From Damngak Dzö
Revision as of 11:06, 2 June 2025 by Mort (talk | contribs)

DNZ-05-CA-001-007
Wylie title ' DNZ-05-CA-001.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 5', Text 1, Subtext 7, Pages ' (Folios ' to ')
Author ངོར་ཆེན་ཀུན་དགའ་བཟང་པོ་
Citation Ngor mkhan chen, 1st (Kun dga' bzang po). '. In Gdams ngag rin po che'i mdzod, Vol. 5: . Kalimpong: Rigpe Dorje Publications, 2024.
Side notes Recto: lam 'bras gces btus   Verso: sa skya'i skor
More details More details
Genre
Cycle གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ (gsung ngag rin po che lam 'bras bu dang bcas pa)
[edit]
༈ །གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཚིགས་བཅད་མ་རྒྱུད་གསུམ་ལམ་གྱི་རིམ་པའི་བསྡུས་དོན་བཞུགས་སོ༑ ༑རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ཀྱཻ་རྡོ་རྗེའི་རྒྱུད་གསུམ་གྱི་ལམ་གྱི་རིམ་པ་ལ་གསུམ་སྟེ། ལམ་རིམ་ལ་འཇུག་པའི་ཡན་ལག །ཡན་ལག་ཅན་གྱི་ལམ་རིམ། ལམ་རིམ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་ དཔལ་ལྡན། དང༌། མདོ་ བཤད་པར་དམ་བཅའོ། །གཉིས་པ་ལ་གཉིས། ཕར་ཕྱིན་ཐེག་པའི་ལམ་གྱིས་རྒྱུད་སྦྱངས་པ། སྦྱངས་ནས་རྡོ་རྗེ་ཐེག་པའི་ལམ་རིམ་དངོས་ལ་འཇུག་པའོ། །དང་པོ་ལ་གསུམ། སྤང་བྱ་འཁོར་བའི་ཉེས་དམིགས་བསམ་པ། བསྟེན་བྱ་ལམ་གྱི་རིམ་པ་བསྒོམ་པ། དེ་དག་གི་མཇུག་ ཕ་རོལ། བསྡུ་བའོ། །དང་པོ་ལ་གསུམ། སྡུག་བསྔལ་གྱི་སྡུག་བསྔལ་བསམ་པ། སྡུག་བསྔལ་གཞན་བསམ་པ། ངན་པའི་གྲོགས་སྤང་བ་ དེས་ན། བསྟན་པའོ། །དང་པོ་ལ་གཉིས། སྡུག་བསྔལ་གྱི་ སྡུག་བསྔལ། ངོ་བོ། དེའི་རྒྱུ་ མི་དགེའི་ སྤང་བར་བསྟན་པའོ། །གཉིས་པ་ མཐོ་རིས། ལ་གཉིས། མདོར་བསྟན། རྒྱས་པར་བཤད་པའོ༑ ༑འདི་ལ་གཉིས། དང་པོ་འགྱུར་བའི་སྡུག་བསྔལ་བསམ་པ། གཉིས་པ་འདུ་བྱེད་ཀྱི་སྡུག་བསྔལ་བསམ་པའོ། །གཉིས་པ་ལ་གསུམ། སྦྱོར་བ་སྐྱབས་སུ་ དཀོན་མཆོག་ འགྲོ་བའི་རིམ་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ། རྗེས་ཐུན་མཚམས་སུ་བྱ་བའི་རིམ་པའོ། །གཉིས་པ་ལ་གཉིས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ། དོན་དམ་བྱང་ཆུབ་ཀྱི་སེམས་ དོན་དམ་ བསྒོམ་པའོ། །གསུམ་པ་ལ་གཉིས། མི་རྟག་པ་ དེ་ལྟར་ བསྒོམ་པ། ཚོགས་བསགས་ བྱང་ཆུབ་ པའོ། །གཉིས་པ་རྡོ་རྗེ་ཐེག་པའི་ལམ་རིམ་དངོས་ལ་གསུམ། ལམ་གྱི་རྩ་བ་བླ་མ་བསྟེན་ཚུལ། བསྟེན་ནས་ལམ་གྱི་རིམ་པས་བློ་སྦྱང་བ། སྦྱངས་པའི་ལམ་གྱི་འབྲས་བུའོ། རྡོ་རྗེ། །དང་པོ་ལ་གསུམ།གང་གིས་ དེ་ཙམ་ སྟེན་པ་སློབ་མའི་མཚན་ཉིད། གང་བསྟེན་པ་བླ་མའི་ བླ་མ་ རང་བཞིན། དེས་དེ་ཇི་ལྟར་བསྟེན་པའི་ཚུལ་ལོ། །གཉིས་པ་ལ་གསུམ། དབང་གིས་སྨིན་པར་བྱ་བ། སྨིན་པས་རྒྱུད་སྦྱང་བ། སྦྱངས་ནས་ལམ་བསྒོམ་པའོ། །དང་པོ་ལ་གཉིས། ཆོ་ག་ དཀྱིལ་འཁོར། རྫོགས་པ་སྨིན་བྱེད་རྣམ་དག་ཏུ་བསྟན་པ། དེ་ལས་གཞན་པ་ བྱིན་རླབས་ སྨིན་བྱེད་དུ་མི་རུང་བར་བསྟན་པའོ། །གཉིས་པ་ལ་གཉིས། བསྲུང་བྱ་དམ་ཚིག་སྦྱང་བ། དེ་ནས་བསྟེན་བྱ་བཟླས་བརྗོད་ དེ་ལྟར་ ཀྱིས་རྒྱུད་སྦྱང་བའོ། །གསུམ་པ་ལ་བཞི། དངོས་པོ་ཐམས་ཅད་ལ་ཞེན་པ་སྤང་བ་ལྟ་བའི་ཁྲིད། རྟེན་དང་བརྟེན་པའི་རང་བཞིན་རིམ་གཉིས་ཀྱི་རྣལ་འབྱོར་རིམ་གཉིས་ལ་གནས་པས་དྲོད་ཐོབ་ནས་སྤྱོད་པ་བྱ་ཚུལ། སྤྱོད་པ་ལ་གནས་ པ་རྣམས་ པས་ཉེ་རྒྱུ་བསྒོམ་ཚུལ་ལོ། །དང་པོ་ལ་གསུམ། དེ་ནས། སྣང་བ་སེམས་སུ། སེམས་ སེམས་དེ་ སྒྱུ་མར། སྒྱུ་མ་རང་བཞིན་མེད་པར་བསྒྲུབ་པའོ། །འདི་ལ་གཉིས། སྒྱུ་མ་ རྟེན་འབྲེལ་དུ་དང༌། བརྗོད་ བརྗོད་ བྲལ་དུ་བསྒྲུབ་པའོ། །གཉིས་པ་ལ་གཉིས། དེ་ནས་ རིམ་གཉིས་སྤྱིའི་རྣལ་འབྱོར། སོ་སོའི་རྣལ་འབྱོར་རོ། །འདི་ལ་གཉིས། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའི་རྣལ་འབྱོར་རོ། །དང་པོ་ལ་གཉིས། བསྐྱེད་པའི་ མདོར་བསྟན། རྒྱས་པར་བཤད་པའོ། །འདི་ལ་གཉིས། ལས་དང་པོ་བས་ དང་པོ་ བསྒོམ་བྱའི་བསྐྱེད་རིམ། བརྟན་པ་ཐོབ་པས་ གཉིས་པ་ བསྒོམ་བྱའི་བསྐྱེད་རིམ་མོ། །གཉིས་པ་ལ་གསུམ། སྔོན་འགྲོ་སྒོ་གསུམ་ རྫོགས་ སྦྱོང་བ། དངོས་གཞིའི་ལམ་སྦྱང་བ། རྗེས་ལྟ་བ་བསྐྱང་བའོ། །གཉིས་པ་ལ་གཉིས། ལམ་གྱི་དངོས་གཞི། དེ་དག་གི་ཡན་ལག་ དེ་ལྟར་ གོ །དང་པོ་ལ་གཉིས། རང་བྱིན་རླབས། ལས་ དཀྱིལ་འཁོར་འཁོར་ལོའོ། །དང་པོ་ལ་གཉིས། དེ་ནས་ ཁྱབ་བྱེད་ཀྱི་མན་ངག །ཁྱབ་བྱའི་མན་ངག་ རང་བྱིན་ གོ །གསུམ་པ་ལ་གཉིས། ཉམས་ མདོར་བསྟན་པ། རྒྱས་པར་བཤད་པའོ། །འདི་ལ་གཉིས། རང་ལུགས་ རང་སེམས་ བཞག་པ། གཞན་ལུགས་ འགའ་ དགག་པའོ། །བཞི་པ་ལ་གཉིས། དེ་ལྟར་ དེ་ལྟར་ སྤྱོད་པའི་སྔོན་དུ་དྲོད་ཐོབ་ སྤྱོད་པ་ ནས་སྤྱོད་པར་བྱ་བའོ། །གསུམ་པ་ལ་དྲུག །དགེ་བསྙེན། གང་དག་གང་གིས། དགོས་ རྒྱས་མིན་ པ་ཅིའི་ཕྱིར། གནས་ ས་སྐྱར་ གང་དུ། ཚུལ་ སྙིང་པོ་ ཇི་ལྟར། ཚིག་ གྲངས་དུ་ཞིག་བརྩམས་པ། ལེགས་པར། རྩོམ་པའི་དགེ་བ་བསྔོ་བའོ། །རྒྱུད་གསུམ་གྱི་ལམ་གྱི་རིམ་པའི་བསྡུས་དོན་ཤཱཀྱའི་དགེ་སློང་ཀུན་དགའ་བཟང་པོས་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་རྣམས་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།