་ཅིང་སྤྱོད་ལམ་ལ་འཇུག་གོ །གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི། ཐུན་གྱི་དངོས་གཞིའི་སྐབས་སུ་གང་ཉམས་སུ་བླངས་པའི་ཉམས་མྱོང་གི་རྩི་དང་མ་བྲལ་བར་དྲན་པ་དང༌། ཤེས་བཞིན་དང༌། བག་ཡོད་པས་ཀུན་ནས་བསླངས་ཏེ་སྤྱོད་ལམ་ཐམས་ཅད་མི་དགེ་བ་དང༌། ལུང་མ་བསྟན་གྱི་དབང་དུ་མ་སᨖང་བར། དགེ་བའི་རྩ་བ་འབའ་ཞིག་གིས་དུས་འདའ་བར་བྱ་སྟེ། བཤེས་གཉེན་བསྟེན་ཚུལ་གྱི་སྐབས་ལ་མཚᨖན་ན། དེ་ཉིད་སྟོན་པའི་མདོ་དང་བསྟན་བཅོས་རྣམས་དང༌། ཁྱད་པར་ལམ་རིམ་ཆེ་ཆུང་གི་ བཤེས་གཉེན་བསྟེན་ཚུལ་གྱི་སྐབས་རྣམས་ཡང་དང་ཡང་དུ་བལྟ་ཞིང་ཚᨑག་ཏུའང་བརྗོད་ལ་ངེས་ཤེས་བསྐྱེད། ད་རེས་ཐེག་པ་ཆེན་པᨖའི་དགེ་བའི་བཤེས་གཉེན་འདི་ལྟ་བུ་རྙེད་པའི་སྐབས་སུ། ཐེ་ཚᨖམ་དང༌། མཉམ་འགྲᨖགས་དང༌། ལེ་ལོ་སᨖགས་ཀྱི་དབང་དུ་མ་སᨖང་བར་བསམ་སྦྱོར་གཉིས་ཀའི་སྒོ་ནས་ཚུལ་བཞིན་དུ་བསྟེན་པར་བགྱིའོ་སྙམ་པ་ཡིད་ལ་བསམ། ངག་ཏུ་བརྗོད། ལག་ལེན་ལ་ཐེབས་པར་བྱ་བས་མཚᨖན་ཏེ་ཤེས་པར་བྱའོ། །དེ་ལྟར་སྐྱེས་བུ་གསུམ་གྱི་ལམ་རིམ་ཇི་ལྟར་ཉམས་སུ་ལེན་པའི་ཕྱག་བཞེས་ཀྱི་ས་བཅད་ལམ་རིམ་ཆེན་མᨖ་གཙོ་བᨖར་བཏོན། ངག་འདོན་ཕལ་ཆེར་འཇམ་དཔལ་ཞལ་ལུང་གི་དཀྱུས་བཞིན་དང༌། བླ་མ་དམ་པའི་ཞལ་ལུང་སྙིང་པᨖར་དྲིལ་བ་འདི་ཡང༌། འཛམ་གླིང་ན་ཡོངས་སུ་གྲགས་པའི་ཤིང་རྟ་ཆེན་པᨖ་རྣམས་དང་མཁྱེན་རྟོགས་དབྱེར་མི་ཕྱེད་པ་རྗེ་བཙུན་བླ་མ་ངག་གི་དབང་ཕྱུག་བྱམས་པ་ཕུན་ཚᨖགས་དཔལ་བཟང་པᨖའི་བཀའ་དྲིན་ལས། ལམ་འདིའི་འཁྲིད་རིམ་མདོ་ཙམ་ཐོས་པའི་སྐལ་པ་བཟང་པᨖ་ཅན་མཉྫུ་གྷོ་ཥས་བྲིས་པ་དགེ་ལེགས་ཀྱི་སྣང་བས་འཇིག་རྟེན་གསུམ་ན་ཕན་བདེའི་པདྨོ་དུས་རྟག་ཏུ་རྒྱས་པར་གྱུར་ཅིག །མངྒ་ལཾ། བྷ་བ་ཏུ།། །།