DNZ-02-KHA-003

From Damngak Dzö
Revision as of 13:38, 31 January 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-02-KHA-003

༄༅། །དཀྱིལ་འཁོར་སྤྲོས་བཅས་མིང་གི་རིམ་པ་གསལ་བར་བྱེད་པ་བཞུགས་སᨖ། །

བླ་མ་རྣམས་ལ་ཕྱག་འཚལ་ཏེ། །དཀྱིལ་འཁོར་སྤྲོས་བཅས་ནང་ཞུགས་པའི། །མིང་གི་རིམ་པ་གསལ་བྱེད་པ། །འདི་ཉིད་དུ་ནི་རབ་བཤད་བྱ། །དེའང་ཐོག་མའི་འོད་གསལ་རྡོ་རྗེ་སྙིང་པᨖ་ཡེ་ཤེས་ལྔའི་རང་བཞིན་ལས་རང་ཉིད་གང་གཙོ་བ་དང༌། ཉེ་བའི་དཀྱིལ་འཁོར་གང་ཡིན་བརྟག་པའི་ཕྱིར། མེ་ཏོག་དᨖར་བ་ལས། དབུས་སུ་བབས་ན། ཆོས་དབྱིངས་ཡེ་ཤེས་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ལས་དྲས་ཏེ། གནས་ལུགས་མཚᨖན་པའི་མིང་གདགས་པ་ནི། སྣ་ཚᨖགས་རང་གྲᨖལ། ཆོས་དབྱིངས་དྲི་མེད། ལྷུན་གྲུབ་རྒྱལ་པᨖ། འགྱུར་མེད་ཡེ་ཤེས། མཁའ་ཀློང་ཡངས་པ། མི་དམིགས་ཆོས་ཉིད། ཡེ་གྲᨖལ་གཉུག་མ། ལྷུན་མཉམ་བྱ་བྲལ། ཀུན་བྱེད་རྒྱལ་པᨖ། ཀློང་ཆེན་རབ་འབྱམས། མཁའ་མཉམ་ཆོས་སྐུ། གཞི་བྲལ་ཆོས་ཉིད། བསམ་རྫོགས་རྒྱལ་པᨖ། བརྗོད་མེད་མཚᨖན་འདས། བྱང་ཆུབ་སྙིང་པᨖ། གཉུག་མ་ ཕྱམ་གདལ། ཡེ་སྟོང་རྩ་བྲལ། ཀུན་གྲᨖལ་ཡེ་ཤེས། མ་ལུས་ཆོས་ཉིད། རོལ་པ་ཡེ་ཤེས། གང་ཤར་རང་གྲᨖལ། ཡེ་གྲᨖལ་འཛᨑན་མེད། མ་བཙལ་རང་རྫོགས། བྱར་མེད་རང་བྱུང༌། སངས་རྒྱས་རང་ཆས། མི་འགྱུར་ལྷུན་གྲུབ། ཁྱབ་གདལ་ཆེན་པᨖ། སྣང་སྲིད་ཆོས་སྐུ། རྩལ་ཆེན་རྫོགས་པ་ལ་སᨖགས་ཏེ་དབྱིངས་འཕོ་འགྱུར་མེད་པ་ལ་དྲས་ནས༑ སྐྱེས་པ་དང་བུད་མེད་གང་འོས་སུ་གདགས་སᨖ། །ཤར་དུ་བབས་ན་མེ་ལོང་ཡེ་ཤེས་རྡོ་རྗེའི་རིགས་མི་བསྐྱོད་པ་ལས་དྲས་ཏེ། འོད་གསལ་མཚᨖན་པའི་མིང་ལ། རྡོ་རྗེ་སྙིང་པᨖ། རྡོ་རྗེ་སེམས་དཔའ། རྡོ་རྗེ་ལེགས་པ། འོད་ལྔ་ལྷུན་གྲུབ། ཡེ་ཤེས་དྲི་མེད། ངང་དྭངས་འོད་གསལ། ལྷུན་མཉམ་མི་གཡོ། ཕྱམ་གཅིག་བྱང་ཆུབ། གསལ་སྟོང་འཛᨑན་མེད། རང་གསལ་ཆོས་སྐུ། མ་ལུས་ལྷུན་གྲུབ། གདᨖད་ནས་བྱང་ཆུབ། དམིགས་བསམ་སྤྲོས་བྲལ། འགག་མེད་རང་གསལ། རང་བྱུང་ཡེ་ཤེས། འོད་གསལ་སྙིང་པᨖ། གཉིས་མེད་ཡེ་ཤེས། ཕྱོགས་མེད་རང་ཡན། དམིགས་མེད་ཀུན་གྲᨖལ། ཡངས་པ་ཆེན་པᨖ། འགྲᨖ་བ་ཆོས་ཉིད། བསམ་རྫོགས་གདᨖད་མ། བྱར་མེད་ནམ་མཁའ། མ་སྐྱེས་ཆོས་ཉིད། མི་གནས་རང་བྱུང༌། མེ་ལོང་ཡེ་ཤེས། རོལ་པ་འགགས་མེད། རྒྱ་ཡན་རང་གྲᨖལ། མཐའ་བྲལ་དབུ་མ། རྫོགས་པ་རང་བྱུང༌། རིག་པ་དྲི་མེད། རང་ཤར་འགག་མེད། མཐའ་གྲᨖལ་ཀློང་ཆེན་ལ་སᨖགས་ཏེ། གསལ་དྭངས་འོད་གསལ་ལས་དྲས་ཏེ་གང་འོས་སུ་གདགས་སᨖ༑ ༑ལྷོར་བབས་ན་མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས་རིན་འབྱུང་ལས་དྲས་ཏེ། གཉིས་མེད་མཚᨖན་པའི་མིང་ལ། འདᨖད་ཡོན་རང་ཤར། རྒྱ་ཆེན་དཔལ་འབྱོར། ཡོན་ཏན་རང་བྱུང༌། བསམ་རྫོགས་རྒྱལ་པᨖ། ཚᨖགས་ཅན་ལྷུན་རྫོགས། འདᨖད་དགུ་རང་ཤར། ཡིད་བཞིན་སྙིང་པᨖ། དཔེ་མེད་རང་གྲᨖལ། དᨖན་གྲུབ་སྙིང་པᨖ། ཞིང་ཁམས་རྣམ་དག །ལྷུན་གྲུབ་ཡེ་ཤེས། མ་བྱས་རང་རྫོགས། གཞི་བདེ་ཆོས་ཉིད། ཡེ་ཤེས་རྒྱས་པ། ཆོས་ཉིད་ངག་དབང༌། ཀློང་རྫོགས་རྒྱལ་པᨖ། རང་བྱུང་ཀློང་རྒྱས། རོལ་པ་རང་ཤར། གང་ཤར་ཆོས་ཉིད། ཅིར་སྣང་མཉམ་གྲᨖལ། བླང་དᨖར་གཉིས་མེད། གཏད་མེད་ཡོངས་གྲᨖལ། སྐུ་གསུམ་རང་རྫོགས། ཡེ་ཤེས་ལྔ་ལྡན། གཟུངས་སྤྲིན་སྙིང་པᨖ། ཡེ་ཤེས་ཉི་མ། ལྷུན་གྲུབ་གཟའ་སྐར་ལ་སᨖགས་པ་སྟེ་གཉིས་སུ་མེད་པའི་མིང་ལས་བརྩམ་སྟེ་གདགས་སᨖ། །ནུབ་ཏུ་བབས་ན་པདྨའི་རིགས་འོད་དཔག་མེད་ཀུན་རྟོག་ཡེ་ཤེས་ཀྱི་མིང་ལ། བདེ་ཆེན་རྒྱལ་པᨖ། ཁམས་གསུམ་ཡོངས་གྲᨖལ། མ་བསམ་ཆོས་ཉིད། ཅིར་སྣང་ཡེ་ཤེས། ལྷུན་མཉམ་བདེ་ཆེན། པདྨ་ཀློང་ཆེན། ཀློང་གསལ་དྲི་མེད། བདེ་ཆེན་རང་བྱུང༌། ཐམས་ཅད་བབས་བདེ། གཞི་མེད་རང་གསལ། འགྲᨖ་བ་བྱང་ཆུབ། ཐམས་ཅད་ཆོས་ཉིད། འཁོར་འདས་ཡེ་གྲᨖལ། མ་སྤངས་ཡོངས་རྫོགས། རང་གསལ་བདེ་ཆེན། འོད་གསལ་ཀློང་རྒྱས། བྱང་ཆུབ་རང་བྱུང༌། མཁའ་མཉམ་བདེ་ཆེན། གཞི་རྩ་བྱང་ཆུབ། རང་བྱུང་ཆོས་ཉིད། ཡོད་མེད་མཐའ་བྲལ། ཡངས་དᨖག་གཉིས་མེད། ཆོས་སྐུ་རང་ལུགས། མི་དམིགས་ཕྱམ་གདལ་ལ་སᨖགས་པ་སྟེ་ཡེ་ཤེས་རང་གསལ་གྱི་མིང་རྣམས་གདགས་སᨖ། །བྱང་དུ་བབས་ན་བྱ་གྲུབ་ཡེ་ཤེས་ལས་ཀྱི་རིགས་དᨖན་ཡོད་གྲུབ་པ་ལས་བརྩམ་སྟེ། སྒོ་ལྔ་བྱ་བྲལ། ལྷུན་རྫོགས་ཆོས་སྐུ། རང་ཤར་རིས་མེད། འཛᨑན་མེད་རྒྱལ་པᨖ། མ་ལུས་ཡོངས་གྲᨖལ། ཀུན་མཉམ་ཡངས་པ། ལྷུན་མཉམ་ཡོངས་གྲᨖལ། ཕྱམ་གཅིག་སངས་རྒྱས། ཡེ་ནས་བྱར་མེད། བྱ་བཙལ་ཀུན་གྲᨖལ། ཁྱབ་གདལ་ཆོས་ཉིད། ཕྲིན་ལས་ལྷུན་གྲུབ། ཡོངས་རྫོགས་བྱང་ཆུབ། རང་གཞན་དᨖན་གྲུབ། མ་སྤངས་ཡོངས་རྫོགས། རྩོལ་སྒྲུབ་བྱར་མེད། ཆོས་སྐུ་རང་རྫོགས། ལྷུན་གྲུབ་འཛᨑན་མེད། ཡོངས་གྲᨖལ་ཆེན་པᨖ་ལ་སᨖགས་ཏེ་ཕྱོགས་ཡན་རེ་དᨖགས་དང་བྲལ་བའི་མིང་རྣམས་གདགས་སᨖ། །མཚམས་སུ་བབས་ན་ཕྱོགས་གཉིས་བསྲེས་པའམ། ཕྱོགས་དེ་གང་ཡིན་གདགས་སᨖ། ། མིང་གི་གནད་ཡིག་གསང་བ་སྣ་ཚᨖགས་རང་གྲᨖལ་གྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་རང་བྱུང་པདྨའི་གནས་སུ་བཀོད་པའོ། །དགེའོ།། །།