DNZ-03-GA-007
DNZ-03-GA-007
༄༅། །བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་ཐོག་མར་བློ་སྦྱོང་བ་ཆོས་ཀྱི་སྒོ་འབྱེད་ཅེས་བྱ་བ་བཞུགས་སᨖ། ། ན་མᨖ་གུ་རུ་བུདྡྷ་བᨖ་དྡྷི་ས་ཏྭ་ས་པཱ་རི་ཝཱ་རེ་བྷྱཿ བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་འཁᨖར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཧི་ཏ་སུ་ཁཤྩཱ་ཀ་ར་བུདྡྷ་དེ་ཤ་ཝརྡྷ་ནི། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་འཕེལ་ཞིང༌། པྲ་ས་ར་ཧུ་ཀུ་རུ་མཱཾ། རབ་ཏུ་རྒྱས་པར་མཛད་དུ་གསᨖལ། སརྦ་སཏྭ་ཉྩ་མ་ཧཱ་སུ་ཁ་སུ་ཁི་ཀ་ར་ཀུ་རུ་མཱཾ། སེམས་ཅན་ཐམས་ཅད་བདེ་བ་ཆེན་པᨖས་སྐྱིད་པ་འབྱུང་བར་མཛད་དུ་གསᨖལ། ཨ་དྡྷི་ཏིཥྛ་ཏུ་མཱཾ། བྱིན་གྱིས་བརླབ་ཏུ་གསᨖལ་ལོ། །བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་ཐོག་མར་བློ་སྦྱོང་བ་ཆོས་ཀྱི་སྒོ་འབྱེད་ཅེས་བྱ་བ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་དབྱེར་མ་མཆིས་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འཇིག་རྟེན་མེས་པᨖ་མིག་སྟོང་ལྡན་པ་སᨖགས། །ཁམས་གསུམ་གཙོ་བᨖས་ཞབས་པད་གུས་བརྟེན་པས། །དགེ་ལེགས་ཀུན་ཐོབ་བླ་མ་ལྷར་བཅས་ལ། །གུས་པས་བཏུད་དེ་དམ་ཆོས་དོན་གཉེར་ཅན། ། སྙིང་ནས་ཆོས་སྒྲུབ་རྣམས་ལ་བརྩེ་བ་ཡིས། །དམ་ཆོས་སྒྲུབ་ཚུལ་མདོ་དང་བསྟན་བཅོས་དང༌། །བླ་མ་རྣམས་ཀྱི་གདམས་པས་རབ་བརྒྱན་ཏེ། །མཁས་པའི་ཡིད་འཕྲོག་གདམས་པ་བསྟན་པར་བྱ། །གུས་པས་བཏུད་དེ་རྩེ་གཅིག་ཡིད་ཀྱིས་ཉོན། །སྐྱེས་རབས་སུ། ཤིང་རྟ་དག་གིས་གང་དུ་ས་ལ་ལམ་དྲངས་པ། །དེ་བཞིན་གཞན་དང་གཞན་ཡང་ལམ་དེར་བསྐུལ་ཏེ་འདོང༌། །དེ་ལྟར་ཐོག་མའི་ལམ་ནི་བདེ་བ་འདི་བᨖར་ནས། །ཡང་དག་མ་ཡིན་ལམ་དུ་འཇུག་པར་བདག་མི་དགའ། །ཞེས་འོག་ནས་འཆད་པའི་ཐེག་པ་ཆེན་པᨖའི་ལམ་ལ་བློ་སྦྱོང་བ་འདི་མེད་ན། གཞན་གང་ལ་ཡང་དགའ་བའི་གནས་མེད་པས་ཐོག་མར་བློ་སྦྱོང་ཚུལ་འདི་མེད་མི་རུང་དུ་གལ་ཆེ་བ་གསུངས་པ་ལྟར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསུངས། ལུང་རིག་མངོན་སུམ་ཐམས་ཅད་ཀྱིས་གྲུབ་པ་འདི་ཉིད་བཤད་པར་བྱ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བᨖ་བླ་མ་རིན་པᨖ་ཆེའི་ཞལ་ནས། དལ་འབྱོར་གྱི་མི་ལུས་རིན་པᨖ་ཆེ་ཐོབ་པའི་དུས་འདིར་སྙིང་པᨖ་ཅི་ལོན་ཅིག་བྱ་དགོས། དེ་ལ་ཡང་ངེད་རང་གི་མནོ་ བསམ་དང་ཕྱུགས་ཀྱི་མནོ་བསམ་ལ་ཁྱད་པར་ཅི་འདུག་ལྟ་དགོས་པ་ཡིན། ཕྱུགས་ལའང་མ་འཁྱགས་པ་དང༌། མ་ལྟོགས་པ། སྐྱིད་པ་ཞིག་བྱེད་དགོས་སྙམ་པའི་བསམ་མནོ་བཏང་བ་ཡོད། ངེད་རང་ལའང་དེ་ལས་མེད་ན། ཕྱུགས་དང་ཁྱད་པར་མ་བྱུང་བ་ཡིན་པས། སྙིང་པᨖ་ལེན་པ་གལ་ཆེ་གསུངས། དེ་ལ་སྙིང་པᨖ་ལེན་པ་ལ་ཐོག་མར་ཚེ་འདི་ལ་མ་ཆགས་པ་ཞིག་དགོས་ཏེ། གསང་བ་སྤྱི་རྒྱུད་ལས། འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁᨖར་འཇུག་བྱ་ཡི། །ཚེ་འདིའི་ རྙེད་བསྐུར་དང་སྙན་གྲགས་ལ་སᨖགས་པའི་བདེ་སྐྱིད་ཀྱི་ འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་གསུངས། ཇོ་ ཇོ་བᨖ་རྗེ་ནི་ བᨖ་རྗེ་ལྷ་ཅིག་སྐྱེས་བུ་དམ་པ་དེ་སྐུ་འདའ་ཁར་རྣལ་འབྱོར་པ་ཆགས་ཁྲི་མཆོག་གིས། ཇོ་བᨖ་གཤེགས་པ་ན། བདག་གིས་སྒོམ་པར་ཞུ་ཞུས་པས༑ བྱ་བ་ངན་པ་ཡིན་བᨖར་ལ་ཐོང་གསུངས། གནས་ལྔ་རིག་པའི་པཎ་ཆེན། ཏིང་ངེ་འཛᨑན་དང༌། མངོན་ཤེས་རྫུ་འཕྲུལ་བརྙེས། ཡི་དམ་མང་པᨖས་རྗེས་སུ་བཟུང་བ་སᨖགས་ཡོན་ཏན་བརྗོད་ཀྱིས་མི་ལང༌། རྒྱ་བᨖད་བལ་གསུམ་ན་གཙུག་ལག་ཁང་མང་དུ་བཞེངས། བསྟན་པ་རྒྱས་པར་མཛད། བᨖད་དུ་ལོ་བཅུ་བདུན་བཞུགས། ཡོངས་རྫོགས་བདུན་ཅུ་དོན་གསུམ་བཞུགས་སᨖ། །ཇོ་བᨖའི་བུ་ཆེན་རྒྱ་གར་པཎྜི་ཏ་སའི་སྙིང་པᨖ། རྒྱལ་པོ་ན་ཡབ་ལ་སᨖགས་མང༌། བᨖད་ན་ཁུ་རྔོག་འབྲོམ་གསུམ་དགོན་པ་བ་དང་བཞི། རྣལ་འབྱོར་པ་བྱང་ཆུབ་རིན་ཆེན། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། རྣལ་འབྱོར་པ་ ཆག་ཁྲི་མཆོག །རྣལ་འབྱོར་པ་ཕྱག་དར་སྟོན་པ་སྟེ་བཞི། དགོན་པ་བ་དང་བྱང་ཆུབ་རིན་ཆེན་གཉིས་ཀྱིས་རྭ་སྦྲེང་གི་གདན་ས་མཛད། གཞན་ཡང༌། ལྷ་བླ་མ་བྱང་ཆུབ་འོད། ལོ་ཆེན་རིན་བཟང༌། རྒྱ་བརྩོན་སེང༌། ནག་ཚᨖ་བ། རྨ་ལོ་ཙཱ་བ་དགེ་བློ། ཞང་ཡེར་པ་བ། རིན་ཆེན་བླ་མ་སᨖགས་མང་ངོ༌། །དེ་རྣམས་ཀྱི་ཡོན་ཏན་མཐའ་ཡས་པ་རང་གི་རྣམ་ཐར་ན་གསལ། རམ་སྡིང་མ་བའི་རྣམ་ཐར་སᨖགས་ལས། ཇོ་བᨖ་དང་པᨖ་ཏོ་བ། རམ་སྡིང་མ་བ་ཡང་སྤྲུལ་པ་ཉིད་དུ་གསུངས། མདོ་སྡེ་རྣམས་ལས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་བསམ་ལས་འདས་པ་འོངས་པར་གསུངས། སྐུའི་ཡོན་ཏན་མཐའ་ཡས་སྤྲུལ་སྐུ་ཞིག་ཀྱང་ཡིན་ཏེ་འོང༌། དེ་མིན་ན་སྤྲུལ་སྐུ་མི་སྲིད་པར་འགྱུར་རོ། །འོ་ན་འཆད་པར་ཞུ་ཞུས་པས་ཀྱང་དེ་སྐད་གསུངས། འོ་ན་རེས་བཤད་རེས་སྒོམ་མམ་ཞུས་པས་ཀྱང་དེ་སྐད་གསུངས། འོ་ན་ཅི་བགྱི་ཞུས་པས། ཚེ་འདི་བློས་ཐོང་གསུངས། ཁᨖང་གིས་དེ་ཐུགས་ལ་བཞག་ནས། རྭ་སྒྲེང་གི་ཤུག་གསེབ་ན་ཕར་རི་དྭགས་རྣམས་དང་ཁྱད་པར་མེད་པར་བཞུགས་ནས་མི་སུ་གང་དང་ཡང་གདོང་འཕྲད་པ་ཙམ་ཡང་མ་མཛད་པར་སྐུ་ཚེ་འདའ་རུ་བཅུག་སྐད། འདི་མི་ལའི་སྐུ་སྐྱེ་སྔོན་མ་ཡིན་པར་རྒོད་ཚང་པའི་རྣམ་ཐར་ལས་གསུངས། བཙུན་པ་གཅིག་གིས། དགོན་པར་བསྐོར་བ་བྱས་པས། སྟོན་པ་རིན་པᨖ་ཆེའི་ཞལ་ནས། ཇོ་བᨖ་བསྐོར་བ་བྱེད་པའང་གློ་བ་དགའ་སྟེ། དེ་བས་ཀྱང་ཆོས་ཤིག་རང་བྱས་ན་དགའ་གསུངས། ཁᨖའི་བསམ་པ་ལ། ཕྱག་ཅིག་བྱས་ན་དགའ་བ་ཡིན་ནམ་སྙམ་ནས་བྱས་པས་ཀྱང་དེ་སྐད་གསུངས། དེ་བཞིན་དུ་ཁ་ཏོན་དང་བསྒོམ་བྱས་པས་ཀྱང་དེ་སྐད་གསུངས། འོ་ན་ཅི་བགྱི་ལགས་ཞུས་པས། ཚེ་འདི་བློས་ཐོང་ཞིག་ལན་གསུམ་གསུངས། སྟོན་པ་རིན་པᨖ་ཆེ་འདི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཐུགས་ཀྱིས་སྤངས་ནས་ཡོད་པ་ལ། རོང་དུ་གསེར་མདུན་ལ་སྤྱན་དྲངས་པས། དཔལ་གྱི་དབང་ཕྱུག་བྱ་བ་ལ་བᨖད་པར་མཛད་ནས། ད་ལན་འདི་ལ་ཁྱོད་སᨖང་དང༌། ངས་འཇིག་རྟེན་བློས་གཏོང་བློ་བྱས་པས་མི་ཡོང་བར་འདུག་གསུངས་ནས། ན་བཟའ་རེ་རལ་རྙིང་པ་ཞིག་གསᨖལ། རེས་བེམ་ཞིག་གསᨖལ། ཕྲག་པ་གཉིས་ཕུད། ཕུ་ཐུང་གཉིས་ཕྲག་པ་གཡས་གཡོན་ལ་བཀལ་ནས། རེས་འགའ་ཤུག་གསེབ་ན་ཕར་གཤེགས། རེས་འགའ་སྦ་འཁར་གཅིག་ཡོད་པ་ལ་ཨོམ་ཚུགས་མཛད་ནས། སློབ་དཔᨖན་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་ལས་གསུངས་པའི། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། །བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པᨖ། །བདག་གི་ཡིད་ཡུལ་མིན་པར་འགོ་སྙོམས་མཛོད། །ཅེས་དང༌། རེས་འགའ། བདག་ནི་གྲᨖལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །ཞེས་པ་དེ་ཚང་བ་རེ། རེས་མགོ་འབུད་ཙམ་རེ། རེས་ཕྱེད་ཙམ་རེ་གསུང་གིན་ལྡོག་ལྡོག་བཞུགས། ཁᨖང་ལ་དེ་དགོས་ཤད་མི་གདའ་སྟེ་རྗེས་འཇུག་ལ་སློབ་པ་ཡིན་གསུངས། སྤྱན་སྔ་བ་ཡང་ཚᨑགས་བཅད་དེ་གསུང་གིན་ཆོས་བརྒྱད་འགོ་སྙོམས། དེས་ན་ཚེ་འདི་བདེ་ན་དགའ། སྡུག་ན་མི་དགའ་བ་ལ་སᨖགས་ཀྱི་རྣམ་གཞག་དང༌། བྱ་བྱེད་ཐམས་ཅད་དུག་བཞིན་དུ་སྤང་བར་བྱ་སྟེ། དེའི་རྒྱུ་མཚན་ཡང༌། ལས་དགེ་མི་དགེ་ནི་སེམས་ཁᨖ་ནའི་བྱེད་ལས་ཡིན། ལུས་ངག་གི་ལས་ཙམ་པᨖ་ལུང་མ་བསྟན་ཡིན་པས། དེའི་ཚེ་ཚེ་འདིའི་བདེ་སྐྱིད་དང༌། སྙན་གྲགས་དང༌། རྙེད་བསྐུར་འདོད་པ་དང༌། སྡུག་བསྔལ་དང་མི་སྙན་པ་དང༌། རྙེད་བསྐུར་མ་བྱུང་བ་མི་འདོད་པས། བྱ་བྱེད་ཐམས་ཅད་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཀུན་ནས་བསླངས་ཏེ་བྱས་པ་ཡིན་པས། ལས་མི་དགེ་བ་ཤས་ཆེ་ལ། དེ་ལྟར་ན་དེས་ཀུན་ནས་བསླངས་པའི་སᨖ་ནམ་དང༌། ཚᨖང་དང་བུན་སྐྱེད་དང༌། འཐབ་རྩོད་དགྲ་འདུལ་གཉེན་སྐྱོང་དང༌། ཐོས་བསམ་སྒོམ་སྒྲུབ་སᨖགས་ཀྱི་བྱས་པ་ཐམས་ཅད་འཁᨖར་བ་དང་ངན་སᨖང་གི་རྒྱུ་ཁᨖ་ནར་འགྱུར་བས་སᨖ། །དེ་ལྟར་ཡང་ཆེད་དུ་བརྗོད་པའི་ཚᨖམས་ལས། ཆོས་ཀྱི་སྔོན་དུ་ཡིད་འགྲᨖ་སྟེ། །ཡིད་མགྱོགས་ཡིད་ནི་གཙོ་བᨖ་ཡིན། །ཇི་ལྟར་ཡིད་རབ་གདུག་པ་ཡིས། །སྨྲས་སམ་ཡང་ན་བྱས་ཀྱང་རུང༌། །དེ་ཡིས་དེ་ནི་སྡུག་བསྔལ་ཐོབ། །འཁᨖར་ལོས་མགོ་བᨖ་བཅད་པ་བཞིན། །ཇི་ལྟར་ཡིད་རབ་དྭང་བ་ཡིས། །སྨྲས་སམ་ཡང་ན་བྱས་ཀྱང་རུང༌། །དེ་ཡིས་དེ་ནི་བདེ་བ་ཐོབ། །གྲིབ་མ་རྗེས་སུ་འབྲང་བ་བཞིན། །ཞེས་ཡིད་གདུག་པ་དུག་གསུམ་གྱིས་བྱས་པས་སྡུག་བསྔལ་འབྱུང་སྟེ། སྤྲང་པᨖ་གཉིས་ལས་གཅིག་གིས་དགེ་འདུན་འདི་རྣམས་ཀྱི་རྐེ་འཁᨖར་ལོས་གཅད་པར་བྱ་བ་ཞིག་ན་ཞེས་ཁྲོས་ཏེ་སྨྲས་པས། རིང་པᨖར་མ་ཐོགས་པར་ལམ་གྱི་འགྲམ་དུ་ཉལ་བར་ཤིང་རྟའི་འཁᨖར་ལོས་མགོ་བᨖ་བཅད། གཅིག་པᨖ་དེས་དགེ་འདུན་ལ་སེམས་དྭང་བས། འདི་རྣམས་ལྷ་ཡི་བདུད་རྩིས་མཆོད་དུ་ཡོད་ན་ཨ་བྱས་པས་བསᨖད་ནམས་ཆེན་པᨖ་སྐྱེས་ནས། སྔ་དྲᨖ་ཉལ་བའི་ཤིང་གྲིབ་ཀྱིས་ཕྱི་དྲᨖའང་མ་བཏང་བས་ཚᨖང་དཔᨖན་ཆེན་པᨖའི་རྒྱལ་ཚབ་ཏུ་དབང་བསྐུར་བ་བཞིན་ནོ། །ཞེས་གསུངས་པས་སᨖ། །གཞན་ཡང་སྤྱིར་བསམས་གཞིགས་ནས་སྲོག་གཅོད་པ་ནི་ཕལ་ཆེར་ལ་སྡིག་པ་ཡིན་ཡང་དེད་དཔᨖན་སྙིང་རྗེ་ཆེན་པᨖས་མི་བསད་པ། སྙིང་རྗེ་ཆེན་པᨖས་ཀུན་ནས་བསླངས་པས་སྡིག་ཏུ་མ་སᨖང་བའི་ཁར་ཚᨖགས་རྫོགས་པའི་ཐབས་ཁྱད་པར་ཅན་དུ་སᨖང་བ་ལ་སᨖགས་པ་ཆོས་ལས་མང་དུ་གསུངས་ཤིང་འཇིག་རྟེན་ནའང་བལྟས་ན་ཤེས་པར་སྣང་སྟེ། བརྙས་ཐབས་ཀྱིས་བཟའ་བཏུང་སᨖགས་བྱིན་ན་ནི་དགའ་བ་མེད་པའི་ཁར་མི་དགའ་བ་འོང་བར་སྣང༌། དད་གུས་སམ་སྙིང་རྗེ་སᨖགས་ཀྱིས་བྱིན་ན་ནི་དགའ་ཚᨖར་གཞན་བས་ཆེ་བ་བྱེད་པར་སྣང་བ་དེ་ཡིན། དེས་ན་ཐམས་ཅད་སེམས་ཀྱི་ཁྱད་དུ་སྣང་བས༑ ཚེ་འདིའི་བདེ་སྐྱིད་ལ་འདོད་པ་མ་སྐྱེས་པ་དང༌། སྐྱེས་ན་ཡང་འབད་པས་སྤོང་བ་ཞིག་གལ་ཆེ་བ་དེར་གདའ། ཇོ་བᨖའི་ཞལ་ནས་ཀྱང༌། རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མའང་དུག །རྩ་བ་སྨན་ཡིན་ན་ཡལ་ག་དང་ལོ་མའང་སྨན་དུ་ཡོང་བ་བཞིན་དུ། རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་ལ་ཅི་བྱས་མི་དགེ་བ་ཡིན་གསུངས། དགེ་བཤེས་སྟོན་པས། སྟོན་པ་རིན་པᨖ་ཆེ། བྱང་ན་ཏར་རམ་རྩ་སྐྱེར་སྐུ་འཁྲུངས། ༈ ཇོ་བᨖ་རྗེ་ལོ་ངོ་བཅོ་བརྒྱད་བསྟེན། སྒྲོལ་མས་སྐྱེས་བུ་དམ་པ་བསྟན་པ་འཛᨑན་པར་ལུང་བསྟན། ལུང་རྟོགས་ཏིང་ངེ་འཛᨑན་ཡི་དམ་ཞལ་གཟིགས་མཐའ་ཡས་ཤིང་བླ་མས་ས་བཙན་སᨖགས་ལས་སྡེ་སྣོད་ཐུགས་སྦྱོང་རྒྱ་ཆེར་མཛད། རྭ་སྒྲེང་བཏབ། སྐུ་མཆེད་གསུམ་སᨖགས་བུ་ཆེན་མང་དུ་བྱོན། བཀའ་གདམས་བྱིངས་ཁᨖག་ལས་མཆེད་རྭ་སྒྲེང་བཏབ་ནས་ལོ་བདུན་བཞུགས། ཁྱོན་དགུང་ལོ་རེ་གཅིག་བཞུགས་སᨖ། །ཨ་ཏི་ཤ་ལ་ཚེ་འདིའི་བདེ་སྐྱིད་དང་རྙེད་བཀུར་སᨖགས་འདོད་ནས་ལས་བྱས་པ་རྣམས་ལ་འབྲས་བུ་ཅི་མཆིས་ཞུས་པས། འབྲས་བུ་དེ་ཁᨖ་ན་ཉིད་མཆིས་གསུངས། ཚེ་ཕྱི་མ་ལ་ཅི་མཆིས་ཞུས་པས། དམྱལ་བ་མཆི། ཡི་དྭགས་མཆི། དུད་འགྲᨖ་མཆི་གསུངས། དགེ་བཤེས་དགོན་པ་བའི་ བུ་ཆེན་བཞིའི་ཡ་གྱལ། མཚན་དབང་ཕྱུག་རྒྱལ་མཚན། འཁྲུངས་ཡུལ་ཁམས་རུས་འཛོངས་ཡིན། དགུང་ལོ་བདུན་ཅུ་ཉེ། ཏིང་ངེ་འཛᨑན་དང་རྫུ་འཕྲུལ་དང༌། མངོན་ཤེས་སᨖགས་ཡོན་ཏན་མཐའ་ཡས། རྭ་སྒྲེང་གི་གདན་ས་མཛད། བུ་ཆེན་དགོན་པ་བའི་བུ་བཞི་ནི། བླ་མ་སྣེ་ཟུར་པ། འབྲེ་ཀོ་དེ་ལུང་པ། སྙན་སྣ་མᨖ་བ་དང་བཞིའོ། །གཞན་ཡང་ཁ་རག་སྒོམ་ཆུང་སᨖགས་མང་ངོ༌། །ཞལ་ནས། ཆོས་བརྒྱད་ཀྱི་བསམ་པས་བྱས་པ་རྣམས་ལ་འབྲས་བུ་འདོད་པ་བཞི་ནི་རྙེད་བཀུར་དང་གཅིག །སྙན་གྲགས་དང་གཉིས། བསྟོད་པ་དང་གསུམ། བདེ་སྐྱིད་དང་བཞིའོ། །བྱུང་ན། ཚེ་འདི་ལ་འབྲས་བུ་དེ་རང་ཡིན། ཕྱི་མར་ཕན་པ་མེད། མི་འདོད་པ་བཞི་ ནི་དེ་ལས་ལྡོག་ཕྱོགས་བཞིའོ། །བྱུང་ན༑ ཚེ་འདི་རང་ལའང་ཕན་པ་མེད་གསུངས། སློབ་དཔᨖན་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་ དགེ་བའོ། །ཞེས་དང་མདོ་ དཀོན་མཆོག་སྤྲིན། ལས། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་སེམས་ནི་མི་མཐོང་ངོ༌། །དགེ་བའམ་འོན་ཏེ་སྡིག་ཀྱང་རུང༌། །ལས་ནི་སེམས་ཀྱིས་གསᨖག་པར་བྱེད། །ཅེས་དང་། སྤྱོད་འཇུག་ལས། སྟག་དང་སེང་གེ་གླང་ཆེན་དྲེད། །སྦྲུལ་དང་དགྲ་རྣམས་ཐམས་ཅད་དང༌། །སེམས་ཅན་དམྱལ་བའི་སྲུང་མ་དང༌། །བྱད་མ་དེ་བཞིན་སྲིན་པᨖ་རྣམས། །སེམས་ནི་གཅིག་པུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །སེམས་ནི་གཅིག་པུ་བཏུལ་བ་ཡིས། །དེ་དག་ཐམས་ཅད་བཏུལ་བར་འགྱུར། །གང་གི་ཆོས་ཀྱི་གཙོ་བᨖ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང༌། །དེ་དག་དོན་མེད་གྱི་ནར་འཁྱམས། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པᨖས་ཅི་ཞིག་བྱ། །ཞེས་གསུངས། །དེས་ན་ལས་གང་བྱེད་ཀྱང་ཀུན་སློང་ལ་བརྟག་པ་གལ་ཆེ་སྟེ། ཚེ་འདིའི་བདེ་སྐྱིད་སྙན་གསུམ་འདོད་ནས་ལས་སᨖ་ནམ་ནས་སྒོམ་སྒྲུབ་ཀྱི་བར་བྱེད་པ་ནི་ཚེ་འདིའི་གང་ཟག་ཅེས་བྱ་བ་དུད་འགྲᨖ་དང་ཁྱད་མེད། ཚེ་ཕྱི་མར་ལྷ་མི་སᨖགས་འདོད་ནས་ཆོས་སམ་འཇིག་རྟེན་བྱེད་པ་ནི་སྐྱེས་བུ་ཆུང་ངུ་ཞེས་པ་ཡིན༑ དེས་ལས་བྱས་པ་ཐམས་ཅད་ཀྱང་འཁᨖར་བའི་རྒྱུ་ཁᨖ་ན་ཡིན། རང་ཉིད་འཁᨖར་བ་ལས་ཐར་བར་འདོད། འཁᨖར་བའི་བྱ་བ་ཐམས་ཅད་ལས་ཡིད་འབྱུང་འཇིགས་ཤིང་སྐྲག་ནས་ཆོས་བྱེད་པ་ནི་ལས་དགེ་བ་འཁᨖར་བ་ལས་ཐར་བའི་རྒྱུ་ཁᨖ་ན་ཡིན། དེ་ལ་སྐྱེས་བུ་འབྲིང་ཞེས་བྱ། རང་ཐར་པ་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ཐར་བར་བྱ་བའི་ཕྱིར་བྱས་པ་ཐམས་ཅད་ནི་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཡིན། དེ་ལ་སྐྱེས་བུ་ཆེན་པᨖའམ་སྐྱེས་བུ་མཆོག་ཅེས་པ་ཡིན་པས། སྐྱེས་བུ་ཆེ་ཆུང་འབྲིང་གསུམ་ཡང་སེམས་ཁᨖ་ན་ལ་འཇོག་པས། སེམས་ལ་སྤང་བླངས་བྱ་ཞིང༌། དང་པᨖ་ཐོག་མར་ཚེ་འདིའི་སྐྱིད་འདོད་ཐམས་ཅད་སྤངས་ནས། ཚེ་བློས་གཏོང་བ་ཞིག་ཆོས་པ་ཐམས་ཅད་ཀྱིས་ཐོག་མར་བྱ་དགོས་སᨖ། །འདི་མ་སྤངས་པར་ཆོས་པའི་མིང་རང་ཡོང་དོན་མེད་དེ། སྔར་བཤད་པ་ལྟར་ཚེ་འདིའི་སྐྱིད་འདོད་ཀྱིས་ཅི་བྱས་ཕལ་ཆེར་ཆོས་མིན་ཁᨖ་ན་སྤྱོད་པར་འདུག་གི་ཆོས་སྤྱོད་པར་མི་འདུག་པས་སᨖ། །དཔེར་ན་རྟ་ལ་སེང་གེའི་མཚན་ཉིད་མེད་པས་སེང་གེ་ཞེས་མི་བརྗོད་པ་བཞིན་ནོ། །དེས་ན་ཚེ་བློས་བཏང་འདི་ཆོས་ཀྱི་འགོ་འཛུགས། ཆོས་ཀྱི་དང་པᨖ། ཆོས་པའི་འདུན་མ་བཤོམ་པའི་སྔ་ཤོས་ དང་པᨖ་ཡིན་ཏེ། རིག་པའི་དབང་ཕྱུག་གི་ རྒྱ་མ་བ་མཚན་བཀྲ་ཤིས་རྒྱལ་མཚན། དགྱེར་གྱི་གདུང་བརྒྱུད། གསང་ཕུའི་གླིང་སྨད། གླང་ཐང་དང་རྒྱ་མ་རིན་ཆེན་སྒང་རྣམས་ཀྱི་གདན་ས་མཛད། མཁས་བཙུན་བཟང་གསུམ། ཏིང་ངེ་འཛᨑན་དང་མངོན་ཤེས་དང་ཡོན་ཏན་མཐའ་ཡས་པར་གྲགས། གཡག་སྡེ་པཎ་ཆེན་སᨖགས་བུ་ཆེན་མང༌། ས་སྐྱའི་ཆོས་འཆད་ཀྱང་མཛད། དགུང་ལོ་རེ་གཉིས་བཞུགས་སᨖ། །ཞལ་ནས། ཆོས་ཀྱི་ཉམས་ལེན་སྣ་གཅིག་མ་གྲུབ་ཀྱང༌། །ཁྱོད་ཉིད་ཆོས་པར་རློམས་པར་ཀྱེ་མ་བླུན། །ཆོས་ཀྱི་དང་པᨖ་ཚེ་འདི་བློས་ཐོངས་པ། །རང་གི་རྒྱུད་ལ་འདུག་གམ་མི་འདུག་ལྟོས། །གསུངས། བླ་མ་ཡེ་དགོན་པའི་ འདིར་དབུར་སྟོད་ཀྱི་འོལ་སྣ་བཏབ། གཡག་སྡེ་པཎ་ཆེན་གྱི་བུ་ཆེན་ཡིན་ནོ། །ཞལ་ནས། ད་ཕ་ཡུལ་ལ་ཞེན་པའི་ཕྱི་ཐག་བསྟུངས། །གཉེན་ལ་གདོང་ཆུང་གི་ལྟག་པ་སྟོན། །ནོར་ལ་ཆོག་ཤེས་ཀྱི་གཉེན་པᨖ་བསྟེན། །འདི་བྱ་བཏང་གི་མདུན་གྲᨖས་དང་པᨖ་ཡིན། །གསུངས། དེས་ན་སྔར་ཆོས་བྱས་སམ་མ་བྱས། ད་ཆོས་ཡོང་ངམ་མི་ཡོང༌། རང་གི་ཕ་ཡུལ་དང་ཉེ་འབྲེལ་ཟས་ནོར་སᨖགས་ཚེ་འདིའི་ཕུན་ཚᨖགས་རྣམས་བློས་བཏང་ངམ་མ་བཏང་ལ་བརྟག་པར་བྱ་སྟེ། མར་པ་ལོཙྪའི་ཞལ་ནས། བུ་འཇིག་རྟེན་འདི་བློས་མ་ཐོངས་པར་ཚེ་འདིའི་བྱ་བ་དང་དམ་པའི་ཆོས་བསྲེས་ན། ཆོས་དེ་ཤོར་ཟིན་པ་དེ་རང་ཡིན། བུ་ཡིས་འཁᨖར་བའི་སྡུག་བསྔལ་སᨖམས། །འཁᨖར་བའི་རང་བཞིན་འདི་འདྲ་ཞེས། །བདག་གིས་ལྕེ་བརྒྱར་རབ་སྤྲུལ་ནས། །བསྐལ་པ་བྱེ་བ་བསམ་ཡས་སུ། །བཤད་ཀྱང་བརྗོད་ཀྱིས་མི་ལོང་བ། །ངས་བཤད་དམ་ཆོས་ཆུད་མ་གསᨖན། །ཞེས་རྗེ་བཙུན་མི་ལ་ཡུལ་དུ་འབྱོན་པའི་འགྲᨖ་ཆོས་སུ་གནང་བ་ཡིན་སྐད། རྗེ་བཙུན་གྱི་མཛད་པ་མཐའ་ཡས་པ་ནི་རྣམ་ཐར་ལས་གསལ། མཚན་དངོས་ཐོས་པ་དགའ་དང༌། རྡོ་རྗེ་རྒྱལ་མཚན། ཁ་བ་གུང་ཐང་བ། གྲུབ་པ་བརྙེས། དགུང་ལོ་བརྒྱད་ཅུ་རྩ་བཞི་བཞུགས། རྒྱལ་ཚབ་གཉིས་ནི། དྭགས་པᨖ་ལྷ་རྗེ་དང༌། རས་ཆུང་རྡོ་རྗེ་གྲགས་སᨖ། །བུ་ཆེན་བརྒྱུད་འཛᨑན་གཙོ་བᨖ་ནི་དྭགས་པᨖ་ལྷ་རྗེ། ཐུགས་སྲས་ལྔ་ནི། རས་ཆུང་རྡོ་རྗེ་གྲགས། གཉན་ཆུང་རས་པ། གཙན་ལུང་གི་ངན་རྫོང་སྟོན་པ། རྟ་མᨖའི་འབྲི་སྒོམ་རས་པ། མདོ་བཀྲ་སེ་བན་རས་པའོ། ། ཉེ་བའི་སྲས་བརྒྱད་ནི། རས་པ་ཞི་བ་འོད། རས་པ་སངས་རྒྱས་སྐྱབས། རས་པ་རྩ་ཕུག །རས་པ་རྡོ་རྗེ་དབང་ཕྱུག །གཤན་སྒོམ་རས་པ། རས་ཆུང་རས་པ། མཁར་ཆུ་རས་པ། གླན་སྒོམ་རས་པའོ། །ཕྱིའི་རས་པ་དྲུག་ནི། ལི་ཀར་ཆ་རུ་བ། ལོ་སྟོན་དགེ་འདུན། སྐྱོ་སྟོན་ཤཱཀ་གུ་ན། དམ་པ་རྒྱགས་ཕུ་བ། སེ་བེན་སྟོན་ཆུང༌། ལི་བར་བཀྲ་ཤིས་སᨖ། །མགུར་འདི་རས་པ་ཞི་བ་འོད་ལ་གདམས་པ་ལགས་སᨖ། །རྗེ་བཙུན་མི་ལས་ཀྱང༌། བུ་སྙིང་ནས་ལྷ་ཆོས་བྱ་སྙམ་ན། །དད་པ་གཏིང་ནས་སྐྱེས་པ་ན། །ཚེ་འདི་ལ་ཕྱི་མིག་མི་ལྟ་ན། །བདེན་པ་ང་ཕྱིར་འབྲང་བ་ན། །གཉེན་འདུན་བདུད་ཀྱི་གཤོལ་འདེབས་ཡིན། །བདེན་ནོ་མ་སྙམ་འཁྲི་བ་ཆོད། །ཟས་ནོར་བདུད་ཀྱི་སᨖ་པ་ཡིན། །འདྲིས་ཤིང་ངན་ནོ་འཛᨑན་ཆགས་སྤོངས། །འདོད་ཡོན་བདུད་ཀྱི་ཞགས་པ་ཡིན། །འཆིང་བར་ངེས་སᨖ་ཞེན་པ་ཐོངས། །གཞོན་གྲᨖགས་བདུད་ཀྱི་བུ་མᨖ་ཡིན། །བསླུ་བར་ངེས་སᨖ་ཁᨖང་ཟོན་གྱིས། །ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཐར་བར་དཀའ་ཡིས་མྱུར་དུ་བྲོས། །ལར་ཐམས་ཅད་བཞག་ནས་འགྲᨖ་དགོས་ན། །དུས་ད་ལྟ་བཞག་ན་དོན་ཅན་ལགས། །མི་ང་ཟེར་དེ་ཚᨖ་ཉན་སྤྱོད་ན། །བུ་ཁྱོད་ལ་ལྷ་ཆོས་ཀྱི་སྐལ་བ་ཡོད། །གསུངས། དྭགས་པᨖ་ལྷ་རྗེའི་ རྗེ་དྭགས་པᨖའི་མཚན་བསᨖད་ནམས་རིན་ཆེན། བཀའ་གདམས་པ་ལས་རབ་ཏུ་བྱུང༌། བླ་མ་བྱ་ཡུལ་བ་ཆེན་པᨖ། ལྕགས་རི་གོང་ཁ་བ། སྙུགས་རུམ་པ་སᨖགས་མང་དུ་བསྟེན། ཞག་བཅུ་ལྷག་འཁྱོངས་པའི་ཏིང་ངེ་འཛᨑན་བརྙེས། ཕྱིས་མི་ལ་དང་མཇལ། རིམ་གཉིས་ཀྱི་དབང་ཐོབ། རྫུ་འཕྲུལ་དང་མངོན་ཤེས་མཐའ་ཡས། དགོན་པ་སྒམ་པᨖ་བཏབ། བུ་ཆེན་རྗེ་ཕག་མᨖ་གྲུ་པ། རྒྱལ་ཚབ་དྭགས་པᨖ་སྒོམ་ཚུལ། གྲུབ་ཐོབ་དབུ་སེ། རྗེ་འབའ་རོམ་པ། གྲུབ་ཐོབ་རྣལ་འབྱོར་ཆོས་གཡུང་སᨖགས་མང་དུ་འབྱུང་ངོ༌། །ཞལ་ནས། སྣང་བ་མི་ངན་འདྲ་བས་རྟག་མི་ཐུབ། །སྒྱུ་ལུས་གཡར་པᨖ་འདྲ་བ་མྱུར་དུ་འཇིག །ནོར་རྫས་སྒྱུ་མའི་བསླུ་བྲིད་སྡུག་བསྔལ་རྒྱུ། །ཕ་ཡུལ་བདུད་ཀྱི་བཙོན་ར་འཆིང་བྱེད་མཁན། །སུ་དག་འདི་ལ་ཞེན་པ་འཁᨖར་བར་འཁᨖར། །འཁᨖར་བའི་ཁᨖང་སྙིང་བདག་འཛᨑན་རྩ་བ་ཆོད། །གསུངས། རིན་པᨖ་ཆེ་པᨖ་ཏོ་བའི་ པᨖ་ཏོ་བ། སྤྱན་སྔ་བ། ཕུ་ཆུང་བ་གསུམ་པᨖ་ལ་སྐུ་མཆེད་གསུམ། ཁམས་ལུང་པ་དང་བཞི་པᨖ་ལ་བཀའ་གདམས་ཞལ་བཞི། དགེ་བཤེས་སྟོན་པའི་སློབ་མ་པᨖ་ཏོ་བ་ཡོན་ཏན་མཐའ་ཡས། པུ་ཏི་བྱུང་བཤད་མཛད། འཕགས་པའི་གནས་བརྟན་གྱི་སྤྲུལ་པར་གྲགས། དགུང་ལོ་དོན་དགུ་བཞུགས། གྲྭ་པ་ཉིས་སྟོང་ཕལ་ཆེར་ཚེ་བློས་བཏང༌། བུ་ཆེན་ཉི་ཟླ་ལྟ་བུ་གཉིས། སྨིན་དྲུག་ལྟ་བུ་དྲུག །དང་པᨖ་གཉིས་གླང་ཐང་པ་དང་ཤ་ར་བ་གཉིས། དྲུག་ནི་སྤྲུལ་སྐུ་རམ་སྡིང་མ་བ། སྣང་དྲེའུ་ལྷས་པ་གཉིས། གཉལ་ན་གཉལ་པ་ཆོས་འབར་དང༌། བུན་པ་ལྷ་རྗེ་གཉིས། ལོ་ན་བནྡྷེ་ཙན་ཆུང་བ་དང༌། རོག་དམར་ཞུར་བ་གཉིས། གསུང་བགྲᨖས་སྡེབས་པ་ལ་མཁས་པ་དཔེ་ཆོས་མཛད་པ་སᨖ་གྲབ་པ་དང་བྲག་དཀར་བ་གཉིས་ཏེ་བཅུའོ། ། རོག་དམར་ཞུར་བ་དང༌། བྱང་སེམས་ཡང་གད་པ་གཅིག་པ་འདྲ། མཚན་ཤེས་རབ་རྒྱ་མཚᨖ། བེ་བུམ་སྔོན་པᨖ་སྡེབས་འདི་དང་དཔེ་ཆོས་གཉིས་དར་ཆེ་བར་བྱུང༌། ཞལ་ནས། ཤི་སྦར་རྟོད་ཕུར་ཆུ་རྡུགས་ཁྱེར། །གཡག་རྨེད་ཨི་ཀ་ཀོ་རློན་གཏུམས། །གཞུ་འབང་རྒྱང་མདའ་ཁས་བརྒྱ་སྨྲ། །ཞེས་པ། མི་འཆི་ཁ་མའི་སྦར་བར་ཁབ་སྐུད་ལྟ་བུ་ཚུད་ན་ཤི་ནས་འབྲལ་ཐབས་མེད། དེ་བཞིན་དུ་ཚེ་འདིའི་བདེ་སྐྱིད་ལ་ཤི་སྦར་འཐམས་པ་དེ་འབྲལ་ཐབས་མི་རྙེད། ཆོས་ཡོང་ས་མེད། བེའུ་རྟོད་ཕུར་ལ་བཏགས་པ་དེ་རང་གིས་མ་མཐོང་བ་དང་རྒྱུགས་པས། དང་པᨖ་ཐག་འདོམས་གང་ལ་བྲེང་གིས་འགྲᨖ། དེ་ནས་ཐག་པས་འཐེན་པ་དང་སྐོར་སྐོར་བྱས་པས། ཐག་པ་རིང་པᨖ་རྟོད་ཕུར་ལ་དཀྲིས་ནས་ཨོག་ཀོ་ཕུར་པ་ལ་བཀལ་སྡོད་པ་མིན་པ་འཁྱོགས་ཐབས་མེད་པའོ། །དེ་བཞིན་དུ་དང་པᨖ་ཆོས་ཤིག་བྱེད་སྙམ་རྒྱུགས་ཀྱང་ཚེ་འདིའི་ཟས་གོས་སᨖགས་ལ་ཞེན་པའི་རྟོད་ཕུར་མ་ཕྱིན་པས་སླར་འཁྱོགས་ཐབས་མེད་པ་རེ་ཡོང་བར་སྣང༌༑ དགེ་བཤེས་གསལ་ཤེས་ཟེར་བ་ཞིག་སྡེ་འཁྲུགས་བྱས་ནས་ཤི་བས། དགེ་བཤེས་སྟོན་པའི་ཞལ་ནས། ངའི་གསལ་ཤེས་ལོ་གསུམ་གྱི་གོང་དུ་ཤི་ན་སྡེ་སྣོད་གསུམ་པ་ཞིག་ཤི་བ་ཡིན་པ་ལ། ལོ་གསུམ་གྱིས་ཤི་བ་ཕྱིས་གསུངས། ཁᨖའི་རྟོད་ཕུར་དགོན་པ་དེས་བྱས། རྟོད་ཕུར་ཆེ་ཆུང་འབྲིང་གསུམ་པᨖ་འདི་སྤོང་ནུས་ན་ཆོས་མི་ཡོང་བའི་དོན་རང་མེད། རྩིད་བུ་སᨖ་རྙིས་ཟིན་པ་ལ་མཛོ་རྒོད་ཀྱིས་འུར་བྱས་པས་ཆོག །བ་ཐག་གི་ཐག་པ་ལ་རེའུ་རྒྱགས་ཐོགས་དོན་མེད་གསུངས། རྟ་ཕྱུགས་སᨖགས་ཆུ་ལ་སྒྲོལ་བ་ལ་དང་པᨖ་ནས་ཚམ་ཚᨖམ་མེད་པ་ལ་མ་བཏང་ན། ཆུ་རྒྱུགས་ཁྱེར་ནས་འགྲᨖར་མི་ཉན་པར་ཕུལ་ཡང་ཚུར་ཕུལ་ཡོང༌། རྩིད་བུ་ཆུ་མི་འདོད་པ་ལ་ཁ་ཆུར་བཅུག་ཀྱང་འགོས་པ་ཚུན་ཆད་སྦུག་ཏུ་འོང༌། དེ་བཞིན་དུ་ཚེ་འདིའི་ཞེན་པ་བཙན་ཐབས་སུ་བཅད་ནས་ཆོས་ཤིག་མ་བྱས་ན། དེ་ནས་ཞེན་པ་མི་སྤོང་བར་ཕར་བསྐུལ་ཡང་ཚུར་སྨྲ་རུ་འོང༌། སྔར་བསླབས་པ་ཚུན་ཆད་ཀྱང་མེད་པར་བྱེད་གསུངས། གཡག་རྨེད་དེ་དམ་ན་རྨ་འཆོས། ཁལ་མི་བརྟན། དེ་བཞིན་དུ་ཚེ་འདི་ལ་གློད་མ་ཐོན་པས་རང་གཞན་ཡོ་སྡུག་ལ་སྦྱོར་ཚེ་འདི་ལ་ལྷོད་ཤེས་པ་ཞིག་བྱུང་ན་ཡོངས་ཏེ་ཉན་དུ་མི་གཏུབས་གསུངས། ཨི་དཀའ་ཞེས་པ་དབྱངས་ལ་སᨖགས་པ་འཐེན་པ་ལ་དང་པᨖར་ཨི་ཟེར་བ་དེ་འཐོན་པར་དཀའ། འགོ་དེ་རྒྱང་རྒྱང་འཐེན་ཐུབ་བྱུང་ན་དེ་ནས་སླ། དེ་བཞིན་དུ་ཆོས་བྱེད་པ་ལ་དང་པᨖར་ཚེ་འདི་བློས་ཐོངས་པར་དཀའ་བ་ཡིན། འདི་ལན་གཅིག་ཐོངས་ན་དེ་ནས་ལས་སླ། སྡུག་པ་རང་དེ་ཡང་འདོད་ཡོན་འདི་རང་ཡིན། དེ་མིན་ན་ཚུར་ཐོང་དང་རང་རེ་ཁམས་པ་ནང་རྫུའི་ཁ་ན་མེད་ཀྱི་གསུངས། སྐྱེས་བུ་དམ་པ་རྣམས་ཀྱིས་ཚེ་བློས་ཐོངས་ན་ཆོས་མི་ཡོང་བའི་དོན་མེད། འདི་དཀའ་བ་ཡིན། འདི་ལ་གཅིག་སྒྲིལ་དང་། ཞེས་ནན་ཏན་གྱིས་གསུངས་པར་གདའ་ཡང༌། རང་རེ་ནི་འདི་ཆོས་ཁ་དམས་ནས། མཐོན་པᨖ་རང་ཞིག་འཚᨖལ་མཐར་གང་ཡང་མིན་པ་རེ་འོང་བར་གདའ། ཡང་མི་ཀོ་རློན་གྱིས་གཏུམ་པ་དེ་དང་པᨖ་ལྷོད་ལྷོད་འདྲ་ཡང་བསྐམས་ནས་འཁྱོགས་ཐབས་མེད་པར་བསྡོམས་ནས་ན་ཚ་བསྐྱེད། གྲི་རྣོན་གཅིག་གིས་དེ་ཧྲོལ་ན་སྐྱིད་ལྷན་གྱིས་འགྲᨖ། དེ་བཞིན་དུ་ཚᨖམས་ལས། ནོར་བུའི་རྣ་ཆ་བུ་དང་བུ་མᨖ་ལ། །ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན། །ལྕགས་ཤིང་དྲེས་མ་ལས་བྱས་ཆིངས་མ་གང༌། །དེ་དག་དམ་པᨖ་མིན་ཞེས་འཕགས་པས་གསུངས། །འདོད་པའི་ཆིངས་མ་གང་ཡིན་དེ་ལྷོད་ཀྱང༌། ། རབ་ཏུ་དགྲᨖལ་བར་དཀའ་ཞེས་འཕགས་པས་གསུངས། །ཞེས་གསུངས་པ་ལྟར། ཚེ་འདིའི་འདོད་ཡོན་ལ་ཆགས་པ་ཞིག་ཡོད་ཕྱིན་ཆད། དང་པᨖ་ལྷོད་ལྷོད་འདྲ་ཡང་གལ་ལ་ཐུག་ན་ཡེ་རང་མི་སྤོང་བར་རང་གི་སྡོམ་པ་ཚུན་ཆད་བློས་བཏང་ནུས་པ་རེ་ཡོང་བར་སྣང༌། དེས་ན་ཚེ་འདིའི་ཞེན་ཆགས་འདི་ཧྲོལ་བ་ལ་ཤེས་རབ་ཀྱི་གྲི་རྣོན་པᨖ་དད་པའི་ལྟག་ཚན་ཡོད་པ་ཞིག་རང་གིས་བྱེད་དགོས། སྤྱིར་འདོད་ཡོན་ལྔ། དེའི་ནང་ནས་ལྟོ་གོས་གཉིས། དེ་ཡང་གོས་བཞི་ཆ་ལྔ་ཆ་ཡིན། ལྟོ་བའི་ཞེན་པ་འདི་རང་ཧྲོལ་བ་དཀའ་གསུངས། དམག་འཐབ་པའི་དུས་གཞུ་འབᨖད་བྱེད་དུ་རྨོག་གིས་མ་བདེ་བ་ལ། རྐང་ཆས་ཕུད་པས་མི་ཕན། རྨོག་ཅིག་རང་ཅི་ཕུད་བྱེད་དགོས། འབེན་དྲུང་དུ་བཞག་ནས་མདའ་རྒྱང་དུ་འཕེན། རྐུན་མ་ནགས་ལ་སᨖང་བའི་རྗེས་སྤོང་ལ་གཅོད། འདྲེ་ཤར་དང་གླུད་ནུབ། ཆོས་མ་བྱུང་ཚད་ཚེ་འདི་མ་སྤངས་པས་ལན་འདུག་པ་ལ་མཐོན་པᨖ་ཞིག་གིས་ལན་པ་སྐད་གསུངས། ཤིན་ཏུ་མད་པར་སྣང༌། ད་ལྟ་མཚན་ཉིད་པའམ། སྒོམ་ཆེན་ནམ་བཀའ་གདམས་པའི་ཕལ་ཆེ་བ་ཞིག་རླུང་དབུ་མར་ཐིམ་པའི་གེགས་གང་གིས་བྱས་དང༌། དེ་འདྲ་བའི་མཐོ་མཐོ་མᨖ་ཞིག་རང་རྩད་གཅོད་དེ། འདི་འདྲ་མར་གནད་ལ་གཏུགས་ཀྱིན་རྩད་གཅོད་པ་ནི་ཉིན་མᨖའི་སྐར་མ་བས་ཀྱང་དཀོན་པར་གདའ། ས་མཐོན་པᨖའི་སྤངས་རྟོགས་ཞག་གཉིས་ངེད་རང་གི་ཉམས་སུ་མི་ལོན་པ་དེ་རྣམས་ལས་ངེད་རང་ལ་ད་ལྟ་ མི་དགོས་ཀ་མེད་རྣམས་རྩད་བཅད་ནས་དགའ་བ་ལ་སྙམ་པ་ཡོང་བར་གདའ། འདི་འདྲ་རྣམས་དཔེར་ན་ད་ལྟ་རང་མུ་གེས་འཆི་ལ་ཁད་པ་ཞིག་སྦྱིན་སྟོང་ཕྱུག་པᨖའི་ཁྱིམ་དུ་ཕྱིན་ནས། ད་ལྟ་མི་དགོས་ཀ་མེད་ཀྱི་བཟའ་བཏུང་མི་འཁྱེར་བར་ནམ་ཕུགས་ཕན་དུ་རེ་བའི་གསེར་དངུལ་འདྲ་ཁྱེར་ཡོང་བ་དང་འདྲ་བར་སྙམ། ཁས་བརྒྱ་སྨྲ་ཞེས་པ། ཁམས་པ་རྣམས་གཏམ་གླེང་དུས་ཁས་བརྒྱ་སྨྲ། རྔ་མ་སྟོང་གཡུགས་ཀྱང་དོན་འདི་ཡིན། ཞེས་གཏམ་གྱི་མདོར་སྨྲ། དེ་བཞིན་དུ་ཐོས་བསམ་སྒོམ་གསུམ་ཅི་བྱས་ཀྱང༌། ཆོས་མ་བྱུང་བ་དེ་ཚེ་འདིའི་སྐྱིད་འདོད་འདིས་ལན་གསུངས། སྐྱེས་བུ་རྣམས་ཁᨖང་གི་གསུང་འདི་ཀུན་ལ་གོ་རྒྱུ་ཞིག་རང་གདའ། ད་ལྟ་རང་རེ་སྙིགས་དུས་ཀྱི་ཆོས་བྱེད་འདོད་རྣམས། བཀའ་རྒྱ་ཆེ། ལུང་གྲངས་མང༌། ཇི་སྐད་གསུངས་ཀྱང་ཧྲིལ་གྱིས་དྲིལ་ན་ང་ལ་ད་ལྟ་བསྒྲུབ་བྱ་དང༌། སྤང་བྱ་གཞན་གང་ཡང་མེད། ཚེ་བློས་ཐོངས་པ་ཞིག་རང་འདོད་སྙམ་པ་བྱེད་ཀྱིན་འབུང་དགོས་གསུངས་པ་དེར་གདའ། དེ་འདྲ་ཞིག་རང་དགོས། གཞན་གང་གིས་ཀྱང་ཕན་པ་མེད་དོ་སྐྱེས་བུ་ཀུན། གོང་མᨖ་ཐེམ་རྩ་ཝ་དང་སྤྲེ། གོང་མᨖ་ཞེས་པ། རང་གི་ཆུ་ཚུར་ཁར་སྲེ་མᨖས་གོང་མᨖའི་སྐེ་ལ་བཟུང༌། དེར་གོང་མᨖས་ཕ་ཁར་འཕུར་བས། སྲེ་མᨖ་ཤེད། གོང་མᨖ་འབྲི་སྐམ་འདྲ་བ་ཞིག་བསད་ལགས་ཏེ། ཕ་ཡུལ་མེས་བཙན་ཞིག་དང་གཏན་བྲལ་བྱས་ཟེར་ལོ། དེ་བཞིན་དུ་ཚེ་འདིའི་མིག་ཉེ་འདིས་འདོད་ ཡོན་རེ་དང་མྱོང་སྟེ། མཐོ་རིས་ཐར་པ་རྣམས་དང་གཏན་བྲལ་བྱས་གསུངས། ཐེམ་རྩ་ཞེས་པ། འདི་ནས་རྒྱ་གར་དུ་འགྲᨖ་བ་ལ་དཔག་ཚད་བརྒྱའི་ཕ་རོལ་གྱི་གཡང་རྩད་གཅོད་པ་མིན་པ་ཐེམ་རྩའི་གཡང་ལ་ཟོན་མ་བྱུང་བས་དེར་ལྷུང་ནས་ཤི་བ་བཞིན་དུ་ས་ལམ་མཐོན་པᨖའི་སྤངས་རྟོགས་རྩད་གཅོད་པ་མིན་པ། ཚེ་འདིར་ཞེན་པའི་གཡང་ལ་ཟོན་མ་བྱུང་བས་དེར་ལྷུང་ནས་ངན་སᨖང་གསུམ་གྱི་སྡུག་བསྔལ་མྱོང༌། དེས་ན་སྐྱུ་སྲབ་པ་ཡང་དགའ་སྟེ། སྐྱུ་རྩལ་གཟབ་གསུངས། ཝ་དང་སྤྲེ་ཞེས་པ། ཝ་གཞའ་མཁས་ཏེ་རྡེའུ་ཙམ་རེའི་རྒྱབ་ཏུའང་གཞའ་ཐུབ། སྤྲེ་འཁྲི་མཁས་ཏེ་འཇག་མ་ཙམ་ལའང་འཁྲི་ཤེས། གཡི་གབ་མཁས་པས། གད་པ་རྟ་རྔ་ཙམ་རེའི་ནང་དུའང་གབ་ཤེས། དེ་བཞིན་དུ་ཚེ་འདིའི་མིག་ཉེ་འདི་གཞའ་མཁས། འཁྲི་མཁས། གབ་མཁས་ཏེ། མཁས་བཙུན་བཟང་གསུམ་འཛོམ་པའམ། ཐོས་བསམ་སྒོམ་གསུམ་མམ། བྱ་བཏང་ཀུན་སྤངས་ཡིན་ཟེར་བ་རེ་ལའང་ཚེ་འདིའི་མིག་ཉེ་རེ་འོང་གསུངས། ཟླ་བ་ཕྱུགས་ལྷག་ལྷན་ཅིག་མིན། ཟླ་བ་ཞེས་པ། ཞོགས་ལུང་པར་མི་ཞིག་གི་བུ་ཤི་བས་གཟའ་ཟླ་བས་གནོད་བྱས་པས། དེར་ཁᨖ་ཟླ་བ་ལ་མི་ཤ་ལེན་ཟེར། ཁᨖས་ཚེས་བཅུ་བཞིའི་ནུབ་མᨖ་ཟླ་བ་འཆར་བའི་རི་འགོ་ཡིད་ལ་བཞག་ནས། བཅོ་ལྔའི་ནུབ་མᨖ་མདའ་གཞུ་ཁྱེར་ཕྱིན་པས། རི་འགོར་སླེབས་པ་དང་ཟླ་བ་ཕ་ཚད་དུ་སᨖང་འདུག་པས། ཁᨖས་གྱང་ར་བ་འདིས་བྱ་བཏང་ནས་ཟེར་ལོ། དེ་བཞིན་དུ་ འོ་ཅིས་ཀྱང་ཆོས་ཤིག་བྱ་སྙམ་ཐོས་བསམ་སྒོམ་གསུམ་སᨖགས་ཅི་བྱས་ཀྱང་ཆོས་དང་འཕྲད་རྒྱུ་མེད་པར་ཇེ་རིང་དུ་སᨖང་གསུངས། དེས་ན་ཚེ་འདི་ལ་རྟག་པར་འཛᨑན་པ་ནི་ཡོན་ཏན་བརྒྱ་ཡོད་ཀྱང་སྐྱོན་གཅིག་གི་འོག་ཏུ་ཆུད་པ་ཡིན་པས། ཕྱི་མར་ཕན་པ་གང་ཡང་མེད། དེས་ན་ཚེ་འདིར་ཞེན་ནས་ཕྱི་མ་ཕན་ཆད་ཀྱི་རྟོག་པ་མེད་པར་སངས་རྒྱས་ཀྱི་ས་ཚུན་ཆད་གཏན་ལ་ཕབ་ཀྱང་ཕན་པ་མེད། དུད་འགྲᨖ་དང་ཁྱད་པར་མེད་ཅེས་ཤ་ར་བས་གསུངས། པᨖ་ཏོ་བའི་ཞལ་ནས། ལྟོགས་ཀྱི་དོགས་པ་ལས་ཤི་བའི་དོགས་པ་ནི་ཡེ་མི་འདུག་ན་གསུངས། ཕྱུགས་ལྷག་ཅེས་པ་ནི། ཚེ་འདི་ཤེས་པ་ལ་ཁྱོ་ག་གྲུང་པᨖར་རྩི་ན། ཕྱུགས་དང་དུད་འགྲᨖ་ངེད་རང་ལས་ལྷག་པ་ཡོད་དེ། དམིགས་བུས་ཚང་ལ་གནམ་ཕུག་བྱས་སྦྲུལ་གྱིས་དེད་པ་དང༌། ཁᨖ་རང་གི་གནམ་ཕུག་བཟོས་པ་དེ་ལ་བྱིན། སྦྲུལ་གྱི་རྐེད་པར་སᨖ་བཏབ་ནས་བསད་ལོ། གཞན་ཡང་སྤྲས་ཀྱི་བྲག་རྒྱབ་ཏུ་བྱ་རོག་གིས་འུག་པ་ འུག་པས་བྱ་རོག་གི་ཕྲུ་གུ་བསད་ནས་ཟོས། བྱ་རོག་གིས་ཀྱང་འུག་པའི་ཕྲུ་གུ། ཁᨖས་གང་དུ་བསད་པ་དང་ཟོས་པ་དེར་ཁྱེར་ནས་བསད་ཟོས་ཀྱི་ལན་བྱས། ལ་ཤ་གླན་པ་དང༌། རྒྱལ་དུ་གཡག་ཡུ་བᨖ་ གཡག་རྭ་ཅན་གྱིས་ཡུ་བᨖ་བརྡུངས། ཁᨖས་འཁᨖན་བཟུང༌། འཐབ་ལུགས་སྦྱངས་ཏེ་སླར་འཐབ་པས་ཡུ་བᨖས་རྭ་ཅན་བསད་པ་བྱུང་གསུངས། དང་རྭ་ཅན་འཐབས་པ་དང༌། ཀེ་ཀས་ ཀེ་ཀ་ལ་བྱ་རོག་གིས་གནོད་པ་བྱས། ཀེ་ཀས་སྟོད་ལུང་གི་ཀེ་ཀ་ཚུན་བསྡུས། འཕན་ཡུལ་གྱི་བྱ་རོག་ལ་ཤ་གླན་པ་བྱུང་གསུངས། བྱ་རོག་ལ་དམག་དྲངས་པ་སᨖགས་གསུངས། གཉེན་དང་བུ་སྐྱོང་བ་སᨖགས་ནི་དེ་བས་ཀྱང་དུད་འགྲᨖ་མཁས་ཏེ་ཟླ་བ་རེ་ལའང་ཕ་མཉམ་བུ་མཉམ་ཚར། སᨖག་རུམ་དང༌། བཟོ་མཁས་པ་ནི་བྱི་བ་དང་ཁུག་རྟ་དང་བུང་བ་སᨖགས་ལ་ལྟོས། དེས་ན་ཚེ་འདིའི་དོན་ཙམ་ལས་སྒྲུབ་མི་ནུས་ན༑ སྐྱེས་བུའམ་མི་ཞེས་པའི་མིང་དོན་རང་ཡང་མཚར་གསུངས། ལྷན་ཅིག་མིན་ཞེས་པ། ཚེ་འདི་མ་ཉམས་པ་གཅིག་དང་། ཕྱི་མའི་ཆོས་གཉིས་ལྷན་ཅིག་ཏུ་མི་ཡོང༌། པགས་པ་གཅིག་ལ་སྤུས་བྲང་ལག་པས་ཐེག་ཚད་གཅིག་དང༌༑ རླིད་བུ་ཆུ་ཐུབ་པ་གཉིས་འོང་བ་མེད་གསུངས། ས་པཎ་གྱི་ཞལ་ནས་ཀྱང༌། ཚེ་འདིའི་ཕུན་ཚᨖགས་ཆེ་ཐབས་མ་ཤོར་བར། །གཏན་གྱི་ཕན་བདེ་ཐར་པ་རེ་བ་དེ། །རྨོངས་པའི་ཞེན་འདོད་གཟུ་ལུམས་ཉིད་ཡིན་པས། ། ཚེ་འདི་བློས་ཐོངས་འབད་པས་བྱང་ཆུབ་སྒྲུབས། །ཞེས་གསུངས། ཆོས་རྗེ་བུས། སྔོན་བསགས་བསᨖད་ནམས་བརྒྱ་ལས་གྲུབ་པའི་ལུས། །དལ་འབྱོར་རྟེན་འདི་ཕྱི་ནས་རྙེད་དཀའ་བས། །སྡུག་བསྔལ་རྒྱ་མཚᨖ་ཆེ་ལས་སྒྲོལ་བའི་གྲུ། །དོན་མེད་ཆུད་ཟོས་མ་རྟོག་དཔྱོད་མེད་པ་ཡི། བྱེད་རིན་ཆེན་གྲུབ། །གསུངས། ཆོས་རྗེ་རྒྱལ་སྲས་པས་ཀྱང༌། དམ་པའི་ཆོས་དང་ཚེ་འདིའི་འདུན་མ་གཉིས། །མཉམ་དུ་འགྲུབ་པ་སུ་ཡང་ཡོད་མ་ཡིན། །བསྒྲུབ་པར་འདོད་པ་དེ་དག་རང་ཉིད་ཀྱིས། །རང་ཉིད་བསླུ་བ་ཉིད་ལ་ཐེ་ཚᨖམ་མེད། །ཕྲད་ཀྱང་ལབ་རྒྱུ་དེ་ལས་མ་མཆིས་པས། །སᨖ་སᨖའི་གནས་སུ་ལུས་ངག་དགེ་ལ་སྦྱོར། །ཞེས་མཚམས་མཛད་པའི་སྒོ་ལ་གླན་པ་ཡིན་པར་གདའ། དཀོན་མཆོག་ བརྩེགས་པར་ཡང༌། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་དང༌། སྤྱོད་འཇུག་ཏུ་ཡང༌། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་བ་མᨖས་པར་ཐུབ་པས་གསུངས། །ཞེས་རང་གང་ལ་སྙིང་ཕུར་ཐེབས་འདུན་པ་བྱས་པ་དང༌། མᨖས་པ་བྱས་པ་དང༌། སེམས་བསྐྱེད་པ་ཅི་འདྲ་བའི་འབྲས་བུ་ཐོབ་པར་གསུངས་པ་མིན་པ། གང་དམན་པ་འགའ་བསྒྲུབས་པའི་ཞོར་ལ། དེ་བས་ཆེས་མཆོག་ཏུ་གྱུར་པ་འགྲུབ་ཡོངས་མི་གསུང་བར་གདའ། སྐྱེས་བུ་གསུམ་དང་ཐེག་པ་གསུམ་ལ་སᨖགས་པ་ཐམས་ཅད་ཀྱང་འདུན་པ་དང༌། སེམས་བསྐྱེད་ཁᨖ་ནའི་ཁྱད་དུ་སྣང་བ་དེས་ན། ངེད་རང་ཚེ་འདིའི་འདོད་པ་ལ་སྙིང་ཕུར་ཐེབས་ནས་དེ་ལ་འདུན་པ་བྱེད། མᨖས་པ་བྱེད། དེའི་ཕྱིར་དུ་སེམས་བསྐྱེད་ནས་དེ་ལ་གང་ཕན་དང་ཅི་ཕན་བྱེད་པ་ལ། དེ་བས་མཆོག་ཚེ་ཕྱི་མའི་དོན་ཙམ་ཡང་ཡོད་པ་མི་སྣང་ན་བྱང་ཆུབ་ཐོབ་པ་ལྟ་ཡང་ཅི་སྨོས། དེས་ན་ཕྱི་མར་དམྱལ་བར་སྐྱེ་བ་ཚུན་ཆོད་ཀྱང་སྔར་གྱི་ལས་དང་། འཆི་ཁར་དྲᨖད་ཆིལ་ལི་བ་སྙིང་ལ་འདོད་པ་ལྟ་བུའི་འདོད་འདུན་དྲག་པᨖས་དམྱལ་བའི་མེ་ནང་ལྟ་བུར་རྩང་གིས་སླེབ་ཡོད། ཐམས་ཅད་འདོད་འདུན་དྲག་པᨖས་ལས་མང་དུ་བསགས་པའི་འདོད་པ་དེ་འགྲུབ་ཡོང་བ་ཡིན་པར་སྣང༌། དེས་ན་ཚེ་འདིའི་འདོད་པ་འདི་མི་སྤོང་བའི་ཐབས་རང་མེད་དོ། །རྗེ་བཙུན་འཇམ་དབྱངས་ཀྱིས། རྗེ་རིན་པᨖ་ཆེ་ལ་ཡང༌། རྗེ་ཙོང་ཁ་པ་ནི། སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བᨖ། བསྟན་པ་དང་སེམས་ཅན་གྱི་དོན་བསྒྲུབ་པ་ལ་མཐུ་ནུས་བསམ་གྱིས་མི་ཁྱབ་པ་མངའ་བ། བཀའ་མདོ་རྒྱུད་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་ཅིང༌། སེམས་ཅན་རྣམས་ལ་མས་བུ་གཅིག་པ་ལྟར་བརྩེ་བ༑ ཕྲིན་ལས་ནམ་མཁའ་དང་མཉམ་པར་ལྷུན་གྱིས་གྲུབ་པ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བརྙེས་ཀྱང་ཐ་མལ་པའི་ཚུལ་གྱིས་འགྲᨖ་དོན་ལ་འཁᨖར་བ་ཇི་སྲིད་བར་བསྙེལ་བ་མི་མངའ་བ། དེའི་རྣམ་ཐར་ཕྲིན་ལས་མཐའ་ཡས་ནི་ཐམས་ཅད་ལ་མངོན་སུམ་དུ་གསལ་ཞིང༌། དེའི་གསུང་རབ་ཁྱད་པར་ཅན་འདི་ལྟ་བུའི་ཕྲིན་ལས་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་བཏགས་པ་བཞིན་ན་སྔོན་གྱི་དུས་སུ་ཡང་དཀོན་པར་བྱུང་ངོ་ཞེས་མཁས་པ་རྣམས་གླེང་ངོ༌། །རྗེ་དེ་ཉིད་ཀྱིས། དགེ་ལྡན་དང༌། གསང་སྔགས་མཁར་བཏབ། རྫིང་ཕྱིའི་ཞིག་གསᨖས་གནང༌། བཙུན་མᨖ་ཚལ། འབྲས་སྤུངས། སེ་ར་སᨖགས་འདེབས་པའི་ཞལ་བཀོད་མཛད། དགུང་ལོ་རེ་གསུམ་བཞུགས། རྗེ་ཉིད་ཀྱི་དངོས་སློབ་ཆོས་ཀྱི་གདན་ས་འཛᨑན་པ་བཅུ་གཉིས་ནི། དགེ་ལྡན་དུ་རྗེ་དར་མ་རིན་ཆེན། རྗེ་མཁས་གྲུབ་པ། རྗེ་ཞྭ་ལུ་པ། རྗེ་བློ་གྲᨖས་པ། རྗེ་བསᨖ་བ། བཙུན་མᨖ་ཚལ་དུ་རྗེ་འདུལ་བ་འཛᨑན་པ། འབྲས་སྤུངས་སུ་རྗེ་འཇམ་དབྱངས་ཆོས་རྗེ། སེ་ར་བླ་མ་དར་རྒྱས་བཟང་པᨖ། རྗེ་གུང་རུ་པ། གསང་སྔགས་མཁར་དུ་བླ་མ་ཅོག་ཆེན་པ། རྫིང་ཕྱིར་བཟང་སྐྱོང་བ། ཉི་མ་གླིང་དུ་བླ་མ་བྱང་སེམས་པ་དང་བཅུ་གཉིས་སᨖ། །གཞན་ཡང༌། རྗེ་བྱམས་ཆེན་ཆོས་རྗེ། རྗེ་བཙུན། རྗེ་བཙུན་ཤེས་རབ་སེང་གེ །རྗེ་དགེ་འདུན་གྲུབ་པ་སᨖགས་ཕྲིན་ལས་ནམ་མཁའ་དང་མཉམ་པ་མཐའ་ཡས༑ བདེ་སྟོང་གི་ཏིང་ངེ་འཛᨑན་བརྙེས་པ་བདུན། ཐུགས་སྲས་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་སེམས་དཔའ་བདེ་ཐང་བ་སᨖགས་བྱུང༌། སེམས་དཔའ་ཀུན་བཟང་བས་མདོ་སྔགས་གླིང་བཏབ། བྱང་སེམས་རྭ་སྒྲེང་པས་སྒོ་མᨖ་མཚᨖ་ཁ་བཏབ། བྱང་སེམས་སྦྲེ་ཞིང་པ་ཆེན་པᨖས་དོལ་གྱི་དགོན་གསར་བཏབ། བྱང་སེམས་བདེ་ཐང་པས་ཞལ་ལྟ་མཛད་པ་སᨖགས་ཀྱིས་དགོན་པ་ཆེ་ཆུང་བཅུ་གསུམ་ཐེབས། རྗེ་མཁས་གྲུབ་པས་རི་བᨖ་མདངས་ཅན་བཏབ། མལ་དྲᨖའི་བྱང་སེམས་འདུལ་བ་པ་དགེ་འདུན་རིན་ཆེན་གྱིས་མལ་དྲᨖ་སྟོད་དུ་རིན་ཆེན་གླིང་བཏབ། བླ་མ་གྲགས་རིན་པ་ཡོན་མཆོད་ཀྱིས་ཆ་དཀར་བཏབ། རྗེ་དགེ་འདུན་གྲུབ་ཀྱིས་བཀྲས་ལྷུན་ཆོས་སྡེ་བཏབ། བཤེས་གཉེན་དམ་པ་དེ་དག་ནི་རྗེའི་དངོས་སློབ་ཐུགས་སྲས་སྐུ་ཡོན་མཐའ་ཡས་པ་ཤ་སྟག་སྟེ། རྗེ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་བུ་ཆེན་རྣམས་ཀྱིས་བཏབ་པའི་ཕྲིན་ལས་ཀྱི་ཆོས་སྡེ་ནི་དབུས་གཙང་མདོ་ཁམས་རྒྱ་སᨖག་མངའ་རི་བཅས་ལ་མཐའ་ཡས་པར་སྣང་ངོ༌། །སེམས་དཔའ་བདེ་ཐང་པས། རྗེའི་དངོས་སློབ་ཆེན་པᨖ་རྔོག་ཆོས་རྡོར་གྱི་བརྒྱུད་པ་སྦྲེ་ཞིང་སེམས་དཔའ་ཆེན་པᨖ་དགུང་ལོ་དགུ་བཅུ་བཞེས་པ་དེ་ལ་འབུལ་བ་དངུལ་ཞོ་སྟོང་ཙམ་བསྐྱལ། རྗེའི་དངོས་སློབ་བླ་མ་བྱང་གླིང་པ་ཆེན་པᨖ། བᨖད་ཀྱི་བླ་མ་ཆེ་བ་ཞིག་ལ་ཁᨖང་གི་སྐུ་ཚེ་རིང་ཤོས་ཐུབ་པར་སྣང༌། རྗེ་ལ་དེ་དུས་ཀྱི་བཤེས་གཉེན་ཐམས་ཅད་ཀྱིས་གཏུགས་པས། ཆོས་རྗེ་ཀུན་དགའ་བཟང་པᨖ་དང༌། ཆོས་རྗེ་རོང་པᨖས་ཀྱང་ཆོས་གསན། ཁᨖང་རྣམ་གཉིས་ཀྱིས་ཀྱང༌ངོར་དགོན་གསར་དང༌། ན་ལེནྟྲ་གཉིས་བཏབ་བᨖ། །དང་པᨖར་འཁᨖར་བ་མཐའ་དག་ལ་ཡིད་འབྱུང་བའི་སྐྱོ་ཤས་ཤིག་མེད་ན། ཐོས་བསམ་སྒོམ་གསུམ་སᨖགས་ཅི་བྱས་ཐམས་ཅད་འཁᨖར་བ་དང་ངན་སᨖང་གི་རྒྱུ་ལས་མི་འདའ་བས། བསྐྱེད་རྫོགས་སᨖགས་ཟབ་པ་ཡང་རེ་ཞིག་བཞག་ནས་ངེས་འབྱུང་མ་སྐྱེས་བར་དུ་འབད་དགོས་གསུངས་པ་ལགས་པར་གདའ། ཁྲོ་ཕུ་ལོ་ཙཱ་བའི་ བྱམས་པའི་དཔལ་གྱིས་ཁྲོ་ཕུའི་བྱམས་ཆེན་བཞེངས། ཁᨖང་གི་བླ་མ་པཎ་ཆེན་ཤཱཀྱ་ཤྲཱིས་རབ་གནས་མཛད། དེའི་སྲས་ཁྲོ་ཕུ་བ་བསᨖད་ནམས་སེངྒེ། དེའི་སློབ་མ་བུ་སྟོན་རིན་ཆེན་གྲུབ། རྗེ་ཕག་གྲུའི་སློབ་མ་ཀུན་ལྡན་གཙང་གནས་ཁྲོ་ཕུ་བ་རྣམས་བྱོན། ཞལ་ནས་ཀྱང༌། ཚེ་སྲོག་ལྦུ་བར་མ་ཤེས་ཤིང༌། །ཞེ་ནས་འཆི་བ་མ་དྲན་ན། །དགེ་ཕྱོགས་མང་པᨖ་བྱས་གྱུར་ཀྱང༌། །ད་དུང་ཚེ་འདིའི་ལག་ཆ་ཡིན། །རྙེད་གྲགས་སྒྱུ་མར་མ་ཤེས་ཤིང༌། །ཆེ་འདོད་ཁེ་དྲགས་མ་བᨖར་ན༑ ༑མི་ཡིས་དམ་པར་བཟུང་གྱུར་ཀྱང༌། །ད་དུང་ཆོས་བརྒྱད་ཁᨖལ་པᨖ་ཡིན། །ཚེ་འདི་ཐེད་ལ་མ་བᨖར་ན། །ཇི་ཙམ་དགེ་ལ་འབད་བྱས་ཀྱང༌། །ཕྱི་མར་ལག་སྟོང་གཅེར་བུར་འགྲᨖ། །ཕྱི་མ་ཅི་ཁྱེར་ཨ་ཙ་མ། །འཁᨖར་བའི་ཉེས་དམིགས་མ་གོ་ཞིང༌། །འདོད་ཡོན་ཚᨑམ་པ་མ་མཆིས་ན། །ཁ་ལྟའི་རྦད་ཁམ་ཆེ་ན་ཡང༌། །ད་དུང་ཟོག་པᨖ་རྫུན་ཅན་ཡིན། །གསུངས། ཇོ་བᨖའི་ཞལ་ནས་ཀྱང༌། ཁᨖ་བᨖའི་སྒོམ་པ་རིན་ཆེན་བླ་མ་སྒོམ་སྐད། བསྒོམ་ཙ་ན་བསྒོམས་པས་དར་ཡུག་དང་ཇ་སིག་སᨖགས་མང་པᨖ་ཡོང་སེམས་ན་ཇི་ཙམ་བསྒོམས་པ་སྡིག་པ་ཡིན། སྒོམ་ཙ་ན། སྐྱེ་བའི་རྒྱ་མཚᨖ་མཐར་དབྱུང༌། བྱང་ཆུབ་མཆོག་གི་ས་བᨖན་གདབ་སེམས་ན་སེམས་པ་ཙམ་ཞིག་བྱས་པའི་བསᨖད་ནམས་ཀྱང་ནམ་མཁར་མི་ཤོང་གསུངས། ཆོས་རྗེ་བུས། ཚེ་འདིའི་མཛའ་དང་མི་མཛའི་དོན་གྱི་ཕྱིར། །ཆགས་སྡང་ལོངས་སྤྱོད་གསᨖག་ཅིང་འཁᨖར་བསྡུས་ཀྱང༌། །འཁᨖར་དང་ལོངས་སྤྱོད་རྗེས་སུ་མི་འབྲང་བར། །ལས་འབྲས་སྡུག་བསྔལ་རང་ཉིད་གཅིག་པུས་མྱོང༌། །ཚངས་དང་བརྒྱ་བྱིན་འཁᨖར་ལོས་བསྒྱུར་བ་སᨖགས། །འཁᨖར་བའི་བདེ་འབྲས་ཐོབ་ཀྱང་མི་བརྟན་ཞིང༌། །ཤི་ནས་ངན་འགྲᨖར་མི་འགྲᨖའི་ངེས་མེད་ཀྱི། །འཁᨖར་བར་ཡིད་འབྱུང་ བྱོས་ཤིག་རིན་ཆེན་གྲུབ། །ཅེས་ཁᨖང་རང་ལ་གདམས་པར་མཛད་པ་འདི་ཐམས་ཅད་ཀྱིས་གོ་འཚལ། རྒྱལ་བ་ཡང་དགོན་པའི་ ཡང་དགོན་པ་ནི། ས་པཎ་ཀོ་བྲག་པ་རྒོད་ཚང་པ་སᨖགས་བསྟེན། ཡོན་ཏན་མཐའ་ཡས་སྤྲུལ་སྐུར་ཡང་བཤད་དོ། །ཞལ་ནས་ཀྱང༌། སྤྱིར་ཆོས་མཐོན་པᨖ་ཁᨖ་ན་ལ་དགའ། དམའ་མᨖ་ཚᨖས་བློ་མི་ཁེངས། སྟོང་སྟོང་པོ། མེད་མེད་པᨖ། མཐོ་མཐོ་པᨖ་ཞིག་ཁᨖ་ན་ལ་དགའ་སྟེ། ཆོས་ཀྱིས་ཕོ་སྒོ་གང་ཟག་གིས་རྟོགས་ཚᨖད་དུ་མི་འདུག །ཆོས་རྫོགས་པ་ཆེན་པᨖ་ཡིན་པས་མི་ཕན། གང་ཟག་རྫོགས་པ་ཆེན་པᨖར་འགྲᨖ་དགོས། ཆོས་སྐད་ལ་རྟ་རི་བ་མང་པᨖ་བྱས་ནས་གང་ཟག་ལ་ཁྱི་མི་རི་བ་མང་པᨖ་མཐོང༌། ཆོས་ཚᨑག་རྐྱང་དུ་སᨖང་ནས་ལག་ལེན་ལ་མི་འདེབས་པ་དེ་པག་ཤིའི་གླུ་སྐད་ནེ་ཙོས་འདོན་པ་དང་ཁྱད་མེད། ཆོས་གཅིག་གོ་གཉིས་གོ་ལག་ལེན་ལ་འདེབས། གཅིག་ཤེས་གཉིས་ཤེས་རང་རྒྱུད་ལ་སྦྱོར་བ་ཞིག་དགོས། ཆོས་རང་གི་རྒྱུད་ཐོག་ཏུ་མ་བྱོན། སེམས་དང་ཆོས་ཀྱི་ཕྱེ་ཆུ་མ་འདྲེས་པར་ཆོས་དང་གང་ཟག་གི་བར་ན་ཧར་པ་མི་ཤོང་བ་ཙམ་བྱས། ཆོས་གློ་བའི་ཚᨖད་མ་བཞིན་ཁ་ལ་ཙ་ལེ་བྱས་པ་དེས་ཆོས་ཀྱི་དོན་བྱེད་མི་ནུས་པ་ལགས་མᨖད། ཆ་འབལ་ལེ། ཀེ་ཀེ་རེ་བྱས་ནས་མི་ཉན་པ་མང་པᨖ་གདའ་སྟེ༑ དེ་ཙ་ན་ཆོས་ཀྱི་དགོས་པ་མ་འགྲུབ་པ་ལགས་མᨖད། ངས་ནི་ཚེ་བློས་གཏོང་བ་ལ་བསྒྲུབ་པའི་མཐིལ་དུ་བྱས་པ་ཡིན་ནོ་སྐྱེས་བུ་ཀུན་གསུངས། རྒྱལ་སྲས་རིན་པᨖ་ཆེའི་ རྒྱལ་སྲས་ཐོགས་མེད་བཟང་པᨖ་དཔལ་གྱིས། བླ་མ་སྤང་བློ་གྲᨖས་ བརྟན་པ། དགྲ་བཅོམ་པ་བསᨖད་ནམས་གྲགས་པ། བུ་སྟོན་སᨖགས་བླ་མ་མང༌། མཁས་བཙུན་བཟང་གསུམ་འཛོམ། བྱང་ཆུབ་ཀྱི་ཐུགས་འབྱངས། གདུལ་བྱ་ཕྲིན་ལས་ཆེ། ཡི་དམ་ཞལ་གཟིགས། དགུང་ལོ་བདུན་ཅུ་དོན་གྲངས་བར་དུ་དངུལ་ཆུ་ཆོས་རྫོང་དུ་བསྟན་པ་སྐྱོངས། རྒྱ་འཇམ་དཔལ་གསུམ་སᨖགས་བུ་ཆེན་མང་ངོ༌། །ཞལ་ནས་ཀྱང༌། དམ་ཆོས་ཐར་པའི་ལམ་དུ་འགྲᨖ་བ་ལ། །ཚེ་འདིའི་ཕུན་ཚᨖགས་སྒྲུབ་ལ་རྩེ་གཅིག་པའི། །གློད་ན་འདི་ལས་བར་ཆད་ཆེ་བ་མེད། །དེའི་ཕྱིར་རྣམ་པ་ཀུན་ཏུ་འདི་སྤང་བྱ། །ཐོས་བསམ་སྒོམ་གསུམ་དགེ་བ་གང་བྱེད་ཀྱང༌། །བློ་ངན་འདི་དང་འདྲེས་ན་རོ་བརྒྱའི་ཟས། །ངན་སྐྱུགས་དག་དང་འདྲེས་པ་ཇི་བཞིན་དུ། །བཟང་པᨖ་ངན་པར་བྱེད་པ་གདོན་མི་ཟ། །དཔᨖན་སློབ་མཆེད་གྲᨖགས་གཉེན་རྣམས་རྩོད་བྱེད་ཅིང༌། །སྡིག་སྡུག་གཏམ་ངན་ཀུན་ལ་མི་འཛེམ་པར། །ངལ་བ་ཆེན་པᨖས་ལོངས་སྤྱོད་སྒྲུབ་བྱེད་པ། །བློ་ངན་འདི་ཡིས་དབང་མེད་བསྐུལ་བར་ཟད། །གཞན་གྱི་དཔལ་འབྱོར་གཞོམ་ཕྱིར་ལུས་སེམས་ཀྱི། །འབད་པ་དྲག་པᨖས་འཐབ་དང་རྩོད་བྱས་ནས། །རང་གཞན་འདི་ཕྱི་གཉིས་ཀར་འཕུང་བྱེད་པ། །དེ་ཡི་སྙིང་དུ་བློ་ངན་གདོན་འདི་ཞུགས། །གསུང་རབ་སྒྲོན་མེ་ལག་ཏུ་ཐོགས་ནས་ཀྱང༌། །རྙེད་བཀུར་འཁᨖར་སྡེའི་དོན་དུ་འཐབ་རྩོད་སᨖགས། ། སྡིག་པའི་གཡང་སར་གོམས་པ་འདོར་བའི་མིག །བློ་ངན་རབ་རིབ་འདི་ཡིས་བསྒྲིབས་པར་ཟད། །ནོར་མང་སྦྱིན་ཡང་གྲགས་དང་འཁᨖར་ལ་སᨖགས། །དོན་དུ་གཉེར་ཕྱིར་སྦྱིན་པ་ཆེན་པᨖ་ལས། །འབྲས་བུ་ཆུང་ཞིང་ངན་པར་ སྒྱུར་བྱེད་པ། །གློ་ངན་བ་མᨖ་འདི་ཡིས་བཅོམ་པར་ངེས། །འབད་པས་ཚུལ་ཁྲིམས་བསྲུངས་ཀྱང་རྙེད་སᨖགས་ཀྱི། །འཆིང་བས་བཅིངས་ནས་ཐར་ལམ་མི་བགྲᨖད་ཅིང༌། །འཁᨖར་བའི་བཙོན་རར་འཆིང་བྱེད་ལྕགས་སྒྲོག་དེ། །བློ་ངན་འདི་ཡི་ལག་ན་ངེས་པར་གནས། །ཡུན་རིང་བསམ་གཏན་བསྒོམས་ཀྱང་ཆགས་སྡང་གིས། །བདག་བསྟོད་གཞན་སྨོད་བྱེད་ཅིང་འཐབ་རྩོད་བྱེད། །ཞི་གནས་བསྒོམས་པས་མ་ཞིའི་བློ་སྐྱེས་པ། །བློ་ངན་ཡུར་མའི་རྩ་བ་ཡོད་པས་ལེན༑ ༑ནད་གདོན་ཆོམ་རྐུན་དགྲ་སᨖགས་དམ་ཆོས་ཀྱི། །བར་ཆད་ཡིན་ཞེས་གྲགས་ཀྱང་རང་གི་བློ། །ལས་སུ་རུང་ན་དེ་ཀུན་གྲᨖགས་སུ་འགྱུར། །བློ་ངན་འདི་ནི་དམ་ཆོས་གེགས་སུ་ངེས། །ཚེ་འདིའི་ཕུན་ཚᨖགས་བསྒྲུབ་པས་འགྲུབ་པ་དཀའ། །གྲུབ་ཀྱང་རང་དབང་སྤྱད་པའི་ངེས་པ་མེད། །བདག་ལ་ངེས་པར་འོང་བ་འཆི་བ་ཡིན། །དེ་ཚེ་ནོར་དང་འཁᨖར་སᨖགས་ཀྱིས་མི་ཕན། །དེ་དང་བྲལ་བས་ལྷག་པར་སྡུག་བསྔལ་འགྱུར། །དེ་ལྟར་བསམས་ནས་ཚེ་འདིའི་ཆེ་ཐབས་སྤངས། །ཞེས་གསུངས། ཚེ་བློས་བཏང་གི་ཆོས་འདི་ནི་ཟབ་པ་བས་ཀྱང་ཆེས་ཟབ་པ་ཞིག་ཡིན་ཏེ། ཟབ་པ་ཞེས་བྱ་བ་ནི་བློས་གཏིང་དཔག་དཀའ་ཞིང༌། རྟོགས་དཀའ་བ་དང༌། སྡུག་བསྔལ་སེལ་བ་དང༌། བདེ་བ་སྒྲུབ་པའི་ཐབས་གནད་ཅན། གཞན་ན་མེད་པ་ཞིག་ཡོད་པ་ལ་ཟབ་པ་ཞེས་ཟེར་ལ། ཚེ་བློས་གཏོང་གི་ཆོས་འདི་ནི་གཏིང་དཔག་དཀའ་ཞིང་རྟོགས་དཀའ་སྟེ། རྒྱ་གར་རང་དུ་ཡིན་ན་དངོས་སྨྲ་བ་སེམས་ཙམ་པ་མན་ཆད་སུའི་ མདུན་དུ་ཡིན་ཡང༌། ཆོས་ཐམས་ཅད་བདེན་པར་མེད། སྟོང་པ་ཉིད་ཡིན་བྱས་ན། ཨ་པ་འདི་འདྲའི་ཁ་འཆལ་ཟེར་བ་སྨྱོ་བ་ཡིན་ནམ་སྙམ་པ་ཡོང་བ་ཡིན་པར་སྣང༌། དེ་བཞིན་དུ་ཚེ་འདི་ལ་ཞེན་པའི་དགེ་བཤེས་བཀའ་བཅུ་འཛᨑན་པའམ། བླ་མ་སྐྱེ་བᨖ་བརྒྱ་སྟོང་གིས་ཕྱག་བྱེད་པའམ། རྒྱུད་སྡེ་བཞི་ལ་ཁ་ཏོན་བྱེད། དཀྱིལ་འཁᨖར་བརྒྱའི་ཞལ་ཕྱེ་བའམ། མཚམས་དང་འདག་སྦྱར་གྱིས་དུས་འདའ་ཞིང་ལྷ་དང་རྩ་རླུང་བསྒོམ་པའམ། ཕྱག་ཆེན་དང་ཞི་བྱེད་རྫོགས་ཆེན་ཉམས་སུ་ལེན་པ་པᨖ་འབྲུག་ལྟར་གྲགས་པས་ཀྱང༌། ཆོས་འདི་མིག་གིས་མི་རྟོགས་པར་ཚེ་འདིའི་ཕུན་ཚᨖགས་དང་བདེ་སྐྱིད་ཐམས་ཅད་པᨖ་འདི་བློས་བཏང་དགོས་བྱས་ན། ཨ་པ་འདི་འདྲ་བའི་ཁ་འཆལ་ཟེར་བ་སྙམ་ནས་བློར་མི་ཤོང༌། ཆོས་འདི་ལ་དངངས་པ་དང་སྐྲག་པ་དང༌། སྤ་བཀོང་བ་སྐྱེ། གཞན་ཚེ་འདིའི་ཕུན་ཚᨖགས་བློས་བཏང་བ་མཐོང་ནའང་དེ་ལྐུགས་པ་དང་ཕ་མ་གཉེན་བཤེས་ལ་སᨖགས་པ་སུའི་ཁ་ལ་ཡང་མ་ཉན་པར་སྤྲང་འཁྱམས་ལ་འགྲᨖ་བ་ཟེར་ནས་གླེན་པ་དང་གོ་མ་ཆོད་དུ་རྩི། བྱ་བ་ཐོས་བསམ་སྒོམ་གསུམ་སᨖགས་ཅི་བྱེད་ཐམས་ཅད་ཚེ་འདིར་སྡུག་པᨖ་སᨖགས་མི་ཡོང་བ་དང༌། མི་གྲལ་དུ་ཆུད་ནས་སྐྱིད་པᨖ་བྱེད་པ་རྣམས་སུ་ཆུད་པ་དང༌། མིས་མཐོང་ཆ་འཇོག་ཡོད་པ། དངོས་པᨖ་ཕྱུག་པ་མི་ལ་རེ་མི་དགོས་པ། ལག་པ་གདེང་མི་དགོས་སྤྲང་མི་དགོས་པར་ཇ་དཀར་ནག་ཤ་མར་མཐུད་གསུམ་ཆིལ་ལེ་ལོངས་སྤྱད་རྒྱུ་ཡོད་པ། ཁྱེད་ཆོས་པའམ་ མཁས་པ་ལ་སᨖགས་པ་ཡིན་ཟེར་ནས་མིས་བསྟོད་པ་སྐྱིད་པ་ཞིག་བྱ་དགོས་སྙམ་ནས། རང་ཡང་དེ་ལྟར་འབད། གཞན་ལའང་དེ་ལྟར་སློབ། དེ་ལྟར་ཤེས་ན་ཕོ་རྒོད་པ་དང་ཤེས་ཆེ་བར་བྱེད་པ་སྣང་ན། གཞན་ཁྱིམ་པ་ལ་སᨖགས་པའི་བློར་ཆོས་ཟབ་མᨖ་འདི་མི་ཤོང་བ་ལྟ་ཡང་ཅི་སྨོས། ད་ལྟ་རྩ་རླུང་ངམ་སྟོང་པ་ཉིད་ལ་སᨖགས་པའི་ཆོས་ལ་ཐམས་ཅད་དགའ་ཚᨖར་བྱེད། གྲᨖགས་གཉིས་གསུམ་དུ་ཚᨖགས་ནའང་དེའི་གླེང་མᨖ་ཁᨖ་ན་གླེང༌། དེའི་ཉམས་ལེན་ལ་འབད་འབུངས་འདོད་པ་ནི་ཤིན་ཏུ་མང་བར་ཡང་སྣང༌། ཚེ་བློས་གཏང་གི་ཆོས་ལ་དགའ་ཚᨖར་བྱེད་མཁན་རང་དཀོན། ཚེ་འདིའི་གཉེན་དང་ཉེ་འབྲེལ་ཞིང་ཁང་དང་ནོར་རྫས་སᨖགས་ཚེ་འདིའི་ཕུན་ཚᨖགས་འདི་བློས་ཐོང་ཞིག་བྱ་བའི་ཆོས་བཤད་ན། བᨖང་བུའི་མགོ་ལ་དབྱུག་པ་རྒྱབ་པ་ལྟར་ནག་ཐོམ་གྱིས་འགྲᨖ། སྣ་རུས་པ་ན་ཏིང་ངེ་ཉན་ཡེ་མི་འདོད། ཉམས་སུ་ལེན་ཡེ་མི་འདོད་པ་ཡོང་བ་དེར་སྣང༌། འདི་ཤབ་ཤོབ་ནི་མིན། ཉམས་སུ་ལེན་འདོད་པ་ཡོད་ན་ཚུར་ཤོག་དང༌། རང་རེ་ཁམས་པ་ནང་བརྫུའི་ཁ་ན་མེད་པ། འགྲᨖ་བའི་མགོན་པᨖའི་ འགྲᨖ་མགོན་རིན་པᨖ་ཆེ་ནི། དགྱེར་ཆེན་པᨖའི་དབᨖན་པᨖ། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཉིད་དུ་གསུངས། རྫུ་འཕྲུལ་མངོན་ཤེས་མཐའ་ཡས། བུ་ཆེན་བཅུ་བཞི་ལ། དབᨖན་པᨖ་ཆེན་པᨖ་གཉིས་ནི་བློན་པᨖ་སྟོན་པ། བླ་མ་སངས་ཡོན། དྭགས་པᨖ་ན་བང་རིམ་པ་དང༌། བཟང་མᨖ་བ་གཉིས། ལྷོ་བྲག་ཤར་དུ་དབུ་མ་པ། ནུབ་ཏུ་དགེ་ཤོང་བ། ཨེའི་སེངས་སྒང་བ། གཉལ་ན་ས་འབྱུང་བ། དོལ་དུ་མཆེ་བ་ཅན་པ། གྲབ་ཏུ་ཟོང་དགོན་པ། ཞོག་ཐོང་སྟོན་པ། མ་ཆང་ངམ་པ། བྱིན་ནས་སློབ་དཔᨖན་ལམ་པ། གཙང་ན་གཙང་སྟོན་ཉི་མ། ཉང་སྟོད་ལ་དགོན་པ་གཉིས། དེ་དག་ནི་དུ་མས་དགོན་པ་གསར་པ་བཏབ། ཁ་ཅིག་གིས་རྙིང་པའི་གདན་ས་བསྐྱངས། དེ་རྣམས་ལས་ཀྱང་ཆོས་བརྒྱུད་དང་དགོན་པ་མང་དུ་འཕེལ་ལོ། །ཞལ་ནས་ཀྱང༌། ཚེ་འདིའི་མཁས་བཙུན་སྒོམ་ཆེན་ཡང༌༑ ༑ཚེ་འདིའི་མཁས་ལོ་བཙུན་ལོ་འདོད། །མཚམས་བཅད་ཡ་ཐེམ་ཡི་གེ་བྲིས། །མི་དང་མི་འཕྲད་སྒོམ་ཆེན་ཡང༌། །ཚེ་འདིའི་སྒོམ་ཆེན་བཟང་ལོ་འདོད། །སྦྱིན་གཏོང་བྱས་ཀྱང་ཚེ་འདི་ཡི། །བྱས་ལོ་གཏོང་ལོ་ཁᨖ་ན་འདོད། །དཔེར་ན་ཆུ་ལ་ཕྱེ་བཏབ་འདྲ། །ཐ་ན་དཀོན་མཆོག་མཆོད་པ་རེ། །བྱས་ཀྱང་མི་ཡིས་མཐོང་དུ་རེ། །རྣམ་རྟོག་མི་དྲན་དགུ་དྲན་འདིས། །ཅི་བྱེད་རྣམས་ལ་འདིས་སླེབས་པས། །དགེ་སྦྱོར་ཅི་བྱས་ལོ་ལོར་འཆོར། ། ཐམས་ཅད་ལོ་པའི་རྟ་པས་ཁྱེར། །དེས་ན་ཚེ་འདིའི་རྣམ་རྟོག་ལ། །མདུང་རེ་འདེབས་དགོས་སྐྱེས་བུ་ཀུན། །འདི་ལ་མདུང་རེ་མ་ཐེབས་ན། །མཁས་བཙུན་སྟོན་སྒོམ་ཐམས་ཅད་ཀྱིས། །ངན་སᨖང་གསུམ་གྱི་སྒོ་མི་ཁེགས། །ངན་སᨖང་སྡུག་བསྔལ་མ་བཟློག་པའི། །མཁས་པ་བཙུན་པᨖ་སྒོམ་ཆེན་གྱིས། །དགོས་པ་ཅི་ཡོད་མདོ་དོན་ཤོར། །མི་ཚེ་ཧྲིལ་གྱིས་གྲྭ་སར་བསྡད། །རྒས་ཁར་ཚེ་འདི་མ་སྤོངས་པས། །གནས་གཞི་དགོན་པའི་ཞེན་པ་བྱས། །སྡེ་འཁྲུགས་ལ་སᨖགས་སྡིག་པ་རྣམས། །བྱས་ནས་གནས་དགོན་ཤུལ་དུ་བཞག །རང་ཉིད་མནར་མེད་མེ་ནང་དུ། །འགྲᨖ་བ་ཐམས་ཅད་མི་རྟག་པ། །མ་བསམས་པ་ཡིས་ལེན་པ་ཡིན། །མདོར་ན་འཆི་བ་མི་རྟག་པ། །བདག་གི་ རྒྱུད་ལ་མ་སྐྱེས་ན། །གསང་བ་འདུས་པ་མི་ཟབ་སྟེ། །འཆི་བ་རྒྱུད་ལ་སྐྱེས་པའི་ཚེ། །སྐྱབས་འགྲᨖ་ཚᨑག་གསུམ་ཟབ་པ་ཡིན། །མཐོན་པᨖའི་ཆོས་ལ་སྙེགས་སྙེགས་ནས། །གཡང་དུ་ལྷུང་ངོ་སྐྱེས་བུ་ཀུན། །དེ་ཚེ་ཟབ་མᨖའི་གདམས་ངག་ཀྱང༌། །ཕྱི་ནང་ལོག་པ་ཉིད་དུ་འགྱུར། །གསུངས། བླ་མ་གོང་མ་རྣམས་ཀྱི་ཞལ་ནས། ཚེ་བློས་གཏོང་བ་ལ་གཏད་པ་བཞི། རྡོ་རྗེ་གསུམ། བུད་སྙེགས་ཐོབ་གསུམ་དགོས་པ་ཡིན་གསུངས། དང་པᨖ་བཞི་ནི། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲᨖགས་པᨖ་སྟོང་པར་གཏད། རྡོ་རྗེ་གསུམ་ནི། ཐེབས་མེད་རྡོ་རྗེ་སྔོན་ལ་བཏང༌། ཁྲེལ་མེད་རྡོ་རྗེ་རྗེས་ལ་འཇོག །ཡེ་ཤེས་རྡོ་རྗེ་རང་དང་འགྲᨖགས། ཕྱི་མ་གསུམ། མི་ཁྱུ་ནས་བུད། ཁྱི་གྲལ་སྙེགས། ལྷ་གྲལ་ཐོབ་གསུམ་མᨖ། །འདི་རྣམས་བཅོམ་ལྡན་འདས་ཀྱིས་རབ་བྱུང་ཇི་ལྟར་མཛད། དཀའ་བ་ལོ་དྲུག་ཏུ་སྤྱད་ལུགས། རྗེས་འཇུག་ལ་ཇི་ལྟར་རབ་ཏུ་བྱུང་བ་སᨖགས་གསུངས་ལུགས་རྣམས་གོ་ན་གོང་གི་གནད་རྣམས་ཤིན་ཏུ་ཟབ་པ། ཆོས་ཀྱི་མཐིལ་དུ་གོ་ནས་འོང༌། དེ་བཅུ་ལ་ཕུགས་ནོར་བཅུ་ཞེས་པའི་ཐ་སྙད་མཛད། དེ་རྣམས་ཡིད་ལ་བཞག་པ་ཙམ་གྱིས་འཇིག་རྟེན་གྱི་འཁྲུལ་པ་འཇོམས། ཆགས་ཞེན་གྱི་རྒྱ་མཚᨖ་སྐམས། ཆོས་བརྒྱད་ཀྱི་རི་བᨖ་བསྙིལ། ཉོན་མᨖངས་ཀྱི་རྫོང་བསྒྱལ། ལས་ངན་གྱི་གྲུ་འཇིག །གཉེན་པᨖའི་ཐང་བདེ་བ་ལ་སླེབས་པས། ཕུགས་ནོར་གྱི་མཆོག་རབ་ཏུ་སྣང་སྟེ། འོག་མ་ རྣམས་སུ་ཡང་རྒྱས་པར་འཆད་པར་འགྱུར་བ་ལས་རྟོགས་པར་བྱའོ། །དེ་བས་ན་ཚེ་བློས་གཏོང་གི་ཆོས་འདི་བློས་གཏིང་དཔག་པར་དཀའ། ཐམས་ཅད་ཀྱིས་རྟོགས་པར་དཀའ་ཞིང་གསང་བའི་གནས་ཡིན་པས་ན༑ ཟབ་མᨖ་གསང་བ་བླ་ན་མེད་པའི་ཆོས་བྱ་བ་འདི་ལགས། གཞན་ཡང་ཕན་བདེ་ཐོབ་པའི་ཐབས་གཞན་ལ་མེད་པ་འདི་ལ་ཡོད་པས་ན། ཡང་ཆོས་འདི་ཟབ་མᨖ་གཞན་ལས་ཁྱད་པར་འཕགས་པ་ལགས་ཏེ། ཚེ་འདིའི་བདེ་བ་དང༌། ཕྱི་མའི་བདེ་བ་དང༌། བྱང་ཆུབ་རྣམ་པ་གསུམ་གྱི་བར་ཐམས་ཅད་འདིས་ཚེགས་མེད་པར་འགྲུབ་པས་སᨖ། །འོ་ན་ཚེ་བློས་གཏོང་བ་དེ་ཚེ་འདིའི་བདེ་བ་རྣམས་སྤོང་བ་མིན་ནམ། ཚེ་བློས་བཏང་བས་ཚེ་འདིའི་བདེ་བ་ཇི་ལྟར་འགྲུབ་སྙམ་ན། དེ་ཁྱེད་བདེན་ཏེ། ཨ་རེ་འདོད་ཀྱིས་མྱོང་བ་ཡིན། ཆེན་པᨖ་འདོད་པས་སྐལ་བ་ཆད། མཐོན་པᨖ་འདོད་པས་གཡང་དུ་ལྷུང་སྐད་ན། བདེ་བདེ་མᨖ། སྐྱིད་སྐྱིད་པᨖ་ཞིག་བྱ་དགོས་སྙམ་པ་ལ་སྐྱིད་པᨖ་ཡོང་བ་མིན་མ་བྱུང་ཡང་ཁᨖ་རང་ཤེས། དགོས་པ་མེད་སྙམ་པ་ཞིག་ལ་སྐྱིད་པᨖ་ཡོང་བ་ཡིན་ལོ། རྣལ་འབྱོར་པ་རྟགས་མི་འདོད་ཀྱང༌། རྟགས་ཀྱིས་རྣལ་འབྱོར་པ་མི་གཏོང་བ་ཟེར་རམ། སངས་རྒྱས་ཟེར་བའི་སྒྲ་བᨖ་ཆེ། འདོད་པ་སྤངས་པའི་རྩ་ན་གདའ། མི་ཟེར་རམ། གཙང་པ་རྒྱ་རས་ཀྱི་ཞལ་ནས། ཉམས་མྱོང་ཅན་གྱི་སྒོ་ཁང་ན། སྐྱིད་པᨖ་སྒོ་ཉལ་བྱེད་ཀྱིན་ཡོད་དེ། ཞིམ་ལྟོ་ཅན་གྱིས་མ་ཚᨖར་བར་ཡོད་པ་ཡིན། གཉེན་པᨖ་ཅན་གྱི་སྒོ་ཁང་ན། འཇིག་རྟེན་ བློས་གཏོང་སྒོ་ཉལ་བྱེད་ཀྱིན་ཡོད་དེ། ཆགས་སྡང་ཅན་གྱིས་མ་ཚᨖར་བར་ཡོད་པ་ཡིན། རྩ་བ་ཆོད་པའི་སྒོ་ཁང་ན། བློ་བདེ་སྒོ་ཉལ་བྱེད་ཀྱིན་ཡོད་དེ། རེ་དོགས་ཅན་གྱིས་མ་ཚᨖར་བར་ཡོད་པ་ཡིན། ཆོག་ཤེས་ཅན་གྱི་སྒོ་ཁང་ན༑ ཕྱུག་པᨖ་སྒོ་ཉལ་བྱེད་ཀྱིན་ཡོད་དེ། འདོད་པ་ཅན་གྱིས་མ་ཚᨖར་བ་ཡོད་པ་ཡིན། གསུངས། རྟོགས་ལྡན་བསམ་གཏན་དཔལ་གྱི་ཞལ་ནས་ཀྱང༌། ཚེ་འདི་སྐྱིད་འདོད་སྡུག་བསྔལ་ཡིན། །རླུང་ལ་བསྐུར་ན་གཏན་སྐྱིད་འབྱུང༌། ། གསུངས། ཤྭ་བᨖ་སྒང་པའི་ ཤྭ་བᨖ་བའི་མཚན་པདྨ་བྱང་ཆུབ། སྐུ་མཆེད་གསུམ་གྱི་སློབ་མ། འཕན་ཡུལ་རྒྱལ་ཤྭ་བᨖ་སྒང་དུ་གདུལ་བྱ་བསྐྱངས། ལུང་རྟོགས་རྒྱ་ཆེ། གཤེགས་དུས་ཀྱང་སྤུར་རིལ་པᨖ་རིང་བསྲེལ་དུ་སᨖང་འདུག་ཟེར་རོ། །ཞལ་ནས་ཀྱང༌། ང་ལ་བློ་གཏོད་ནུས་པ་ཡོད་ན་སྐྱིད་དུ་གཞུག་ཏུ་ཡོད་པ་ཡིན་ཏེ་སྙམ། འོ་ན་ང་ཡང་བློ་གཏོད་སྙམ་ན་ཐབས་གཞན་མེད། མན་ངག་གཞན་མེད་ཚེ་འདི་བློས་གཏོང་འཇུག་པ་ཡིན་གསུངས། ཡང་ཤྭ་བᨖ་སྒང་པའི་ཞལ་ནས། འོ་སྐོལ་གྱི་ཚེ་འདི་ཕྱིའི་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་ཚེ་འདིའི་འདོད་པ་ཡིན་པས། ཚེ་འདིའི་འདོད་པ་བསྒྲུབ་བྱ་སྐྱུངས་དགོས། ཚེ་འདིའི་བསྒྲུབ་བྱ་ཆེས་ཙ་ན་ཐུགས་མི་བདེ། གར་རྒྱུག་ཆ་མེད། དེ་ཙམ་ན་སྡིག་སྡུག་གཏམ་ངན་གསུམ་དུས་གཅིག་ལ་འོང༌། དེས་ན་འདོད་པའི་བློ་སྣ་མང་པᨖ་འདི་བཟློག་དགོས། འདོད་པའི་བློ་སྣ་བཟློག་ཏུ་བཏུབ་ཙ་ན་སྐྱིད་འགོ་ཚུགས་པ་ཡིན། དེས་ན་ཚེ་འདི་ཕྱི་ཐམས་ཅད་བདེ་བ་སྒྲུབ་པ་ལ། ཡས་རྟགས་སུ་སྙིང་ལ་ཅི་ཡང་མི་འདོད་ལ་ ཅི་ཡང་མི་གསᨖག་པ་ཞིག་དགོས། རྙེད་པ་མི་འདོད་ཙ་ན་རྙེད་པའི་མཆོག་ཡིན། སྙན་པ་མི་འདོད་ཙ་ན་སྙན་པའི་མཆོག་ཡིན། གྲགས་པ་མི་འདོད་ཙ་ན་གྲགས་པའི་མཆོག་ཡིན། འཁᨖར་མི་འདོད་ཙ་ན་འཁᨖར་གྱི་མཆོག་ཡིན༑ སྙིང་ནས་ཆོས་བྱེད་ན་བློ་སྤྲང་ལ་གཏོད་དགོས། སྤྲང་གི་ཐ་མར་འཆིར་འཇུག་ནུས་དགོས། བློ་སྣ་དེ་ལྟ་བུ་ཞིག་སྐྱེས་པ་ན་ལྷ་འདྲེ་མི་གསུམ་གྱིས་འོ་བརྒྱལ་དུ་མི་འཇུག་ངེས་པ་ཡིན། ཚེ་འདིའི་འདོད་པ་ལ་བསྐམ་ཤ་བཙལ་ནས་རང་སྨ་རང་གིས་ཕབ། རང་སྡུག་རང་གིས་བྱས། མིས་འཕྱ་ལ་རང་སྡུག་པ་ཕྱི་མ་ལ་ངན་སᨖང་དུ་འགྲᨖ་བ་རྣམས་ཡོང་བ་ཡིན་གསུངས། སྐྱེས་མཆོག་པས་ཀྱང་། མཚན་བསམ་གཏན་དཔལ། འཕན་ཡུལ་རྒྱ་བྲག་ཆོས་རྗེའི་སློབ་མ། ལུང་རྟོགས་རྒྱ་ཆེ། སྒོ་མᨖ་ཡབ་ཀྱི་དགོན་པ་བཏབ། གཞན་དོན་རྒྱ་ཆེ་བར་བྱུང༌། གཡག་སྡེ་པཎ་ཆེན་ལ་སᨖགས་བུ་ཆེན་ཀྱང་མང༌། སྐྱེས་མཆོག་ཆོས་རྗེར་ཡང་གྲགས། ཚེ་འདི་རླུང་ལ་བསྐུར་ནུས་ན། །ཞེན་ལོག་པᨖ་ཞེས་འདོགས་པ་ལགས། །ཅིས་ཀྱང་དགོས་པ་མེད་ཙ་ན། ། གྲགས་པས་ས་སྟེང་ཁྱབ་པ་ལགས། །ལུས་སྲོག་ཆོས་ཕྱིར་ཐོངས་ཙ་ན། །སྙན་པའི་བསེར་བུས་བསྐྱོད་པ་ལགས། །གསུངས། སློབ་དཔᨖན་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌། གཡན་པ་འཕྲུགས་ན་བདེ་འགྱུར་ལ། །དེ་བས་གཡན་པ་མེད་ན་བདེ། །དེ་བཞིན་འཇིག་རྟེན་འདོད་ལྡན་བདེ། །འདོད་པ་མེད་པ་དེ་བས་བདེ། །ཆོས་ནི་ལུགས་ཀྱི་དམ་པ་སྟེ། །ཆོས་ཀྱིས་འཇིག་རྟེན་མངོན་དགར་འགྱུར། །འཇིག་རྟེན་དགའ་བར་གྱུར་པས་ཀྱང༌། །འདི་དང་གཞན་དུ་བསླུ་ མི་འགྱུར། །ཆོས་ལ་རྒྱལ་སྲིད་བྱེད་པ་དང༌། །ཕྱོགས་རྣམས་ཀུན་ཏུ་གྲགས་པ་ཡིས། །བླ་རེ་རྒྱ་ཆེན་འབྱུང་འགྱུར་ཞིང༌། །སློབ་དཔᨖན་རྣམས་ཀྱང་ཀུན་ཏུ་འདུད། །ཁྱོད་ཀྱི་རྒྱལ་སྲིད་ཆོས་བཞིན་དུ། །གྲགས་དོན་འདོད་སླད་མ་ལགས་ན། །དེས་ན་ཤིན་ཏུ་འབྲས་བུ་བཅས། །དེ་ལས་གཞན་འགྱུར་དོན་མ་མཆིས། །ཞེས་རྒྱལ་པᨖ་ལ་གདམས་པ་ལགས་ཏེ། ཁྱོད་ཀྱིས་ཆོས་བཞིན་བྱས་ཚེ་འདིའི་འདོད་པ་སྤངས་ན་ཚེ་འདིར་ཡང་རྙེད་བཀུར་སྙན་གྲགས་སᨖགས་ཅི་འདོད་པ་ཐམས་ཅད་ཡོང་། རྒྱལ་སྲིད་གཟུང་བས་ཀྱང་རང་གཞན་ཡོངས་ལ་ཕན་ཐོགས། དེ་ལས་གཞན་དུ་ཁྱོད་འདོད་པ་ལ་སྙིང་ཕུར་ཐེབས་ན་ཁྱོད་ཀྱིས་རྒྱལ་སྲིད་བཟུང་བའང་དོན་མ་མཆིས་གསུང་བ་ལགས་པར་གདའ། སློབ་དཔᨖན་འཕགས་པ་ལྷས་དབུ་མ་བཞི་བརྒྱ་པར། གང་གི་འཇིག་རྟེན་འདི་ཐོངས་དཀའ། །དེ་ནི་གཞན་ལས་བླུན་པ་ཉིད། །གང་དག་དེ་རྗེས་འགྲᨖ་དེ་དག །ཤིན་ཏུ་ཡུན་རིང་བསླུ་བར་འགྱུར། །ཞེས་ཆོས་ལེགས་པར་བྱས་པས་ཚེ་འདི་རང་ཡང་གཞན་ལས་སྐྱིད་པར་འོང་བ་ལ། དེ་ཙམ་ཡང་མི་རྟོགས་པ་ནི། བླུན་པའམ་གླེན་པ་ཡིན་པས། དེས་རང་གཞན་ཕུང༌། དེས་ན་ཆོས་ལེགས་པར་བྱས་པས་བདེ་བའི་གནས་སུ་སླེབ་པར་གལ་ཆེ་བར་གསུངས། སློབ་དཔᨖན་ཞི་བ་ལྷས། གཡེང་བ་མེད་པའི་ཚུལ་ཅན་ཆོས་མཆོག་གང་ཐོབ་པས། །སྔོན་ཆད་མ་ཐོབ་པ་ཡི་སྐྱིད་པའང་རབ་འཐོབ་ཅིང༌། །བདེ་བ་ལས་ནི་ནམ་ཡང་ཉམས་པར་འགྱུར་བ་མེད། །རྫོགས་པའི་བྱང་ཆུབ་སེམས་དཔའི་བདེ་མཆོག་མི་ཟད་དང༌། །སངས་རྒྱས་གོ་འཕང་མཉམ་མེད་ཕུན་སུམ་ཚᨖགས་པའང་ཐོབ། །ཅེས་བསླབ་བཏུས་ཀྱི་ཐོག་མར་གསུངས་སᨖ། །བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང༌། ཆེད་དུ་བརྗོད་པའི་ཚᨖམས་སུ། གལ་ཏེ་བདེ་བ་ཀུན་འདོད་ན། །འདོད་པ་ཐམས་ཅད་ཡོངས་སུ་སྤོངས། །འདོད་པ་ཐམས་ཅད་ཡོངས་སྤངས་ན། །མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཇི་སྲིད་འདོད་པའི་རྗེས་འབྲང་བ༑ ༑དེ་ཡི་བར་དུ་ངོམས་མི་འགྱུར། །དེ་ལ་གང་དག་ཤེས་རབ་ཀྱི། །ལྡོག་བྱེད་དེ་དག་ཚᨑམ་པ་ཐོབ། །འདོད་པས་ངོམས་པར་མི་འགྱུར་བར། །ཤེས་རབ་ཀྱིས་ནི་ངོམས་པ་སྐྱེད། །ཤེས་རབ་ཀྱིས་ནི་ངོམས་པའི་མི། །སྲིད་པའི་དབང་དུ་མི་འགྱུར་རོ། །ཞེས་གསུངས། འཕགས་པ་ཐོགས་མེད་ཀྱི་ཞལ་ནས་ཀྱང༌། ཤེས་རབ་ཀྱིས་འཚᨖ་བ་ཆོས་ཀྱི་ལོངས་སྤྱོད་སྤྱད་པའི་བདེ་བ་ནི། བཟང་བཏུང་དང་བུད་མེད་དང་གླུ་གར་འདོད་པ་ལ་ལོངས་སྤྱོད་པའི་བདེ་བས་ཡེ་མི་དོ་བ་ཞིག་ཡིན་གསུངས། ཇི་ལྟར་ཡིན་བྱས་པས། བཟའ་བཏུང་སᨖགས་ལ་སྤྱད་པའི་བདེ་བ་ནི་ལུས་མཐའ་དག་ལ་ཁྱབ་པ་མིན་པ་དང༌། ཕྱི་རོལ་གྱི་རྐྱེན་ལ་རག་ལས་པས་ནམ་འདོད་དུ་མི་འབྱུང་བས་རེས་འགའ་བ་དང༌། ཁམས་གསུམ་ཅར་ན་ཡོད་པ་མིན་པ་དང༌། ཕྱིས་འཕགས་པའི་ནོར་ཐོབ་པ་མིན་པ་དང༌། ལོངས་སྤྱད་པས་ཟད་པ་དང༌། དགྲ་ལ་སᨖགས་པས་རྒྱུན་གཅོད་ནུས་པ་དང༌། ཚེ་ཕྱི་མར་འཁྱེར་དུ་མེད་པ་དང༌། བསྟེན་པས་མཐར་ཕྱིན་པ་དང་ཆོག་པ་དང་ངོམས་པ་མེད་པ་དང༌། ཚེ་འདི་དང་ཕྱི་མའི་སྡུག་བསྔལ་ཐམས་ཅད་བསྐྱེད་པ་དང༌། མཛེ་ནད་ཕྲུགས་པའི་བདེ་བ་བཞིན་དུ་སྡུག་བསྔལ་ཞི་བ་ལ་བདེ་བའི་མིང་བཏགས་པ་ཙམ་ཡིན་པ་དང༌། འདོད་ཆགས་ལ་སᨖགས་པའི་ཉོན་མᨖངས་པ་བསྐྱེད་པ་དང༌། སྲོག་གཅོད་པ་ལ་སᨖགས་པའི་ཉེས་པར་སྤྱོད་པ་བསྐྱེད་པ་ཡིན་ལ། ཆོས་ཀྱི་ལོངས་སྤྱོད་ལས་བྱུང་བའི་བདེ་བ་ནི་ལུས་ཐམས་ཅད་ལ་ཁྱབ། ནམ་འདོད་དུ་འབྱུང༌། ཁམས་གསུམ་གར་ཡོད། འཕགས་པའི་ནོར་ཐོབ། ལོངས་སྤྱད་པས་མི་ཟད་པའི་སྟེང་དུ་འཕེལ། དགྲ་ལ་སᨖགས་པས་མེད་པར་བྱར་མེད། ཚེ་ཕྱི་མར་འཁྱེར་དུ་ཡོད། མཐར་ཕྱིན་པས་ངོམས་པ་ཡོད། ཚེ་འདི་དང་ཕྱི་མའི་སྡུག་བསྔལ་གང་ཡང་མི་བསྐྱེད། བདེ་བ་མིང་བཏགས་ཙམ་མིན། ཉོན་མᨖངས་པ་དང་ཉེས་སྤྱོད་ཐམས་ཅད་འཇོམས་པས་ཆོས་ཁྱད་པར་འཕགས་པ་ཡིན། གསུངས། དགེ་བཤེས་འབན་ལ་ཡོན་བདག་འདྲ་མཇལ་ཡོང་ཟེར་བས། དཀོན་མཆོག་གི་མཆོད་པ་ཅི་བཟང་བཤམས། དེར་བསམ་པ་ལ་བརྟགས་པས་ཡོན་བདག་གི་ངོར། མཛེས་ཆོས་འདོད་པར་སྣང་བས། སླར་ཐལ་བ་སྤར་བ་གང་གཏོར་ནས། དགེ་སློང་རང་ཟོབ་མ་བྱེད་པར་བཞུགས་ཤིག་གསུངས། དེ་ཕ་དམ་པས་གསན་པས། བདེ་བ་དཀོན་མཆོག་མཆོད་པ་ལ། འབན་གུང་རྒྱལ་གྱི་ཐལ་བ་སྤར་བ་གང་པᨖ་དེ་བཟང་གསུངས། རྒྱལ་ལྷ་ཁང་དུ་ཞོ་སྟོན་ཞིག་བྱུང་བ། ལག་བདེ་བས་ གྲལ་གོང་ཡར་ཆོབ་ཆོབ་དྲངས་པས། འབན་སྙམ་འདི་ན་མར་ལ་མི་ཐེབས་པ་བྱེད་པ་འདུག་སྙམ་དུ་བྱུང་བ་ལ། དྲན་པས་ཟིན་ནས་ཁྱོད་ཁ་ན་དགོངས་ཏེ་ཕོར་བ་ཁ་སྦུབ་བཞག །ཞོ་བཟེད་བྱས་པས། བློ་ཉེས་པᨖས་ད་ཅི་ནས་འཐུངས་ཟིན་གསུངས་ནས་བཞེས་མ་ཉན། ཁᨖང་གི་ཡོ་བྱད་ཐན་ཐུན་ཡོད་པ་རྣམས་རྒྱལ་ལྷ་ཁང་དུ་ཕུལ་ནས་སྤྲང་གིན་ཆོས་མཛད། སྐབས་ཤིག་འཕེན་ཡུལ་སྟོད་དུ། བརྡུངས་དང་རྐུན་མ་མང་དུ་བྱུང་བས༑ མི་རྣམས་ཀྱི་དངོས་པᨖ་སྦས་སྐུངས་དང་རུབ་འཆོས་བྱས་པའི་སྐད་གསན་པས། ཁᨖང་ལ་ཆུ་བུམ་གོག་པᨖ་ཞིག་དང༌། ཆོས་གོས་ཤིག་མ་གཏོགས་རྫས་མེད་པས། ཆོས་གོས་དེ་དཔུང་པར་བཀལ། ཆུ་བུམ་དེ་ཕྱག་ཏུ་ཐོགས་ནས། ངའི་རུབ་འཆོས་འདི་མིན་བྱ་ཐབས་ཡོད་དམ་གསུངས། དེ་ལ་པᨖ་ཏོ་བ་མཉེས་ནས། འབན་གྱི་རུབ་འཆོས་དེ་ཡིན་གསུངས་ནས། སྣམ་བུ་ཞིག་སྐུར་ཁᨖ་ལ་འཆི་བ་འོང་བས་རོ་དཀྲིས་དགོས། འོ་ཅག་ལ་མི་འོང་བས་མི་དགོས་གསུངས། ཆོས་བྱེད་པ་ལ་ཁᨖང་གི་དེ་འདྲ་ཞིག་དགོས་ཏེ། རྒྱགས་དང་ཇ་དང༌། ཆུ་སྡོར་མང་པᨖ་ཚགས་བྱེད་པ་ལ་ཆོས་མི་འོང་གསུངས། བྲག་དཀར་བས་ གྲབ་པ་དང་པᨖ་ཏོ་བའི་དངོས་སློབ་དཔེ་ཆོས་དང་པᨖར་སྡེབ་མཁན། བྲག་དཀར་ཕ་བᨖང་ཁར་བཞུགས། དགུང་ལོ་བརྒྱད་ཅུ། གྲྭ་པ་སུམ་བརྒྱ། གྲ་པ་འཕན་ཡུལ་གྲབ་པ། གྲ་གནས་གསར་དང་ཕོ་བྲང་སྡིངས་བཏབ། མཚན་གཞོན་ནུ་འོད། དགུང་ལོ་རེ་ལྔ་བཞུགས་སᨖ། །ཀྱང༌། ངན་བུས་ཀྱང་གུང་རྒྱལ་གྱི་རུབ་འཆོས་དེ་ལ་ ཨན་རེ་བསྟན་འཚལ་ཅེས་བྱས་གསུངས་ལོ། འབན་གྱི་ཞལ་ནས། ང་མི་སྐྱའི་དུས་ན་མདའ་གཞུ་ཆོར་མ་འདྲ་བ་བཏགས། གྲི་གཉིས་གསུམ་རེ་བཙུགས་ཀྱང་དགྲ་མང་ཟུན་ཉུང་། ང་ཕོ་རེང་མི་གཅིག་ལ་སྟོན་ཐོག་བཞི་བཅུ་ཐོན་པས་གྲᨖང་པ་རྣམས་ཀྱིས་ངའི་མིང་བཞི་བཅུ་སྡིགས་སུ་བཏགས། ཉིན་མᨖ་ལ་ཁའི་ཇག་པ། མཚན་མᨖ་གྲᨖང་གི་རྐུན་མ་བྱས་ཀྱང་ལྟོ་མ་ཕྱིད། ད་མཚᨖན་ཆ་སྤངས་པས་དགྲ་མི་གཅིག་མེད། ལས་ཀ་མཆིལ་མ་རྡོ་ལ་མི་འབᨖར་ཏེ་ལྟོ་ཕྱིད། མུ་གེ་ཅི་བྱུང་ཡང་སུ་ཕྱུག་པ་གཅིག་དང་མཇིང་བསྒྲིལ་ནས་ཟར་ཡོད། སྔར་ངའི་ཁས་ཟས་མི་རྙེད། ད་ལྟ་ཟས་ཀྱིས་ངའི་ཁ་མི་རྙེད། ཟོས་པས་ནི་མི་འཛད། འཐུང་པས་ནི་མི་ཡོག །ཆོས་བདེན་བསམ་པ་འདི་ཉིས་བསྟུད་སུམ་བསྟུད་འཆོར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྱོན་པ་ན་བᨖད་སྟོན་རྣམས་རྟ་རྨིག་ལྕགས་ཀྱིས་གཏུམས་ནས་ལྟ་བ་རྩད་གཅོད་པར་མངའ་རིས་ཕྱོགས་སུ་འགྲᨖ་བ་ལ། ཁᨖང་མི་ཚེར་ཐོས་པ་བྱས་ཡང་འགྲᨖ་ན། ང་ཐོས་པ་མ་བྱས་པ་ཡང་འགྲᨖ་དགོས་བསམ་པ་ལ། ཡང་ག་རེ་ཐོས་པ་བྱས་ན་ཉོན་མᨖངས་ཆུང་དུ་འགྲᨖ་ཟེར་བ་ལ། ངའི་ཉོན་མᨖངས་པ་ནི་ཆུང་དུ་སᨖང་འདུག །ཁᨖང་ཐོས་པ་བྱས་པ་ཉོན་མᨖངས་པ་ཆུང་དུ་མ་སᨖང་བ་འདི༑ ཁ་བརྒྱུད་མར་སᨖང་བས་ལན། ད་ནི་ང་རང་གི་འདིས་ཆོག་པར་སྣང༌། ད་ནི་སྟོན་པ་ཞིག་བྱས་ཀྱང་ཡོང་ངམ་སེམས། སྒོམ་ཆེན་ཞིག །གཙོ་བᨖ་ཞིག །གནས་བརྟན་ཞིག་བྱས་ཀྱང་ཡོང་ངམ་སེམས་གསུངས། ཁᨖང་ཉོན་ མᨖངས་པ་དང་འཐབ་པའི་དུས་སུ་འདོད་པའི་བློ་སྐྱེས་པ་ན། ཕྱག་གཡས་པས་གཡོན་ནས་འཐེན་གྱིན་ཁᨖ་དེ་འབན་གུང་རྒྱལ་ སྐུ་ཚེ་རིང་བ་གཤེགས་པ་མེད་པར་རིག་འཛᨑན་གྱི་གནས་སུ་བཞུགས་པ་ཡང་ཟེར། ཆོས་པ་བཟང་བ་སྐྱིད་པའི་ཚད་ཕེར། ད་དུང་ཁᨖང་གི་སྙན་གྲགས་སྒྲོགས། པᨖ་ཏོ་བའི་སློབ་མ་གཉེན་པᨖ་བཟང་བའི་ཚད་ཕེར། འཁྲུངས་ས་འཕན་ཡུལ་ལོ། །གསུངས་ནས། ངན་བརྒྱ་རིགས་བརྗོད་པར་བྱེད། རང་གིས་རང་ཚར་གཅོད། ཉོན་མᨖངས་པ་ཆུང་ཉལ་བ་བྱུང་བ་ན། དགེ་སློང་ཚུལ་ཁྲིམས་རྒྱལ་བ་གསུངས་ནས། ཕྱག་གཡས་པ་ནས་འཐེན་གྱིན་རང་སྤྲོ་བ་སྐྱེད་པ་ཡིན་སྐད། ཅི་ལ་འཚལ་ན་ཁᨖང་ཇག་རྐུན་ཅིག་གིས་ཚེ་བློས་གཏང་བ་ལ་དེ་ལྟར་འབད་པས་བདེ་སྐྱིད་དེ་འདྲ་བ་འབྱུང་གདའ་ན། པᨖ་ཏོ་བའི་ཞལ་ནས་ཀྱང༌། ཆོས་ཤིག་བྱས་ན་ཚེ་འདི་རང་ལ་གཞན་དང་མི་འདྲ་བ་ཞིག་ཡོང་སྟེ། ང་མི་སྐྱའི་དུས་གསེར་ཁར་ལན་གསུམ་ཕྱིན་པ་ལ། གསེར་ཞོ་གཅིག་ཀྱང་མ་རྙེད། ད་ལྟ་ནི་ཉིན་རེ་ལའང་གསེར་སྲང་མང་པᨖ་ ཡོང་༑ ཡུང་བ་ལུང་པ་ན་ཁམས་ལུང་པ་ལས་བདེ་སྐྱིད་སྙན་གསུམ་ཆེ་བ་མེད། ཀླུངས་ཤོད་ན་སྤྱན་སྔ་བ་ལས་སྐྱིད་པ་མེད། དམ་ཆོས་བཞིན་བྱས་པ་ལས་བྱུང་བ་ཡིན་གསུངས། སྤྱན་སྔ་བས། སྤྱན་སྔ་བའི་མཚན་ཚུལ་ཁྲིམས་འབར། ཇོ་བᨖ་རྗེ་ལས་ཆོས་འབྲེལ་ཐོབ། གཙོ་བᨖར་སྟོན་པས་བསྐྱངས། རྭ་སྒྲེང་དུ་ཁམས་པ་ཡེ་ཤེས་འབར་དང་ཁᨖང་གཉིས་ལ་ཏིང་ངེ་འཛᨑན་བཟང་བའི་ཚད་དུ་བྱེད། འབར་བ་རྣམ་གཉིས་སུ་གྲགས། ལོ་དགོན་པ་བཏབ། སྐུ་ཡོན་མཐའ་ཡས། སྟོད་ལུང་པ་རིན་ཆེན་སྙིང་པᨖ། སྤྲུལ་སྐུ་བྱ་ཡུལ་བ་དང༌། མང་ར་དགོན་པ་ བརྩོན་འགྲུས་འབར། ཟར་བ་ཕག་སྒོམ་སྤྱན་སྔ་བའི་མཉམ་པ་བཞིར་གྲགས་པ་སᨖགས་བུ་ཆེན་མང་དུ་བྱོན། དགུང་ལོ་བདུན་ཅུ་དོན་གཅིག་བཞུགས། ཚᨖགས་པ་བདུན་བརྒྱ་ཙམ་འདུས་སᨖ། །དང་པᨖའི་དུས་ཙམ་པ་ཆད་ཀྱིན་ཟ་ཚᨖད་རེ་ཙམ་ལ་བསྟེན། ཤམ་ཐབས་ལ་ལྷན་པ་མེད་པར་ཀོམ་པᨖ་རྒྱབ་པས་སྤྱན་སྔ་ཀོ་ཤམ་ཅན་དུ་གྲགས། ད་ལྟ་ནི་འཛམ་བུ་གླིང་པ་ཀུན་ཡང་ངས་གསᨖས་ཀྱང་སᨖས་སམ་སྙམ་གསུངས། དེ་བཞིན་དུ་མི་ལ་དང་དྭགས་པᨖ་དང་རྒོད་ཚངས་པ་ལ་སᨖགས་པ། དང་པᨖ་མི་སྐྱའི་དུས་སུ་སྡུག་བསྔལ་ཅི་འདྲ་བྱུང་དེ་ནས་ཆོས་ལ་ཞུགས། ཚེ་བློས་བཏང་བས་མགོ་ནག་གི་མི་ལས་སྐྱིད་པ་རེ་བྱུང་བ་དེ་ཡིན། དེ་བཞིན་དུ་སྔོན་གྱི་བླ་མ་དམ་པ་ཐམས་ཅད་ཀྱི་རྣམ་ཐར་ལ་བསམས་ན་དེ་འདྲ་མ་ཤ་སྟག་ཡིན། རང་རེ་རྣམས་ཀྱང་དེ་རྣམས་ལ་བསམས་ལ། ཕ་ངས་ཚེ་བློས་བཏང་བས་སྐྱིད་པᨖ་མ་བྱུང་བའི་ག་ལེ་མེད། ཚེ་བློས་མ་ཐོངས་པ་ལ་སྐྱིད་པ་བྱུང་བའི་ག་ལེ་མི་སྣང་ན་ཅིའི་དོན་ལ་ཚེ་བློས་མི་གཏོང་སྙམ་བསམ་ལ། ཐམས་ཅད་ཕོངས་ཕྱིས་པའི་རྡོ་བཞིན་དུ་སྤང་བར་བྱ་སྟེ། ཡང་དགོན་པའི་ཞལ་ནས། ཚེ་འདིའི་ལྟོས་ཐག་གཅད། ལྟོ་རྒྱབ་ལ་གྱོང་བསྐུར། ལུས་སྲོག་ཐེད་ལ་བᨖར། བཀའ་བརྒྱུད་རྣམས་ཀྱི་རྣམ་ཐར་བསམས། གོ་ཆ་དང་སྡུག་སྲན་བསྐྱེད། རི་ཁྲོད་བསྟེན་ཅིང་སྒྲུབ་པ་སྙུགས་བསྲིངས་ནས་བསྒོམས་པས་ནང་ནས་སྐྱེ་ཚུལ་ཞིག་འོང་བ་ཡིན་གསུངས། བླ་མ་ཡེ་དགོན་པའི་ཞལ་ནས། མི་ཟེར་ཚད་ཀྱི་འདྲ་འདྲ་འགྲིག་འགྲིག་མང་ པᨖ་བས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་ཐར་གདན་དུ་བཏིང༌། དེ་རྣམས་ཀྱི་དང་པᨖའི་དུས་ནས་ཕྱིས་ཀྱི་བར་དུ་ལག་ལེན་ལ་ཅི་འདྲ་ཞིག་བསྐྱངས་འདུག་པ། དེ་བྱས་ན་བཟང་བ་མི་བསླུ་བ་ཞིག་འོང་བ་ལགས་སᨖ་ཨང་གསུངས། པᨖ་ཏོ་བའི་ཞལ་ནས། འདི་མ་གོ་བས་བདག་ཉིད་ངན་པའི་གར་བྱེད་དེ། ཚེ་ཐུང་འདི་ལ་སྤྱོད་པ་ངན་པ་མི་འདྲ་བ་མང་པᨖ་སྟོན་པ་ཡིན་གསུངས། འདི་གོ་ན་སྤྱོད་ངན་རྣམས་མི་བྱེད་པར་རང་མགོ་རང་གིས་ཐོན་པའི་འདུན་མ་ཤེས་པ་ཞིག་འོང་སྟེ་གསུངས། དགེ་བཤེས་སྡིངས་པ་ འདི་པᨖ་ཏོ་བའི་སློབ་མ། རུས་ཞང་པ་ཚབ། མཚན་ཤེས་རབ་རྒྱ་མཚᨖ། སྡིངས་སུ་གཞན་དོན་བསྐྱངས། དགུང་ལོ་དྲུག་ཅུ་རེ་བརྒྱད་བཞུགས་སᨖ། །བ་ལ་གདམས་ངག་ཞུས་དུས་གདམས་ངག་མེད། ང་ཕ་གཙོ་རྒན་གྱི་བུ་ཡིན་པས་མདུན་མ་ཞིག་བསླབ་ན་གསུངས། སྐྱེས་མཆོག་པས་ཀྱང༌། སེམས་ལ་ཁུར་མེད་པར་སྡོད་པ་ལས་སྐྱིད་པ་མེད། བྱ་བྱེད་མེད་པར་སྡོད་པ་ལས་སླ་བ་མེད། སེམས་གཉེར་མེད་དུ་འཇོག་པ་ལས་དོན་ཆེ་བ་མེད་གསུངས། ས་པཎ་ ས་པཎ་ནི་ཐམས་ཅད་མཁྱེན་པ། འཇམ་དབྱངས་སᨖགས་ཞལ་གཟིགས། རྒྱ་བᨖད་ཐམས་ཅད་དུ་བསྟན་པ་སྤེལ། ལོ་བདུན་ཅུ་བཞུགས། སློབ་མ་བཤད་ཀ་འཛᨑན་པ་འུ་ཡུག་པ་རིག་པའི་སེང་གེ་སᨖགས། ཁང་གཉན་ཞང་གསུམ་དུ་གྲགས་པ་དང༌། སྒྲུབ་པའི་བརྒྱུད་འཛᨑན་དམར་ཆོས་རྒྱལ། ལྷོ་པ་ཀུན་མཁྱེན་རིན་ཆེན་སᨖགས། རྟོགས་པའི་རྒྱུད་འཛᨑན་ཚᨖགས་སྒོམ་ཀུན་དགའ་དཔལ། གྲུབ་ཐོབ་ཡོན་ཏན་མཐའ་ཡས་སᨖགས་མང་ངོ༌། །གྱི་ཞལ་ནས་ཀྱང་། རང་དབང་ཐམས་ཅད་བདེ་བ་སྟེ། ། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །བདེ་བའི་མཆོག་ནི་སེམས་སྐྱིད་པ། །ནོར་གྱི་མཆོག་ནི་སྦྱིན་པ་སྟེ། །གྲᨖགས་ཀྱི་མཆོག་ནི་མི་བསླུ་བའོ། །བློ་ལྡན་ཚེ་འདི་བསྒྲུབ་ན་ཡང༌། །ཆོས་ཀྱིས་བསྒྲུབ་ན་བདེ་བར་འགྱུར། ། དམ་པ་རྣམས་དང་ཆོམ་རྐུན་གྱི། །ཕུན་སུམ་ཚᨖགས་པའི་ཁྱད་པར་ལྟོས། །གསུངས། ཞང་བཙུན་ཡེར་པའི་ ཇོ་བᨖའི་དངོས་སློབ་བྱང་ཆུབ་སེམས་དཔའ་ཞིག་བྱོན། སྐུ་མཆེད་གསུམ་གྱི་བླ་མ་ཡིན། གཤེགས་དུས་ལྷའི་རོལ་མᨖ་ཀུན་གྱིས་ཚᨖར་བ་བྱུང༌། ཞལ་ནས༑ འཁྱགས་རིས་ཤི་ན་ཡང་ཤི །ལྟོགས་རིས་ཤི་ན་ཡང་ཤི་སྙམ་ནས་ཆོས་ཤིག་བྱས་ན་འཁྱགས་རིས་འཆི་ངེས་ཀྱང་མེད། ལྟོགས་རིས་འཆི་ངེས་ཀྱང་མེད་གསུངས། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ རྒྱལ་ལྷ་ཁང་འདེབས་མཁན་ལུང་རྟོགས་མཐའ་ཡས། བᨖད་ཀྱིས་ཀླུ་མེས་སᨖགས་བསྟན་པ་བར་དར་ལ་ཐེ། དགེ་བཤེས་སྟོན་པའི་བླ་མ་ཡང་ཡིན། ད་ལྟ་བᨖད་ཀྱི་སྡེ་དགོན་ཐམས་ཅད་ཀྱི་སྔ་ཤོས་བཟང་ཤོས་རེ་ལ་ཐེ་བར་གདའ། དང་པᨖ་བླ་མའི་བྱིན་རླབས་གཞན་དང་མི་འདྲ་བའི་ཁྱད་པར་ཅན་དུ་འདུག །གི་ཞལ་ནས་ཀྱང༌། ཞག་ཁ་ཅིག་རི་གསེབ་ཏུ་ལྟོགས་པར་བསྡད་པས། སྔོན་ལ་ཕྱུགས་རྫིས་འཛར་བ་སྟེར། དེ་ནས་གྲᨖང་གསེབ་པ་སྦྲན་ནས་སྟེར་དུ་འོང༌། གསུངས། ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ་ལས། ཤཱ་རིའི་བུ་ངའི་བསྟན་པ་ནི་ཉེས་པས་འཐབ་པར་མི་འགྱུར་ལ། ངའི་ཉན་ཐོས་རྣམས་ནི་ཆོས་གོས་དང་བསᨖད་སྙོམས་ཀྱིས་དུབ་པར་མི་འགྱུར་བས། ཤཱ་རིའི་བུ་སངས་རྒྱས་ཀྱི་ས་ལ་མངོན་པར་བརྩོན་པར་གྱིས་ཤིག །ཤཱ་རིའི་བུ་འཇིག་རྟེན་ཟང་ ཟིང་ལ་གཅེས་པར་མ་བྱེད་ཅིག །ཤཱ་རིའི་བུ་ལྟོས་ཤིག །ང་ནི་འདི་སྐད་ཅེས་རྣལ་འབྱོར་སྤྱོད་པའི་དགེ་སློང་རྣམས་ལ་ནི་ལྷ་བྱེ་བ་སྟོང་ཕྲག་དག་བདེ་བ་ཐམས་ཅད་ཀྱིས་སྟོབས་པས་བརྩོན་པར་གནས་སྟེ། ཤཱ་རིའི་བུ་མིས་ནི་དེ་ལྟ་བུའི་མཆོད་པ་དང་བསྙེན་བཀུར་བྱ་བར་མི་ནུས་སᨖ། །ཞེས་གསུངས། ཤཱ་རིའི་བུ་གང་ཞིག་དེ་བཞིན་གཤེགས་པའི་ཕྱིར་རབ་ཏུ་བྱུང་ནས་ཆོས་དེ་ལ་ཡང་བརྩོན་འགྲུས་ཀྱིས་གནས་ན། འདོད་པ་ཆུང་བའི་ལྷ་རྣམས་དང༌། འདོད་པ་ཆུང་བའི་མི་རྣམས་དང༌། འདོད་པ་ཆུང་བའི་སེམས་ཅན་ཐམས་ཅད་ལས་དགེ་སློང་རྣལ་འབྱོར་སྤྱོད་པ་དེའི་ལྷུང་བཟེད་དང་ཆོས་གོས་འབྱུང་བར་འགྱུར་རོ། །ཞེས་གསུངས། སྙིང་རྗེ་པད་དཀར་ལས། སྔོན་བཅོམ་ལྡན་འདས་ཀྱིས་ཐུགས་བསྐྱེད་དུས་བདག་གི་བསྟན་པ་ལ་ཆོས་གོས་ངུར་སྨྲིག་སᨖར་བཞི་འཆང་བའང་བཟའ་བཏུང་བསམས་པ་བཞིན་མ་ཐོབ་ན་བདག་གིས་སངས་རྒྱས་བསླུས་པས་སངས་རྒྱས་མི་ཐོབ་པར་གྱུར་ཅིག ༑ཅེས་བཤད། ཡང་། ཁྱིམ་པའི་སྐྱེ་བᨖ་ཐམས་ཅད་ཀུན། །སེན་མᨖའི་སྟེང་དུ་ཞིང་རྨོད་ཀྱང༌། །ང་ཡི་རབ་ཏུ་བྱུང་བ་རྣམས། །འཚᨖ་བས་ཕོངས་པར་མི་འགྱུར་རོ། །གསུངས། སྤྱན་སྔ་རིན་པᨖ་ཆེའི་ཞལ་ནས་ཀྱང༌། འོ་ཅག་ལྟོ་རྒྱབ་ཀྱི་འཚᨖ་བས་ཕོངས་ཀྱང༌། བློ་ཕུག་སྤྲང་ལ་གཏད་པས་དད་ལྡན་ཀུན་གྱིས་མཆོད་པའི་གནས་བྱེད། དེས་ན་ལོངས་སྤྱོད་ཀྱི་གཙོ་བᨖ་ཞེན་ཆགས་མེད་པ་ཡིན་པས། ཀ་ཆའི་གསᨖག་རུམ་བྱ་བའི་དོན་མེད། འོ་ཅག་ལ་མིས་འཕྱར་ཁ་བཏང་ཡང༌། རང་སེམས་ལ་ཟོལ་ཟོག་མེད་པ་ཞིག་བྱས་པས་གཞུག་ཀུན་གྱི་ཡིད་དུ་འོང་བ་ཞིག་ཡོང་བ་ཡིན་ཏེ། དེས་ན་སྙན་གྲགས་ཀྱི་གཞི་མ་སྤྱོད་ལམ་ལ་སྐྱོན་མེད་པ་ཡིན་པས་ཚུལ་འཆོས་བྱ་བའི་དོན་མེད་གསུངས། དགེ་བཤེས་ཁ་རག་ ཡུལ་གཙང་སྟོད་དུ་ཞུར་བ། འཕན་ཡུལ་སྤྲས་ཀྱི་བྲག་རྒྱབ་ཏུ་སྒྲུབ་པ་རྩེ་གཅིག་ཏུ་མཛད། དགེ་བཤེས་དགོན་པ་བའི་བུ་ཆེན་ཡིན། ཁ་རག་ཕུག་ནག་ཏུ་བསྒོམས་པས་ཁ་རག་སྒོམ་ཆུང་དུ་གྲགས། སྦ་སྒོམ་གྱི་ཡང་སློབ་མ་ཡིན་ནོ། །སློབ་མ་རྔུལ་སྟོན། ཟངས་དཀར་ མཛོད་ཁུང་། སྟོད་པ་དྷརྨ་སྐྱབས་སᨖགས་སᨖ། །པའི་ཞལ་ནས། ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད། །ཤི་ནས་བྱང་ཆུབ་འབྲས་བུ་བཙལ་དུ་མེད། །སང་འཆི་གནངས་འཆི་བདག་གིས་མི་ཤེས་པས། །དེ་བས་བྱང་ཆུབ་མྱུར་དུ་བཙལ་བར་རིགས། །སᨖ་ནམ་མ་བྱས་ཡོ་བྱད་མ་བསགས་ཀྱང༌། །སྒོམ་ཆེན་འཁྱགས་སམ་བཀྲེས་ནས་གྲᨖངས་པ་དག །སྔོན་ཆད་མཐོང་ཞིང་ཐོས་པ་ཅང་ཡོད་དམ། །ཕྱིན་ཆད་ནམ་ཡང་མཐོང་ཞིང་ཐོས་མི་འགྱུར། །གསུངས། པᨖ་ཏོ་བའི་ཞལ་ནས། ཁ་བ་ཉིན་དགུ་མཚན་དགུ་བབ་ཀྱང༌། ལྕོ་གས་རང་ཤོང་རྙེད། དེ་བཞིན་དུ་རྒྱལ་ཁམས་མ་བདེ་ཚེ་ས་འགྲིབས་འགྲིབས་བྱས་ཀྱང་ཆོས་ནན་ཏར་བྱེད་ན་གབ་ས་དང་སྡོད་ས་དང་ཆོས་འགོ་འདོན་ས་རེ་རྙེད་གསུངས། གཙང་པ་རྒྱ་རས་ གྲུབ་ཐོབ་གླིང་རས་ཀྱི་བུ་ཆེན། འབྲུག་དང་ར་ལུང་གི་དགོན་པ་བཏབ། ནཱ་རོ་པའི་སྤྲུལ་པར་གྲགས། སློབ་མ་ལོ་རས་རྒོད་ཚང་པ་གཉིས། ས་སྐྱང་གཉིས། རྒྱ་འབྲས་གཉིས་སᨖགས་མང༌། རྟེན་དགེ་སློང་དུ་བཞུགས། ཀྱི་ཞལ་ནས། ཚེ་བློས་གཏོང་བའི་ཚེ་འདི་ལ་མ་ཆགས་པ་སྦྱིན་པའི་རབ། ཅི་བྱས་སེམས་ཅན་གྱི་དོན་དུ་འགྱུར་བ་འགྲᨖ་དོན་གྱི་རབ། ཡུལ་གང་ལའང་ཆོག་ཤེས་སྐྱེས་པ་ཕྱུག་པᨖའི་རབ། རྒྱལ་ཁམས་གར་ཕྱིན་ཡང་ཆོག་པ་ཕ་ཡུལ་གྱི་རབ། གནས་གར་ཉལ་ཡང་སྐྱིད་པ་ཁང་བཟང་གི་རབ། ཉམས་མྱོང་སྐྱོ་རོགས་སུ་བཟང་བ་གྲᨖགས་པᨖའི་རབ། བརྩམས་པ་མཐར་འདོན་པ་ཕོ་རྒོད་པའི་རབ། རང་དབང་རང་གིས་ཐོབ་པ་ཁ་དྲག་གི་རབ། སེམས་ཆགས་སྡང་གི་དབང་དུ་མ་ཤོར་བ་སྙིང་རྗེའི་རབ། ཚུལ་མིན་ཡིད་ལ་མི་འགྱུ་བ་ཚུལ་ཁྲིམས་ཀྱི་རབ། བློ་སེམས་ཉམས་དང་ལྡན་པ་མཁའ་འགྲᨖ་སྡུད་པའི་རབ་ཡིན་གསུངས། རྒྱལ་སྲས་རིན་པᨖ་ཆེ་ནི་ཚེ་བློས་གཏོང་བ་སྒྲིབ་པ་སྦྱོང་བའི་ཡང་མཆོག་ཡིན་གསུངས། ཀུན་སྤངས་གྲགས་རྒྱལ་གྱི་སློབ་མ་དགེ་བཤེས་ཁ་རག་པ་བྱ་བ་ཡོན་ཏན་དང་སྐུ་བསᨖད་ཆེན་པᨖ་བྱས་པ་ཞིག་ལ་མཛེ་བྱུང༌། ཐབས་ཅི་བྱས་ཀྱང་མ་ཕན། ནུབ་གཅིག་ནད་འདིས་གང་ལྟར་ཡང་མི་ཁྱུ་ནས་འབུད་པ་ལ་ད་འབུད་ངོ་ཤེས་པ་ཞིག་བྱ། ལོངས་སྤྱོད་གང་ཡོད་དགེ་ཕྱོགས་ལ་བཏང༌། སྐྱིད་མᨖ་རྫ་འཕྲེང་གི་རྫ་འོག་དེར་བསྡད་ལ། ལྟོ་ལ་ལམ་ཟན་སློང༌། མ་ཎི་འདྲེན་སྙམ་པ་བྱུང༌། དེ་ནུབ་རྨི་ལམ་ན་ཁᨖང་ཆུས་ཁྱེར་བས། མི་དཀར་པᨖ་ཞིག་གིས་ཆུ་ནས་བཏོན་སྐྱི་མᨖ་རྫ་འཕྲེང་གི་བྲག་སྟེང་དུ་བཞག་པས། ལུས་ལས་ཆུ་མང་པᨖ་ཟགས་པ་རྨིས། སད་ཙ་ན་མལ་ཆུས་ཁེངས། མཛེ་སངས་ཕན་ཟེར་གསུངས། ཚེ་བློས་གཏང་བ་འདི་ཉམས་རྟོགས་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་མི་ཉམས་པར་གོང་འཕེལ་དུ་གཏོང་བའི་ཐབས་ཉག་གཅིག་ཡིན་ཏེ། གྲུབ་ཆེན་ཡུ་མᨖ་བའི་ཞལ་ནས། ཉམས་ལ་ཡར་སྐྱེད་མེད་པ་དེ། །ཟླ་བ་ཉི་མས་ནོན་པ་འདྲ། །དེ་གཉིས་སྣང་གི་ཡུལ་ལ་ཞེན་པས་ལན། ། སེམས་འཁྲི་བ་ཆོད་ཅིག་སྐལ་ལྡན་ཀུན། །གསུངས། གཙང་པ་རྒྱ་རས་ཀྱི་ཞལ་ནས། སྒོམ་སྐྱེས་བདག་པᨖ་མེད་པ་དེ། །ཕྱུག་པᨖ་རླུང་གིས་ཁྱེར་བ་འདྲ། །སེང་གེ་ཁྱི་ཡི་ཟླ་ལ་ཤོར། །ནོར་བུ་རིན་ཆེན་འདམ་དུ་བྱིང༌། །དེས་ན་ ཞེན་ལོག་བདག་པᨖ་དགོས། །གསུངས། ཚེ་འདིའི་ཞེན་པ་མཐའ་དག་ལོག་པ་ཞིག་བྱུང་ན། ཆོས་གཞན་ཐམས་ཅད་ལ་དགའ་བ་མེད་པར་ཁ་སྤོས་པས་ཆོག་པ་ཞིག་ཡོང་ལ། འདི་མེད་ན་ཉམས་རྟོགས་ཀུན་ཡོང་ཡོང་འདྲ་འདུག་ཀྱང་མྱུར་དུ་ཉམས་འགྲᨖ་བ་མང་དུ་མཐོང་ཞིང་ཐོས་ལ་རིགས་པས་ཀྱང་གྲུབ། འགྲᨖ་མགོན་གྱི་ཞལ་ནས་ཀྱང༌། ཚེ་འདིའི་བདར་ཤ་མ་ཆོད་ན། །དད་པའི་ཉམས་དང་ཏིང་ངེ་འཛᨑན། །གོང་མ་སྐྱེ་བ་བཞིན་འདུག་ཀྱང༌། །དུས་ཚᨖད་གཅིག་ན་ཉམས་ནས་འགྲᨖ། །འདི་གཅིག་བྱུང་ན་བརྟན་པ་ཡིན། །ཆོས་རྣམས་རྒྱུད་ལ་སྐྱེ་བ་དང༌། །གནས་དང་གོང་ནས་གོང་དུ་འཕེལ། །བློ་སྐྱེད་ཀུན་ཀྱང་ནམ་མཁའ་ཡི། །དཀྱིལ་ནས་འཐོན་པ་བཞིན་དུ་འོང༌། །དཔེར་ན་ས་བᨖན་མར་འཛུགས་བཞིན། །འདི་ཟུག་ཡར་གྱི་བློ་སྐྱེད་དྲག །གསུངས། ཁ་ཅིག་ཆོས་སྙིང་ནས་བྱེད་འདོད་ཀྱི་དད་པ་དང༌། ཞེན་ལོག་དང་བློ་ཆོད་རེ་ཆེ་བྱས། སྡོད་ཚུགས་ཟིན་ཟིན་པᨖ་ཡོང་ཡོང་འདྲ་ཡོད་ཙ་ན། ཏིང་ངེ་འཛᨑན་བཟང་བཟང་པᨖ་ཞིག་མ་བྱུང་བས་ཡི་མུག་ནས། ང་འདྲས་ཆོས་བྱས་ཀྱང་ནུས་པ་མི་འཐོན་པ་སྣང་སྙམ་ནས་བཤོལ་བཏོང་སྟེ། དེ་ནི་གཙང་པ་རྒྱ་རས་གསུང་བ་བཞིན་སྒོམ་སྐྱེས་བདག་པᨖ་མེད་པ། སེང་གེ་ཁྱིའི་ཟླ་ལ་ཤོར་བ་རང་ཡིན་ཏེ། སྔར་མང་དུ་བཤད་པ་ལྟར་གྱི་བློ་མ་སྐྱེས་ན་ནི་བདེ་དགེ་གང་ཡང་ཡོང་བ་མེད། སྐྱེས་ན་ནི་བདེ་དགེ་ཐམས་ཅད་ཡིད་བཞིན་དུ་ཐོབ་པའི་ཞེན་ལོག་གི་བློ་སྣ། སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱིས་རབ་ཏུ་ བསྔགས་པ་སྐྱེ་བᨖ་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་བར་དཀའ་བ་འདི་འདྲ་ཉག་ཉུག་བྱུང་དུས་དགའ་བ་བསྒོམ། སྒྱིད་པ་བགྲད་ནས་མི་སྡོད་པ་ནི་བསᨖད་ནམས་དམན་པ་རང་ངོ་རང་གིས་མ་ཤེས་པ་ཡིན་ཏེ། པᨖ་ཏོ་བའི་ཞལ་ནས༑ སᨖ་མེད་ཀྱང་རྙིལ་གྱིས་འདྲད་ཟེར་བ་བཞིན། བློ་ཆོས་ལ་འགྲᨖར་མི་ཉན་ཡང༌། ང་ཅི་ཙུག་སᨖང་ཡང་ཆོས་བྱེད་ཟེར་བ་ཞིག་བྱུང་ན། བློ་སྐྱེད་བྱུང་བ་དང་ཆོས་བྱུང་བ་དེ་དག་ཡིན། ཚེ་འདིར་སྨོན་པ་མན་ཆོད་སེམས་སྦྱོང༌༑ ༑དེ་གོང་ས་བᨖན་ཙམ་ཞིག་འདེབས་ཤིང༌། །དེ་སྦྱོང་སྨོན་ལམ་རྟག་ཏུ་འདེབས་ན། །ཕྱག་རྒྱ་ཆེ་ཐོབ་བཞིན་དུ་དོན་ཆེ། །ཞེས་ཚེ་འདིར་ཞེན་ལོག་གམ་མི་རྟག་པ་ལ་བློ་སྦྱོང་བ་ནས། སྨོན་པ་སེམས་བསྐྱེད་མན་ཆོད་ལ་བློ་སྦྱོང་བ་ལ་བསྒྲིལ་ནས། དེ་གོང་ཞི་གནས་ལྷག་མཐོང་སᨖགས་མ་སྐྱེས་ཀྱང་ས་བᨖན་ཙམ་འདེབས། སྨོན་ལམ་འདེབས་བཞིན་པ་ཞིག་གི་ངང་ལ་ཤི་ན་ཕྱག་རྒྱ་ཆེན་པᨖའི་གོ་འཕང་ཐོབ་པ་བཞིན་དུ་དོན་ཆེ། བསᨖད་ནམས་ཆེ་དང་ ཆུང་བའི་ཁྱད་པར། །ཟང་ཟིང་མང་དང་ཉུང་བས་མ་ཡིན། །རང་རྒྱུད་ཕྱིན་ཅི་མ་ལོག་ཤེས་པ། །སྐྱེ་དང་མི་སྐྱེ་དེ་གཉིས་ཁྱད་ཡིན། །ཞེས་ཚེ་འདིའི་ཕུན་ཚᨖགས་མང་བ་བསᨖད་ནམས་ཅན་མིན། ཞེན་ལོག་སᨖགས་ཕྱིན་ཅི་མ་ལོག་པའི་ཤེས་པ་སྐྱེས་ན་བསᨖད་ནམས་ཅན་ཡིན་ བེའུ་བུམ་སྔོན་པᨖར་ གསུངས། རྒྱལ་སྲས་རིན་པᨖ་ཆེས་ཀྱང༌། བློ་རྒྱུད་ཆོས་སུ་འགྲᨖ་ན་ཚᨖགས་བསགས་མཐར་ཐུག་ཡིན། །ནམ་འཆི་ངེས་མེད་དྲན་ན་སྤྱང་པᨖའི་མཐར་ཐུག་ཡིན། །སྡིག་སྤང་དགེ་བ་བསྒྲུབ་ན་གྲུང་པོའི་མཐར་ཐུག་ཡིན། །འགྲᨖ་ཀུན་སྤྱི་བᨖར་ཁུར་ན་མཐོན་པᨖའི་མཐར་ཐུག་ཡིན། །ཆོག་ཤེས་བློ་དང་ལྡན་ན་ཕྱུག་པᨖའི་མཐར་ཐུག་ཡིན། །གང་ལའང་ཆགས་ཞེན་མེད་ན་སྐྱིད་པའི་མཐར་ཐུག་ཡིན། ། གསུངས། དེ་ལྟར་བསམས་པས། ཚེ་འདིའི་འདོད་པ་ཐམས་ཅད་ལ་ཞེན་པ་ལོག །དེ་འཕེལ་བས་འཁᨖར་བ་མཐའ་དག་ལ་ཞེན་པ་ལོག་པ་ཞིག་བྱུང་ན། དེ་ཙ་ན་ཐར་པའི་ལམ་སྣ་ཟིན་པ་ཞེས་ཀྱང་བྱ་སྟེ། དེ་མེད་ན་ཅི་ཡོད་ཀྱང་ལམ་སྣ་མི་ཟིན། དེ་བྱུང་ན་གཟོད་ཆོས་པའི་ཁྱུར་ཚུད་པ་ལགས་སᨖ། །ཚེ་བློས་གཏང་བའི་ཕན་ཡོན་དང༌། མ་བཏང་བའི་ཉེས་དམིགས་ནི་དེ་འདྲ་ན། འོ་ན་ཚེ་བློས་གཏོང་ལུགས་ཇི་ལྟར་བྱ་སྙམ་ན། དེ་ལ་གཙང་པ་རྒྱ་རས་ཀྱི་ཞལ་ནས། ཚེ་བློས་གཏོང་བ་ལ་དམ་ཚᨑག་འདི་རྣམས་དགོས་གསུངས། མི་དང་བློ་སྣ་མི་བསྟུན་པར་གཅིག་པུར་སྡོད་པ་དང༌། ཕ་ཡུལ་སྤོང་བ་དང༌། འདོད་ཡོན་ལ་ཡི་མུག་འབའ་ཞིག་སྒོམ་པ་དང༌། དམའ་ས་འཛᨑན་ཅིང་སུ་ ཡི་ཡང་ངོ་མི་བསྲུང་བ་དང༌། གཉེན་པᨖ་ཟློག་སྒོམ་གྱི་བྱ་ར་འཇོག་པ་དང༌། མི་ཟེར་ལ་ཆེད་དུ་མི་འཛᨑན་པར་ཟེར་མᨖད་འདུག་མᨖད་དུ་འཇོག་པ་དང༌། གཅེས་དགུ་རླུང་གིས་ཁྱེར་ཡང་སྡུག་བསྔལ་མི་བྱེད་པ་དང༌། སྤྲང་པᨖ་ཤི་བ་བཞིན་མི་ཚེ་སྡུག་ཟད་ལ་གཏོང་བ་དང༌། དགོས་མེད་ཀྱི་དྲག་སྔགས་རྒྱུན་དུ་བགྲང་བ་དང༌། རང་གི་སྣ་ཐག་རང་གིས་འཛᨑན་པ་དང༌། ཉམས་ལེན་བཟང་པᨖ་སྤྲིན་བཞིན་འཁᨖར་བར་བྱ་བ་དང༌། བཅུ་གཅིག་པᨖ་འདི་ཡིན་གསུངས། གཞན་ཡང་ཚེ་བློས་གཏོང་བ་ལ་མི་རྒྱུད་ལ་སྙིང་རུས་དང་གཅོད་ཁམས་ཆེ་བ་རྡོ་བཅག་པ་འདྲ་བ་ཞིག་དགོས། འཕྲལ་བདེ་ལ་གཏིང་གཅུ་དཀའ་བ་གཡག་རྒན་གྱི་འཇིང་པ་འདྲ་བ་ཞིག་དགོས། འདུ་འཛᨑ་ལ་འཇིགས་པ་ཤ་བ་རྫི་ཕོག་པ་འདྲ་བ་ཞིག་དགོས། རྩིས་གདབ་མེད་པ་ཉེས་ཅན་གཡངས་ལ་མཆོངས་པ་འདྲ་བ་ཞིག་དགོས། སྡུག་ཐུབ་པ་ཡུག་ས་མᨖ་དྭ་ཕྲུག་བསྲེལ་བ་འདྲ་བ་ཞིག་དགོས་གསུངས། སྤྱིར་འདོད་པ་སྤོང་བའི་འདོད་པ་ལ༑ འཕགས་པ་ཐོགས་མེད་ཀྱི་ཞལ་ནས། དངོས་པᨖའི་འདོད་པ་དང་ཉོན་མᨖངས་པའི་འདོད་པ་གཉིས་ཡོད་དེ། འདི་གཉིས་ཆར་རབ་ཏུ་བྱུང་བས་སྤང་གསུངས། དངོས་པᨖའི་འདོད་པ་ནི་ཡུལ་དང་ཞིང་དང་ཁང་པ་དང༌། ཕ་མ་ལ་སᨖགས་པའི་ཉེ་འབྲེལ་དང་ནོར་འབྲུ་ལ་སᨖགས་པའི་ཡོངས་སུ་བཟུང་བ་ཐམས་ཅད་སྤང་ནས་རབ་ཏུ་བྱུང་བ་དེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་པའི་དོན་ཡང་དེ་དག་ལ་ཟེར། དེ་ལྟར་ཚེ་བློས་གཏོང་ཚུལ་ནི་ བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ཚང་མས་བྱེད་པ་ཡིན་ན། བྱེད་ལུགས་གང་འདྲ་བྱེད་བལྟས་པ་རང་གིས་ཤེས་ཏེ། འོན་ཀྱང་ད་ལྟར་གྱི་གང་ཟག་བློ་དམན་པ་ལ་སᨖ་སᨖར་ཕྱེ་སྟེ་མ་བཤད་ན་མི་གོ་བས། སྔར་གཙང་པ་རྒྱ་རས་ཀྱིས་གསུང་པ་བཞིན་དུ་བཤད་ན། ཚེ་བློས་གཏོང་བ་ལ་བསླབ་བྱ་བཅུ་དགུ་ཡོད་པ་ལས། དང་པᨖ་ཕ་ཡུལ་སྤོང་བ་འདི་གལ་ཆེ་སྟེ། དེ་ན་ཞེན་ཆགས་སྐྱེ་བའི་ཡུལ་ཉེ་འབྲེལ་དང་ཞིང་ཁང་ལ་སᨖགས་པའི་ནོར་རྫས་དང༌། སྡང་སེམས་སྐྱེ་བའི་ཡུལ་དགྲ་ལ་སᨖགས་པ་ཡོད་པས། བློ་ཆགས་སྡང་གི་དབང་དུ་ཤོར་ནས་ཆོས་མི་འགྲུབ། གལ་ཏེ་རང་ལ་ཆགས་སྡང་མ་བྱུང་ཡང་དེ་རྣམས་ཀྱིས་ཚུར་ལ་ཆགས་སྡང་བྱེད་དུ་འོང་སྟེ། ཉེ་འབྲེལ་གྱིས་ཁᨖང་ཚᨖའི་ཚེ་འདིའི་སོ་ཚᨑས་ཀྱི་གྲᨖགས་འཆོལ། གལ་ཏེ་མ་བྱས་ན་སྡིག་གསᨖག །དགྲས་སྔར་གྱི་འཁᨖན་ཙམ་ཡིད་ལ་བྱས་ནས་སྒོ་གསུམ་གྱིས་ཅི་གནོད་བྱེད། རང་གཞན་ལ་སྡིག་སྡུག་བསྐྱེད་པ་ཡིན། ཕ་ཡུལ་སྤངས་ན་དེ་འདྲའི་སྐྱོན་མེད་པ་ལགས་ཏེ། པᨖ་ཏོ་བའི་གསུང་ལས། སྐྱེས་པའི་ཡུལ་སྤངས་ཉེ་དུ་ཐག་བསྲིངས། །མཐུན་པའི་ཡུལ་འདུག་བཤེས་གཉེན་རྟག་བསྟེན། །འདུ་འཛᨑ་ཀུན་སྤངས་ཚུལ་བཞིན་ཡིད་བྱེད། །དེ་ལ་ཐར་པ་རིང་བ་མ་ཡིན༑ ༑གསུངས། སྐྱེས་པའི་ཡུལ་སྤངས། ཉེ་དུ་དང་འབྲེལ་བ་གཅོད། མ་བརྟགས་པའི་དངོས་པᨖ་ཐམས་ཅད་སྤོང་བ་དང་གསུམ་པᨖ་ནི། རྭ་སྒྲེང་བའི་བཀའ་སྲོལ་ཡིན་པ་ལ། ཕྱིས་ཀྱི་མི་ཀུན་གྱིས་འདི་དཀའ་བར་བྱུང་གསུངས། ལྷག་བསམ་བསྐུལ་བའི་མདོར་ཡང༌། གང་ནའང་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲᨖ་བ་མཆོག །གང་ན་ཉོན་མᨖངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ༑ ༑རབ་བྱུང་དོན་འདོད་ཡོན་ཏན་འདོད་པ་རྣམས། །སྡང་བའི་སེམས་ཀྱིས་རྩོད་པར་མ་བྱེད་ཅིག །ཁྱེད་ལ་ཞིང་མེད་ཞིང་ལས་འཚᨖང་བྱ་མེད། །གང་དག་ནོར་ཕྱིར་འདི་དག་འབྱུང་བ་སྨྲོས། །ཁྱེད་ལ་ཆུང་མ་བུ་དང་བུ་མᨖ་མེད། ། ཁྱིམ་དང་གཉེན་གྱི་ཚᨖགས་ཀྱང་ཡོད་མ་ཡིན། །བྲན་ཕོ་བྲན་མᨖ་མེད་ཅིང་དབང་ཕྱུག་མེད། །གསུངས། གཙང་པ་རྒྱ་རས་ཀྱི་ཞལ་ནས་ཀྱང༌། ཉོན་མᨖངས་ཡུལ་ལས་སྐྱེ་བ་ལ། །ཕ་ཡུལ་མི་སྤང་བའི་སྙིང་མེད་པᨖ། །ཉམས་ལེན་གཉེན་པᨖས་བྱེད་པ་ལ། །གཉེན་པᨖ་མི་བསྟེན་པའི་སྙིང་མེད་པᨖ། །ཆོས་བཤད་རྐྱེན་གྱིས་འབྱེད་པ་ལ། །རྐྱེན་དང་མི་སྤྲོད་པའི་སྙིང་མེད་པᨖ། །སྐྱེས་པའི་ཕ་ཡུལ་སྤོང་བ་དང༌། །རླུང་ཁྱེར་ཟེར་ཡང་འགྱོད་པ་མེད། །སྤོང་ཐག་བླ་མའི་ཕྱོགས་སུ་ཐོང་དང༌། །ལྟོགས་ནས་ཤི་ཡང་འགྱོད་པ་མེད། །སྐམ་ཐག་ཆུ་ནང་དུ་ཆོད་དང༌། །བླ་མ་བསྟེན་ཡུན་ཐུང་ཟེར་ཡང་འགྱོད་པ་མེད། །སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་བᨖར་དང༌། །གཉེན་པᨖའི་རྟེན་འབྲེལ་དེས་འགྲིག །འཇིག་རྟེན་གྱི་བདེ་འབྲས་བྱུར་དུ་མཐོང་ན། །དད་པའི་རྟེན་འབྲེལ་དེས་འགྲིག །འཇིག་རྟེན་བློས་ཐོངས་དང༌། །སྦྱིན་པའི་རྟེན་འབྲེལ་དེས་འགྲིག །སྐྱེས་པའི་ཕ་ཡུལ་མ་སྤངས་ན་ཆགས་སྡང་རྒྱུན་མི་ཆད་པ་ཡིན་པས་སྐྱེས་པའི་ཕ་ཡུལ་ སྤོངས་ཤིག །འཇིག་རྟེན་གྱི་བྱ་བ་མ་བཏང་ན་དགེ་སྦྱོར་གྱི་སᨖ་བསᨖད་མི་འབྱུང་བས། བྱ་བ་ཐོང་ཞིག །ནོར་རྫས་རླུང་ལ་མ་བསྐུར་ན་ཉེ་འབྲེལ་གྱི་ཁᨖ་ཐག་མི་ཆོད་པས། ནོར་རྫས་རླུང་ལ་བསྐུར་ཅིག །གསུངས། རྒྱལ་སྲས་རིན་པᨖ་ཆེས། གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །གསུངས། རྗེ་རེ་མདའ་བའི་མཚན་གཞོན་ནུ་བློ་གྲᨖས། ཐམས་ཅད་མཁྱེན་པ། བསྐྱེད་རྫོགས་ཀྱི་ཏིང་ངེ་འཛᨑན་བརྙེས། ལོ་ཙཱ་བ་བྱང་རྩེ་སᨖགས་ཀྱི་བུ་ཆེན་ནོ། །སློབ་མ་རྗེ་ཙོང་ཁ་པ་སᨖགས་ཀུན་མཁྱེན་བདུན་དུ་གྲགས་པ་སᨖགས་ཐོན་ནོ། །ཞལ་ནས། གང་དུ་གནས་ན་སྣང་ཤས་འཕེལ་འགྱུར་ཞིང༌། །རང་རྒྱུད་རྙེད་བཀུར་ཞགས་པས་འཆིང་བྱེད་ལ། །གཞན་རྒྱུད་ཕྲག་དོག་འགྲན་སེམས་ཀྱིས་གདུང་བའི། །གནས་དེར་སྐད་ཅིག་ཙམ་ཡང་མི་གནས་སᨖ། །གསུངས། འབའ་ར་བའི་ཞལ་ནས། དུས་ངན་སེམས་ཅན་ཚᨖར་ངན་ཆེ། །ཁྱིམ་མཚེས་མདོ་གནོན་ཅི་གནོད་བསྐྱེལ། །འཛུར་མེད་ཧོར་ཁྲལ་ཆ་མ་མང༌། །སྣེ་མཁན་གོ་མཚམས་སྟོངས་དུས་མེད། །དུས་ངན་ཕ་ཡུལ་བཟུང་བ་དཀའ་བར་གདའ། །སེམས་སྐྱོ་བ་བསྐྱེད་ལ་རི་ཁྲོད་འགྲིམས། །རང་ཡུལ་ཆགས་སྡང་སྐྱེ་བར་ཤེས་ལགས་ཀྱང༌། །འཕྲལ་གང་མཐུན་རྐྱེན་འཛོམ་པའི་མིག་ཉེས་ཆགས། །རང་འཐད་དབེན་པར་སྒོམ་པ་ནམ་ཡོང་ན། །སྐྱིད་ཆོས་མཁན་ལ་བླ་མའི་ཐུགས་རྗེས་ཟུངས། །གསུངས། རྒྱལ་སྲས་རིན་པᨖ་ཆེའི་ཞལ་ ནས། རང་གི་ཉེ་དུའི་བཀུར་སྟི་རབ་སྤངས་ནས། །གཞན་གྱི་བཀུར་སྟི་འདོད་ན་བློས་བཏང་སྙོམས། །ཡུལ་དང་གཉེན་བཤེས་ལོངས་སྤྱོད་ཀུན་སྤངས་ནས། །སྙན་གྲགས་འདོད་པའི་བློ་ཡིས་བཅིངས་གྱུར་ན། ། ལྕགས་སྒྲོག་ཆོད་ནས་སྲད་བུས་འཁྱིགས་པ་ཡིན། །གསུངས་པ་ལྟར། ཕ་ཡུལ་མིན་ཡང་རང་གཞན་ཉོན་མᨖངས་འཕེལ་ན་ཡུལ་གང་ཡིན་ཀྱང་སྤངས་ནས་གནས་ངེས་མེད་བྱ་དགོས་ཏེ། པᨖ་ཏོ་བའི་ཞལ་ནས། སྤྱོད་པ་བསᨖད་སྙོམས་སྐྱེ་བ་བསྐྱལ་བྱ། །འདོད་ཆུང་བསྟན་བྱ་སེམས་ཀྱིས་མི་གདུང༌། །ཉི་ཟླ་བཞིན་དུ་ཀུན་ཏུ་རྒྱུ་བྱ། །ཡུལ་གཅིག་མི་སྡོད་གནས་གཅིག་མ་བཟུང༌། །གྲᨖགས་དང་སྦྱིན་བདག་ཡུལ་རིང་ཆད་མིན། །གཉའ་ཤ་སུ་ལའང་སྦྱིན་པར་མི་བྱ། །ཞེས་དང༌། བསྡད་ན་འཕོངས་རྗེས། འགྲᨖ་ན་རྐང་རྗེས་ལས་མེད་པ། ལྷམ་སྣ་བསྒྱུར་ན་བན་གཞིས་རྫོགས་པར་དགོས། འགྲᨖ་ན་དངོས་པᨖ་འདི་དང་འདི་འཆོལ་བ་སོང་བྱེད། འདི་དང་འདི་ཁལ་ལ་འགེལ་དགོས་ཟེར་བ་དེས་མི་ཡོང༌། ཆོས་དང་འགལ་འགལ་དུ་ས་གཅིག་ཏུ་བསྡད་པས་མི་ཡོང༌། སྡིག་གསᨖག་ན་འགྲᨖ་དགོས་པ་ཡིན། ཆོས་ཤོར་ན་ཡུལ་མ་ཤོར་ཡང་ཕན་མེད། ཟླ་བ་སྒྲོན་མེའི་ ཏིང་ངེ་འཛᨑན་རྒྱལ་པᨖ་དང་གཅིག །མདོར་ཡང༌། གང་ལ་རྟག་ཏུ་བདག་གིར་བྱེད་པ་མེད། །གང་ལ་ཡོངས་འཛᨑན་རྣམ་པ་ཀུན་ཏུ་མེད། །བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ། །དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲᨖ། །བྱ་བ་དང༌། དྲན་པ་ཉེར་བཞག་ལས། ཉི་མ་ཕྱེད་ནས་བསᨖད་ སྙོམས་མཆོག །བསླངས་ནས་སང་གིར་མི་བྱེད་པར། །ལྟོ་འགྲངས་ཙམ་གྱིས་ཆོག་བྱེད་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གསུངས། དེ་འདྲ་ཞིག་ཡིན་ན་ཆོས་ལ་གནོད་མ་ཐག་ནས་ལང་འགྲᨖ་ནུས་པ་ཞིག་ཡོང་གསུངས། མཁས་བཙུན་གཞོན་ནུ་གྲུབ་ འཁྲུངས་ས་ཡུ་བ་གདོང་། དཔལ་རྣམས་བསམ་སྡིངས་བཏབ། ནཱ་རོ་དང་ནི་གུའི་ཆོས་དྲུག་ལ་གཙོ་བᨖར་མཛད་པ། མཁས་ཤིང་གྲུབ་པ་བརྙེས་པའི་ཁྱད་པར་ཅན་ཞིག་བྱོན་ནོ། །ཀྱི་ཞལ་ནས། གནས་གཅིག་ཡུན་རིང་ཆགས་སྡང་སྐྱེ་བའི་རྒྱུ། ། འདྲིས་བཤེས་མང་ན་ཕྱོགས་རིས་ཞེན་པ་འཕེལ། །གསᨖག་རུམ་མང་པᨖས་ལུས་ངག་དགེ་སྦྱོར་ཅོག །འདྲིས་མེད་ཡུལ་དུ་འཁྱམས་ན་མི་འཐད་དམ། །ཤ་ཚའི་གཏམ་ཡིན་རང་གི་སྙིང་ལ་དྲིས། །གསུངས། ཡང༌། འགྲᨖ་འདུག་མང་པᨖ་འགྱོད་རྒྱུ་ཡིན། །འདུག་ས་ནོན་པ་དགེ་སྦྱོར་འཕེལ། །བྱ་བ་དང༌། འཕོ་སྐྱས་མང་པᨖ་དགེ་སྦྱོར་གྱི་སད། །ཅེས་ཀྱང་འབྱུང་བས། འགྲᨖའམ་སྡོད་གང་འཐད་དགེ་སྦྱོར་འཕེལ་མི་འཕེལ་ལ་བརྟགས་ནས་བྱེད་པ་ཡིན་ཏེ། པᨖ་ཏོ་བའི་གསུང་ལས། མཐུན་པར་གྱུར་པའི་ཡུལ་དང་གྲᨖགས་ནི། །བྱང་ཆུབ་སེམས་ཀྱིས་འཕང་པའི་བསླབ་གསུམ། །གང་དུ་གནས་པས་འཕེལ་བ་དེ་ཡུལ། །གང་དང་འགྲᨖགས་པས་འཕེལ་བ་དེ་གྲᨖགས། །དེ་ལས་ལྡོག་པ་ཡུལ་དང་གྲᨖགས་མིན། །ཞེས་དང༌། མེ་ལ་རྩྭ་ཤིང་གིས་དམག་དྲངས་ མེ་དང་རྩྭ་ཤིང་མ་འཆམས་པས། རྩྭ་ཤིང་གིས་དཔུང་བསགས། དེར་མེ་ལ་ཁᨖ་དཔུང་གསᨖག་གིན་འདུག་བྱས་པས། ཁᨖང་དཔུང་ཇི་ལྟར་ཆེ་བ་ཙམ་གྱིས་ངའི་གྲᨖགས་ཡིན་ཟེར། པ་བཞིན་དུ་སྡུག་བསྔལ་དང་ གནོད་པ་ཅི་བྱུང་ཡང་ཆོས་ལ་མི་གནོད་ཀྱི་སྟེང་དུ་གྲᨖགས་སུ་འགྲᨖ་ན་ཡུལ་དེ་སྤངས་མི་དགོས་གསུངས། ༈ གཉིས་པ་ཉེ་དུ་སྤོང་བ་ནི། གནས་གང་དུ་ཡིན་ཡང་ཉེ་དུ་དང་འབྲེལ་ཐག་ཆད་པ་གལ་ཆེ་སྟེ། གཙང་པ་རྒྱ་རས་ཀྱི་ཞལ་ནས། མི་ཆོས་ལ་ཡི་མུག་སྒོམ་ན་འབྲེལ་ཐག་ཆོད་པའི་རྟགས་ཡིན། མི་ཆོས་ལ་དྲིན་དུ་གཟོ་ན་ཆགས་སྡང་གི་འདམ་དུ་བྱིང་བའི་རྟགས་ཡིན། འཇིག་རྟེན་གྱི་བྱ་བྱེད་ཐམས་ཅད་འཁྲུལ་པར་གོ་ན་ཞེན་པ་ལོག་པའི་རྟགས་ཡིན། ཐམས་ཅད་བདེན་པར་གོ་ན་བདེ་སྦྱོར་དྲེད་པའི་རྟགས་ཡིན། གསུངས། ཉེ་འབྲེལ་སྤོང་བ་ཡང༌། སེམས་ཅན་བློས་སྤོང་དུ་མ་སᨖང་བ་བྱས་ནས་སྙིང་རྗེ་ནི་བྱ་དགོས་ལ། ལུས་ལོངས་སྤྱོད་ཀྱི་འབྲེལ་ཐག་གཅོད་དགོས་ཏེ། དེ་ལྟར་མ་བྱས་ན་ཆོས་མི་འགྲུབ་པས་སᨖ། །འབྲེལ་ཐག་གཅོད་པ་ན་ཕ་མ་ལ་སᨖགས་པ་ལ་ཞུས་པས་ཁྲོལ་ན་ནི་ལེགས། བསྡིགས་མᨖ་དང་ཡི་ཆད་འཁང་ར་སᨖགས་ཅི་བྱེད་ཀྱང་དཔའ་ཞུམ་པ་མེད་པར་བྱ་སྟེ། སྔོན་བཅོམ་ལྡན་འདས་ནས་བཟུང་སྟེ། ཆོས་མཛད་ཐམས་ཅད་ཀྱང་ཉེ་དུ་རྣམས་མིག་མཆི་མས་གང་བཞིན་དུ་བསྐྱུར་ནས་བྱོན་པ་འདི་རྟེན་འབྲེལ་གྱི་ཆེ་བ་ལྟ་བུར་འདུག་པས་སᨖ། །རྒྱལ་སྲས་རིན་པᨖ་ཆེའི་ཞལ་ནས༑ ཉེ་དུ་ལ་སᨖགས་བརྩེ་བས་ཚེ་འདི་ཡི། །ཕུན་ཚᨖགས་སྒྲུབ་ལ་ནན་གྱིས་སྐུལ་བྱེད་ན། །ཕན་པར་འདོད་ནས་གནོད་ལ་སྦྱོར་བྱེད་པའི། །བླུན་པᨖ་ཚེ་འདི་དོན་གཉེར་དེ་དག་ཉིད། །ཐར་བར་བྱ་ཕྱིར་ཚེ་འདི་བློས་གཏང་ནས། ། ཟབ་མᨖའི་ལམ་ལ་འབད་པར་བྱ་དགོས་པས། །དེ་དག་དོན་དུ་དེ་དག་རབ་སྤངས་ནས། །དབེན་པར་སྒྲུབ་ལ་བརྩོན་པ་ཤིན་ཏུ་གཅེས། །འབྱོར་པའི་ཚེ་ན་བྲོས་ཀྱང་རྗེས་སུ་སྙེགས། །རྒུད་པའི་ཚེ་ན་དྲུང་དུ་བསྙེགས་ཀྱང་འབྲོས། ། བུ་ཡིས་རང་གི་ཕ་ཡང་གསᨖད་བྱེད་ན། །ཉེ་དུ་རྣམས་ལ་སུ་ཞིག་ཡིད་བརྟན་བྱེད། །མངོན་དུ་གྱུར་ན་དགའ་བའི་ཚུལ་སྟོན་ཅིང༌། །ལྐོག་ཏུ་གྱུར་ན་མི་སྙན་སྣ་ཚᨖགས་སྒྲོགས། །ཕན་བཏགས་ལན་དུ་གནོད་པ་སྐྱེལ་བྱེད་པའི། །བྱིས་པའི་གྲᨖགས་པᨖ་མཛའ་ཡང་ངེས་པར་བསླུ། །འབྱོར་ཚེ་བཞིན་འཛུམ་ཁ་གསག་སྣ་ཚᨖགས་ཀྱིས། །བདག་གི་འབྱོར་པ་ཐབས་ཀྱིས་འབྲལ་བྱེད་ཅིང༌། །རྒུད་ན་བཞིན་བསྡུས་འཐབ་ཅིང་ཅུང་ཟད་ཀྱང༌། །ཕན་མེད་གཉེན་བཤེས་སྐྱོང་བ་འཁྲུལ་པར་ཟད། །གཉེན་མང་དར་བ་སྡོང་ནས་ཕ་རོལ་འཛོམས། །སᨖ་སᨖར་གྱེས་ན་ནང་དུ་ཆགས་སྡང་བྱེད། །གལ་ལ་བབ་ན་ཕ་བུ་ཕན་ཚུན་གསᨖད། །གཉེན་གྱིས་ཕན་བདེ་འགྲུབ་པ་ཤིན་ཏུ་དཀོན། །གསུངས། ཁ་རག་པའི་ཞལ་ནས། ཚེ་འདིའི་ཕ་མ་བུ་ཚ་དང༌། །གཉེན་གཞི་རྩ་ལག་ཐམས་ཅད་ཀུན། །མགྲᨖན་པᨖ་གནས་མཐུན་ཚᨖགས་པ་འདྲ། །འབྲེལ་མེད་ཡིད་ལ་གྱིས་ཤིག་ཨང༌། །གསུངས། རིགས་པའི་དབང་ཕྱུག་གིས། འདོད་ཡོན་དགྲ་བᨖའི་དྭངས་མ་འདྲ། །ཉེ་འབྲེལ་འཆིང་བའི་ཞགས་པ་འདྲ། །ཆེ་འདོད་འགོང་པᨖ་ཕུགས་ཞུགས་འདྲ། །སྣང་ཤས་མ་ཆེ་རྒྱ་མ་བ། །གསུངས། སྐྱེས་མཆོག་པའི་ མཚན་བསམ་གཏན་དཔལ། ཞི་བྱེད་པ་རྒྱ་གྲགས་ཆོས་རྗེའི་སློབ་མ་ཞི་བྱེད་ལ་གཙོ་ བᨖར་མཛད། སྒོ་མᨖ་དང་ཡབ་བཏབ། ཏིང་ངེ་འཛᨑན་བརྙེས་པར་གྲགས། ཞལ་ནས། ཡུལ་ཕ་ཡུལ་གྱི་སྟེང་ནས་ཆགས་སྡང་འབྱུང༌། །ཕོ་སྐྱོ་ཤས་ཅན་ཡོད་ན་ཏུར་ཐོན་མཛོད། །གཉེན་ཉེ་འབྲེལ་གྱི་སྟེང་ནས་གདུང་སེམས་འབྱུང༌། །ཕོ་ཆོས་མཛད་པᨖ་ཡོད་ན་གདོང་ཆུང་མཛོད། །ནོར་དངོས་པᨖའི་སྟེང་ནས་གསᨖག་འཇོག་འབྱུང༌། །ཕོ་ཞེན་ལོག་པᨖ་ཡོད་ན་ནང་ཡན་མཛོད། །ཟས་ཞིམ་མངར་གྱི་སྟེང་ནས་འདོད་སྲེད་འབྱུང༌། །ཕོ་ཞེ་བཅད་ཅན་ཡོད་ན་དཀའ་ཐུབ་མཛོད། །མགུ་བ་མེད་པའི་ཉེ་འབྲེལ་འདི། །བསྐྱངས་ཀྱིན་སྐྱོང་དགོས་ཇེ་མང་འགྲᨖ། །གདུང་སེམས་འབྲེལ་ཐག་བཅད་ན་ལེགས། །སྙིང་གཏམ་ཡིན་གྱི་སེམས་ལ་ཞོག །གསུངས། འབའ་ར་བའི་ཞལ་ནས། གཉེན་ཉེ་འབྲེལ་ཉེ་རིང་མཉམ་ལགས་ཀྱང༌། །འབྱོར་ལྡན་ཁ་སᨖ་ངོ་ལག་བལྟ། །དབུལ་ཞིང་ཕོངས་པ་བྱུར་དུ་མཐོང༌། །འཁᨖས་མེད་མི་མཐོང་མཐོ་ཁ་འགྲིམ། །དུས་ངན་གཉེན་ཟླ་སྤོངས་བར་དཀའ། །གསུངས། ༈ གསུམ་པ་གཡོག་འཁᨖར་སྤངས་པ་ནི། དེ་བཞིན་དུ་གཡོག་འཁᨖར་དང་བུ་སློབ་ལ་སᨖགས་པའི་ཞེན་ཆགས་སྤོང་བར་བྱས་ཏེ། སྤྱོད་འཇུག་ལས། སེམས་ཅན་རྣམས་ལ་ཆགས་བྱས་ན། །ཡང་དག་ཉིད་ལ་ཀུན་ནས་སྒྲིབ། །སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད། །ཐ་མར་མྱ་ངན་གདུང་བར་འགྱུར། །དེ་ལ་སེམས་པ་འབའ་ཞིག་གིས། །ཚེ་འདི་དོན་མེད་འདའ་བར་འགྱུར། །སྐད་ཅིག་གཅིག་གིས་མཛའ་འགྱུར་ལ། །ཡུད་ཙམ་ཞིག་གིས་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ ཁྲོ་བྱེད་པ། །སᨖ་སᨖ་སྐྱེ་བᨖ་མགུ་བ་དཀའ། །ཕན་པར་སྨྲས་ན་ཁྲོ་བར་བྱེད། །བདག་ཀྱང་ཕན་ལས་ལྡོག་པར་བྱེད། །དེ་དག་ངག་ནི་མི་མཉན་ན། །ཁྲོ་བས་ངན་འགྲᨖར་འགྲᨖ་བར་འགྱུར། །དེ་ལྟར་བདག་གིས་གཞན་བསྟེན་པ། །དེ་ནི་འཕུང་བར་འགྱུར་ཟད་ན། །དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་འབྱོལ་བར་བྱ། །ཞེས་གསུངས། ཚᨖམས་སུ། རྣམ་པ་ཀུན་ཏུ་དགྲ་འདྲ་བའི། །བྱིས་དང་འགྲᨖགས་པ་སྡུག་བསྔལ་ཞིང༌། །བྱིས་པ་མ་ཐོས་མ་མཐོང་ཞིང༌། །མ་བསྟེན་གྱུར་པ་ཉིད་རུང་ངོ༌། །གསུངས། ཆོས་རྗེ་བུས། འདས་པའི་སངས་རྒྱས་མང་པᨖས་མ་ཐུལ་ཞིང༌། །མཐུ་ཆེན་རྒྱལ་སྲས་ཀུན་གྱིས་མ་ཐུལ་བ། །སྨད་ན་ཁᨖང་ཁྲོ་བསྟོད་ན་དྲེགས་པ་སྐྱེ། །མཐོ་ལ་ཕྲག་དོག་མཉམ་ལ་འགྲན་སེམས་ཅན། །དམའ་ལ་ང་རྒྱལ་རྩུབ་པའི་སེམས་འཆང་བ། །ཆོས་མཐུན་ཚᨑག་གིས་སྨྲས་ཀྱང་ཆགས་སྡང་བྱེད། །བྱིས་པའི་སྐྱེ་བᨖ་འདི་འདྲ་བདག་གིས་ནི། །ད་ལྟ་འདུལ་བར་མི་ནུས་རང་སེམས་ཐུལ། །གཞན་དོན་ཆོས་ཀྱི་གཙོ་བᨖར་གསུངས་པ་ཡང༌། །གདུལ་བྱའི་དབང་པᨖ་ཁམས་དང་བག་ལ་ཉལ། །ཚᨖད་དང་སྔོན་དང་ཕྱི་མའི་མཐའ་ཤེས་ཀྱང༌། །རང་དོན་མ་ཆགས་གདུལ་བྱ་གདུལ་ལ་དགོངས། །རང་ཉིད་རྙེད་གྲགས་བདེ་བསྟོད་དོན་གཉེར་བས། །མངོན་ཤེས་མེད་པར་གཞན་དོན་བྱེད་པ་ནི། །གཤོག་པ་མེད་པར་མཁའ་ལ་འཕུར་བ་བཞིན། །གཞན་དོན་མི་འགྲུབ་རང་དོན་ཉམས་པའི་རྒྱུ། །བཤད་ཉན་བསྟན་པ་ འཛᨑན་པར་གསུངས་པ་ཡང༌། །ངེས་འབྱུང་རྣམ་དག་ཁྲིམས་ལ་བརྟེན་བྱས་ནས། །ཉན་པᨖ་གཟུར་གནས་དོན་གཉེར་བློ་ལྡན་ལ། །མཁས་པས་སྡེ་སྣོད་འཆད་ལ་དགོངས་པ་ཡིན། །ཚེ་འདིའི་རྙེད་གྲགས་འདོད་པས་འཁᨖར་བསྡུས་ཏེ། །མ་དད་མི་འདོད་བཞིན་དུ་ཆོས་འཆད་ཅིང༌། །ཉམས་ལེན་མི་བྱེད་ཆགས་སྡང་སྐྱེད་པའི་རྒྱུ། །འཆད་ཉན་འདི་ཡང་འཁᨖར་བའི་ཞགས་པ་ཡིན། །ཞེས་གསུངས། གཙང་པ་རྒྱ་རས་ཀྱི་ཞལ་ནས། སྐྱིད་འདོད་ན་གཅིག་པུར་སྡོད། བཟའ་ཆེ་ན་ཆེ་སྟེ་སུ་དང་ཡང་བགོད་མི་དགོས། མེད་ན་མེད་དེ་སུ་ཡང་སྐྱོང་དགོས་ཀྱི་སེམས་ཁྲལ་མེད་པས་སྐྱིད། འཁྱགས་རུང་ལྟོགས་རུང་གཅིག་པུ་ཡིན་པས་སྐྱིད་གསུངས། དེ་ཐུགས་མད་དེ། ཐམས་ཅད་སྐྱིད་སྡུག་ནི་ནོར་དང་དངོས་པᨖའི་སྟེང་ནས་འཇོག་པར་སྣང་ལ། གྲྭ་པ་མི་གཅིག་ལ་ནོར་བུན་ལེན་དགོས་པ་ནི་སྲིད་མཐའ་ཡིན། མི་མང་པᨖ་ལ་བུན་ལེན་མི་དགོས་པ་ནི་སྲིད་མཐའ་ཙམ་དུ་སྣང་བ་དེ་ཡིན། དགེ་བཤེས་ཁ་རག་པས། དད་གུས་ཀྱི་འཁᨖར་ལས་དཀོན་པ་མེད། །མི་ངན་གྱི་དཔᨖན་ལས་སྡུག་པ་མེད། །བཟང་པᨖའི་དཔᨖན་ལ་མ་འཛᨑན་པར། །ངན་པའི་དམན་ས་ཟུངས་ཤིག་ཨང༌། །ཞེས་དང༌། སྙིང་རིང་དཀའ་བློ་མི་བདེ་རང་འདོད་ཅན། ། ཟག་པ་འཕེལ་བའི་འཁᨖར་གཡོག་མེད་ཀྱང་ལེགས། །ཁᨖ་བᨖའི་ཉེ་གནས་བརྩོན་འགྲུས་ཤེས་རབ་ཡིན། །དགོས་པའི་དོན་ཀུན་སྒྲུབ་ལ་སྐྱོ་ངལ་མེད། །གསུངས། འབའ་ར་བས། ནོར་དང་ཁ་དྲག་ཡོད་ཙ་ན། །མགོ་དག་གི་མི་ འདིས་གང་བཅོལ་ཉན། །ཕན་གནོད་ནུས་པ་མེད་ཙ་ན། །དྲིན་གྱིས་བསྐྱངས་པས་ཞོར་ལ་བརྙས། །དུས་ངན་འཁᨖར་གྱིས་ཕན་པ་དཀའ། །རང་གཅིག་པུའི་གཡོས་བསྐོལ་སུས་ཀྱང་ཤེས། །འབྲལ་མེད་ཀྱི་ཉེ་གནས་ལག་པ་བཟང༌། །ཚུལ་འཆོས་ཀྱི་བཟང་ཚུལ་མི་དགོས་པར། །རང་གཅིག་པུའི་སྤྱོད་པ་བག་རེ་ཡངས། །དཀའ་ཐུབ་ཀྱི་ཟས་ལ་ཟད་པ་མེད། །རང་གཅིག་པུའི་འཚᨖ་བ་གར་ཡང་རྙེད། །རང་གཅིག་པུའི་གོས་འདི་ཅིས་ཀྱང་དྲᨖ། །གཏུམ་མᨖའི་མེ་འདི་གཏིང་དྲᨖད་ཆེ། །རང་གཅིག་པུའི་སྡོད་པ་འདི་ཅིས་ཀྱང་མཆོག །བདག་མེད་ཀྱི་སྤྱིལ་བུ་སྣང་བ་བདེ། །གསུངས། ༈ བཞི་པ་བཤད་ཉན་དང་ལུང་ཁྲིད་ལ་སᨖགས་པའི་གཞན་དོན་ལྟར་སྣང་རྣམས་སྤོང་བ་ནི། འགྲᨖ་མགོན་གྱི་ཞལ་ནས། འོ་ཅག་སྒོམ་ཆེན་པ་རྣམས་ཀྱི་དབང་དུ་བྱས་ན། དུག་པᨖ་བརྩེམས་བེར་རེ་གྱོན། ཨ་རུ་རའི་ཕྲེང་བ་རེ་ཐོགས། སྒོམ་ཁང་བྱེའུའི་རྗེས་བཀྲ་ལམ་མེ་སྒོམ་དུ་ཡོད་པའི་དུས་སུ་མི་ཕན་ངེས་པའི་བརྩོན་ཆུང་རྣམས་ལ་ཆོས་བཤད་བྱེད་པ་འདི་ཡང་དགེ་བཤེས་པ་དགྱེར་ཆེན་པᨖ་མི་གསུང་སྟེ། ང་ནི་དེ་ཡང་སྨྱོ་བ་ཡིན་ནམ་སྙམ་གསུངས། གཙང་པ་རྒྱ་རས་ཀྱི་ཞལ་ནས། ས་བᨖན་མ་བཏབ་པའི་སྟོན་ཐོག་རེ་བ་ལྟོགས་འགོང་ཡིན། དུས་ལ་མ་བབ་པའི་འགྲᨖ་དོན་རེ་བ་འོ་བརྒྱལ་བ་ཡིན་གསུངས། པᨖ་ཏོ་བའི་གསུངས་ནས། དེ་ལྟར་རང་རྒྱུད་ཡོངས་སུ་སྨིན་པ། །ལས་དང་པᨖ་ཡིས་གཙོ་བᨖར་དེ་བྱ། །གཞན་དོན་གཙོ་བᨖར་བྱ་བ་མ་གནང་། །སེམས་ཀྱིས་སེམས་ཅན་ དོན་ལས་གཞན་མེད། །ལུས་དང་ངག་གིས་དངོས་སུ་མི་འཇུག །གསུངས། ཁྲོ་ལོས། གཏན་གྱི་རང་འགྲᨖས་མ་ཤེས་ན། །ཇི་ཙམ་གཞན་གྱིས་དཔᨖན་བཅོལ་ཡང༌། །དོན་ལ་གླ་མེད་ཀྱི་ཁᨖལ་པᨖ་ཡིན། །མིང་སྟོང་སྙོམས་པᨖ་འདི་ཨ་ཙ་མ། །གསུངས། རྗེ་རེ་མདའ་བས། ཆོས་བརྒྱད་རྐྱེན་གྱིས་ནམ་ཡང་མི་གཡོ་བའི། །སེམས་ལ་བརྟེན་པ་ཇི་སྲིད་མ་ཐོབ་བར། །གཅིག་ཏུ་རང་རྒྱུད་འདུལ་བ་མ་གཏོགས་པར། །གཞན་དོན་ཐབས་ཀྱིས་རང་དོན་ཉམས་མི་བགྱིད། །གསུངས། ༈ ལྔ་པ་རྙེད་པ་དང་བཀུར་སྟི་སྤོང་བ་ནི། ཚེ་བློས་གཏོང་བ་ལ་རྙེད་བཀུར་སྤོང་བ་གལ་ཆེ་སྟེ། ལྷག་བསམ་བསྐུལ་བ་ལས། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པᨖས་རྙེད་པ་དང་བཀུར་སྟི་ནི་ ཉེས་དམིགས། འདོད་ཆགས་བསྐྱེད་པ་ཡིན་པར་བརྟག་པར་བྱའོ། །རྙེད་དང་བཀུར་སྟི་ནི་ ཉེས་པ་དེ་འཚᨖལ་བས་སྔར་གྱི་ཐོས་པ་བརྗེད་པས། དྲན་པ་འཇོམས་པར་བྱེད་པ་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང་མ་རྙེད་པས་ ང་རྒྱལ་གྱིས་ ཁེངས་པ་དང་འདུད་ སེམས་ཞུམ་པས། པར་བརྟག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ་ སྔར་གྱི་གསᨖས་འདེབས་པས། གཏི་མུག་བསྐྱེད་པ་དང༌། བདག་གི་ ཚེ་འདིའི་ དོན་སྒྲུབ་པས་ ཉེ་དུའམ་ཡོན་བདག་གི་ ཁྱིམ་ལ་སེར་སྣ་བྱེད་པ་དང༌། འཆགས་པར་བྱེད་པ་དང༌། གཡོ་སྒྱུ་ གཞན་བསླུ་བའམ་ཚུལ་འཆོས། བསྐྱེད་པ་དང༌། འཕགས་པའི་རིགས་བཞིའམ་དགེ་སློང་གི་ཆོས་བཞི། ཡོངས་སུ་སྤོང་བས་ རང་གི་ ངོ་ཚ་མི་ཤེས་པ་དང༌། གཞན་གྱིས་ ཁྲེལ་ མེད་པ་བསྐྱེད་པ་དང༌། སངས་རྒྱས་ཐམས་ཅད་ཀྱིས་ གཞན་དོན་མ་བཏགས་པས་ མ་གནང་བ་དང༌། སེམས་ཀྱི་ ང་རྒྱལ་དང་ ལུས་ངག་གི་ རྒྱགས་པ་དང་དྲེགས་པ་བསྐྱེད་པ་དང༌། རང་ལ་རྙེད་པ་བྱུང་ཙ་ན་ བླ་མ་རྣམས་ལ་ཁྱད་དུ་གསᨖད་པ་དང༌། ཉོན་མᨖངས་པའི་ བདུད་ཀྱི་ཕྱོགས་ཡིན་པ་དང༌། གཅིག་ཏུ་ དགེ་བ་མི་སྒོམ་པ་དང་མི་དགེ་བ་མི་སྤོང་བ་ བག་མེད་པའི་རྩ་བ་ཡིན་པ་དང༌། དགེ་བའི་རྩ་བ་འཕྲོག་ དེ་ལ་དངོས་པᨖར་ཞེན་པས་གཏི་མུག་བསྐྱེད་པས་དགེ་བ་གསུམ་འཕྲོག་གོ །པ་དང༌། གློག་ མི་རྟག་པའི་དཔེ་གསུམ་ དང་འཁᨖར་ལོ་དང༌། ལྕེ་ ཐོག་ འབབ་པ་ལྟ་བུ་དང༌། ཉོན་མᨖངས་པའི་ སྦགས་པ་མང་པᨖས་སྦགས་པ་དང༌། མཛའ་བཤེས་ཀྱི་ཁྱིམ་ རྙེད་བཀུར་བྱུང་ན་ཆགས། མ་བྱུང་ན་ཞེ་སྡང༌། དང༌། སློང་མᨖ་སྟེར་བའི་ ཡོན་བདག་གི་ ཁྱིམ་ལ་བལྟ་བ་ ཞེན་པས་ དང་ རྙེད་པ་ཡང་མ་རྙེད་པས་ཀྱང༌། ཡིད་མི་བདེ་བ་བསྐྱེད་པ་དང༌། མ་རབས་མཐོ་སར་སྟོན་ན་རྨི་ལམ་དང་འདྲ་བར་ བློ་རྣམ་པར་འཁྲུལ་པར་བྱེད་པ་དང༌། ཕྱི་ནང་གི་ སྡུག་པའི་དངོས་པᨖ་རྣམས་འགྱུར་བར་ མེད་པ་ བྱེད་པའི་ཕྱིར་ སེམས་ལ་ མྱ་ངན་བསྐྱེད་པ་དང༌། དྲན་ ལུས་ཚᨖར་སེམས་ཆོས། པ་ཉེ་བར་བཞག་པ་བཞི་བརྗེད་པར་བྱེད་པ་དང༌། དཀར་པᨖའི་ཆོས་ སྒྲུབ་པ་ ཉམས་ཆུང་བར་བྱེད་པ་དང༌། ཡང་དག་པ་ སྡིག་པ་སྐྱེས་པ་སྤོང་བ། དགེ་བ་མ་སྐྱེས་པ་སྐྱེད་པ་སᨖགས། སྤོང་བ་བཞི་ཡོངས་སུ་ཉམས་པར་བྱེད་པ་དང༌། རྫུ་འཕྲུལ་ གྱི་རྐང་པ་བཞི། དང་མངོན་པར་ཤེས་པ་ ལྔའམ་དྲུག་ ཡོངས་སུ་ཉམས་པར་བྱེད་པ་དང༌། སྔར་བཀུར་སྟི་བྱེད་ལ་ཕྱིས་བཀུར་སྟི་མི་བྱེད་པར་བྱེད་པ་དང༌། མི་མཛའ་བ་དང་ མཐུན་པར་ གནས་པར་ བྱེད་པ་དང༌། མཛའ་བᨖ་ མ་སྟེར་ན། སྤོང་བ་དང༌། ཕ་རོལ་བྲིད་པའི་ རོལ་མᨖའི་གཙོ་མᨖ། སྨད་འཚᨖང་མ་དང་འདྲ་བ་དང༌། བསམ་གཏན་དང་ཚད་མེད་པ་ བཞི་ སྤོང་བ་དང༌། སེམས་ཅན་དམྱལ་བ་དང་དུད་འགྲᨖའི་སྐྱེ་གནས་དང༌༑ གཤིན་རྗེའི་འཇིག་རྟེན་དུ་ལྷུང་བར་བྱེད་པ་དང༌། རྙེད་པ་དང་བཀུར་སྟི་ནི་ལྷས་བྱིན་དང༌། ལྷག་སྤྱོད་ཀྱི་ སྟོན་པ་གཞན་དང་ལམ་གཞན། ཆོ་ག་ སྤྱོད་པ་ དང་མཐུན་པར་བརྟག་པར་ ཤེས་པར་ བྱའོ། །བྱམས་པ་བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ལ་ཉེས་དམིགས་གང་བརྟག་པར་བྱ་བ་ནི་འདི་ལྟ་བུ་འདི་དག་གོ །བརྟགས་ དེ་ལ་བརྟགས་པས་ཅི་ཕན་ཞེ་ན། ནས་འདོད་ མ་ཐོབ་པ་ལ། པ་ཆུང་བར་བྱའི་ཡོངས་ སེམས་རྙེད་བཀུར་གྱིས། སུ་གདུང་བ་ནི་མི་བྱའོ། །དེ་ གདུང་བར་མི་བྱ་བ། ཅིའི་ཕྱིར་ཞེ་ན། བྱམས་པ་འདོད་པ་ཆུང་བ་ལ་ གོང་དུ་བཤད་པའི་ སྐྱོན་འདི་ལྟ་བུ་འདི་དག་མེད་པའི་ཕྱིར་ཏེ། དེའི་ འདོད་པ་ཆུང་བ། སངས་རྒྱས་ཀྱི་ཆོས་ རྒྱུ་དང་འབྲས་བུའི། རྣམས་ལ་བར་ཆད་མེད་པ་ཡིན། ཁྱིམ་པ་དང་རབ་བྱུང་དག་གི་ མ་དད་པ་མི་སྐྱེ་བས་ ཡིད་འབྱུང་བར་མི་འགྱུར་བ་ཡིན། ལྷ་ དགོས་པ་ཅིའི་ཕྱིར་ཞེ་ན། དང་མི་རྣམས་ བསམ་པ། ཡོངས་སུ་དག་པར་བྱ་བའི་ཕྱིར། གནས་པས་རྗེས་སུ་ འགལ་རྐྱེན། བསྲུང་བར་འོས་པ་ཡིན། ངན་འགྲᨖ་ལོག་པར་ལྟུང་བ་ཐམས་ཅད་ཀྱིས་སྐྲག་པ་མེད་པ་ཡིན། བསྡིགས་པ་ རྙེད་པ་མི་སྟེར་བ་དང་འཕྲོགས་པས། དང་བྲལ་བས་ གཞན་གྱིས། ཟིལ་གྱིས་མི་གནོན་པ་ཡིན། བདུད་ཀྱི་ བར་དུ་གཅོད་པའི་ ཡུལ་ལས་ཡོངས་སུ་གྲᨖལ་བས་ དགེ་བ་ མི་འཕྲོག་པ་ཡིན། མ་རྙེད་པའི་ སྡུག་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན། ལྷ་དང་མི་རྣམས་ཀྱི་ ཡིད་དུ་འོང་བས་ མངོན་པར་འདོད་པར་བྱ་བ་ཡིན། འཇིག་རྟེན་དང་འདས་པའི་ བསམ་གཏན་ལ་གོམས་པར་བྱེད་པར་གནས་པས་ སེམས་དམིགས་པ་ལ་ གསལ་བ་ཡིན། གཡོ་ བཅས་ལ་ཉེ་བར་སྒྲུབ་པ་སྤངས་ན་སེམས་གྱ་གྱུ་མི་དྲང་བ། དང་སྒྱུ་སྤངས་ གཞན་བསླུ་བ་དང་གཞན་དུ་སྨྲ་ཞིང་གཞན་དུ་སེམས་པ། པ་དང་། འདོད་པའི་ཡོན་ཏན་ལྔ་ལ་སྐྱོན་དུ་བལྟ་བས་བག་ཡོད་པ་ དགེ་བ་སྒོམ་པ་དང་མི་དགེ་བ་སྤོང་བ་རང་གི་སེམས་འདུལ་བ་གཞན་གྱི་སེམས་བསླུ་བ་དབང་པᨖའི་སྒོ་སྡོམ་པར་བྱེད་པའོ། །ཡིན། འཕགས་པའི་རིགས་ལ་གནས་ པ་དེ་བཙུན་ པས་ཇི་སྐད་སྨྲས་པ་དེ་བཞིན་དུ་ དམ་བཅའ་བརྟན་པར་ བྱེད་པ་ཡིན། གསུང་རབ་ལ་ མཁས་པ་རྣམས་དང་ཚངས་པར་ མྱ་ངན་ལས་འདས་པའི་ལམ་བསླབ་པ་གསུམ་ལ་ མཚུངས་པར་སྤྱོད་པ་རྣམས་ཀྱིས་ ཡིད་དུ་འོང་ཞིང་བསྟེན་ འདོད་པ་ཡིན། བྱམས་པ་ཕན་ཡོན་ བཅུ་གཉིས་པᨖ་ འདི་ལྟ་བུ་འདི་དག་ཤེས་པའི་བྱང་ཆུབ་སེམས་དཔའ་མཁས་པས་རྙེད་པ་དང་བཀུར་སྟི་ཐམས་ཅད་སྤང་བའི་ཕྱིར་ལྷག་པའི་བསམ་པས་འདོད་པ་ཆུང་བ་ལ་བསྟེན་པར་བྱའོ། །ཞེས་གསུངས། ༈ དྲུག་པ་ཡོ་བྱད་གསᨖག་རུམ་སྤང་བ་ནི། རྒྱལ་སྲས་རིན་པᨖ་ཆེས། ཆོས་པའི་གོལ་ས་ཡིན་པས་ཚེ་འདིའི་ཆེ་ཐབས་སྤོངས། རྙེད་བཀུར་འཆིང་བྱེད་ཡིན་པས་འདོད་ཡོན་འཁྲི་བ་ཆོད། སྙན་གྲགས་སྙིང་པᨖ་མེད་པས་དེ་ལ་ཞེན་པ་སྤོངས། གང་བྱུང་ཙམ་གྱིས་ཆོག་ཤེས་བློ་མེད་ན། །ལོངས་སྤྱོད་བསགས་པ་སྡུག་སྡིག་འཕེལ་བའི་རྒྱུ། །བདེ་དང་དགེ་བ་ ངང་གིས་འཕེལ་བྱེད་ན། །ཆོག་ཤེས་བློ་སྣ་བསྟེན་པ་མན་ངག་ཡིན། །དེས་ན་རྙེད་བཀུར་གྲགས་སᨖགས་ཚེ་འདི་ཡི། །ཕུན་ཚᨖགས་སྒྲུབ་པའི་བསམ་སྦྱོར་ཡོངས་སྤངས་ནས། །འཆི་ཚེ་ངེས་པར་ཕན་པ་དམ་ཆོས་ལ། ། གཡེལ་བ་མེད་པར་རྟག་ཏུ་འབད་པར་བྱ། །གསུངས། སྐྱེས་མཆོག་པས། སྒྱུ་མའི་ནོར་ལ་ཆོག་ཤེས་མེད། །ཞེན་པས་བསགས་ཀྱང་ཤུལ་དུ་ལུས། །རང་གིས་བསགས་ཀྱང་གཞན་གྱིས་སྤྱོད། །སྙིང་གཏམ་ཡིན་གྱི་སེམས་ལ་ཞོག །ཕུགས་ཀྱི་འདོད་བློ་མི་གདའ་སྟེ། །འཕྲལ་དགོས་བློ་ཡིས་མ་ཐོངས་པས། །ཞེན་པ་ཟློག་པ་དཀའ་མᨖར་གདའ། །འཛᨑན་པ་ཐོངས་པར་བྱིན་གྱིས་རློབས། །གྲགས་པས་འཁᨖར་སློབ་མ་བསྡུས་ཀྱང༌། །དད་ལྡན་སྐྱུར་བ་མ་ཕོད་པས། །བྱ་བཏང་བྱེད་པ་དཀའ་མᨖར་གདའ། །གྲᨖགས་མེད་གཅིག་པུར་བྱིན་གྱིས་རློབས། །རྗེ་རེ་མདའ་བས། ཆོས་གོས་གསུམ་དང་ལྷུང་བཟེད་ལ་སᨖགས་པ། །རང་ཉིད་འཚᨖ་བའི་ཡོ་བྱད་མ་གཏོགས་པ། །གསེར་དང་དབྱིག་སᨖགས་ལྷག་པའི་དངོས་པᨖ་ནི། །རང་གི་དོན་དུ་ཏིལ་ཙམ་མི་འཆང་ངོ༌། །གསུངས། འབའ་ར་བའི་ཞལ་ནས། བསགས་པ་སུས་ཁྱེར་ཆ་མེད་མཐོང་ལགས་ཀྱང༌། །ད་དུང་སྦྱིན་པ་གཏོང་བའི་བློ་མེད་པས། །འདོད་ཡོན་འཁྲི་བ་ཆོད་པ་ནམ་ཡོང་ན། །གླིང་བཞིའི་ནོར་ལ་དབང་བསྒྱུར་ཀྱང༌། །མེད་ཀྱིན་ཆད་པ་མ་གཏོགས་པ། །ལྡང་ཞིང་ལྷག་པ་ཡོངས་དུས་མེད། །དབང་ཆེ་བས་འཕྲོག་ཅིང་ཆུང་བས་རྐུ། །དུས་ངན་ནོར་རྫས་ཐུབ་པ་དཀའ་བར་གདའ། །གསུངས། ༈ བདུན་པ་གཟའ་བཏུང་ལ་ཞེན་པ་སྤངས་པ་ནི། སྤྱིར་ནོར་སᨖགས་རུམ་བྱེད་པ་ནི་བཟའ་བཏུང་ལ་སྲེད་པ་དང༌། ལྟོགས་འཁྱགས་ནས་ཤི་དོགས་དང༌། བླ་མ་མཆོད་པ་བྱེད་པ་སᨖགས་འདོད་པ་དང༌༑ འདོད་ཡོན་གྱི་ཉེས་དམིགས་མ་གོ་བས་ལེན་ལ། བཟའ་བཏུང་ལ་ཞེན་པ་ནི་མི་རིགས་ཏེ། པᨖ་ཏོ་བའི་དྲུང་ན། ལྟོ་གདུངས་ནན་ལྟར་ཆེ་བ་ལ་ཆོས་མ་བྱུང་བར་བྱེད། ལྟོ་ཕྱིར་གནམ་རྡིབ་པ་ལ་ཆོས་ལར་མི་ཡོང་གསུངས། མཁས་བཙུན་གཞོན་ནུ་གྲུབ་ཀྱིས། ལུས་ངག་ཚུལ་འཆོས་ལོག་འཚᨖ་འབྱུང་བའི་རྒྱུ། །དད་ཟས་མང་ན་དགེ་སྦྱོར་འགྲིབ་པའི་རྐྱེན། །རོ་ཞིམ་ཟས་ཀྱི་འཁྲི་བ་རྩད་བཅད་ནས། །ལྟོ་གོས་གྱོང་ལ་བསྐུར་ན་མི་འཐད་དམ། ། གསུངས། ཁྲོ་ཕུ་བ་བསᨖད་ནམས་སེང་གེས། དད་ལྡན་མᨖས་པས་འཚᨖ་བ་སྦྱར་བྱས་ཏེ། །བཟང་པᨖར་བསྐུར་བའི་ཚུལ་འཆོས་སྤྱོད་པ་ཡང༌། །གཞན་སེམས་བསྲུང་ཕྱིར་བདག་ཉིད་འཆིང་བའི་རྒྱུ། །རོ་སྙོམས་སྤྱོད་པ་ཁᨖ་བᨖའི་སྙིང་གཏམ་ཡིན། །གསུངས། སྔར་དགེ་བཤེས་སྟོན་པ་དང་རྣལ་འབྱོར་པ་རྣམ་པ་བཞི་སᨖགས་རྭ་སྒྲེང་དུ་ཕེབས་པ་ན། ཚ་བ་གསᨖལ་ཟིན་ནས་དྲᨖ་ལ་གསᨖལ་རྒྱུ་ཡེ་མ་ལུས་པ་བྱུང༌། ད་ཇི་ལྟར་བྱ་གླེངས་པས། དགོན་པ་བས། ང་ནི་སུས་སྣ་གདོང་ན་ཡར་འོང་བ་འདི་ཟ་གསུངས། མངོན་ཤེས་གསུང་མ་ཁད་ལ་ཡོན་བདག་གཅིག་གིས་ཞབས་ཏོག་གི་ཆས་ཁྱེར་སླེབས་བྱུང༌། དགེ་བཤེས་སྟོན་པ་ཡོན་ཏན་སྦེད་པ་ལ་ཐུགས་དགྱེས་པས་བཀའ་བཀྱོན། དགོན་པ་བ་ ཕྱིས་ཆེར་མི་གསུང་། སྔོན་གྱི་བཀའ་གདམས་པ་དམ་པ་ཀུན་ཡོན་ཏན་སྦེད་པ་ལ་གཙོ་བᨖར་མཛད། ཡོན་ཏན་སྦས་པས་བདུད་མི་འཇུག་གསུངས། ལར་ན་དམ་པ་ཉམས་འཚᨖ་བའི་རྩོལ་བ་མི་མཛད་དཀའ་ཐུབ་ལ་དགྱེས་གསུངས། སྤྱན་སྔ་ཀུན་གྱིས་ཚེ་སྟོད་ཟ་ཚᨖད་རེ་ཙམ་ལ་བརྟེན་པ་སᨖགས་ལྟོགས་རྒུར་ལ་མི་ཚེ་བསྐྱལ། ན་བཟའ་ལ་ལྷན་པ་མེད་པར་ཀོམ་པᨖ་རྒྱབ་པས་སྤྱན་སྔ་ཀོ་ཤམ་ཅན་དུ་གྲགས། གང་གིའང་རྩོལ་བ་སྤངས་ཏེ་བསྒོམས་པས་འཇིག་རྟེན་ཐ་སྙད་རྣམས་ཀྱང་བརྗེད་སᨖང་འདུག །གསུངས་སྐད། དེ་བཞིན་དུ་མི་ལས་ལོ་དགུ། རྨོག་ཅོག་པས་ལོ་བཅུ་གཉིས་སུ་ཟ་ཚᨖད་ཙམ་ལ་བརྟེན་པ་སᨖགས་བཤེས་གཉེན་དམ་པ་ཐམས་ཅད་དེ་དང་ འདྲའོ། ༈ །བརྒྱད་པ་ལོངས་སྤྱོད་འབད་མེད་དུ་འབྱུང་བའང་དྭང་དུ་མི་བླང་བ་ནི། དེ་ལྟར་སྤོང་བར་བྱེད་པ་ལ་བྱུང་ན་མི་དགག །མ་བྱུང་ན་མི་སྒྲུབ་པ་ཟེར་བས་མི་འོང་སྟེ། མདོར་ གང་པᨖས་ཞུས་པའི། ཡང༌། བདག་ནི་དབང་ཕྱུག་མི་འཚᨖལ་གྱི། །གལ་ཏེ་རྙེད་ཀྱང་སྤོང་བར་བྱེད། །དེང་འདིར་སངས་རྒྱས་ཆོས་ཟབ་དང༌། །ཚུལ་ཁྲིམས་རྣམ་དག་འབའ་ཞིག་འཚᨖལ། །ཞེས་དང༌། གཉེན་པᨖ་བསྟེན་པ་བས་ཡུལ་ངན་སྤོང་བ་དགའ་ཞེས་པ་ལྟར། ཉོན་མᨖངས་སྐྱེ་བའི་ཡུལ་ཚེ་འདིའི་ཕུན་ཚᨖགས་རྣམས་སྤོང་དགོས་ཞེས་སྔར་ཡང་མང་དུ་བཤད་ཅིང༌། པᨖ་ཏོ་བའི་གསུང་ལས། འཇིག་རྟེན་ཆོས་ཀྱི་མི་འདོད་བཞི་ལྡན། །རྣམ་གྲᨖལ་སྒྲུབ་པས་དེ་ནི་འདམ་བྱ། །མ་ཚᨖར་གཏེར་ལ་གནོད་པ་མེད་ཅིང༌། ། ཚᨖར་ ཚᨖར་བ་དེ་ཉིད་ ན་གཞན་གྱིས་འཁྱེར་བ་དེ་ཉིད། །རྙེད་ བསྙེན་པ་དང༌། བསྟོད་པ། བདེ་བ་སྟེ། སᨖགས་བཞི་པᨖ་གཞན་ལ་སྣང་ཡང༌། །དེ་ཉིད་ཤི་ཟིན་འདྲ་བར་ཤེས་བྱ། །མདོ་ཁམས་ཇོ་བᨖས་སྦྲང་མར་ ལག་པར་ཁྱེར་བ་ལ་སྦྲང་མ་གཅིག་འདུས་གཉིས་འདུས་མང་དུ་འདུས་ནས་དེ་ཟོས་པས་ཟད་སᨖ་སྐད། དེ་བཞིན་དུ་རྙེད་པ་སᨖགས་ལ་དགྲ་འདྲེ་འདུ་བའོ། །བླངས་བཞིན། །དེ་བས་རྙེད་སᨖགས་བཞི་ལ་དགྲར་བཟུང༌། །མངའ་ཐང་མཐའ་རྒྱས་སྡུག་བསྔལ་མཚᨖ་རྡོལ། །མན་ངག་ལས་ཀྱང་འབྱུང་དེ་ལྟར་ཤེས་བྱ༑ ༑ཞེས་དང༌། སློབ་དཔᨖན་ཀླུ་སྒྲུབ་ཀྱིས། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟར་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བᨖ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །གསུངས། པᨖ་ཏོ་བའི་གསུང་ལས། སྙོད་ན་བུ་ཆུང་ཡང་ཟ། ཕུལ་ན་འཕགས་པ་ཡང་བཞེས་ཟེར་བས་མི་ཡོང༌། འཕགས་པ་ཕུལ་ཡང་མི་བཞེས་པ་ཞིག་དགོས་གསུངས། ༈ དགུ་པ་མཐུན་འཇུག་དང་ངོ་བསྲུང་སྤོང་བ་ནི། དགེ་བཤེས་ཕུ་ཆུང་བའི་ སྐུ་མཆེད་གསུམ་གྱི་གཅིག་ཡིན། ཁᨖང་གིས་གདུལ་བྱ་མ་བསྐྱང་ཤ་གཟུགས་རང་གསᨖལ། གྲུབ་ཐོབ་ཀྱི་རྣམ་པ་ཆེན་པᨖ་ཞིག་བྱོན་པར་སྣང༌། ཆོས་འབྲེལ་རེ་ཙམ་ཡོད་པ་ནི་ཆེས་མང་བར་སྣང༌། རུས་ཟུར་ཚང་པ་མཚན་གཞོན་ནུ་རྒྱལ་མཚན། སྟོན་པ་ལོ་བཅུ་གཅིག་བསྟེན། གསུམ་པᨖའི་བསྟེན་ཡུན་རིང་ཤོས། སྤྱ་སྔ་བས་ལོ་དགུ། པᨖ་ཏོ་བས་བདུན་བསྟེན། བདུན་ཅུ་རྩ་དྲུག་ལ་དོ་བᨖ་དགོན་པར་སྐུ་འདས། ཁམས་ལུང་པ་དང་བཞི་ལ་བཀའ་གདམས་བཞི་པᨖ་ཞེས་ཟེར་བ་ལགས་སᨖ། །ཞལ་ནས། ཆོས་ནན་ཏར་ཉམས་སུ་ལེན་ན། དཔེར་ན་ཁྲབ་ཀྱི་བྱང་བུ་སྣ་ཚེ་འོལ་བ་དེ་ཁྲབ་ཀྱི་གསེབ་ཏུ་སྡེབས་སུ་མི་གཏུབ་པ་ལྟར། ཚེ་འདི་པའི་མི་དང་སྡེབ་ཏུ་མི་བཏུབ་པ་ཞིག་དགོས། མཐུན་འཇུག་དང་མི་དགའ་ཆོས་ནི་བདུད་ཀྱིས་འཁྱེར། མི་མ་མགུ་བ་འདོད་ཐོགས་ཡིན། ཁᨖ་མ་མགུ་བས་ཁᨖ་རང་མི་འོང༌། ཁᨖས་འཕྱར་ཁ་བཏང་བས་གཞན་མི་འོང༌། དེ་ཙ་ན་རྒྱགས་ཕྱེ་ཞོ་རེ་ལས་མེད་ཀྱང་དེའི་བར་ལ་བློ་སེམས་བདེ་འབᨖལ་ལེ་དགེ་སྦྱོར་བྱར་ཡོད། དགེ་སྦྱོར་འཕེལ་ན་གཞན་དོན་ཡང་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ གསུངས། གཙང་པ་རྒྱ་རས་ཀྱི་ཞལ་ནས། ཆགས་སྡང་རྩ་བ་ཕ་ཡུལ་སྤངས། །སྡུག་བསྔལ་རྩ་བ་ཁྱིམ་ཐབ་སྤངས། །འཛᨑན་ཆགས་རྩ་བ་ནོར་རྫས་སྤངས། །གཡེང་བའི་རྩ་བ་ངོ་བསྲུང་སྤངས། །གསུངས། ཁྲོ་ཕུ་བ་བསᨖད་ནམས་སེང་གེས། གྲᨖགས་དང་དགོན་པ་རི་ཁྲོད་ལ་སᨖགས་པ། །གང་དུ་སྡོད་ཀྱང་དགོས་མཛའ་མི་འཚᨖལ་ཞིང༌། །སུ་དང་འགྲᨖགས་ཀྱང་མི་མཛའ་མི་འཁᨖན་པར། །རང་ཚུགས་འཛᨑན་པ་ཁᨖ་བᨖའི་སྙིང་གཏམ་ཡིན། །ནང་དུ་སྡོད་ཚེ་ཁང་པའི་བཀོད་ལ་སᨖགས། །དབེན་པའི་ཁᨖང་ནས་ཕུན་ཚᨖགས་སྒྲུབ་པ་ཡང༌། །དོན་ཆུང་ལས་ལ་མི་ཚེ་ཟད་པའི་རྒྱུ། །བྱ་བ་གཏོང་བ་ཁᨖ་བᨖའི་སྙིང་གཏམ་ཡིན། །གསུངས། མཁས་བཙུན་པས། ཇ་ཆང་ཐབས་ཀའི་སེམས་འཛᨑན་ལ་སᨖགས་པ། །དཀར་པᨖ་དགེ་བའི་ཆོས་སྤྱོད་གཡེང་བའི་རྒྱུ། །ཚེ་འདིར་མཐོ་འགྲᨖགས་མི་རྗེས་མ་བསྙེགས་པར། །མཐུན་འཇུག་རྩིག་པ་སྒྱེལ་ཞིག་གཞོན་ནུ་གྲུབ། །གསུངས། འབར་ར་བས། མངའ་ཐང་རྒྱས་ཀྱིན་སྡུག་བསྔལ་ཆེ། །གོང་མའི་སེམས་འཛᨑན་འོག་མའི་སྐྱོངས། །མཉམ་པའི་གཉའ་སྡོངས་ནོར་གྱི་གཉེར། །སྡུག་བསྔལ་བསྐྱེལ་བསུ་སངས་དུས་མེད། །ཕུན་སུམ་ཚᨖགས་ཀྱང་བདེ་སྐྱིད་དཀའ། །སེམས་སྐྱོ་བ་བསྐྱེད་ལ་རི་ཁྲོད་འགྲིམས། །གསུངས། སྐྱེས་མཆོག་པས། ལར་མཐོ་དམན་གཅིག་ལ་མ་གཏད་ན། །ཚེ་འདི་བློ་ཡིས་མི་ཐོངས་གསུངས། །གང་བྱུང་ལམ་དུ་མ་བྱས་ན། །འཐད་འཐད་འགྲིག་པས་བསླུའོ་གསུངས། །སྒོམ་དང་རྟོགས་པ་བཟང་ངམ་ངན། །རྐྱེན་དང་འཕྲད་ན་གསལ་ལོ་གསུངས། །ཞེས་རྒྱ་གྲགས་ཆོས་རྗེའི་གསུང་བསྐྱོར་བ་ལགས་པར་གདའ། བླ་མ་འོལ་སྣ་བས། གྲᨖས་མི་གཏམ་ལ་ཉན་ན་ས་མི་ཟིན། །བློ་སྣ་མང་གི་མདུན་མ་སུན་པར་སླད༑ ༑ཆོས་བྱ་སྙམ་གྱི་ཕྱི་བཤོལ་མཐར་མི་ཕྱིན། །ཚེ་སྟོང་ཟད་བྱུང་ན་ཅི་ཙུག་བྱེད། །གནས་གང་དུ་འདུག་ཀྱང་གསᨖག་འཇོག་བཤོལ། །ཡུལ་གང་དུ་འགྲᨖ་ཡང་ངོ་ཤེས་བསྐྱུངས། །མཐུན་འགྲᨖགས་བཤེས་མང་ཡང་དབང་མ་གཏོང༌། །འདི་བྱ་གཏོང་གི་རང་ཚུགས་འཛᨑན་ལུགས་ཡིན། །སུ་ཇི་སྐད་ཟེར་ཡང་དགོས་མེད་གྱིས། །གང་འཐད་ལ་སྒྲོན་ཡང་ན་མེད་གྱིས། །ཕུགས་ཇི་ལྟར་སᨖང་ཡང་སྡུག་སྲན་བསྐྱེད། །འདི་བྱ་གཏོང་གི་བློ་གཅོད་བྱེད་ལུགས་ཡིན། །གསུངས། རྒྱལ་བ་ཡང་དགོན་པས། ཚེ་འདི་རླུང་ལ་བསྐུར་བའི་སྙིང་ཁམས་དང་གཅིག །བློ་སྣ་མི་དང་མི་བསྟུན་པའི་ལོང་མེད་དང་གཉིས། དགོས་མེད་ཕྱི་ཚᨑས་བᨖར་བའི་འཕྲལ་ཕྱིད་དང་གསུམ། འདོད་ཡོན་ འཁྲི་བ་ཆོད་པའི་ཞེན་ལོག་དང་བཞི། ཚེ་འདི་བློ་ཡིས་གཏོང་ན་དགོས་པ་ལགས། གསུངས། ཡང་འབའ་ར་བས། མཐུན་རྐྱེན་འཛོམ་པའི་དུས་སུ་དགེ་སྦྱོར་བྱེད། །མ་འཛོམས་དུས་སུ་ལྟོས་མེད་མི་ལ་སྤྲང་། །འཕྲལ་སྣང་གང་བདེ་བྱེད་པ་ནམ་ཡོང་ན། །ངོ་བསྲུང་མཁན་ལ་བླ་མའི་ཐུགས་རྗེས་ཟུངས། །གསུངས། ༈ བཅུ་པ་ཚེ་འདིའི་བསᨖད་ནམས་དང་འདུ་ལོང་སྤོང་བ་ནི། ཁᨖང་བསᨖད་ནམས་རྒྱས་སᨖ་ཟེར་ནས་འདུ་ལོང་མང་དུ་བྱུང་བ་ལ་ཡང་དགའ་བར་མི་བྱ་ཞིང༌། དུག་ལྟར་སྤང་དགོས་ཏེ། དགེ་བཤེས་ཁ་རག་པས། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཡིན། །རྙེད་བཀུར་འཆིང་བའི་ཞགས་པ་ཡིན། །བསᨖད་ནམས་དགེ་སྦྱོར་བར་ཆད་ཡིན། །དུག་ལ་སྨན་དུ་མ་བལྟ་ཨང༌། །གསུངས། རིག་པའི་དབང་ཕྱུག་གིས། སྐུ་བསᨖད་རྒད་པᨖ་གཡོ་ཅན་འདྲ། །རང་སེམས་བྱིས་པ་མགོ་སྟོང་འདྲ། །བྱ་བཞག་རྩེད་མᨖའི་དགག་སྒྲུབ་འདྲ། །མངོན་ཞེན་མ་ཆེ་རྒྱ་མ་བ། །གསུངས། དམ་པ་རྒྱ་གར་གྱི་སློབ་མའི་ཁྱུ་རྒྱན། དམ་པ་ཀུན་དགའ་བྱ་བ་དེས། ཕ་དམ་པ་ལས་དངོས་གྲུབ་རྣམ་པ་ལྔ་བླངས་སᨖ། །བདག་ཡུལ་མེད་ཐབ་མེད་དུ་བྱིན་གྱིས་བརླབ་ཏུ་གསᨖལ། བཟར་མེད་བཅའ་མེད་དུ་བྱིན་གྱིས་བརླབ་ཏུ་གསᨖལ། འདྲིས་མེད་བཤེས་མེད་དུ་བྱིན་གྱིས་བརླབ་ཏུ་གསᨖལ། མིས་ཅིར་ཡང་མི་མཐོང་བར་བྱིན་གྱིས་བརླབ་ཏུ་གསᨖལ། བསᨖད་ནམས་ཏིལ་གྱི་འབྲུ་ཙམ་ཞིག་མི་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསᨖལ། ཞེས་ཞུས་ནས། དཀའ་ཐུབ་བྱས་ཏེ་ བསྒོམས་པས་ཏིང་ངེ་འཛᨑན་བཟང་པᨖ་བརྙེས་པ་ཞིག་བྱུང་བ་ལགས་པར་གདའ། ལྷག་བསམ་བསྐུལ་བར་ཡང༌། རྒོད་དང་འགྱོད་དང་དེ་བཞིན་རྣམ་རྟོག་པ། །འདི་དག་ཐམས་ཅད་འདུ་འཛᨑ་རྣམས་ལས་འབྱུང༌། །སྙིང་པᨖ་མེད་པའི་འདུ་འཛᨑ་སུ་བྱེད་པ། །དེ་ནི་ལང་ལོང་སྤྱོད་ཅིང་མ་བསྡམས་ཡིན། །བྱིས་པ་དག་ནི་འཇིག་རྟེན་སྨྲ་ལ་དགའ། །བྱིས་པ་དེ་དག་མཆོག་གི་གཏམ་ལས་ཉམས། །ཞེ་སྡང་འཕེལ་ཞིང་རྣམ་རྟོག་ཤས་ཀྱང་ཆེ། །ཉེས་པ་དེས་ན་དེ་ལ་མི་ཆགས་སᨖ། །གསུངས། རྒྱལ་སྲས་པས། ན་ནིང་ན་སྔ་དུས་སུ་རྨི་ལམ་གྱི་དགེ་སྦྱོར་ཟིན་པᨖ་ཡོང་གིན་ཡོད་པ་ཡིན་ཏེ། བར་སྐབས་སུ་འདུ་ལོང་རྣམས་ཀྱིས་འགྲིབས་སᨖང༌། དོ་ཞག་ན་བ་འདིས་ལེགས་པར་སᨖར་ཆུད་བྱུང༌༑ བསᨖད་ནམས་སྐྱེས་པ་སྐད་ཟེར་བ་འདི་ཀུན་ཡང་མ་བྱུང་ན་རང་ཡོང་བ་འདུག་གསུང་སྐད། དེ་བཞིན་དུ་ཚེ་བློས་གཏོང་བ་ལ་ཁྱི་སྔགས་བྱེད་པ་ལ་སᨖགས་པའི་དོན་དང་བྱ་བ་དང༌། ལས་ཐམས་ཅད་སྤང་བར་བྱ་སྟེ། སྐྱེས་མཆོག་པས། ཕན་བྱ་མང་པᨖ་སྒྲིབ་ཤིང་ཡིན། །རང་མགོ་འདོད་ན་གཅིག་ལ་སྒྲིལ། །བསླབ་ཤེས་མང་པᨖ་ཟ་ཆོག་ཡིན། །ཤེས་ན་མི་བྱེད་མདོ་མེད་ཡིན། །ལྷག་བསམ་བསྐུལ་བར། དེ་ཡི་འདོད་ཆགས་ཤས་ནི་ཆེ་བར་སྐྱེ། །དེ་ནི་རོ་བྲོ་རྣམས་ལ་ཆགས་ཤིང་ཞེན། །དེ་ནི་ངན་ངོན་ཙམ་གྱིས་དགར་མི་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བ་ཡིན། །གསུངས། ནམ་མཁའ་མཛོད་ཀྱི་མདོར་ཡང༌། ཁྱིམ་དང་བརྟེན་པ་ཀུན་སྤངས་ཏེ། །དོན་ཉུང་བ་དང་ བགྱིད་ཉུང་བ། །བས་མཐའ་དགོན་པའི་སྤྱོད་ཡུལ་བ། །རི་དྭགས་བཞིན་དུ་འགྱུར་བར་གྱིས། །ཞེས་གསུངས། ༈ བཅུ་གཅིག་པ་འདོད་ཡོན་གྱི་ཉེས་དམིགས་དྲན་པར་བྱ་བ་ནི། དེ་རྣམས་འོང་བ་ཡང་འདོད་ཡོན་གྱི་ཉེས་དམིགས་ཤེས་སམ་མི་ཤེས་ལ་རག་ལས་ཏེ། འཕགས་པ་ཐོགས་མེད་ཀྱིས། སེམས་ཅན་བརྗོད་བྱའི་འདུ་ཤེས་ཅན། །བརྗོད་བྱ་ལ་ནི་གནས་པ་རྣམས། །བརྗོད་བྱ་ཡོངས་སུ་མི་ཤེས་པས། །འཆི་བ་དང་ནི་འཕྲད་པར་འགྱུར། །བརྗོད་བྱ་ཡོངས་སུ་ཤེས་ན་ནི། །གང་གིས་དེ་ལ་གཞན་དག་གིས། །བརྗོད་བྱ་དེ་ནི་དེ་ལ་མེད། །རྗོད་པ་པᨖར་ནི་སེམས་པར་མེད། །ཅེས་པའི་མདོ་འདི་ལ་སའི་དངོས་གཞིར་འགྲེལ་པ་མཛད་དོ། །དེའི་དོན་ནི་འདི་ཡིན་ཏེ༑ དགེ་སློང་དང༌། བྲམ་ཟེ་དང་ཁྱིམ་པ་རྣམས་ཀྱིས་ཚᨑག་གིས་བསྒོ་ཞིང་བརྗོད་པས་འཚᨖལ་དགོས། ལོངས་སྤྱོད་དགོས་པས་ན་འདོད་ཡོན་རྣམས་ལ་བརྗོད་བྱ་ཞེས་ཟེར་རོ། །ཡང་བྱིས་པ་དག་གིས་རང་དགར་འདོད་པའི་ཉེས་དམིགས་མི་ཤེས་པ་ལ་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཉེས་དམིགས་བརྗོད་པར་མཛད་པས་ན་ཡང་བརྗོད་བྱ་ཞེས་ཟེར་རོ། །དེ་ལྟ་བུའི་བརྗོད་བྱའམ་འདོད་པ་ལ་ཉེས་དམིགས་ཚད་མེད་པ་ཡོད་བཞིན་དུ་སེམས་ཅན་དག་གིས་མི་ཤེས་ཏེ། འདོད་པ་ལ་ལོངས་སྤྱོད་པས་ལས་བསགས་ནས་སྐྱེ་ཞིང་འཆིའོ། །མཁས་པ་དག་གིས་ནི་འདོད་པའི་ཉེས་དམིགས་ལེགས་པར་རྟོགས་ནས་ཉེ་དུ་དང་ལོངས་སྤྱོད་མང་ཉུང་གང་ཡོད་ཐམས་ཅད་ སྤངས་ནས་རབ་ཏུ་བྱུང་སྟེ། མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་བརྩོན་པར་བྱེད་དོ། །གཞན་དག་གིས་སྐྱེས་བུ་ཁྱོད་ཀྱིས་ཉེ་དུ་རྣམས་མི་དགའ་བཞིན་དུ་ཚེ་འདིའི་འདོད་པ་རྣམས་སྤངས་ནས་ཚེ་ཕྱི་མར་འདོད་པའི་དོན་དུ་བརྩོན་པར་བྱེད་དམ། ཞེས་བརྗོད་དུ་བྱུང་ཡང་སྐྱོན་དེ་མེད་ལ། དེ་ལྟ་བུའི་སྐྱོན་ཡོད་དམ་སྙམ་དུ་སེམས་པའི་དགོས་པའང་མེད་དེ། ཚེ་འདི་དང་ཕྱི་མའི་འདོད་པ་གང་ཡང་དོན་དུ་མི་གཉེར་བས་སᨖ། །འདིར་ནི་མིང་དང་གཟུགས་ལ་སྲེད་བཅད་ཅིང༌། །ང་རྒྱལ་སྤངས་ནས་ཆགས་པ་མེད་པ་དེ། །དུ་བ་སངས་ཤིང་འཇོམས་མེད་རེ་བ་མེད། །ལྷ་མིའི་འཇིག་རྟེན་དག་ན་དེ་མི་སྣང༌། །ཞེས་པའི་དོན་ནི། མིང་དང་གཟུགས་ཞེས་པ་ཉེ་བར་ལེན་པའི་ཕུང་པᨖ་ལྔ་པᨖ་སྡུག་བསྔལ་བར་མངོན་པར་མཐོང་བ་ན་བསམས་པ་ཐག་པ་ནས་སྲེད་པ་ཆད་པར་འགྱུར་ལ། དེ་གོང་དུ་འཕེལ་བའི་དགྲ་བཅོམ་པར་གྱུར་པ་ན་སྲེད་པའི་བག་ལ་ཉལ་ཡང་མེད་པར་འགྱུར་རོ། །དུད་པ་ནི་སྲེད་པ་སྟེ། དུག་གསུམ་གྱི་མེའི་སྔོན་དུ་འགྲᨖ། ཤེས་རབ་ཀྱི་མིག་ལ་གནོད། རྟོག་པ་ངན་པས་ཐ་མལ་པར་འདུག་ཏུ་མི་སྟེར་བས་རྣམ་པར་འཁྲུག་པར་བྱེད་པས་སᨖ། །དེ་ལྟ་བུའི་སྲེད་པ་དེ་སྤངས་པའམ། སངས་པས་འཚᨖ་བ་འཚལ་བ་ན། བཟང་པᨖ་དང་མང་པᨖར་མྱུར་བར་བྱིན་ན་ཡང་སྦྱིན་བདག་དང་རྙེད་པ་དེ་དག་ལ་ཆགས་པ་མེད་པས་འདོད་ཆགས་ཀྱིས་མི་འཇོམས་སᨖ། །དེ་དེ་ལས་ལོག་སྟེ་བྱུང་ཡང་ཡིད་ཆད་པ་དང་ཞེ་སྡང་བ་སᨖགས་མེད་པས་ཞེ་སྡང་གིས་མི་ འཇོམས་སᨖ། །དེས་རྙེད་པའི་ཉེས་དམིགས་མཐོང་བས་དྲན་བཞིན་དུ་ལོངས་སྤྱད་པས་གཏི་མུག་གིས་མི་འཇོམས་སᨖ། །སྦྱིན་བདག་འདིས་རྙེད་པ་ཅི་འདོད་པ་སྟེར་རོ་སྙམ་དུ་རེ་བ་བཅས་ཤིང་འགྲᨖ་བ་མེད་དེ། དེ་ཉིན་མཚན་དུས་རྟག་ཏུ་འཆི་བའི་རྐྱེན་ནི་ཤིན་ཏུ་མང་བ་སྟེ། མྱུར་དུ་འཆིའོ་སྙམ་ནས་འཆི་བའི་འདུ་ཤེས་ཀྱིས་གནས་ཏེ། དེ་ལྟ་བུའི་དགྲ་བཅོམ་པ་དེ་ནི། ཕྱིས་སྐྱེ་བ་མི་ལེན་པས་ལྷ་མིའི་འཇིག་རྟེན་ན་མི་སྣང་ངོ་ཞེས་པའོ། །དེ་ལྟར་ན་འདོད་ཡོན་གྱི་ཉེས་དམིགས་ཤེས་པ་གལ་ཆེ་སྟེ། དེ་ནི་མདོ་དང་བསྟན་བཅོས་རྣམས་ལས་ཤིན་ཏུ་མང་ཞིང༌། བདག་གིས་ལེགས་བསྡམས་ལ་སᨖགས་པར་རྒྱས་པར་བསྟན་ཟིན་ཏོ། ༈ །བཅུ་གཉིས་པ་འཇིག་རྟེན་ཆོས་བརྒྱད་སྤོང་བར་བསྟན་པ་ནི། ལར་ན་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པ་ཞིག་གལ་ཆེ་སྟེ། འབྲི་ཁུང་ཆོས་རྗེའི་ སྐྱུ་ར་འཇིག་རྟེན་མགོན་པᨖ། མཚན་རིན་ཆེན་དཔལ། པཎ་ཆེན་ཤཱཀྱ་ཤྲཱིའི་གསུང་ལས་ཀླུ་སྒྲུབ་ཀྱི་སྤྲུལ་པར་གྲགས། རྗེ་ཕག་མᨖ་གྲུ་པའི་དངོས་སློབ། མངོན་ཤེས་རྫུ་འཕྲུལ་སᨖགས་མཐའ་ཡས། གཉོས་རྒྱལ་བ་ལྷ་ནང་པའམ་གྱེ་རེ་སᨖགས་གྲུབ་ཐོབ་མང་པᨖ་བྱོན། འབྲི་ཁུང་ཐེལ་བཏབ། སྡེ་ཆེན་པᨖ་བཅོ་བརྒྱད་ཙམ་ཆགས་པར་གདའ། ཞལ་ནས། ཀ་ཅིས་ཀྱང་མི་ཕན་འཆི་བ་ལ། འཇིག་རྟེན་བྱ་བཞག་ཀྱང་མི་བདེན་རྫུན་པᨖར་གདའ། ཆོས་བརྒྱད་འཇའ་ཚᨖན་གྱི་རི་མᨖ་ལ། ཀ་བློ་གཏད་འདུག་གམ་མི་འདུག་ལྟོས། གསུངས། རིག་པའི་དབང་ཕྱུག་གི་ཞལ་ནས། འཇིག་རྟེན་ཆོས་བརྒྱད་དོན་དུ་གཉེར། །བསྟོད་དང་སྨད་དང་གྲགས་མ་གྲགས། ། རྙེད་དང་མི་རྙེད་བདེ་དང་སྡུག །དེ་རྣམས་ལ་ནི་དགའ་མི་དགའི། །རྣམ་པར་རྟོག་པ་ཡོད་རིགས་ལ། །ཆོས་པ་ཡིན་སྙམ་མ་སེམས་ཤིག །སྔར་བྱས་ཕྱིས་བྱེད་ད་ལྟའི་ལམ། །ཆོས་བརྒྱད་ཀུན་སློང་ཡོད་དམ་མེད། །རང་གི་སེམས་ལ་དྲི་བར་གྱིས། །གསུངས། ༈ བཅུ་གསུམ་པ་བདེ་བ་སྒྲུབ་འདོད་སྤོང་བ་ནི། བཤེས་གཉེན་བཟང་མᨖ་བའི་ བཟང་མᨖ་བ་དྭགས་པᨖ་ལྷ་རྗེའི་དབᨖན་རྒྱུད། སྡེ་བཅུ་ལྷག་གི་བདག་བྱེད། གྲུབ་ཐོབ་ཆེན་པᨖའི་བརྒྱུད་པ་སྡེ་སྣོད་མང་དུ་མཁྱེན། རྒྱུད་སྡེ་བཞི་ལ་སྦྱངས། ནཱ་རོ་ཆོས་དྲུག་སྦྱངས་པས་གཏུམ་མᨖ་ལ་རྩལ་ཐོན། ཕྱིས་རྒྱ་མ་འགྲᨖ་མགོན་ལོ་བཅུ་གཉིས་བསྟེན། སངས་རྒྱས་དངོས་སུ་གཟིགས། མྱ་ངན་ལས་འདས་ནས་ཀྱང་ནམ་འདོད་མཇལ། གདུལ་བྱའི་དོན་མཛད་པ་སᨖགས་ཐམས་ཅད་གཟིགས། འགྲᨖ་མགོན་ལ་དབང་དང་སེམས་བསྐྱེད་ཞུས་དུས་མཐར་ནོར་བཟང་གི་བླ་མ་བརྒྱ་རྩའི་མཛད་པ་མངོན་སུམ་དུ་བསྟན། དང་པᨖ་དགྱེར་ཆེན་པᨖས་འགྲᨖ་མགོན་ལ་བསྟན། འགྲᨖ་མགོན་གྱིས་ཁᨖང་ལ་བསྟན་པར་གསུངས། དཔᨖན་སློབ་གསུམ་པᨖ་ལ་དེ་ལྟ་བུའི་རྣམ་ཐར་མཐའ་ཡས། བཟང་མᨖ་བས་ཕྱིས་བསམ་ཡས་ཕུར་བཟང་མོ་དགོན་པར་འགྲᨖ་མགོན་གྱི་གདན་ས་མཛད། དོན་བརྒྱད་བཞུགས། རྫུ་འཕྲུལ་དང་མངོན་ཤེས་མང་དུ་བྱུང༌། བུ་ཆེན་ལྷ་དགེ་འདུན་སྒང་བ་ལྷ་བསམ་ཁ་བ། ལྷ་ཕུ་དགོན་གསར་བ། ལྷ་བླ་སᨖ་བབ་ལམ་དུ་གད་དམར་བ་ཐམས་ཅད་ཀྱིས་དགོན་པ་བཏབ། གཞན་ཡང་བུ་ཆེན་མང་བར་སྣང༌། ཞལ་ནས། འཇིག་རྟེན་ཆོས་བརྒྱད་བྱ་བ་འདི་འོ་ཅག་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན། དེའི་ནང་ནས་བདེ་ན་དགའ་བྱ་བ་འདི་ཁྱབ་ཆེ་སྟེ། ས་ཆེན་པᨖ་འདིའི་སྟེང་ན་ཡོད་པའི་སེམས་ཅན་ཀྱམ་ཀྱམ་བྱེད་པ་འདི་ཐམས་ཅད་བདེ་བདེ་མᨖ་རེ་འདོད་ནས་འཁྱམས་པ་ ཡིན། བདེ་བའི་རྩ་ན་སྡུག་བསྔལ་རེ་ཡོད་པས། བདེ་བ་ལ་དགའ་བར་མི་བྱ་སྡུག་བསྔལ་ལ་ཡིད་ཤི་བར་མི་བྱ། ཚེ་འདིར་བདེ་བ་ཆེ་ཆེར་བྱེད་ན། ཚེ་ཕྱི་མ་ཞོར་ལ་ཤི་འགྲᨖ། འདི་འདྲ་ཞིག་བྱས་ན་བདེ་བའམ་སྐྱིད་པ་ཡོང་སྙམ་ནས་ཆོས་སམ་འཇིག་རྟེན་གང་རུང་ཞིག་བྱས་ན་བདག་ཚེ་འདི་པར་སᨖང༌། འཇིག་རྟེན་ཆོས་བརྒྱད་པར་སᨖང་ཨང་སྙམ་དུ་བསམ། འོག་མ་རྣམས་ལའང་དེ་བཞིན་དུ་བསམ་གསུངས། བདེ་བ་གང་འདོད་པ་དེ་མ་བྱུང་ན༑ དེ་བྱུང་ན་དགའ་བ་ལ་སྙམ་ནས་འཕྲད་པར་འདོད་པའི་སྲེད་པ་སྐྱེ། དེ་ཡང་ངེས་པ་ཡོད་ན་ནི་རེས་དགའ་སྙམ་ནས་མངོན་པར་དགའ་བའི་སྲེད་པ་སྐྱེ། དེ་བྱུང་བ་ན་འདི་དང་མ་བྲལ་ན་ཨང་སྙམ་ནས་མི་འབྲལ་བར་འདོད་པའི་སྲེད་པ་སྟེ། ད་ལྟ་མེད་ཀྱང་སྔར་བདེ་སྐྱིད་ཡོད་མྱོང་བ་ལ། དེའི་དུས་སུ་དགའ་བ་དང་སྐྱིད་པ་ཨང་སྙམ་པ་བྱེད་པ་འདས་པའི་འདོད་པའི་རོ་མྱང་བ་འདས་པའི་སྲེད་པ་ཞེས་པ་འབྱུང་། སྡུག་བསྔལ་དང་མི་འདོད་པ་བྱུང་ན་འདི་མེད་ན་དགའ་བ་སྙམ་ནས་འབྲལ་བར་འདོད་པའི་སྲེད་པ་སྐྱེ། མ་བྱུང་ན། དེ་མ་བྱུང་ན་བཟང་ངམ་སྙམ་ནས་མི་འཕྲད་པར་འདོད་པའི་སྲེད་པ་སྐྱེ། བདེ་སྡུག་གང་ཡང་མིན་པ་བྱུང་ན་དེ་མི་ཉམས་པར་འདོད་པའི་སྲེད་པ་བྱུང༌། དེ་རྣམས་གང་བྱུང་ན་ཡང་སྲེད་པ་དང་ཆགས་པའི་དབང་དུ་སᨖང་བ། འཇིག་རྟེན་ཆོས་བརྒྱད་པ་ཚེ་འདི་པ་ཡིན་ནོ། །འོ་ན་དེ་རྣམས་མི་འབྱུང་བར་ཇི་ལྟར་བྱེད་སྙམ་ན། རིག་པའི་དབང་ཕྱུག་གིས། ཙནྡན་སྟེའུར་མཚུངས་པ་ལ། ། ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །ཞེས་པ་ལྟར། ཕྱོགས་གཅིག་ནས་གཅིག་གིས་གུས་པ་ཆེན་པᨖས་ཙནྡན་གྱི་བྱུག་པས་བྱུགས་ཀྱང་དགའ་བར་མི་བྱ། ཕྱོགས་གཅིག་ནས་སྟེའུས་བཞོགས་ཀྱང་མི་དགའ་བ་མེད་པར་བྱས་ནས༑ དེ་བཞིན་དུ་ཚེ་འདིའི་འདོད་མི་འདོད་ཐམས་ཅད་ལ་བྱུང་ན་ཆོས་བརྒྱད་འགོ་སྙོམས་པ་ཡིན་ནོ། །དེ་འདྲ་རང་རེ་ལས་དང་པᨖ་པ་ལ་བསམ་པ་ཐག་པ་ནས་བཅོས་མིན་མི་ཡོང་ཡང༌། བློས་བཅོས་ཀྱིན་དགའ་མི་དགའི་རྣམ་རྟོག་སྤང་བ་ལ་གོམས་སུ་གཞུག་པ་གལ་ཆེའོ། །ཆོས་ཀྱི་ཕྱིར་དུ་ནི་འདོད་པ་འཚᨖལ་བ་དང་ལོངས་སྤྱོད་པ་དང༌། དེ་མ་གྲུབ་པ་སᨖགས་བྱུང་ན་དགའ་མི་དགའ་མེད་པར་ཉེས་དམིགས་རིག་བཞིན་དུ་ལོངས་སྤྱོད་པ་སᨖགས་དང༌། གོང་འོག་ཏུ་བཤད་པ་ལྟར་ཉེས་དམིགས་དུས་རྒྱུན་དུ་སེམས། ཞེན་ལོག་དྲག་པᨖ་བསྐྱེད། སྤོང་ཅི་ཐུབ་ལ་འབད། མ་ཐུབ་པ་རྣམས་ལ་ཆོས་ཀྱི་དོན་དུ་འདི་མི་བསྟེན་ཀ་མེད་བྱུང༌། སྟོན་པས་ཀྱང་གནང་བས་སེམས་ཅན་གྱི་དོན་དུ་ལོངས་སྤྱོད་དགོས་སྙམ་པའི་དུས་དྲན་དང༌། སེམས་བསྐྱེད་ཀྱིས་ཟིན་པ་སᨖགས་བྱས་པས་སྐྱོན་མེད་པར་འགྱུར་རོ། །དགྱེར་ཆེན་པᨖའི་ དགྱེར་ཆེན་པᨖའི་མཚན་གཞོན་ནུ་གྲགས། གཙོ་བᨖར་སྣེའུ་ཟུར་པ་ལ་བསྟེན། ལུང་རྟོགས་མཐའ་ཡས་པ་བརྙེས། མངོན་ཤེས་རྫུ་འཕྲུལ་ཡི་དམ་མང་དུ་གཟིགས་པ་སᨖགས་མཐའ་ཡས། རིན་ཆེན་སྒང་བཏབ། གཙུག་ལག་ཁང་རི་རྙིང་བཞེངས། གྲྭ་པ་བརྒྱད་བརྒྱ་འདུས། དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས། བུ་ཆེན་བརྒྱད་དེ་ཐུགས་སྲས་འགྲᨖ་མགོན་དང༌། སྒོམ་ཤེས་གྲགས་གཉིས། གཞན་ཡང་ལྷོ་པ་བྱང་སྒོམ། དཀྲི་ཟོང་བ་ དགེ་བཤེས་དང་། སྡིངས་པᨖ་བ། རྦས་བྱ་ཟུག་གསུམ། རྦས་ཡར་འབྲོག་ཏུ་གདུལ་བྱ་བསྐྱངས་དགོན་པ་བཏབ། བྱ་དེ་བྱ་པ་ཁྲི་དཔᨖན་ཚང་གི་དང་པᨖའི་བྱ་པ་ཨ་ནག་ཆེན་པᨖ་དེ་ཡིན། ཟུག་གིས་ལྷོ་བྲག་དང་རོར་དགོན་པ་བཏབ། གཞན་ཡང་བུ་ཆེན་མང་དུ་བྱོན། ཐམས་ཅད་ཀྱིས་བསྟན་པ་བསྐྱངས་སᨖ། །ཞལ་ནས། སྔར་དགེ་བཤེས་སྟོན་པས་མཛད་པ་བཞིན་དུ་འོ་ཅག་ཀྱང་ཚᨑགས་བཅད་དེ་འདོན་གྱིན་མ་མཐའ་ཚᨑག་ཙམ་གྱི་སྒོ་ནས་ཀྱང༌། གཉེན་པᨖ་བསྟེན་ལ་འཇིག་རྟེན་ཆོས་བརྒྱད་སྤངས། །གསུངས། རྗེ་རིན་པᨖ་ཆེའི་ཞལ་ནས། དགེ་འདིས་མཚᨖན་ནས་དུས་གསུམ་དང་འབྲེལ་བའི། །རང་གཞན་དགེ་བའི་རྩ་བ་ཇི་སྙེད་པ། །དེ་དག་ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ། །བྱང་ཆུབ་མཆོག་གི་རྗེས་སུ་མི་མཐུན་པའི། །ཤེས་ཀྱིས་ཁེ་འདོད་པ་དང་གྲགས་པ་དང༌། །འཁᨖར་དང་རྙེད་བཀུར་གྲགས་སᨖགས་བདེ་བའི་རྒྱུར། །སྐད་ཅིག་ཙམ་ཡང་སྨིན་པར་མི་འགྱུར་ཞིང༌། །བླ་མེད་བྱང་ཆུབ་ཁᨖ་ནའི་རྒྱུར་གྱུར་ཅིག །བདེ་མེད་སྡུག་བསྔལ་བརྒྱ་ཡིས་གཙེས་པ་ཡིས། །འཁᨖར་བའི་ཕུན་ཚᨖགས་ཡིད་ལ་དྲན་ཙམ་གྱིས། །ལྕགས་ཁང་འབར་བའི་ནང་དུ་ཚུད་པ་ལྟར། །ཡིད་ལ་འདོད་པ་ཏིལ་ཙམ་མེད་པར་ཤོག །ཅེས་བདེ་བ་ལ་མ་ཆགས་པ་དང་སྡུག་བསྔལ་དང་དུ་བླངས་ནས་ཆོས་སྒྲུབ་པ་ཞིག་གིས་སྨོན་ལམ་གདབ་དགོས་གསུངས། ཆེད་དུ་བརྗོད་པའི་ཚᨖམས་སུ། མི་གང་རྟག་ཏུ་བདེ་བ་འདོད་བྱེད་པ། །སྐྱེ་དགུ་དགའ་བར་ཉེ་བར་འགྲᨖ་འགྱུར་ཞིང༌། །སྐྱེ་དགུ་སྲེད་པ་རྣམས་ཀྱི་མདུན་དུ་བདར། །རི་བᨖང་རྒྱ་ནང་ཡོངས་སུ་རྒྱུག་པ་བཞིན། །གསུངས། མཁས་བཙུན་པས། ཕུགས་ཀྱི་འདོད་བློ་ཞིག་དང་མ་བྲལ་ན། །ཚེ་འདིའི་བྱ་དགོས་ཆུ་བᨖའི་གཉེར་མ་འདྲ། །གཅིག་ཟིན་དེ་བས་མང་བ་སླར་ཡང་སྐྱེ། །ལུས་ངག་བྱ་བྱེད་ཉུང་ན་མི་འཐད་དམ། །གསུངས། ས་པཎ་གྱིས། ཧ་ཅང་བློ་རྒྱ་ཆེས་པས་འདུ་འཛᨑས་གཡེངས། །གཅིག་ལ་གཅིག་འཕྲོས་ཟིན་མེད་བྱ་བས་བྲེལ། །འདི་དང་འདི་དགོས་འདོད་པས་རིམ་གྱིས་འབྲིད། །དེ་འདྲས་མི་ཚེ་ཟད་པ་མ་ཚᨖར་རམ། །གསུངས། སྐྱེས་མཆོག་པས༑ ཚེ་འདིའི་བདེ་སྐྱིད་རླུང་ལ་བསྐུར། །ཉམས་ལེན་ཕྱོགས་སུ་སྡུག་བསྔལ་ཁུར། །དཀའ་ཐུབ་ཕྱོགས་སུ་ལུས་སྲོག་བཏང༌། །གསུངས། རྗེ་རིན་པᨖ་ཆེ་ཙོང་ཁ་པའི་ཞལ་ནས། འཁᨖར་བ་ན་བདེ་བ་ཡེ་མེད། ད་ལྟར་བདེ་བར་རློམ་པའི་ཟས་ཟོས་པའི་བདེ་བ་ལ་སᨖགས་ཀྱང་བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་བ་ལ་བདེ་བའི་མིང་བཏགས་པ་ཙམ་ཡིན། དེ་ཅི་ཡིན་ན། བཀྲེས་པའི་སྡུག་བསྔལ་དེ་བསྟེན་ན་སྡུག་བསྔལ་ཇེ་ཆེར་འགྱུར་བ་ལྟར་ཟས་ཀྱང་ནན་ཏན་བསྐྱེད་ཟོས་ན་བདེ་བ་མི་ཡོང་བར་སྡུག་བསྔལ་ཇེ་ཆེར་འགྲᨖ་བ་དེ་དང་པᨖ་ནས་བདེ་བ་མེད་པར་སྡུག་བསྔལ་དུ་ཡོད་པའི་རྟགས་རང་ཡིན། དེ་ཡང་ཟོས་ཙམ་ན་བཀྲེས་པའི་སྡུག་བསྔལ་དེ་འགགས། ཟོས་པའི་སྡུག་བསྔལ་གྱི་འགོ་བཙུགས་པ་ལ་བདེ་བར་ངེད་རང་གིས་རློམ་པ་ཡིན། དེ་བཞིན་དུ་འཁᨖར་བའི་བདེ་བ་ཐམས་ཅད་སྡུག་བསྔལ་མཚན་ཉིད་པ་བདེ་བ་བཏགས་པ་བ་ཡིན། དེ་ལྟར་ཡིན་ཀྱང་ངེད་རང་གིས་བདེ་བར་རློམ་ཞིང་དེ་ལ་ཆགས། དེའི་ལྡོག་ཕྱོགས་ལ་ཞེ་སྡང༌། དེའི་མཚང་འདི་མི་ཤེས་པར་གཏི་མུག་གིས་ལས་བསགས་པར་འཁᨖར་བར་འཁྱམས་པ་ཡིན་པས། ད་འཁᨖར་བའི་བདེ་བ་ལ་སུ་ཞིག་ཆགས་སྙམ་དུ་བསམ་གསུངས། ༈ བཅུ་བཞི་པ་སྡུག་བསྔལ་ལ་རྒྱན་དུ་བལྟ་བ་ལ་བསླབ་པ་ནི། བདེ་བ་ལ་མ་ཆགས་པར་མ་ཟད་སྡུག་བསྔལ་ལ་རྒྱན་དུ་མཐོང་ནས་སྡུག་བསྔལ་སྨན་ལྟར་བསྟེན་པ་ཞིག་དགོས་ཏེ། པᨖ་ཏོ་བའི་ཞལ་ནས། འབྲོམ་ལོ་སྡེངས་པ་ལ་སྔ་ཕྱོགས་པ་དང༌༑ གཡུ་ཕྱོགས་པ་དང༌། སྟོང་ར་བ་གསུམ་ཡོད་པའི། སྔ་ཕྱོགས་མང་བཙན་ཟེར་བ་ལ་ཆུང་མ་ཤེད། ཁྱོད་ལོ་གསུམ་ཚ་བ་འཐུངས་ནས་གཏན་དུ་ཟན་ཟ་བའམ། ལོ་གསུམ་ཟན་ཟོས་ནས་གཏན་དུ་ཚ་བ་འཐུངས་ཟེར། དེ་ཁᨖ་ཤེད། ངས་ལོ་གསུམ་ཚ་བ་འཐུངས་པས། གཡུ་རང་ཡང་སྣང་བ་མཐའ་ཡས། སྐར་ཆེན་དང་སེང་གེ་དཔུང་པ་སᨖགས་བསྒྲིགས་པ་མདུང་གང་ཡོང་ཟེར། དེ་བཞིན་དུ་ཆོས་བྱེད་པ་ལ་སྡུག་གཅིག་དང་དཀའ་བ་ཞིག་དང་དུ་ལེན་དགོས། སྡུག་ཐོག་ནས་ཆོས་ཤིག་མ་བྱས་པར་སེམས་རྩ་མི་ནོམ། བློ་མི་ཁེངས། སྣམ་བུ་བཀྲུ་བཅག་བྱེད་པ་རྣམས་སᨖ་ཐུབ་པ་ཞིག་བྱ་སྙམ་ནས་འཐེན་པས་སᨖ་མི་ཐུབ། ཕར་ངོས་མ་ཡང་འགྲᨖངས་པ་ཞིག་བྱ་སྙམ་ནས་འཐེན་ན་སᨖ་ཐུབ། དེ་བཞིན་དུ་ཆོས་བྱེད་པ་ལའང་ཚམ་ཚᨖམ་མེད་པ་ཞིག་བྱས་ན་འོང་སྟེ། མདུང་ཁ་རལ་ཁ་ཡོས་ཡོང་བ་དེས་དཔའ་བᨖ་མི་འོང༌། ཡོས་མི་ཡོང་བ་ཞིག་བྱུང་ན་དཔའ་བᨖ་འོང་བ་ཡིན། དེ་བཞིན་དུ་ཡོས་མ་ བྱུང་བ་དེ་ངས་བྱས་ཟེར་བ་ཞིག་དགོས། ཞེ་ཕུགས་སྤྲང་ལ་གཏད། སྤྲང་གི་ཐ་མ་ཤིར་བཅུག །སང་གནངས་ན་རྐང་འགོ་ཁྱིས་འདྲད་བྱིས་པ་རྣམས་ཀྱིས་མགོར་འཆང་བསྟུན་རྒྱག་པ་ཞིག་བྱ་དགོས་སྙམ་པ་བྱ། སྤྱིར་འཁᨖར་བ། ཁྱད་པར་ངན་སᨖང༌། ཡང་དགོས་མནར་མེད་དུ་སྐྱེ་མ་དགོས་ན། ལྟོར་འཁྲུད་མ་འཐུང་ན་ཡང་འཐུང༌། གོས་སུ་སྟན་གོན་ན་ཡང་གོན་སེམས་པ་ཞིག་དགོས་གསུངས། རྗེ་ཙོང་ཁ་པའི་ཞལ་ནས། སྲིད་པའི་འབྱོར་པས་མི་བསླུ་མེད༑ ༑གཅིག་ཏུ་ཕན་པ་དམ་པའི་ཆོས། །བསྟན་དང་མཇལ་བ་ལན་རེ་ཙམ། །དེ་ཕྱིར་དེ་ཡི་དོན་ལ་དགོངས། །གསུངས། དགེ་བཤེས་ཤྭ་བᨖ་བའི་ཞལ་ནས། སྔ་དྲᨖ་ཞིག་མལ་དུ་མ་བསྡད་ན་ཕྱི་དྲᨖ་ཁྲམ་ནག་རེར་འཆའ་བ་འདུག ། དེ་བས་ན་གཞོན་པ་ཀུན་ལུས་སེམས་ལ་ནུས་པ་ཡོད་པའི་དུས་སུ་གཉེན་པᨖ་ཡང་ནུས་པ་ཆེ་བ་ཡིན་པས་ཉོན་མᨖངས་པ་དང་འཐོབས་དང༌། རྒས་ནས་བྲང་ཁᨖག་གཉེར་མས་འུབས་ཏེ་སᨖང་ཙ་ན། རྒས་རྒྱུའི་ཉོན་མᨖངས་པ་མ་རྒས་པར། མི་རྒས་རྒྱུའི་གཉེན་པᨖ་རྒས་བྱ་བར་མི་འོས་པ་ཐམས་ཅད་བྱེད། གཞན་གྱི་མིག་རྐྱེན་ངན་པ་ཡོ་བྱེད་པ་རེ་ཡོང་བར་འདུག་གསུངས། བཅོམ་ལྡན་འདས་ཀྱིས་བཟོད་པ་རྣམ་པ་གསུམ། སྡུག་བསྔལ་དང་ལེན་གྱི་བཟོད་པ་དང༌། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ་གསུམ་མདོ་བསྟན་བཅོས་དུ་མ་ལས་རྒྱས་པར་གསུངས། བླ་མ་གོང་མས་བཟོད་པ་གསུམ་སᨖགས་སྡུག་བསྔལ་དང་ལེན་ནམ་སྡུག་བསྔལ་ལ་རྒྱན་དུ་ལྟ་བའི་ཉམས་ལེན་ལ་གོང་གི་གཏད་ས་བཞི་སᨖགས་ཕུགས་ནོར་བཅུའི་ཉམས་ལེན་གསུངས། ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང༌། ཡེ་ཤེས་རྡོ་རྗེ་རང་དང་འགྲᨖགས་ཞེས་པ་དོན་གཅིག །དེ་རྣམས་ལ་དཔྱད་བསྒོམ་གྱིས་བློ་སྦྱོང་བའི་དོན་ནོ། །དགེ་བཤེས་ཡོན་ལུང་བ་མཚམས་མཛད་པ་ལ། གཅིག་གིས་ཐུ་བ་ནས་བཟུང་ནས་གདམས་ངག་ཚᨑག་གཅིག་ཞུ་བྱས་པས། ཁྱོད་གཞོན་ནུ་ལ་རབ་ཏུ་བྱུང་བ་ཡིན་གྱི་འཆི་ཁར་མི་འགྱོད་པ་ཞིག་གྱིས་ཤིག །དེ་ལ་ཙམ་པ་སྲོག་ཐུབ་དུག་པᨖ་རྒྱབ་གྲོས་ལ་བསྟེན། ཁྱིམ་མཚེས་ཀྱིས་ཀྱང་ངོ་མི་ཤེས་པ་བྱས། དམའ་བའི་ས་བཟུང༌། ཧྲུལ་པᨖའི་གོས་གྱོན། ཕ་ཡུལ་སྤངས། བཤེས་གཉེན་གྱི་རྒྱ་གད་ཆུ་བཞིན་འཐུངས། ཚེ་འདི་ལ་འཕྱ་བ་ཐོ་རེ་བ་ཞིག་དགོས། ཕུར་ཤིང་ཆག་མདར་ཆུ་ཤོར་ཡང་འདི་ལ་སྒྲིལ་ནུས་ན་མི་འགྱོད་པ་ཞིག་འོང་གསུངས། པᨖ་ཏོ་བའི་གསུངས། གཞན་གྱིས་བདག་ལ་སྙིང་རྗེའི་གནས་བྱེད༑ ༑བདག་ནི་རྟག་ཏུ་དགའ་བས་གནས་ན། །དེ་ལ་ཆོས་ཡོད་གཞན་དུ་ན་མིན། །གསུངས། ཡང༌། སངས་རྒྱས་བསྟན་པ་མར་འགྲིབས་དུས་ན། །ནག་པᨖའི་ཕྱོགས་ལ་དགའ་བ་མཐུ་ཆེ། །དཀར་པᨖའི་ཕྱོགས་ལ་དགའ་བ་མཐུ་ཆུང༌༑ ༑དེ་ཕྱིར་ཆོས་མིན་ཞུགས་པ་རྣམས་ལ། །ཕན་འདོགས་མང་ཞིང་ཚེ་རིང་ནད་མེད། །ཆོས་ལས་ཞུགས་པ་དེ་ལས་ལྡོག་པ། །རང་བཞིན་ཡིན་པས་ཆོས་ཞུགས་མ་ཞུམ། །དགེ་བཤེས་སྟོན་པས་ངེད་ལ་དེ་གསུངས། ། དེ་ལྟ་བས་ན་གཉེན་པᨖར་དེ་བསམ། །གསུངས། དེས་ན་སྙིགས་མའི་དུས་སུ་སྡུག་བསྔལ་མེད་པ་མི་སྲིད་པ་ལྟ་བུ་ཡིན་པས། སྡུག་བསྔལ་གྱིས་མ་འཇིགས་པར་བྱ་དགོས་ཏེ། ས་པཎ་གྱིས། རྩོད་དུས་བསᨖད་ནམས་ཕུན་ཚᨖགས་པ། །སྐྱེ་བᨖ་བརྒྱ་ཡི་ནང་ན་དཀོན། །རྫིང་ངན་ཆུ་ཡིས་ཁེངས་པ་ན། །ཕྱོགས་གཅིག་ཅི་ནས་འཇིག་པ་ལྟར། །གང་ལ་ནོར་དང་ལྡན་གྱུར་པ། །དེ་ལ་རིགས་བརྒྱུད་ཤིན་ཏུ་དཀོན། །བུ་དང་ལྡན་ན་ནོར་ཆེས་དཀོན། །དེ་དང་ལྡན་ན་དགྲ་བᨖ་འོང༌། །ཐམས་ཅད་ཕུན་སུམ་ཚᨖགས་གྱུར་ན། །མི་དེ་མྱུར་དུ་འཆི་བ་མང༌། །གསུངས། དགེ་བཤེས་ཁ་རག་པས། རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན། །བར་ཆད་དགེ་སྦྱོར་བསྐུལ་མ་ཡིན། །སྡུག་བསྔལ་སྡིག་པའི་ཕྱགས་མ་ཡིན། །སེམས་མི་དགའ་བྱུར་དུ་མ་བལྟ་ཨང༌། །གསུངས། སྤྱོད་འཇུག་ལས། ཡིད་མི་བདེ་བའི་ཟས་རྙེད་ན། །ཞེས་སྡང་བརྟས་ཏེ་བདག་འཇོམས་སᨖ། །ཅི་ལ་བབ་ཀྱང་བདག་གིས་ནི། །དགའ་བའི་ཡིད་ནི་དཀྲུག་མི་བྱ། །གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགར་བྱས་ཅི་ཕན། །གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁᨖར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །གསུངས། དེ་ལྟར་སེམས་ཤེས་པ་ཞིག་བྱུང་ན། སྐྱོན་ཡོན་ཏན་དུ་སློངས། སྡུག་བསྔལ་བདེ་བར་ཤར། ཆོས་ལ་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པ་ ཞིག་ཡོང་བ་ཡིན་ཏེ། པᨖ་ཏོ་བའི་ཞལ་ནས། ཚᨖགས་པ་རྣམས་ཀྱང་ལ་ལ་ཁ་བ་བབས་ཀྱང་རྟ་རྨིག་ལ་ཕན་ཟེར། ནུབ་མᨖ་ཆར་བབས་པ་ལ་དགྲ་མི་ཡོང་ཟེར། དེ་བཞིན་དུ་ནད་དང་དབུལ་ཕོངས་དང༌། གཤེ་སྐུར་དང༌། ཐ་ན་རྨི་ལམ་གྱི་སྡུག་བསྔལ་ཚུན་ཆད་ལམ་དུ་སློངས་པས་སྡིག་པ་བྱང་བ་སᨖགས་ཡོན་ཏན་དུ་མ་ཡོང༌། དེ་ཙ་ན་འཕྲང་དང་གེགས་བྱུང་བ་ལེགས་པ་ཡིན། དེ་འདྲ་ཞིག་གིས་ཡོ་ཁᨖའི་ཆོས་ཀྱི་གྲᨖགས་སུ་འགྲᨖ་གསུངས། འོ་ན་སྡུག་བསྔལ་ལམ་དུ་སློང་ཚུལ་ཇི་ལྟར་བྱ་སྙམ་ན། དེ་ལ་སྤྱོད་འཇུག་དང་བླ་མ་གོང་མའི་ལུང་སྔར་དྲངས་པ་ལྟར་མི་འདོད་པ་ཅི་བྱུང་ཡང་དེ་ལ་མི་དགའ་བ་བྱེད་མི་རིགས་པ་དང༌། དགའ་བ་བྱེད་རིགས་པའི་རྒྱུ་མཚན་རྣམས་བསམས་ནས་སེམས་དགའ་ཡལ་ལེ་བྱེད་ཅིང་སེམས་བསྐྱེད་ཀྱིས་ཟིན་པ་མཛའ་བᨖའི་བུ་མᨖའི་གཏམ་རྒྱུད་ལྟར་སེམས་ཅན་གྱི་དོན་དུ་བསྔོ་བ་དང་གཏོང་ལེན་བྱེད་པ་སᨖགས་མན་ངག་གི་གནད་ཡིན་ནོ། །དེ་ལྟ་ཡིན་ཡང་། ན་བ་ཡིན་ན་བཅོས་སུ་ཡོད་པ་ལ་སྨན་བཅོས་སᨖགས་བྱེད་པར་མཁས་པ་རྣམས་བཞེད་པས་དེ་བྱེད་པ་ལ་མི་རིགས་པ་མེད་དོ། །བྱང་སེམས་འཆད་ཁ་བས། མཚན་ཡེ་ཤེས་རྡོ་རྗེ། རུས་བྱ། འཁྲུངས་ཡུལ་ལོ་རོ། དང་པᨖ་སྡེ་སྣོད་སྦྱངས། ཕྱིས་ཤ་ར་བ་བསྟེན་ནས་བྱང་ཆུབ་ཀྱི་སེམས་འབྱོངས། ཤ་ར་ཞེས་སྤྲས་ན་ཡོད། ཤ་ར་འབུམ་པ་དར་ཡུལ་གྱི་མདའ་ན་ཡོད། བྱང་སེམས་འཆད་ཁ་བས་འཆད་ཁ་དགོན་བཏབ། གྲྭ་པ་དགུ་བརྒྱ་ཙམ་འདུས། དགུང་ལོ་དོན་ལྔ་ལ་མཐའ་ཕུར་གཤེགས། ཡོན་ཏན་མཐའ་ཡས། བུ་ཆེན་སེ་སྤྱིལ་བུ་བས་སྤྱིལ་བུའི་དགོན་པ་བཏབ། གནངས་པ་ད་རེས་ཁ་རུའི་དགོན་པ་བཏབ། རྣལ་འབྱོར་པ་བྱང་སེམས་ཡང་འཆད་ཁ་བ་དང༌། འགྲᨖ་མགོན་སངས་རྒྱས་དབᨖན་གཉིས་ཀའི་སློབ་མར་བཤད། ཁᨖང་གིས་གྲᨖ་བ་དགོན་པ་བཏབ། འདུལ་བའི་བཤད་ཉན་དར། དགུང་ལོ་དོན་དྲུག་བཞུགས། ཡོན་ཏན་མཐའ་ཡས་པར་སྣང་ངོ༌། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །འཕྲལ་ལ་གང་ཐུག་སྒོམ་དུ་སྦྱར། །ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་གསུངས། ཡང་བླ་མ་དག་མི་འདོད་པ་ཅི་བྱུང་ཡང་དེའི་རྣམ་རྟོག་གི་རྗེས་སུ་མི་འབྲང་བར་ལྷོད་ནས་འཇོག་པ་རྐྱེན་ངན་ལམ་དུ་སློང་བའི་ཐབས་སུ་གསུངས། གཙང་པ་རྒྱ་རས་ཀྱི་ཞལ་ནས། འཇུར་བུས་བཅིངས་པའི་མི་ལ་སྡུག་བསྔལ་དང་ཆགས་སྡང་རང་བཞིན་གྱིས་འཁᨖར། སེམས་ཀློད་ཤེས་པའི་མི་དེ་བདེ་བ་ཆེན་པᨖ་དང་མི་འབྲལ་གསུངས། དེ་བཞིན་དུ་རྒྱལ་བ་ཡང་དགོན་པས་ཀྱང་མང་དུ་གསུངས། དེ་ལྟར་རྐྱེན་ངན་ལམ་དུ་སློང་ཤེས་ན་བདེ་སྐྱིད་རྒྱུན་མི་ཆད་དེ། དགེ་བའི་བཤེས་གཉེན་པ་རྣམས་ཀྱི་ཞལ་ནས། སྐྱིད་སྡུག་འདི་རྫུན་ཡིན། རང་གི་བློ་འཆོས་ཤེས་མ་ཤེས་ཡིན། ཉོན་མᨖངས་པ་ཆེ་ཆུང་འདི་རྫུན་ཡིན། གཉེན་པᨖ་ཆེ་ཆུང་ཡིན་གསུངས། དགེ་བཤེས་ཁ་རག་པས། བློ་སྣའི་འགྲᨖ་ལྡོག་མ་ཤེས་ན། ། ཅི་བྱས་སེམས་ལ་བདེ་དུས་མེད། །འགྲᨖ་ལྡོག་ཤེས་པའི་མཁས་པ་ལ། །རྐྱེན་ངན་གྲᨖགས་སུ་འཆར་རོ་ཨང༌། །གསུངས། གཙང་པ་རྒྱ་རས་ཀྱིས། སྡུག་བསྔལ་ལ་རྒྱན་དུ་མཐོང་ན། སྤྱོད་པའི་ཚད་ཡིན། གཅེས་དགུ་རྒྱབ་ཏུ་ བསྐྱུར་ན་གྲུང་པᨖའི་ཚད་ཡིན། རྐྱེན་དང་བར་ཆད་ཅི་བྱུང་ཡང་གཡོ་འགུལ་མེད་ན་བརྟན་པའི་ཚད་ཡིན། མᨖས་གུས་ཅན་གྱི་སྒོ་ཁང་ན། བླ་མ་སྒོ་ཉལ་བྱེད་ཀྱིན་ཡོད་དེ། ལོག་ལྟ་ཅན་གྱིས་མ་ཚᨖར། དད་པ་ཅན་གྱི་སྒོ་ཁང་ན། དམ་ཆོས་སྒོ་ཉལ་བྱེད་ཀྱིན་ཡོད་དེ། སྡུག་བསྔལ་རྒྱན་དུ་མ་མཐོང་བས་མ་ཚᨖར་གསུངས། སྐྱེས་མཆོག་པས། ཞེན་པ་གཏིང་ནས་མ་ལོག་ན། དཀའ་ཐུབ་ཆུ་འཐུངས་གིས་མཐར་མི་འཁྱོལ་བར་གདའ། འཁᨖར་བ་སྡུག་བསྔལ་དུ་མ་ཤེས་ན། ངེས་འབྱུང་གི་སྐྱོ་བ་མི་སྐྱེ་བར་གདའ། བློ་སྣའི་འགྲᨖ་ལྡོག་མ་ཤེས་ན། ཅོལ་ཆུང་གི་རིག་པ་ལ་བདེ་དུས་མི་འོང་བར་གདའ། གསུངས། དེ་ལྟར་ན་བདེ་སྡུག་དངོས་པᨖའི་སྟེང་ན་མེད་ཀྱི་བློ་སྣ་སྦྱང་ལུགས་ཀྱི་ཁྱད་པར་ཡིན་པར་ཤེས་པར་བྱས་ལ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བློས་གཏང་བར་བྱ་སྟེ། ཁྲོ་ལོས། ཚེ་འདིའི་ཆེ་ཐབས་བྱས་གྱུར་ཀྱང༌། །འགྲུབ་རྒྱུ་མེད་པར་དེ་བས་སྡུག །གཟབས་ནས་བསྒྲིགས་ཀྱང་འཁྱོགས་ནས་འཛོལ། །ད་ནི་ཞེ་འདོད་ཐམས་ཅད་ཐོངས། །གསུངས། རྗེ་རིན་པᨖ་ཆེས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པᨖ་ལེན་པ་དགོས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱེད་ཀྱང་དེ་ལྟར་བསྐྱང་འཚལ་ལོ། ། གསུངས། ༈ བཅོ་ལྔ་པ་བླ་མ་ལ་སᨖགས་པའི་ཕྱིར་དུ་ཡང་ལོངས་སྤྱོད་སྒྲུབ་འདོད་སྤང་བ་ནི། གླང་རི་ཐང་པའི་ གླང་ཐང་པའི་མཚན་རྡོ་རྗེ་སེང་གེ །རུས་ཤུགས་ཚང་། པᨖ་ཏོ་བའི་བུ་ཆེན། གླང་ཐང་བཏབ། གྲྭ་ཉིས་སྟོང་འདུས། དགུང་ལོ་བདུན་ཅུ་བཞུགས། ཡོན་ཏན་མཐའ་ཡས། སྤྲུལ་སྐུ་རྣམ་སྣང་དུ་གསུངས། འོད་དཔག་མེད་ཀྱི་སྤྲུལ་པར་ཡང་གྲགས། ཞལ་ནས། ལྟོ་རྒྱབ་དབེན་པར་བསྡད་པས་ཆོག་གི །ཚᨖགས་གསᨖག་བྱེད་པའི་གདུང་བ་ཆོད། ཉིན་མཚན་དགེ་སྦྱོར་བྱས་པས་འདའ་ཡི། གྲᨖགས་པᨖ་འཚᨖལ་བའི་གདུང་བ་ཆོད། མི་སེམས་མལ་དུ་སྡད་པས་ཟིན་གྱི། མཐུན་འཇུག་བྱེད་པའི་གདུང་བ་ཆོད། བླ་མ་སྒྲུབ་པས་མཉེས་ཀྱི། རྙེད་བཀུར་བྱེད་པའི་གདུང་བ་ཆོད། བསྲུང་བ་འདྲེ་ལ་བཅོལ་བས་ཆོག་གི །དྲག་སྔགས་ཟློས་པའི་གདུང་བ་ཆོད། གསུངས། སློབ་དཔᨖན་རྗེ་བཙུན་བྱ་བའི་དགེ་བཤེས་བཟང་པᨖ་ཞིག་གིས་བླ་མའི་དུས་མཆོད་བཅད་པས། འཚལ་པའི་དཔᨖན་དགའ་བདེས་ཁᨖང་གི་སློབ་མ་ཞིག་ལ། ད་ལྟ་དབུས་ཀྱི་དགེ་བཤེས་ཙམ་ལ་ཁོང་བཟང་བར་འདུག་པ། བླ་མའི་དུས་མཆོད་བཅད་པ་རང་མི་འཐད་དམ་བྱས་པས། ཁᨖས་སློབ་དཔᨖན་གྱི་དྲུང་དུ་ཕྱིན་ཏེ་མི་ཀུན་འདི་སྐད་ཟེར་བྱས་པས། ང་བླ་མ་ལ་མᨖས་གུས་མེད་པའམ། ཆ་རྐྱེན་ཕོངས་པ་མིན། དེ་ལ་དམིགས་ནས་ཚᨖགས་པ་མང་པᨖ་ཡོང་བར་གདའ་བ་དང༌། དགེ་འདུན་རྣམས་གཡེང་ནས་དགེ་སྦྱོར་ཆགས་པ་དང༌། བཙུན་པ་གཉེན་པᨖ་ཆུང་ཆུང་རྣམས་ཆུད་ཟ་བར་འདུག་པས་བཅག་པ་ཡིན། སྡོམ་གསུམ་ལ་ཉེས་ལྟུང་གིས་མ་ གོས་པ་ཞིག་བྱེད་ཀྱིན་ཡོད། འདིས་ཐུགས་དགོངས་རྫོགས་མཆི་གསུངས་ལ། རྒྱལ་སྲས་རིན་པᨖ་ཆེའི་ཞལ་ནས། དུས་མཆོད་རང་དེ་ངོས་བཟང་བར་འདུག །ཤིན་ཏུ་ངོ་མཚར་ཆེ་གསུངས། རྗེ་རེ་མདའ་བའི་ཞལ་ནས༑ ཐོས་པའི་གཏིང་དཔᨖགས་ནས་ཚེ་འདི་བློས་བཏང་གི་སྒྲུབ་པ་སྙིང་པᨖར་བྱེད་པ་ལས་ལྷག་པའི་རྒྱལ་བ་སྲས་བཅས་མཉེས་པར་བྱེད་པའི་མཆོད་པ་གཞན་མེད། དེའི་ཐད་ནས་དེང་སང་གི་འཆད་ཉན་འདྲ་བ་གཞན་དོན་ལྟར་སྣང་ཡིན། རྙེད་བཀུར་ལྷུར་བྱེད་ཀྱི་ཐབས་དབང་བསྐུར་ལུང་ཁྲིད་སᨖགས་འཁᨖར་སྡུད་པའི་ཐབས་གཞན་དོན་ལྟར་སྣང་བྱེད་པ་རྣམས་སྙིང་པᨖ་མེད་གསུངས། དེ་བས་ན་གང་ལ་བསམ་ཀྱང་སྙིང་པᨖ་མེད་པས་ཚེ་ཐུང་འདི་ལ་མ་ཆགས་པར་བློས་ཅི་ཐོངས་བྱེད་པ་ཞིག་གལ་ཆེ། ༈ བཅུ་དྲུག་པ་ཚེ་བློས་ཐོངས་པའི་དངོས་རྒྱུ་ཐུན་མᨖང་མ་ཡིན་པ་ཉམས་སུ་བླང་བ་ནི། དེ་ལྟར་ཚེ་བློས་ཐོངས་པ་ཞིག་མེད་མི་རུང་ཡིན་ཡང་དེའི་རྒྱུའི་གཙོ་བᨖ་ཉམས་སུ་ལེན་པ་མེད་ན། ཚེ་བློས་ཐོངས་པ་ཡོང་ཐབས་མེད་པས་ཉམས་ལེན་གཙོ་བᨖ་ཤེས་དགོས། དེ་གང་ཡིན་སྙམ་ན་འཆི་བ་མི་རྟག་པ་ལེགས་པར་སེམས་པ་ཡིན་ཏེ། རྗེ་རིན་པᨖ་ཆེའི་ཞལ་ནས། འཆི་བ་དྲན་པ་མ་བསྒོམ་པའི་ཉེས་དམིགས་ནི། ད་གཟོད་མཐར་འཆི་བ་ཞིག་འོང་སྙམ་པ་ཀུན་ལ་ཡོད་ཀྱང༌། ཉི་མ་རེ་རེ་ཞིང་དེ་རིང་མི་འཆི། དེ་རིང་ཡང་མི་འཆི་སྙམ་དུ་བློས་མི་འཆི་བའི་ཕྱོགས་འཛᨑན་པ་འཆི་ཀ་ཚུན་ཆད་ལ་འབྱུང་ངོ༌། །དེའི་གཉེན་པᨖ་ ཡིད་ལ་མ་བྱས་ན་དེ་ལྟ་བུའི་བློ་དེས་བསྒྲིབས་ནས་ཚེ་འདིར་སྡོད་པའི་བློ་སྐྱེས་ནས་འདི་དང་འདི་དགོས་སᨖ་ཞེས་ཚེ་འདི་ཙམ་གྱི་བདེ་བ་སྒྲུབ་པ་དང༌། སྡུག་བསྔལ་སེལ་ཐབས་འབའ་ཞིག་སེམས་སེམས་ནས། ཚེ་ཕྱི་མ་དང༌། ཐར་པ་དང་ཐམས་ཅད་མཁྱེན་པ་སᨖགས་དོན་ཆེན་པᨖ་ལ་སྤྱོད་པའི་བློ་མི་སྐྱེ་བས་ཆོས་ལ་འཇུག་ཏུ་མི་སྟེར་ལ། བརྒྱ་ལ་ཐོས་བསམ་སྒོམ་པ་སᨖགས་ལ་ཞུགས་ཀྱང་ཚེ་འདི་པ་ཙམ་གྱི་ཆེད་དུ་སᨖང་ནས། དགེ་བ་ཅི་བྱས་པ་མཐུ་ཆུང་ཞིང་ཉེས་སྤྱོད་སྡིག་ལྟུང་དང་འབྲེལ་བར་འཇུག་པས་ངན་འགྲᨖའི་རྒྱུ་དང་མ་འདྲེས་པ་དཀོན་ནོ། །གལ་ཏེ་འཇིག་རྟེན་ཕྱི་མ་ལ་དམིགས་ནས་སྒྲུབ་ཏུ་ཆུག་ཀྱང་ཕྱི་ནས་སྒྲུབ་བᨖ་སྙམ་པའི་ཕྱི་བཤོལ་གྱི་ལེ་ལོ་འགོག་མི་ནུས་ཤིང་གཉིད་རྨུགས་དང་བྲེ་མᨖའི་གཏམ་དང་བཟའ་བཏུང་སᨖགས་ཀྱི་རྣམ་གཡེང་གིས་དུས་འདའ་བས་བརྩོན་པ་ཆེན་པᨖས་ཚུལ་བཞིན་དུ་སྒྲུབ་པ་མི་འོང༌། ཚུལ་བཞིན་དུ་སྒྲུབ་པ་མི་འོང་བ་དེ་ཙམ་དུ་མ་ཟད་ཚེ་འདིའི་ཕུན་ཚᨖགས་ལྷུར་བླངས་པས་ཉོན་མᨖངས་དང་དེས་དྲངས་པའི་ཉེས་སྤྱོད་རྣམས་ཇེ་རྒྱས་སུ་སᨖང་ནས་ཆོས་ཀྱི་བདུད་རྩི་ལས་རྒྱབ་ཀྱིས་ཕྱོགས་ཏེ་ངན་སᨖང་དུ་ཁྲིད་པར་བྱེད་པ་དེ་ལས་མ་རུངས་པ་ཅི་ཞིག་ཡོད། བཞི་བརྒྱ་པ་ལས། གང་ལ་འཇིག་རྟེན་གསུམ་མངའ་བདག །རང་ཉིད་འཆི་བདག་བྱེད་པᨖ་མེད། །ཡོད་དེས་རྣལ་ཞིང་གཉིད་ལོག་ན། །དེ་ལས་མ་རུངས་གཞན་ཅི་ཡོད། །ཅེས་བྱ་བ་དང་། སྤྱོད་འཇུག་ལས། ཐམས་ཅད་བᨖར་ཏེ་ཆས་དགོས་པར། ། བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚᨖགས་བྱས། །ཞེས་སᨖ། །འཆི་བ་དྲན་པ་བསྒོམས་པའི་ཕན་ཡོན་ནི། འཆི་བ་དྲན་པ་སྒོམ་པའི་བློ་རྣལ་མ་ཞིག་སྐྱེས་ན། དཔེར་ན་དེ་རིང་སང་རང་འཆི་བར་ཐག་ཆོད་པ་ན་ཆོས་ཀྱི་གོ་བ་ཐན་ཐུན་ཡོད་པ་ཡན་ཆད་ལ་གཉེན་ལ་སᨖགས་པ་དང་འགྲᨖགས་སུ་མེད་པར་མཐོང་ནས་དེ་ལ་སྲེད་པ་ལྡོག་ཅིང༌། གཏོང་བ་ལ་སᨖགས་པའི་སྒོ་ནས་སྙིང་པᨖ་ལེན་འདོད་ཕལ་ཆེར་ལ་ངང་གིས་འབྱུང་བ་ལྟར། རྙེད་བཀུར་སᨖགས་འཇིག་རྟེན་གྱི་ཆོས་ཀྱི་ཕྱིར་འབད་པ་ཐམས་ཅད་སྙིང་པᨖ་མེད་པར་མཐོང་ནས་ཉེས་སྤྱོད་ལས་ལྡོག་ཅིང༌། སྐྱབས་འགྲᨖ་དང་ཚུལ་ཁྲིམས་ལ་སᨖགས་པའི་ལས་བཟང་པᨖ་གསᨖག་པས་གོ་འཕང་དམ་པར་རང་ཉིད་འཛེགས་ཏེ་འགྲᨖ་བ་རྣམས་ཀྱང་དེར་ཁྲིད་པས་དེ་ལས་དོན་ཆེ་བ་ཅི་ཞིག་ཡོད། དེའི་ཕྱིར་དཔེ་དུ་མས་ཀྱང་བསྔགས་ཏེ། མྱ་ངན་འདས་ཆེན་ལས། ཞིང་རྨོ་བ་རྣམས་ཀྱི་ནང་ན་སྟོན་གྱི་ལོ་ཐོག་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ན་བ་གླང་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང༌། མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ཏོ། །ཞེས་དང༌། དེ་བཞིན་དུ་ཉོན་མᨖངས་པ་ཐམས་ཅད་ཅིག་ཅར་འཇོམས་པའི་ཐོ་བ་དང༌། དགེ་ལེགས་ཐམས་ཅད་ཅིག་ཅར་སྒྲུབ་པའི་སྒོར་གྱུར་པ་ལ་སᨖགས་པས་བསྔགས་པའོ། །མདོར་ན་སྐྱེས་བུའི་ དོན་སྒྲུབ་པའི་དུས་ནི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདི་ཁᨖ་ན་ཡིན་ལ། འོ་སྐོལ་ཕལ་ཆེར་ངན་འགྲᨖར་བསྡད་ཅིང་བདེ་འགྲᨖར་ལན་རེ་ཙམ་འོངས་ཀྱང་མི་ཁᨖམས་པའི་གནས་སུ་ཤས་ཆེ་བས་དེར་ཆོས་སྒྲུབ་པའི་སྐབས་མ་རྙེད་ལ། བསྒྲུབ་པས་ཆོག་པའི་རྟེན་རེ་རྙེད་པ་ན་ཡང་ཆོས་ཚུལ་བཞིན་དུ་མི་སྒྲུབ་པ་ནི། ད་དུང་མི་འཆི་སྙམ་པ་འདི་ལ་ཐུག་འདུག་པས་ན་བློས་མི་འཆི་བའི་ཕྱོགས་འཛᨑན་པ་ནི་རྒུད་པ་ཀུན་གྱི་སྒོ་དང༌། འཆི་བ་དྲན་པ་ནི་ཕུན་ཚᨖགས་ཐམས་ཅད་ཀྱི་སྒོའོ། །དེའི་ཕྱིར་འདི་ལ་ཆོས་ཟབ་མᨖ་གཞན་བསྒོམ་རྒྱུ་མེད་པ་རྣམས་ཀྱི་ཉམས་ལེན་ནོ་སྙམ་པ་དང༌། བསྒོམ་བྱ་ཡིན་ཀྱང་དང་པᨖར་ཅུང་ཟད་སྒོམ་གྱི་རྒྱུན་དུ་ཉམས་ལེན་དུ་མི་འོས་སᨖ་སྙམ་དུ་མི་གཟུང་བར་ཐོག་མཐའ་བར་གསུམ་དུ་དགོས་ལུགས་ལ་ངེས་པ་སྙིང་ཐག་པ་ནས་བསྐྱེད་དེ་བསྒོམ་པར་བྱའོ། །གསུངས། ཆོས་རྗེ་བུས། ཚེ་འདི་ལོང་མེད་མྱུར་དུ་འཆི་འགྱུར་ཞིང༌། །གསᨖད་སར་ཁྲིད་པའི་དུད་འགྲᨖ་ཇི་བཞིན་དུ༑ ༑སྐད་ཅིག་རེ་རེ་ཞིང་ཡང་འཆི་ལ་ཉེ། །ངེས་པར་འཆི་བ་སོམས་དང་རིན་ཆེན་གྲུབ། །དེང་བྱ་སང་བྱའི་བསམ་པ་མ་རྫོགས་པར། །བསམ་པ་བརྒྱ་ཕྲག་མ་བསམ་གཅིག་འོག་ཚུད། །གཤིན་རྗེ་འཇིགས་རུང་ཉམ་ངས་མདུན་བསུ་ནས། །མལ་གྱི་ཐ་མལ་དབུགས་སྡུད་སྲོག་ཆད་ཚེ། །ཆོས་ལས་གཞན་གྱིས་མི་ཕན་རིན་ཆེན་གྲུབ། །ཅེས་གསུངས། བླ་མ་རིན་པᨖ་ཆེའི་ཞལ་ནས། འཆི་བ་མི་རྟག་པའི་བློ་ཤུགས་དྲག་ཅིག་མ་སྐྱེས་ནས་མི་མངོན་དུ་ གྲུབ་གྲུབ་མཛེས་མཛེས་ལོ་འདོད་གྲགས་འདོད་ཅིག་གིས་ཁྱེར་ནས། ཐོས་བསམ་སྒོམ་གསུམ་དགེ་བ་གང་བྱེད་ཐམས་ཅད་ཀྱང་དགེ་བ་ལྟར་སྣང་དུ་སᨖང་ནས། ཚེ་ཕྱི་མ་ལ་ཕན་པ་ཡེ་མི་ཡོང༌། གཉིད་རྨུགས་དང་བྲེ་མᨖའི་གཏམ་དང་བཟའ་བཏུང་རྣམས་ཀྱང་བཤོལ་ཐབས་མེད་པ་བཞིན་སᨖང་ནས་དེའི་དབང་དུ་འཆོར། མི་རྟག་པའི་བློ་ཤུགས་དྲག་གཅིག་སྐྱེས་ན་འཆི་ཁར་མི་འགྱོད་པའི་སྟེང་དུ་འཆི་བ་ལ་དགའ་བྲོད་སྐྱེ་བ་ཞིག་ཡོང་བས་འཆི་བ་སེམས་པ་གལ་ཆེ་གསུངས། པᨖ་ཏོ་བའི་གསུང་ལས། སྟོན་པ་རྣམས་ནི་སྟོན་པའི་ཆོས་ཤིག་འདོད། །རྒན་པᨖ་རྣམས་ནི་རྒན་པᨖའི་ཆོས་ཤིག་འདོད། །མས་མ་ལྡོག་པ་ རེ་ལུག་མས་བསྐྱུར་བ་ལ་མས་མ་ལྡོགས་པ་ཟེར་བ་ལྟར། རབ་བྱུང་མཁན་སློབ་ཀྱིས་བསྐྱུར་བ་ལ་མས་མ་ལྡོག་ཅེས་པའོ། །རྣམས་ནི་མས་མ་ལྡོགས་པའི་ཆོས་ཤིག་འདོད་དེ་ང་ལ་ནི་མི་རྟག་པ་ལས་ཟླ་རྒྱུ་མེད་གསུངས། མི་རྟག་པ་ལ་བྱིས་པ་བུད་མེད་ཀྱི་ཆོས་ཙམ་དུ་མཐོང་ནས་འདུག་སྟེ། ཆོས་འདི་ཆུང་བར་བརྩི་བ་ལ་ཆོས་ལར་མི་འོང་གསུངས། སྔོན་གྱི་དུས་བᨖད་སྟོན་རྣམས་སྣང་བ་སེལ་ལམ་མི་སེལ། སངས་རྒྱས་ལ་ཡེ་ཤེས་མངའ་འམ་མི་མངའ་ཞེས་རྩད་གཅོད་པ་ལ། པᨖ་ཏོ་བའི་ཞལ་ནས། སྣང་སེམས་མི་རྟག་པ་འདི་ཡིན་ཏེ༑ ཚེ་འདིའི་སྣང་བ་ཐམས་ཅད་འདིས་སེལ་གསུངས། བྱང་དུ་ནད་པ་ཞིག་གི་རིམ་གྲᨖར་ཟན་གྱི་བཤོས་བུ་བཏང་བ་མི་གཅིག་གིས་བླངས་པ་ལ་འཕྱས་པས། ངན་ན་ཡང་ངན། བྱང་གསེར་ཁའི་བཤོས་བུ་དེ་རང་རྙེད་པར་གྱིས་དང་ཟེར། དེ་བཞིན་དུ་མི་རྟག་པ་སྒོམ་པ་ལའང་ངན་ངན་པᨖ་བྱེད་ཀྱིན་འདུག་སྟེ། འདི་རྒྱུད་ལ་སྐྱེས་པ་མཛོད་དང༌། དེས་ཆོག་གི་གསུངས། པᨖ་ཏོ་བ་ལ་དམིགས་པ་སྤོ་བར་ཞུས་ཙ་ན། སྤོ་རྒྱུ་མེད་འདི་ཁᨖ་ན་བསྒོམ། འདི་ལས་ཟབ་པ་མེད་གསུངས། ཡང་ཁྱོད་ང་བས་རྒྱུད་ཚᨖད་མཐོ་ན་འདིར་བསྡད་པས་མི་ཕན། ང་དང་མཉམ་ན་ང་ལ་སྣང་སེལ་ཆེན་པᨖ་འདིས་ཕན་པར་བྱུང་བས་ཁྱེད་ལའང་ཕན་མཆི་གསུངས། སྔགས་པ་ཞིག་གི་བུ་མᨖ་ཤེད་ངའི་མེ་ལོང་འདི་ཆུང་ཟེར། ཕ་ཤེད་སྔོན་ལ་བྱད་བལྟ་བ་འདི་ལ་གྱིས་དང་དེང་ཆུང་འདུག་ན་ངའི་མཁར་རྔ་ཚུགས་ལ་སᨖང་ཟེར་ལོ། དེ་བཞིན་དུ་མི་རྟག་པ་ལ་ཆོས་ཆུང་ཟེར་བ་ལ། སྔོན་ལ་འདི་རྒྱུད་ལ་སྐྱེས་པ་མཛོད་དང༌། དེ་ནས་གཞན་རྩད་ཆོད་གསུངས། པᨖ་ཏོ་བའི་ཞལ་ནས། ཡང་མི་རྟག་པ་མ་དྲན་པའི་ཆོས་ཐམས་ཅད་འཁྱགས་ཐོག་ཏུ་མཁར་རྩིག་པ་འདྲ། དལ་དུས་སུ་སྟོང་ཉིད་སᨖགས་ཡོང་ཡོང་འདྲ་འདུག་ཀྱང་གལ་ལ་ཐུག་དུས་རྨང་ནས་ཞིག་འགྲᨖ་བར་སྣང༌༑ འདི་སྐྱེས་ན་སྒོམ་ལ་ལྡོག་མེད། འདི་མ་སྐྱེས་ན་ཐམས་ཅད་ལྡོག །འདི་སྐྱེས་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལ་སᨖགས་པ་ཐམས་ཅད་སྤུངས་པ་བཞིན་དུ་ཡོང་གསུངས། ཤ་བᨖ་པའི་ཞལ་ནས་ཀྱང་ངའི་འདིར་མི་རྟག་པའི་སྒོམ་ཉམས་སུ་འབུལ་ཀུན་ཆོས་ཀྱི་གཏིང་དུ་སᨖང་ནས་འདུག །སྟོང་པའི་སྒོམ་ཉམས་དེ་ཁ་ན་ཕར་ཡམ་མེ་བ་ལས་མི་འདུག་གསུངས། ཁᨖང་གི་བཙུན་ཆུང་ཤེད། མི་རྟག་པ་མ་གོ་བའི་སྐོར་བ་རྐང་པ་ན་ཟེར། ཁᨖའི་དེ་བདེན་ གསུང་པར་གདའ། དགོན་པ་བའི་ཞལ་ནས། མི་རྟག་པ་དང་ལས་འབྲས་འདི་ཉན་པ་པᨖས་ཉན་རིན་མེད། འཆད་པ་པᨖས་འཆད་རིན་མེད། ཉ་མའི་ཆོས་སུ་བྱེད་མཁས་པ་ཡང་དེར་མ་རེད། བཙུན་པᨖ་དང་བཟང་པᨖ་ཡང་དེར་མ་རེད་གསུངས། ཞང་བཙུན་ཡེར་པའི་ཞལ་ནས། སྔ་དྲᨖ་མི་རྟག་པ་མ་སྐྱེས་ན། ཉི་མ་ཕྱེད་ནས་ཚེ་འདི་པར་འཆའ། ཉིན་ཕྱེད་ལ་མ་སྐྱེས་ན་དགོངས་མᨖ་འདི་པར་འཆའ། ཚེ་འདི་པར་སᨖང་ན་ཅི་བྱས་ཆོས་སུ་མི་འགྲᨖ་གསུངས། སྤྱན་སྔ་རིན་པᨖ་ཆེའི་ཞལ་ནས། ད་ནང་མི་རྟག་པ་ཐུན་རེ་མ་བསྒོམས་ན་དེའི་ཉིན་མᨖ་ཚེ་འདི་པར་འགྲᨖ་བར་སྣང༌། གསུངས། སྟོན་པ་རིན་པᨖ་ཆེ་ལ་ལོ་ཏིག་ཡེ་ཤེས་འབྱུང་བྱ་བས་གདམས་ངག་ཞུས་པས། ཇོ་བᨖ་ཞིག་གིས་མི་ཆོས་ཀྱི་ཁ་བཟུང་བ་ལ་མ་མཉེས་པ་བཞིན་མཛད་ནས། ཇོ་བᨖ་པ་ཆོས་བྱ་བ་ཏུག་གིས་ཐུག་ཙ་ན་དགོས་པ་ལ། ཐུག་དུས་མེད་ན་དལ་བའི་དད་པ་ནེ་ཙོའི་ཁ་ཏོན་ཡིན། ཏུག་ཐུག་དུས་ཡོང་བ་དེ། འཆི་བ་དང་ལས་འབྲས་མང་དུ་སᨖམ་པ་ཞིག་ལ་ཡོད་པ་ཡིན། དེ་བས་ན། མི་དགེ་བ་ལས་སྡུག་བསྔལ་འབྱུང༌། །འདི་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །བྱ་བ་ཡིན། གོ་ཡེ་གསུངས་སྐད། སྤྱན་སྔ་བས་པᨖ་ཏོ་བ་ལ་བསྐྱར་བས། པᨖ་ཏོ་བ་ཤེད། འོ་དགེ་བཤེས་ལ་གདམས་ངག་སུ་ལ་ཡང་མེད་པའི་ལྐོག་ན་མᨖ་འདྲ་བ་ཞིག་ཡོད་པ་དེ་གསུངས་པ་ཡིན་གསུངས། མང་ར་སྒོམ་པའི་ འདི་ལ་སྨྱུག་རུམ་པ་ཡང་ཟེར། མཚན་བརྩོན་འགྲུས་འབར། ཡོན་ཏན་མཐའ་ཡས། སྙུག་རུམ་དང་དགོན་པ་ཐང་སྐྱ་གཉིས་བཏབ། གྲྭ་བ་བརྒྱད་བརྒྱ་འདུས། སྐུ་མཆེད་གསུམ་ལ་ཐུག་གཙོ་བᨖ་སྤྱན་སྔ་བའི་བུ་ཆེན་ཡིན། རེ་བརྒྱད་ལ་ཐང་སྐྱར་གཤེགས་སᨖ། །ཞལ་ནས། ངས་མི་རྟག་པ་ཐུན་རེ་སྔོན་དུ་མ་བསྒོམས་པར་ཆོས་འཆད་མ་མྱོང་གསུངས། ཁᨖང་ཆོས་དེ་ཀུན་ལ་མན་ངག་ཏུ་མཛད། འོ་ཅག་ལ་ཆོས་དེ་ཀུན་ཆུང་ནས་འདུག་གསུངས། རྒྱལ་གྱི་སྐྱང་ཚ་རྡོལ་ཚུལ་གྱིས། ཡ་གི་ན་ཇ་ཆུ་ཁᨖལ་གྱིན་ཡོད། ལ་འུར་ཆོས་ཤིག་ཞུ་ཟེར་བ་ལ༑ པᨖ་ཏོ་བའི་ཞལ་ནས། མི་རྟག་པ་མང་པᨖ་སྒོམ་དང༌། ཚེ་འདི་གཏོང་བ་དང་ཕྱི་མའི་དོན་མི་དཀའ་སླ་བ་ཞིག་ཡོང་། ད་ལྟ་ཁྱོད་ཇ་འཐུང་བ་སླ། མི་འཐུང་བ་དཀའ། དེ་བཞིན་དུ་ལས་འབྲས་དང་འཁᨖར་བའི་ཉེས་དམིགས་དང༌། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་མདོར་བསྡུས་ཙམ་རེ་གསུངས་པ་ལ། དེ་ཤྭ་བᨖ་སྒང་པས་ཕུ་ཆུང་བ་ལ་བསྐྱར་བས། ཕུ་ཆུང་བ་དབུ་ཞྭ་ཡུད་ཀྱིས་ཕུད་ནས་ཨ་ཙ་མ་ངེད་ཀྱི་ཇོ་བᨖའི་ཆོས་དེ་ཁོ་ན་ཨང་གེ་ཞེས་བསྐྱར་གྱིན་གསུང་སྐད༑ ཁམས་པ་ལུང་པའི་ ཁམས་ལུང་པ་འཕན་ཡུལ་ཡུང་བ་པ། རྟེན་དགེ་བསྙེན། དགེ་བཤེས་སྟོན་པའི་བུ་ཆེན། ཡོན་ཏན་མཐའ་ཡས། ཚᨖགས་པ་བརྒྱད་བརྒྱ་འདུས། མཚན་ཤཱཀྱ་ཡོན་ཏན། དགུང་ལོ་གོ་གཅིག་བཞུགས། ཞལ་ནས། མི་རྟག་པ་བསྒོམས་ནས་ཆོས་བྱེད་དུ་རེ་བ་ཡིན། གཞན་དུ་ན་སེམས་མི་དགའ་བ་ལས་ཅི་ཡོང༌། མི་རྟག་པ་དྲན་ན་ཆོས་མིན་པ་དགོས་པ་མེད་པ་ཡོང་སྟེ། རང་རེ་གནངས་ཁᨖ་ན་འཆི་ན་ཆུ་ཐམས་ཅད་མར་ཁུར་སᨖང༌། རི་ཐམས་ཅད་གསེར་དུ་སᨖང༌། མི་ཐམས་ཅད་ ངེད་རང་གི་བུ་དང་བུ་མᨖར་སᨖང་ཀྱང་དེས་ཅི་བགྱིད་གསུངས། ཕུ་ཆུང་བའི་ཞལ་ནས། མི་རྟག་པ་དང་ལས་འབྲས་འདི་སྒོམས་ཤིག །འདི་ལ་ང་མངོན་སུམ་དུ་མཐོང་བ་འདྲ་བ་ཞིག་ཡོང་བ་ཡིན་གྱི་སྐྲ་བྱི་སᨖ་ཕྱུང༌། མི་རྒན་པᨖ་བྱ་བ་ཡིན། དེ་བསྒོམས་ན་ཕམ་པ་བཞི་བྱུང་ཡང་སྡིག་པ་སྦྱོང་བ་ཞིག་ཡོང༌། དེ་ངའི་ཁ་ཆེམས་ཡིན་གསུངས། སྣེའུ་ཟུར་བའི་ སྣེའུ་འཕན་ཡུལ་སྤྲས། མཚན་ཡེ་ཤེས་འབར། བྱིས་པའི་དུས་ན་ཏིང་ངེ་འཛᨑན་བརྟན་པᨖ་ཡོད། དགེ་བཤེས་དགོན་པ་བ་བསྟེན། མཁས་གྲུབ་ཆེན་པᨖ་མངོན་ཤེས་རྫུ་འཕྲུལ། ཡི་དམ་གཟིགས་ཤིང་ཆོས་གསན་པ་སᨖགས་མཐའ་ཡས། སྣེའུ་ཟུར་དུ་ཚᨖགས་པ་སྟོང་འདུས། ལོ་དོན་དྲུག་བཞུགས། དགོན་པ་བ་དང་པᨖར་མཇལ་ཕྱག་དབང་མཛད་པས་དབུ་ཐོད་ལ་ཕྱག་རྗེས་བྱོན། འདས་དུས་དབུ་ཐོད་བུ་ཆེན་དོན་སྟེང་པས་བསྣམས་ནས། ངམ་ཤོད་དོན་སྟེང་དགོན་པ་བཏབ། གཙུག་ལག་ཁང་གི་རྟེན་གྱི་གཙོ་བᨖར། གདུང་རྟེན་ཆེན་པᨖར་དབུ་ཐོད་ཡོད་པ་དེ་བཞུགས། སྣེའུ་ཟུར་པའི་ཕྱག་གཅིག་གཉལ་གྱི་གསེར་ཕྱེ་འབུམ་པར་བཞུགས། ད་ལྟའང་ཞབས་ཏོག་གདུལ་བྱ་མཐའ་ཡས་པར་འདུག་ཟེར། འོན་གྱི་ལྷ་འབྲི་སྒང་པ་དོན་སྟེངས་པ་དང་མཇལ་བས། དོན་སྟེངས་པས་འབྲི་སྒང་པའི་རྣམ་སྦྱར་ལ་སངས་རྒྱས་སᨖ་ལྔ་བཞུགས་པ་གཟིགས། དེར་ཕྱག་འཚལ་དཔᨖན་སློབ་རྟེན་འབྲེལ་འགྲིག །འབྲི་སྒང་བཏབ། དར་རྒྱས་ཆེ། དོལ་པ་རོག་དམར་ཁུར་བ། པᨖ་ཏོ་བའི་བུ་ཆེན་དེ་ལ་ཡང་གད་པ་ཡང་ཟེར། སྐྱེ་བ་བདུན་པའི་བྱང་སེམས་ཡོན་ཏན་མཐའ་ཡས་མངའ། དེས་བེ་བུམ་སྔོན་པᨖ་སྡེབས། ཁᨖང་གི་བུ་ཆེན་འབྲི་སྒང་པས་དེ་ལ་འགྲེལ་པ་རྒྱས་པར་མཛད། སྣེའུ་ཟུར་པའི་བུ་ཆེན། གཙང་ན་སྤྱི་པ་ལྷས་པ་དང་གཙང་པ་རིན་པᨖ་ཆེ་གཉིས། དབུས་ན་རྒྱལ་བའི་དགྱེར་ཆེན་པᨖ། དོན་སྟེངས་པ། བསམ་ཡས་ན་དགེ་བཤེས་བྲག་ཐོག་པ་ སᨖགས་གཞན་ཡང་མང་དུ་བྱོན་པར་གདའ་ལགས་སᨖ། །ཞལ་ནས། འཆི་བ་རྗེས་དྲན་རྒྱུད་ལ་སྐྱེ་བ་དང་གཅིག །ཚེ་བློས་ཐོངས་པ་དང་གཉིས། ཆོས་བྱེད་པ་དང་གསུམ་འགོ་མཉམ། མི་འཆི་སྙམ་པ་དང༌། ཚེ་འདི་ལ་ཤི་སྤར་འཐམས་པ་དང༌། སྡིག་པ་བྱེད་པ་གསུམ་འགོ་མཉམ་དུ་འོང་གསུངས། ཡང་ཚེ་འདིའི་ཞེན་པ་ལས་མི་རྟག་པ་སྒོམ་པས་སྐྱོབ། མི་ཁᨖམས་པ་བརྒྱད་ལ་ལས་འབྲས་ཀྱིས་སྐྱོབ། ཁམས་གསུམ་ཐམས་ཅད་ལས་འཁᨖར་བའི་ཉེས་དམིགས་ཀྱིས་སྐྱོབ། ཐེག་དམན་ལས་བྱམས་སྙིང་རྗེས་སྐྱོབ། མཚན་མར་འཛᨑན་པ་ལས་སྟོང་ཉིད་བསྒོམས་པས་སྐྱོབ་པ་ཡིན་བྱ་བ་ལ་སᨖགས་པ་རྒྱས་པར་གསུངས། སྔོན་གྱི་དུས་སུ་ཡང་མི་རྟག་པ་སེམས་པ་ལ་མན་ངག་དམ་པར་མཛད་དེ། རྒྱལ་པᨖ་ཨུ་ཏྲ་མཐའ་ཡས་ཀྱི་བཙུན་མᨖ་འོད་བྱ་བ་ཞག་བདུན་ནས་འཆི་བར་ངེས། དེར་དགེ་སློང་མ་རིམ་ཞེས་པ་དགྲ་བཅོམ་མ་ཞིག་ལ་གཏད། རབ་ཏུ་བྱུང་ནས་མི་རྟག་པ་སྒོམ་དུ་བཅུག་པས། ཞག་བདུན་ནས་ཤི་ནས་ལྷར་སྐྱེས། བཅོམ་ལྡན་འདས་ལ་ཆོས་ཉན་པས་བདེན་པ་མཐོང་ཞེས་འདུལ་བ་ལུང་ལས་གསུངས། དེས་ན་མི་རྟག་པ་སེམས་པ་འདི་དངོས་གཞི་ཡིན། དངོས་གཞི་འདི་མིན་གཞན་ཞིག་ཡོད། འདི་ཆོས་ཀྱི་སྔོན་འགྲᨖ་ཆོས་ལ་འཇུག་པའི་ཐབས་ཙམ་ཞིག་ཡིན་སྙམ་ན་མ་གོ་བ་ཆེན་པᨖ་ཡིན། འོ་ན་བྱང་སེམས་དང་སྟོང་ཉིད་ལ་སᨖགས་པ་ཡང་ཆོས་དངོས་རང་མིན་བྱས་པས་ཆོག་སྟེ། དེ་གཉིས་ལ་ཁྱད་ཡེ་མི་རྙེད། འཕོ་བའམ་འཆི་ཀ་མའི་ཆོས་ཟབ་པ་ཡང་མི་རྟག་པ་ སྒོམ་པ་ཡིན་པར་གཏམ་རྒྱུད་དེས་ཤེས། དེ་ཡིན་པ་ཡང་རིགས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་ཐར་སྒོ་གསུམ་གསུངས་པའི་སྒོ་སྨོན་པ་མེད་པ་བྱ་བ་ཡང་འཇིག་རྟེན་མཐའ་དག་མི་རྟག་པ་དང༌། སྡུག་བསྔལ་བ་བསྒོམས་པས་འཇིག་རྟེན་མཐའ་དག་ལ་སྨོན་པ་མེད་པ་ལ་ཟེར་བ་ལགས་མᨖད། འདིར་འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པ་དང༌། རྒྱུན་འཇིག་ཅིང་མི་རྟག་པའི་ཚུལ་ལེགས་པར་ཤེས་ནས་བསྒོམ་ན། བཅོམ་ལྡན་འདས་ཀྱིས་སྔོན་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛᨑན་མཐའ་ཡས་པ་ཞིག་ཐོབ་ཀྱང་ད་དུང་ཐར་པའི་གོ་འཕང་མ་བརྙེས་པ་ལ། གཟོད་རང་ཉིད་འཇིག་རྟེན་པའི་ལམ་ཐམས་ཅད་ལ་མེད་པ། འཇིག་རྟེན་ལས་འདས་པའི་ལམ་བདེན་བཞི་མི་རྟག་སᨖགས་བཅུ་དྲུག་ཁᨖང་དུ་ཆུད་དེ་བསྒོམས་པས། བདུད་རྩིའི་གོ་འཕང་བརྙེས་ཟེར་བའི་མི་རྟག་པ་སྒོམ་པའང་འདི་ཉིད་ཡིན་པས། བསᨖད་ནམས་ཅན་ཤེས་རབ་དང་ལྡན་པས་མི་རྟག་པ་བསྒོམ་པ་འདི། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་མཐིལ་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་འདི་བསྒོམ་པར་བྱ་སྟེ། དྲན་པ་ཉེ་བར་བཞག་པ་ལས། གང་འདི་འཆི་བ་འབྱུང་བ་ནི། །དྲན་པའི་མཆོག་ཏུ་རབ་ཏུ་བསྔགས། །དེ་བསྟེན་པ་ནི་ཞི་བའི་མཆོག །རྙོགས་དང་བྲལ་བར་འགྲᨖ་བ་ཡིན། །འཆི་བདག་འཇིགས་པ་དྲན་པ་ནི། །སྐྱོན་ལ་ཇི་ལྟར་ཡིད་རྒྱུག་འགྱུར། །སྐྱོན་མེད་པས་ཀྱང་དྲི་མ་རྣམས། །ཐམས་ཅད་རྟག་ཏུ་ཞི་བར་འགྱུར། །བག་ཡོད་གོ་འཕང་བདེ་མཆོག་ཏུ། ། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །གང་ཡང་འཆི་བདག་རྟག་དྲན་དང༌། །མི་དགེ་རྣམས་ཀྱང་སྤང་བར་གྱིས། །གསུངས། རྒྱལ་སྲས་རིན་པᨖ་ཆེས། མདོ་ལས་མི་རྟག་པ་མང་དུ་བསྒོམས་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་དབུགས་ཕྱུང་བ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །ཞེས་གསུངས་པ་ཡིན་གསུངས། མདོ་དང་བསྟན་བཅོས་དང་མན་ངག་ཐམས་ཅད་ནས། མི་རྟག་པ་སྒོམ་པ་འདི་ལམ་གྱི་མཆོག །འཇིག་རྟེན་གྱི་མངོན་ཞེན་ཐམས་ཅད་སྤོང་བ། ལྷག་པར་ཡང་ད་ལྟའི་དུས། མི་རྟག་བསྒོམ་པ་ལས་དོན་ཆེ་བ་དང་ཁྱད་པར་འཕགས་པ་གང་ན་ཡང་མེད་དོ་ཞེས་ལན་བརྒྱར་གསུངས་ཀྱང་སྐྱེ་བᨖ་བསᨖད་ནམས་དམན་པ་རྣམས་ཡིད་མ་ཆེས་པར་གདའ། འགྲᨖ་མགོན་གྱི་ཞལ་ནས། མི་རྟག་པ་རྗེས་དྲན་འདི་ཟབ་པས་རྒྱུད་ལ་སྐྱེ་བ་ཡང་ཤིན་ཏུ་དཀའ། སྟོན་པ་དང་སྒོམ་ཆེན་རྣམས་ཀྱང་འདི་ལ་རྡུགས་གསུངས། རྒྱལ་སྲས་རིན་པᨖ་ཆེའི་ཞལ་ནས། མི་རྟག་པ་བཅོས་མིན་ཞིག་སྐྱེས་ན་ཆོས་མིན་པ་ཅི་ཡང་ཡིད་ལ་མི་བྱེད་པ་ཞིག་ཡོང་བར་འདུག་སྟེ། འདིའི་མྱོང་བ་རྣམ་དག་སྐྱེས་པའི་ཆོས་པའང་རེ་རེ་ཙམ་དུ་འདུག་གསུངས། ཕུ་ཆུང་བའི་ཞལ་ནས་ཤྭ་བᨖ་སྒང་པ་ལ་ད་དེ་རིང་ཡས་ལ་ཆོས་དོན་ཉན་དགོས། སླེ་མᨖ་ཐང་དུ་རོ་བསྲེགས་པ་རྣམས་སྟོན་ཅིག་གསུངས། ཁᨖང་གིས་འདི་དང་འདིར་འདི་སྐད་ བྱ་བ་བསྲེགས་པ་ལགས་ཞུས་པས། པདྨ་བྱང་ཆུབ་ཇོ་བᨖ་ཀུན་མི་རོ་ལུད་སྐྱེལ་སྐྱེལ་མངོན་སུམ་དུ་བྱེད་པ་འདིས་མི་གོ་བར་སྟོང་པ་ཉིད་ལ་བློ་འགྲᨖ་བ་སྐད་ཟེར་བ་ལ་ཡིད་མི་ཆེས་པར་གདའ། ཉོན་མᨖངས་པ་རྭ་རོང་ངེ་ལྡེམ་མེ་རྨིག་པ་ཤ་རེ་བཞག་པའི་ཆོས་བྱེད་ཤེས་པ་གསུངས། ཤ་བᨖ་བའི་ཞལ་ནས། ཤེས་པ་བས་མཁས་པ་ཡང་མང་གསུངས། སྔོན་གྱི་དུས་བཅོམ་ལྡན་འདས་བཞུགས་པ་ན། དགེ་སློང་མའི་དགེ་འདུན་ལ་སྲུ་སྐྱེ་དགུའི་བདག་མᨖ་དགྲ་བཅོམ་མ་འཁᨖར་དང་བཅས་པ་ནི་བསམ་གཏན་གཙོ་བᨖར་བསྒོམ་ལ། དགྲ་བཅོམ་མ་མཆོད་སྦྱིན་འཁᨖར་དང་བཅས་པ་ནི་བཤད་ཉན་གཙོ་བᨖར་མཛད་དེ། སྤྱོད་ལམ་མཐུན་པས་སེམས་བསྲུང་བའི་ཕྱིར་བསམ་གཏན་མ་རྣམས་ནི་མི་རྟག་པ་སྒོམ་པ་ལས་དེའི་ཚེ་མི་རྟག་པ་དང་ལྡན་པའི་མདོ་ཁ་ཏོན་བྱེད། མཆོད་སྦྱིན་གྱི་འཁᨖར་རྣམས་མི་རྟག་པ་སྒོམ་ཞེས་འདུལ་བ་ལུང་ལས་གསུངས། སྔར་འཕགས་པ་ཐོགས་མེད་ཀྱིས་མདᨖའི་ཚᨑགས་བཅད་བཀྲོལ་བའི་སྐབས་སུ་བྱུང་བ་ལྟར་དགྲ་བཅོམ་པས་ཀྱང་དུས་ཐམས་ཅད་དུ་འཆི་བ་མི་རྟག་པ་སྒོམ་པར་གསུངས། པᨖ་ཏོ་བའི་ཞལ་ནས། ངའི་སྣང་སེལ་ཆེན་མᨖ་འདི་ས་གཉིས་པའི་བྱང་ཆུབ་སེམས་དཔས་ཀྱང་སྒོམ་ན་མགུ་སྟོན་ལ་སᨖགས་པ་ལ་ཡང་གདམས་ངག་མི་ཆུང་ངམ་སྙམ་གསུངས། འགྲᨖ་མགོན་གྱི་ཞལ་ནས། མི་རྟག་པ་སྒོམ་པ་འདི་གལ་ཆེ་བས་བཀའ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་ཀྱང་གསུངས། འདུལ་བ་ནས་འཆག་ཁང་དུ་ཀེང་རུས་བྲིས་པ་ཚུན་ཆད་ཀྱིས་དྲན་པར་བྱེད་ཚུལ་གསུངས་ཏེ། ཇོ་བᨖ་རྗེ་མ་བྱོན་རིང་ལ་མན་ངག་ཏུ་མ་ཤེས་གསུངས། ཡང་འདི་སྐད་གསུངས། ནམ་འཆི་ཆ་མེད་མ་བསམས་པས། །ཚེ་འདིར་གཉེན་ལ་ཕན་གདགས་དང༌༑ ༑དགྲ་ལ་གནོད་པ་སྐྱེལ་བའི་ཕྱིར། །སྡིག་པ་རྣམ་པ་སྣ་ཚᨖགས་བྱས། །བཤེས་དང་དགྲ་རུ་སྣང་བ་རྣམས། །ཐམས་ཅད་ཤུལ་དུ་བཞག་ནས་སུ། །ངན་སᨖང་མུ་མཐའ་མེད་པར་འགྲᨖ། །འདི་ལས་ཕམ་པ་གཞན་ཅི་ཡོད། །ནམ་འཆི་ཆ་མེད་ཤི་དུས་ན། །ཆོས་མིན་གཞན་གྱིས་དགོས་པ་མེད། །སྙམ་དུ་བློ་སྣ་ཐུང་སྦུད་པ། །འབུ་སྣར་ཤིང་བུ་གསུར་བ་འདྲ། །ཚེ་འདིའི་བྱེད་བྱེད་ཐམས་ཅད་ལ། །ཞེན་ལོག་བློ་སྣ་སྐྱོ་སིང་བ། །ཅི་ལའང་མ་ཆགས་ངེས་པར་དགོས། །དེ་ལྟར་འཆི་བ་མི་རྟག་པ། །བསྒོམས་པས་ཚེ་འདིའི་རྣམ་རྟོག་ལ། །མདུང་ཞིག་ཐེབས་ན་ཅི་བྱས་པ། །ཐམས་ཅད་ཆོས་སུ་འགྲᨖ་བ་ཡིན། །འཁᨖར་བའི་ཉེས་དམིགས་ལས་འབྲས་དང༌། །བྱང་ཆུབ་སེམས་དང་རང་བཞིན་མེད། །ཐམས་ཅད་འདི་ཡི་སྟེང་ནས་འབྱུང༌། །འདི་བསྒོམས་བློ་སྐྱེད་རེ་ཡང་ཡོང༌། །གསུངས། རྗེ་མི་ལའི་ཞལ་ནས་ཀྱང༌། ང་མི་ཁᨖམས་བརྒྱད་ལ་འཇིགས་འཇིགས་ནས། །མི་རྟག་འཁᨖར་བའི་ཉེས་དམིགས་བསྒོམ། ། སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུགས་གཏད། །ལས་རྒྱུ་འབྲས་ཆོས་ལ་ནན་ཏན་བསྐྱེད། །ཐབས་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ནས། །བག་ཆགས་སྒྲིབ་པའི་རྒྱུན་ལམ་བཅད། །སྣང་བ་ཅི་སྣང་སྒྱུ་མར་རྟོགས། །ད་ངན་སᨖང་གསུམ་ལ་ཉམས་ང་མེད། །ང་བློ་བུར་ཚེ་ལ་འཇིགས་འཇིགས་ནས། །ལམ་རྩ་དང་རླུང་ལ་རྟེན་འབྲེལ་བསྒྲིགས། །ཞེས་ཇོ་བᨖ་ཨ་ཏི་ཤའི་ལམ་གྱི་རིམ་པ་དང་གསུང་ལུགས་གཅིག་ཁᨖ་ནར་གསུངས། ཕ་དམ་པའི་ཕ་དམ་པ་ཡང་རྣམ་ཐར་ལས་སྤྲུལ་སྐུ་ཆེན་པᨖར་བཤད། མངོན་ཤེས་རྫུ་འཕྲུལ་མཐའ་ཡས། ས་པཎ་གྱིས་འཇམ་དབྱངས་གཟིགས་དུས་ཀྱང༌། འཇམ་དབྱངས་ཀྱིས་སེང་གེ་ཆིབས་པའི་ཆིབས་ཁ་ཕ་དམ་པས་བཟུང་ནས་བྱོན་པ་སᨖགས་གསུངས། དིང་རི་གླང་འཁᨖར་གྱི་དགོན་པ་བཏབ། བུ་ཆེན་དམ་པ་ ཀུན་དགའ་སᨖགས་ཆེས་མང་བར་རྣམ་ཐར་ལས་གསུངས། པོ་ཆུང་བ་པ་ཚབ་སྒོམ་ཆེན། ཀ་མ་ལ་ཤཱི་ལ་ལ་སᨖགས་པ་རྣལ་འབྱོར་དང་རྣལ་འབྱོར་མ་མང་བར་བྱུང་གསུངས། ཞལ་ནས། འཆི་བ་བསམ་ན་ཅིས་ཀྱང་དགོས་པ་མེད། །ཡིད་ལ་དྲན་པར་གྱིས་ཤིག་དིང་རི་བ། ། ཞེས་དང༌། གཞན་ཡང་ཆོས་བྱེད་ལུགས་ལ་ཁ་ཅིག་བདེན་པ་བཞི་ནས་འཇུག །ཁ་ཅིག་རྟེན་འབྲེལ་ནས་འཇུག་པ་སᨖགས་མི་འདྲ་བ་མང་ཡང༌། འཆི་བ་སེམས་པ་ནས་འཇུག་པ་འདི་གནད་ཟབ། འཆི་བ་མི་རྟག་པ་སྒོམ་པ་འདི་གལ་ཆེ་སྟེ། ཆོས་ཀྱི་ཐོག་མཐའ་བར་གསུམ་ཐམས་ཅད་དུ་མེད་མི་རུང༌། མི་རྟག་པ་སྐྱེས་ན་དང་པᨖར་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་ཀྱི་ལྕག་བྱེད། ཐ་མར་འོད་གསལ་ཆོས་སྐུ་ཐོབ་པར་བྱེད་དོ། །རྒོད་ཚང་པའི་ རྒོད་ཚང་པ་མི་ལའི་སྐུ་སྐྱེར་གྲགས། དེ་ཡིན་པ་རྣམ་ཐར་བཀའ་རྒྱ་མར་བཤད། མངོན་ཤེས་དང་རྫུ་འཕྲུལ་མཐའ་ཡས། དེ་བཞིན་གཤེགས་པ་སྡུག་བསྔལ་སེལ་བ་ཞེས་པར་སངས་རྒྱས་ཀྱི་མཛད་པ་སྟོན་གསུངས། བུ་ཆེན་ཨོ་རྒྱན་པ། ནེ་དིངས་པ། ཡང་དགོན་པ་སᨖགས་མང་བ་ལས། བྱང་གླིང་བ། བ་རི་བ་སᨖགས་མཐར་ཐོན་བཅུ་གསུམ་སᨖགས་སློབ་མ་འཛམ་གླིང་ཁྱབ་པར་ཡོད་པར་གསུངས། གཙང་པ་རྒྱ་རས་ཀྱི་སློབ་མ། ཡུལ་ལྷོ་བྲག་པ། མཚན་མགོན་པᨖ་རྡོ་རྗེ། ཞལ་ནས། ཕ་ཡུལ་འབྲེལ་ཐག་ཆོད་པ་དང༌། །ཉེ་འབྲེལ་འབྱར་རྩི་གོག་པ་དང༌། །ཟས་ནོར་འཁྲི་བ་ཆོད་པ་དང་གསུམ། །འཆི་བ་མི་རྟག་པ་བསྒོམ་ན་འོང༌། །དོན་མེད་བྱ་བ་མི་བྱེད་ཅིང༌། །ཉིན་མཚན་ཆོས་ཀྱི་ལས་ལ་བརྩོན། །སྡིག་པའི་གྲᨖགས་པᨖ་སྤང་བ་གསུམ། །དལ་འབྱོར་རྙེད་དཀའ་བསྒོམ་ན་འོང༌། །འདོད་པའི་ཡོན་ཏན་བྱུར་དུ་མཐོང༌། །དཀོན་མཆོག་གསུམ་ལ་བློ་གཏད་སྐྱུར། །འཇིག་རྟེན་ཆོས་ལ་ཞེན་པ་ལོག །འཁᨖར་བའི་ཉེས་དམིགས་བསྒོམ་ན་འོང༌། །གསུངས། སྐྱེས་མཆོག་པའི་ཞལ་ནས་ཀྱང༌། འདིར་དགོས་ཀྱི་དགོས་ཆེད་མི་བསམ་པར༑ ༑རྟག་ཏུ་ལོང་མེད་འཆི་བ་བསམ། །ཚེ་འདི་དར་ཙམ་ཡུད་ཙམ་ལ། །སྡོད་པ་ལོང་ཡོད་མི་འདུག་ན། །མྱུར་དུ་འཆི་བ་སེམས་པ་འདི། །སྙིང་གཏམ་ཡིན་གྱི་སེམས་ལ་ཞོག །ཡེང་མ་ལམ་ལ་མི་ཚེ་ཟད། །འཆི་བ་མ་དྲན་གཡེང་བས་ཁྱེར། །ནམ་འཆི་ཆ་མེད་བསམ་བློ་ཐོང་། །གསུངས། ཡང་དགོན་པའི་ཞལ་ནས། འཆི་བ་མི་རྟག་པ་དང༌། ལས་རྒྱུ་འབྲས་དང་འཁᨖར་བའི་ཉེས་དམིགས་བསམ་ལ་དད་པ་ལ་སྐྱེད་འདོན་དགོས། འདོད་ཡོན་ལ་སྐྱོན་དུ་མཐོང་ཞིང༌། ཆོག་ཤེས་ཀྱིས་བློ་སྣ་བསྟུངས་ལ་ཞེན་ལོག་ལ་བᨖགས་འདོན་དགོས། བླ་མས་ཅི་མཛད་ཡོན་ཏན་དུ་བལྟ་བས་ལོག་རྟོག་གི་སྐྱོན་སྣང་དག་ཅིང་གསᨖལ་བ་ཕུར་ཚུགས་སུ་བཏབ་ལ་མᨖས་གུས་ལ་བᨖགས་འདོན་དགོས་གསུངས། ཕག་མᨖ་གྲུབ་པས། རྟག་ཏུ་འཆི་བསམ་ལས་སུ་བསགས་པ་བགྲང༌། །ཞེས་དང༌། ཀརྨ་རོལ་པའི་རྡོ་རྗེའི་ ཀརྨ་པ་ཐུགས་རྗེ་ཆེན་པᨖའི་སྤྲུལ་པ། བརྒྱུད་པ་བཅུ་གཅིག་ཡོད་པར་བཞེད། དྭགས་པᨖའི་བུ་ཆེན། དབུ་སེ། ཕག་གྲུ། གསལ་སྟོང་ཤོ་རེ་སྟེ་ཁམས་པ་མི་གསུམ་གྱི་དབུ་སེས་ཆ་པ་ཆོས་སེང་བསྟེན། སྡེ་སྣོད་ལ་སྦྱངས། དྭགས་པᨖ་བསྟེན། གྲུབ་ཐོབ་ཆེན་པᨖར་གྲགས། འབྲི་སྟག་གཉིས། གཡམ་སྐལ་ལྡན། ཁྲོ་ཕུ་བ། གཙང་པ་ཀུན་ལྡན། རྗེ་སྤྱན་སྔ་བ་སᨖགས་བུ་ཆེན་མང༌། ཚུར་ཕུ་བཏབ། འདིའི་སྐུ་སྐྱེ་ཀརྨ་པཀྴི་ཁམས་སུ་འཁྲུངས། དེའི་སྐུ་སྐྱེ་རང་བྱུང་རྡོ་རྗེ་གངས་ཞུར་མᨖར་འཁྲུངས། དེའི་སྐུ་སྐྱེ་རོལ་པའི་རྡོ་རྗེ། དེ་ནས་རིམ་བཞིན། དེ་བཞིན་གཤེགས་པ། མཐོང་བ་དོན་ལྡན། ཆོས་གྲགས་རྒྱ་མཚᨖ། མི་བསྐྱོད་རྡོ་རྗེ་སᨖགས་ཡིན་ནོ། །ཞལ་ནས། དུས་འཆི་བདག་གི་རྒྱལ་པᨖ་བྱུང་ཙ་ན། །སེམས་བདེ་མᨖ་ཞིག་ཡོང་བ་དཀའ་མᨖར་གདའ། །ཚེ་ཕྱི་མ་གར་འགྲᨖའི་གཏོལ་མེད་པས། །དུས་ད་ལྟ་བསམ་བློ་ཞིབ་ཏུ་ཐོངས། །ལར་ཡང་བསམ་བློ་ལེགས་ཐོངས་དང༌། །བློ་ཡིད་ཆེས་བདོག་ན་ངོ་མཚར་ཆེ། །དེ་མིན་ན་ད་རེས་སྙིང་རུས་བསྐྱེད། ། ཅེས་གསུངས། ཁྲོ་ཕུ་ལོ་ཙཱ་བའི་ཞལ་ནས། ཅི་བྱས་ཆོས་སུ་འགྲᨖ་བ་ལ། །མི་རྟག་སྡུག་བསྔལ་དྲན་པ་གཅེས། །རྟ་བཟང་ལྕག་གིས་བཞུས་པ་འདྲ། །ཆགས་སྡང་རང་ལོག་ངོ་མཚར་ཆེ། །གསུངས། རྒྱལ་སྲས་རིན་པᨖ་ཆེའི་ཞལ་ནས༑ གདུལ་རྒྱུའི་དགྲ་མེད་སྐྱོང་རྒྱུའི་གཉེན་མེད་ཅིང༌། །ཕར་ལྟོས་དཔᨖན་མེད་ཚུར་ལྟོས་གཡོག་མེད་པའི། །དབེན་པའི་གནས་སུ་རང་སེམས་མི་འདུལ་ན། །ཁྱེད་ལ་བྱ་བ་ཅི་འདུག་མ་ཎི་བ། །སྟོན་བསགས་དཔྱིད་ཀ་སྤྱོད་པའི་ངེས་མེད་ཀྱང༌། །དཔྱིད་རྒྱགས་སྟོན་ནས་མི་གསᨖག་བླུན་ཟེར་ན། །འཆི་བར་ངེས་བཞིན་འཆི་ཚེ་ཕན་ངེས་ཆོས། །ད་ལྟ་ཉིད་དུ་མི་སྒྲུབ་ཤིན་ཏུ་བླུན། །ཚེ་འདི་ཕུན་སུམ་ཚᨖགས་པ་དོན་གཉེར་བློས། །ལྷ་མིའང་ཐོབ་དཀའ་བྱང་ཆུབ་ལྟ་ཅི་སྨོས། །དེ་ཕྱིར་ཚེ་འདི་ཞེན་པ་སྤང་བའི་བློས། །འཆི་བ་དྲན་པ་འབད་པས་བསྒོམ་པར་བྱ། །ནམ་འཆི་ངེས་པ་མེད་པ་མ་དྲན་ན། །ཐོས་བསམ་སྒོམ་ལ་འབད་ཀྱང་ཚེ་འདི་ཡི། །ཕུན་ཚᨖགས་སྒྲུབ་འདོད་བློ་ཡི་རེ་བརྒྱའི་ཟས༑ ༑ངན་སྐྱུགས་དུག་དང་འདྲེས་པ་བཞིན་དུ་འགྱུར། །ཞེས་དང༌། དེ་རིང་ཙམ་ཡང་མི་འཆིའི་གདིང་མེད་ཀྱང༌། །གཏན་དུ་སྡོད་གྲབས་བྱེད་པའི་ངང་རིང་པᨖ། །འཆི་ཁར་བྲང་ལག་འཐབ་མᨖ་འཆོལ་ཉེན་གདའ་འོ། །འཆི་བ་རྗེས་སུ་དྲན་པར་བྱིན་གྱིས་རློབས། །ཞེས་གསུངས། རྗེ་དྭགས་པᨖའི་སློབ་མའི་ཁྱུ་རྒྱན་གྲུབ་ཐོབ་རྣལ་འབྱོར་པ་ཆོས་གཡུང་བྱ་བ་ལ། ཁམས་པ་ཞིག་གིས་གོས་ཡུག་ཅིག་ཕུལ་ནས་ཆོས་ཞུས་པས་མ་གནང༌། ཡང་ནན་གྱིས་ཞུས་པས། ཁᨖའི་ལག་པ་ནས་བཟུང་སྟེ། ང་ཡང་འཆི་ཁྱོད་ཀྱང་འཆི་བྱ་བ་དེ་ལན་གསུམ་བསྐྱར་ནས། བླ་མས་ཀྱང་དེ་ལས་གསུངས་པ་མེད། ང་ལ་ཡང་ཉམས་སུ་ལེན་རྒྱུ་དེ་ལས་མེད། ཁྱོད་རང་ཡང་དེ་སྒོམས། དེ་ལས་ལྷག་པ་ཡོད་རེ་གསུངས་ནས་དབུ་སྙུང་བཞེས། དེར་ཁམས་པས་ཀྱང་བསྒོམས་པས་གྲུབ་ཐོབ་ཅིག་བྱུང་སྐད། སྤྱོད་འཇུག་ལས། དུར་ཁྲོད་སᨖང་ནས་གཞན་དག་གི །རུས་གོང་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་དག་ཏུ་ནི། །ནམ་ཞིག་འགོ་སྙོམས་བྱེད་པར་འགྱུར། །གསུངས། དེ་བས་ན་མདོ་བསྟན་བཅོས་ཐམས་ཅད་དང༌། བᨖད་ཀྱི་ཆོས་རྒྱུད་སᨖ་སᨖ་བ་ཐམས་ཅད་གྲུབ་མཐའ་གང་ལ་མི་མཐུན་ཡང༌། འཆི་བ་མི་རྟག་པ་སྒོམ་དགོས་པ་དང༌། འདི་རྒྱུད་ལ་སྐྱེ་བའི་སྨོན་ལམ་དང་གསལ་འདེབས་བྱེད། འདི་བསྒོམས་པས་རྒྱུད་ལ་སྐྱེ་བའི་དུས་ཤིག་ནམ་ཡོང་ཞེས་སྨོན་པ་མཛད་པ་ལ་མཐུན་པར་སྣང་ན། སུ་ཞིག་ཐེ་ཚᨖམ་ཐམས་ཅད་དང་བྲལ་བའི་ལམ་ མཆོག་འཆི་བ་རྗེས་སུ་དྲན་པ་སྒོམ་པ་ལ་བརྩོན་པར་མི་བྱེད། དེ་བས་ན་འདི་ཉིད་ཐོག་མར་སྒོམ་དགོས་པ་ཡིན་ཏེ། སྔར་ཚེ་བློས་གཏོང་བ་ཆོས་ཀྱི་ཐོག་མ་མེད་མི་རུང་ཡིན་པར་བཤད་པས་ཀྱང་ཤེས་ལ། པᨖ་ཏོ་བའི་ཞལ་ནས༑ མི་རྟག་པ་བསྒོམ་པ་འདི་ཆོས་ཀྱི་དབུ་ཡིན། རྒྱ་གར་སྐད་དང་ཕྱག་འཚལ་ལ་སᨖགས་པ་དབུ་མིན་གསུངས། ཡང་མི་རྟག་པ་དྲན་པ། ཞང་བཙུན་ཡེར་པ་དང་གཉེན་སྟོན་ཤཱཀ་འབྱུང་དང༌། འབན་གུང་རྒྱལ་ལྟ་བུ་ཡིན་གསུངས། ཡེར་པ་བ་དུས་རྒྱུན་དུ་གཤེགས་དགོས་འབའ་ཞིག་བྱས། བསྙུན་ནད་ཅུང་ཟད་རེ་ལའང་སྙད་འདོགས་ཤིང༌། ད་ཆ་ཆ་གསུངས་ནས་ཡོ་བྱད་ཅི་ཡོད་ཐམས་ཅད་གཞན་ལ་བསྔོས་ནས། མེད་མི་རུང་ཅི་རིགས་ལ། མ་ཤིའི་བར་ལ་གཡར་ཆུག་གསུངས། གཤེགས་པ་ན་ལྷའི་རོལ་མᨖ་དི་རི་བ་ཐམས་ཅད་ཀྱིས་ཚᨖར་བ་བྱུང༌། རྒྱགས་ལྷག་ནས་ཁལ་དྲུག་མིན་པ་ཅི་ཡང་མི་འདུག་པ་ལ། ཕུ་ཆུང་བ་ནི་དཀོན་མཆོག་མཆོད་པ་བྱ་གསུངས། པᨖ་ཏོ་བ་ དགེ་འདུན་གྱི་ཆོས་སྟོན་བྱ་གསུང་སྐད། གཉན་སྟོན་ནི་དང་པᨖ་མཁས་པའི་ང་རྒྱལ་ཆེ། དཔེ་མཁྱུད་ཀྱང་ཆེ་བ་ལ་ཕྱིས་གཅུང་པᨖ་ཞིག་ཤི་བས་རྐྱེན་བྱས་ཚེ་བློས་གཏང་གི་བྱ་བ་མཛད། ཡིད་འབྱུང་ནས་མི་རྟག་པ་ཁᨖ་ན་སྒོམ། སྐྱོ་སངས་མཛད་དུས་ཀྱང་། མཛའ་བ་ཡུན་རིང་འཁᨖད་འཁᨖད་ནས། །འཆི་བ་སᨖ་སᨖར་བྲལ་གྱུར་ཞིང༌། །མྱ་ངན་ཆེན་པᨖ་ལྡང་གྱུར་པ། །དེ་ནི་འཇིག་རྟེན་འདི་ན་ངེས། །ཞེས་སᨖགས་ཁᨖ་ན་གསུངས། ཁྲོ་ཕུའི་སྟོན་པ་གཞོན་ནུ་ཚུལ་ཤེད༑ གཉེན་སྟོན་སྟོན་པ་ཆེན་པᨖ་ཞིག་མི་རྟག་པ་སྒོམ་ཟེར་བ་ཅང་བདེན་ནམ་ཞེས་འཕྱ་བ་ལ། རྣལ་འབྱོར་པ་ཆེན་པᨖའི་ཞལ་ནས། ཡོད་ན་ཁᨖའི་དེ་ལ་གཅིག་ཡོད་གསུངས། གཉེན་སྟོན་ལ་ཉེ་གནས་ཀྱིས་དབྱར་ཤིང་གྲབས་བྱེད་པར་ཞུས་པས། དབྱར་སྡོད་མི་སྡོད་ཆ་མེད། ཤིང་བུའི་གྲབས་ཀྱིས་ཅི་བྱེད། སྡོད་ན་ཚུར་སྟོན་ཅིག་ཡང་གསུངས་ནས་བཞུགས་རྩིས་ཡེ་མི་མཛད། པᨖ་ཏོ་བའི་ཞལ་ནས། གཉན་སྟོན་ནི་བདེན་པ་གཟིགས་པའི་ཚᨖད་ཙམ་དུ་འདུག་ན་གསུངས། པᨖ་ཏོ་བ་རང་ལ་ཡང་མི་རྟག་པ་འཁྲུངས་པས་རྙེད་བཀུར་སᨖགས་ཇི་ལྟར་མང་བ་ཞལ་རས་ནག་ཏུ་འགྲᨖ་བ་ཞིག་ཡོད་སྐད། ཆིག་ལབ་རིང་མᨖ་ན་མར་ཡང༌། ང་ལ་ནི་དོ་ནུབ་ཤི་ན་ཇི་ཙུག་བྱེད་སྙམ་ནས་སང་ཕན་ཆད་ཀྱི་མདུན་མ་མི་དྲན་པ་ཡང་ཡང་བྱུང་གསུངས། ལན་ཅིག་སྟོན་པ་རྡོ་རྗེས་ཕུལ་བའི་རྒྱས་པས་དབུ་མཛད་ཆོས་པᨖ་ཏི་བརྒྱ་བདུན་ཅུ་ཙམ་གྱི་ན་བཟའ་གྲུབ་པ་ནས། ཡང་འབེ་སྟོན་གྱིས་ཕུལ་བའི་ན་བཟའ་གྱིས་གསུངས། དེར་དགེ་བཤེས་བྲག་དཀར་བས། དར་དང་ཕྱིང་པ་ལ་སᨖགས་པས་ཀྱང་མི་ལྡང༌། ཁྱད་ཀྱིས་བྱ་བར་ཞུ་ཞུས་པས། ང་ལ་ལོང་མེད། གཅིག་གིས་ལྡང་ན་གཅིག་གྱིས། གཉིས་ཀྱིས་ལྡང་ན་གཉིས་གྱིས་གསུངས། དེ་ནས་པᨖ་ཏོར་པᨖ་ཏི་སུམ་བརྒྱ་ཙམ་གྱི་ན་བཟའ་བྱས། དེ་ནས་ཞག་གསུམ་སᨖང་བ་ན་སྙུང་ནས་ཞག་བདུན་ན་གཤེགས། ཁᨖ་རང་འདའ་བའི་མངོན་མཁྱེན་ཡོད་པར་འདུག་གསུངས། རྟག་ཏུ་གནས་ངེས་མེད་མཛད་ཅིང་ འབྱོན་པ་ལ། གྲྭ་པ་ཉིས་སྟོང་ལྷག་ཙམ་འདུ། ཚེ་བློས་ཐོངས་པ། མི་རྟག་པ་དྲན་ངོ་ཤེས་པ་ལྔ་བརྒྱ་ཙམ་ཡོད་པ་ལ། རྒྱལ་སྲས་རིན་པᨖ་ཆེའི་ཞལ་ནས། ངོ་མཚར་ཆེ། ད་ནི་རེ་རེ་ཙམ་ཡང་རྙེད་པར་དཀའ་གསུངས། ཡང་མི་རྟག་པ་དྲན་པ་ཁ་རག་ འཕན་ཡུལ་སྤྲས་ཀྱི་བྲག་རྒྱབ་ན་ཡོད། སྒོམ་ཆུང་ལྟ་བུ་ཡིན་གསུངས། ཁᨖང་ཁ་རག་ཕུག་ནག་གི་བྲག་ཁུང་ན་བཞུགས་པའི་སྒོ་ན་སེ་ཕུང་ཞིག་ཡོད་པ་ལ། ན་བཟའ་རལ་བས་གཅོད་དགོས་དགོངས་པ་རེ་བྱུང༌༑ ཡང་དེ་མ་ཐག་བཅད་ནས་ཅི་བྱེད། འགྲᨖ་འོང་བྱེད་ཀྱིན་སྡོད་རྒྱུ་རང་ཡོང་དེ་དགོངས་ནས་ཕྱིས་གཤེགས་གཤེགས་བར་དུ་གཅོད་པ་མ་བྱུང་སྐད། གཞན་ཡང་དགེ་བཤེས་གསང་ཕུ་བ་ རྔོག་ལེགས་ཤེ་མི་ཤི་བ་གསན་ཙ་ན་ཇོ་བᨖ་པ་བྱ་གཏོང་གདའ་ཨང་གསུངས། གསང་ཕུའི་ཤིང་ནགས་བསྲུང་བར་ཞུས་པ། བུ་ནང་གི་བདག་ཏུ་འཛᨑན་པ་མི་སྤོང་ནའང༌། ཕྱི་རོལ་གྱི་དངོས་པᨖ་བདག་ཏུ་བཟུང་ངམ་གསུངས། དང༌། བཤེས་སྟོན་གཡུང་དྲུང་རྒྱ་མཚᨖ་ བཤེན་སྟོན་མི་ཤི་བ་གསན་དུས་ཡེ་ཆོས་ཟབ་མᨖ་གདའོ་གསུངས་ དམར་ཁྲིད་ཟབ་ཤོས་རང་དེ་ཤི་བ་མཐོང་བ་དང་ཐོས་པ་ཀུན་ཡིན་གསུངས། གཤེན་སྟོན་ལ་མིས་ལྐོག་སྨྲས་བྱས་པས། ང་ནི་འདི་ན་འདུག་གོ་གསུངས་ལོ། དེ་ལྟ་བུ་འཆི་བ་དྲན་པས་འབྱུང་བ་ཡིན་གསུངས། ལ་སᨖགས་ འདི་གཉིས་ཀ་ཇོ་བᨖའི་སློབ་མ། རྔོག་ལེགས་ཤེས་གསང་ཕུ་བཏབ། མཁས་གྲུབ་ ཆེན་པᨖ་ཞིག་བྱོན། གཤེན་སྟོན་གྱིས་བསམ་ཡས་སུ་གདུལ་བྱ་བསྐྱངས། བུ་ཆེན་མང་ངོ༌། །པའི་གཏམ་རྒྱུད་གསུངས། འོ་ན་མི་རྟག་པ་སྒོམ་པ་དེ་ལྟར་གལ་ཆེ་ཕན་ཡོན་ཆེ་ན། འོ་ན་དོན་ཚན་རྣམ་པ་དུ་མ་ཞིག་བྱས་ནས་སྒོམ་སྙམ་ན། སྤྱིར་བཀའ་ གདམས་ཀྱི་དགེ་བའི་བཤེས་གཉེན་རྣམས་དོན་ཚན་ཞིབ་ཏུ་སᨖ་སᨖར་འབྱེད་པའི་ས་བཅད་མི་མཛད། འོན་ཀྱང་སྔོན་མཁས་པ་རེ་རེ་གཉིས་གཉིས་ཀྱིས་མཛད་པའི་རྗེས་སུ་འབྲངས་ནས་བྱེད་པའང་མང་དུ་ཡོད། བསམ་རྒྱུའམ་བསྒོམ་རྒྱུའི་དོན་ལ་ནི་ཐམས་ཅད་ཁྱད་མི་གདའ། སྔོན་གྱི་གྲᨖ་ལུང་པ་ཆེན་པᨖའི་ལམ་རིམ་ན་ཡོད་ཚᨖད་དུ་འདུག །ད་ལྟ་རྗེ་རིན་པᨖ་ཆེ་ཡབ་སྲས་ནི། རྩ་བ་གསུམ། རྒྱུ་མཚན་དགུ་ཞེས་པའི་ས་བཅད་མཛད་དོ། །ད་ལྟར་གྲགས་ཆེ༑ སྔོན་གྱི་ཕྱག་སᨖར་པ་ ཕྱག་ཚོར་པས་ནག་ཚᨖ་ལོ་ཙཱ་བ་སᨖགས་ཇོ་བᨖའི་དངོས་སློབ་དང་ཉིང་སློབ་དུ་མ་ལ་ཐུག །གྲུབ་པ་བརྙེས། བྱ་འདུལ་འཛᨑན་སᨖགས་བུ་ཆེན་མང་དུ་བྱོན། ནས་བརྒྱུད་པའི་མཁས་པ་དག་ནི། མི་རྟག་པ་སེམས་པ་ལ་གསུམ། རགས་པའི་མི་རྟག་པ་དང༌། ཕྲ་བའི་མི་རྟག་པ་དང༌། གློ་བུར་གྱི་མི་རྟག་པའོ། །དང་པᨖ་ལ་སྤྱིར་འདུས་བྱས་ཡིན་པས་འཇིག་པར་ངེས་པ་དང༌། རང་དབང་མེད་པས་འཆི་བ་བསམ་པ་གཉིས། ཕྲ་བའི་མི་རྟག་པ་སྐད་ཅིག་རེ་རེ་བཞིན་མི་རྟག་པར་འགྲᨖ་བའི་གཟར་ལས་ཆུ་འགྲᨖ་བ་དང༌། ཕྱུགས་རྫིས་ཕྱུགས་འདེད་པ་ལ་སᨖགས་པའི་དཔེས་སེམས། གློ་བུར་གྱི་མི་རྟག་པ་ལ་བཞི། འབྱུང་བ་འཁྲུགས་པ་དང༌། ལྷ་འཁྲུགས་པ་དང༌། གཉིས་ཀ་འཁྲུགས་པ་དང༌། ཟས་གོས་གནས་མལ་ལ་སᨖགས་པའི་རྐྱེན་གྱིས་བློ་བུར་འཆི་བ་སེམས་པ་སྟེ། དེ་ལྟར་མཛད་དོ། །བཤེས་གཉེན་གཞན་དག་མང་པᨖ་ནི། ཕྱི་མི་རྟག་པ་དང་ནང་མི་རྟག་པ་གཉིས། དང་པᨖ་ལ་སྣོད་མི་རྟག་པ་དང༌། བཅུད་མི་རྟག་པའོ༑ ༑ནང་མི་རྟག་པ་ལ་གསུམ། སྐད་ཅིག་རེ་རེ་ཞིང་འཇིག་པ་དང༌། རྒྱུན་གྱི་མི་རྟག་པ་ཚེ་ཚད་ཡོད་ཅིང༌། དེའང་མདའ་འཕངས་པའམ་ཆུ་ཀླུང་དྲག་པᨖ་འབབ་པ་ལས་ཀྱང་མགྱོགས་པར་འགྲᨖ་བ་དང༌། གློ་བུར་གྱི་མི་རྟག་པ་ལ་ཚེ་ཟད་པ་དང༌། ལས་ཟད་པ་དང་། བསᨖད་ནམས་ཟད་པ་དང༌། བག་མེད་པས་གློ་བུར་དུ་འཆི་བ་སྟེ་བཞིའོ། །བདག་གི་བླ་མའི་ བདག་གི་བླ་མ་རྗེ་མཁས་གྲུབ་པའི་མཚན་དགེ་ལེགས་དཔལ་བཟང་པᨖ། ལ་སྟོད་བྱང་གི་སྡེ་བདག །བཀའ་རབ་འབྱམས་ཐུགས་སུ་ཆུད། རྗེ་ཙོང་ཁ་པའི་རྒྱལ་ཚབ་འགྲན་ཟླ་དང་བྲལ་བར་གྱུར། རི་བᨖ་མདངས་ཅན་གྱི་དགོན་པ་བཏབ། ཉང་སྟོད་ལྕང་ར་དཔལ་འཁᨖར་ཆོས་སྡེ་དགེ་ལྡན་རྣམས་ཀྱི་གདན་ས་མཛད། བུ་སློབ་མང་དུ་བྱོན། དགུང་ལོ་ལྔ་བཅུ་ང་བདུན་ལ་དགེ་ལྡན་དུ་གཤེགས། ཞལ་ནས། མི་རྟག་པ་ལ་སᨖགས་པའི་དམིགས་རྣམ་སྐྱོང་བ་ལ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས། དམིགས་པ་སྐྱོང་རྒྱུ་རྣམས་ཀྱི་ངོ་བᨖ། གོ་རིམ་གྲངས་ངེས་རྣམས་ངེས་ངེས་བྱས། འདི་ལས་གཞན་དུ་མི་གཏང་སྙམ་པའི་འདུན་པ་དྲག་པᨖ་བྱ། དང་པᨖ་ནས་བློ་ངན་ལངས་ལ་མི་གཏོང་བར་འདུག་པ་ཇི་ལྟར་བཏང་བ་བཞིན་དུ་སྐྱོང་དགོས་གསུངས་པས། འཆི་བ་མི་རྟག་པ་སྒོམ་པ་ལ་བསྒོམ་རྒྱུའི་དམིགས་པའི་གྲངས་དང༌། གོ་རིམ་རྣམས་གལ་ཆེ་བར་མཐོང་ནས་དེ་ལྟར་བྲིས་པ་ལགས། འགྲᨖ་མགོན་གྱི་ཞལ་ནས། འདིའི་ཡིག་ཆ་ན་ཇི་ལྟར་ཡོད་པ་བཞིན་གོ་རིམ་མ་འཆོལ་བར་སེམས་པ་དང༌། གང་ཟིན་ཟིན་ནས་སེམས་པ་གཉིས་ཡོད་གསུངས་པ་ལྟར། དང་པᨖ་མ་འདྲིས་རིང་ལ་གོ་རིམ་མ་འཆོལ་བར་བསྒོམས། འདྲིས་པ་ན་གང་འདོད་པ་ནས་སེམས་པས་གོ་རིམ་ངེས་པ་མེད། དམིགས་པའི་གྲངས་མང་ཉུང་ལ་ནི་ཁྱད་ཆེར་བྱེད་དགོས། དེ་ཡང་དོན་ཚན་མང་པᨖ་ནས་བསམས་ན་སྟོབས་ཆེ་བར་འཕགས་པ་ཐོགས་མེད་ཀྱིས་ཉན་སར་གསུངས་པ་བཞིན། རྗེ་རིན་པᨖ་ཆེས་ཀྱང་གསུངས། དེ་ངེད་རང་གིས་ཀྱང་ཤེས། གཉེན་གྱིས་གནོད་པ་བྱེད་པ་ཡི། །རྒྱུ་མཚན་མང་དུ་མཐོང་གྱུར་ན། །གཉེན་ལ་ཆགས་པ་སྤོང་བ་སླ། །དགྲ་ཡིས་ཕན་པ་བྱེད་པ་ཡི། །རྒྱུ་མཚན་མང་དུ་མཐོང་གྱུར་ན། །དགྲ་ལ་ཞེ་སྡང་ཞི་འགྱུར་ཏེ། །བྱམས་པ་མྱུར་དུ་སྐྱེ་བ་བཞིན། །དགྲ་ཡིས་གནོད་པ་བྱས་པ་ཡི། །རྒྱུ་མཚན་མང་དུ་མཐོང་གྱུར་ན། །ཞེ་སྡང་ཤུགས་དྲག་སྐྱེ་བའང་ལྟོས༑ ༑འོ་ན་བསྒོམ་རྒྱུའི་དམིགས་པ་དེ་རྣམས་ཡིན་མᨖད། དེ་རྣམས་ཚུལ་ལམ་རྣམ་པ་ཇི་ལྟར་སྒོམ་སྙམ་ན། དེ་ནི་ཤེས་རབ་ཅན་གྱིས་དམིགས་ཡུལ་དེ་རྣམས་མ་འདྲེས་པར་སᨖ་སᨖར་ཕྱེ་ཞིང་བློ་ལ་གསལ་བཏབ་སྟེ་འདྲིས་སུ་བཅུག །གོམས་སུ་བཅུག་ན་བློས་གསལ་བར་ངེས། གསལ་བར་དམིགས། གསལ་བར་མཐོང་བ་ཞིག་ཡོངས་སུ་འཇུག་པ་ཡིན་ནོ། །དེ་ལྟར་བློ་ལ་གསལ་བཏབ་པ་དེ་ཉིད་ཉམས་པ་མེད་བརྗེད་པ་མེད་པར་དེ་ཀའི་ངང་ལ་གནས་ན། སླར་བསྐྱར་གྱིན་སྒོམ་མི་དགོས་པར་དེ་ཀའི་ངང་ལ་ཧྲིལ་གཅིག་ཏུ་འགྲᨖ་སྟེ། དཔེར་ན་མི་དག་གིས་རྒྱ་ནག་གི་རྒྱལ་པᨖའི་བཀོད་པ་བཤད་ན་དེ་མ་བརྗེད་པར་ཡིད་ལ་བྱས་ན། སླར་བསྐྱར་གྱིན་འཆད་མི་དགོས་པར་དུས་ནམ་ཡང་བློ་ལ་བཀྲ་ལམ་མེ་ཡོང་བ་བཞིན་ནོ། །བརྗེད་ན་ཡང་གསལ་བཏབ་ཀྱིན་འཇོག་དགོས་པ་ཡང་དཔེ་དོན་གཉིས་ཀ་འདྲའོ། །སྟོན་པ་སེ་སྟོན་ བཀའ་གདམས་ཀྱི་བཤེས་གཉེན། གྱི་ཞལ་ནས། བཀའ་བརྒྱུད་འདིའི་ལུགས་ཀྱི་མཁས་པ་དང་གཙོ་བᨖ་དང་ཆོས་འཆད་པ་ལ་སᨖགས་པ་ཡོན་ཏན་གཞན་ཐམས་ཅད་བཞག་ནས་སེམས་པ་ཁᨖ་ན་འགོ་འདོན་པ་ཡིན་གསུངས། འགྲᨖ་མགོན་གྱི་ཞལ་ནས། ཇོ་བᨖ་རྗེ་དེ་རྩེ་གཅིག་པ་ལས་ཀྱང་སᨖ་སᨖར་རྟོག་པ་ལ་བསྔགས་གསུངས། སྤྱན་སྔ་རིན་པᨖ་ཆེ་དེ་ལན་གཅིག་དགེ་བཤེས་ཡོན་ལུང་པའི་ཕྱག་ནས་བཟུང་ནས་ང་འཆི་བའི་དུས་སུ་འབྱུང་བའི་ནད་བས་ཀྱང༌། མི་མ་ཡིན་གྱིས་འཆི་བ་ཞིག་ལ་འདམ་པ་ཡིན། ཅི་སྟེ་ན་འབྱུང་བའི་ནད་ལ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ཡོད་ཀྱང༌། གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་མེད། མི་མ་ཡིན་གྱི་དེ་ལ་དེ་གཉིས་ཀ་ཡོད། དེ་བས་ཀྱང་རང་གི་ཉེས་པ་སྣ་གཅིག་མ་བྱས་པར་གཅིག་གཅིག་གིས་གྲི་ཞིག་རྒྱབ་འཆི་ཡང་མ་ཉེན་དྲག་ཀྱང་མ་ཉེན་པ་སྡུག་བསྔལ་ཡང་། དེ་ལ་བཀའ་དྲིན་ཆེ་བའི་བློ་གཤའ་མ་ཞིག་བྱུང་ན་ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གསུམ་ཀར་ཚང་བ་དེ་ལ་གོ་ཡུལ་ཙམ་གྱིས་མི་ཡོང་སྟེ། ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོགས་སྒོམ་པའི་ལམ། །བྱ་བ་ཡིན་གསུངས། རིན་པᨖ་ཆེ་སྣེའུ་ཟུར་པའི་ཞལ་ནས། ང་འཆི་ན། ང་འཆི་ན་སྙམ་དུ་བསམས་པས་མི་ཡོང་བས། བླ་མའི་མན་ངག་ལ་བསྟེན་ནས་བགྲང་བ་དང་གཞལ་བའི་རྣམ་པས་སྒོམ་པ་ཡིན་གསུངས། ཁᨖང་གི་གསུང་འདི་ཀུན་གཞན་ལ་མེད་པའི་ཆོས་སྐད་བླ་མ་མཁས་གྲུབ་དམ་པས་ཟིན་པའི་ཞད་ཅིག་རང་གདའ། འདི་འདྲ་གོ་བའི་མི་རང་སྲིད་མཐའ་ཙམ་དུ་གདའ། ཡང་སྣེའུ་ཟུར་པའི་ཞལ་ནས། ད་ལྟ་ཚᨑག་ཙམ་གྱི་སྒོ་ནས་མᨖས་པ་བྱས་པས། སྐྱེ་བ་ཕྱི་མ་ལ་མི་རྟག་པ་མངོན་སུམ་དུ་མཐོང་བ་འདྲ་བ་ཡོང༌། ཨ་ཏི་ཤའི་ཆོས་འདི་ལྟ་བུ་སྔར་ཡང་མ་བྱུང༌། ད་ཡང་ཡོང་སྟེ་མི་ཡོང་གསུངས། ༈ བཅུ་བདུན་པ་ཉམས་ལེན་རྒྱུད་མི་ཆད་པར་བྱ་བ་ནི། རིན་པᨖ་ཆེ་ཤྭ་ར་བའི་ཞལ་ནས། ངན་སᨖང་གསུམ་གྱི་ཉེས་དམིགས་ཀུན་མང་དུ་བསམས་ཀྱང་རྟག་ཏུ་མ་བསམ་ན་འདུ་ལོང་ཐོས་པས་བསྐུལ་བ་བཞིན་དུ་འཇུག་པ་ཡིན། ལས་དང་པᨖ་པ་ལ་དང་པᨖ་ཡིད་ཆེས་པ་ཡོད་ཀྱང་བག་ཙམ་ཡེངས་པས་ལྷོད་ལྷོད་འཆའ་བ་ཡིན། བནྡེ་གཞོན་པ་ཀུན་གཉེར་ལོ་རེ་བབ་ཙ་ན་ཆོས་དང་གཉེན་པᨖ་དུང་ཕྱིས་པ་བཞིན་འགྲᨖ་གསུངས། རིན་པᨖ་ཆེ་པᨖ་ཏོ་བའི་གསུང་ལས། དེ་བས་ ན་དལ་འབྱོར་རྙེད་དཀའ་སᨖགས་ཀྱི། ཚᨑག་འདིའི་ཡན་ལག་རེ་རེའང༌། སྣ་ཚᨖགས་ཚུལ་གྱིས་ནན་ཏན་དུ་སེམས། ལན་གཅིག་ལན་གཉིས་སᨖགས་ཀྱིས་མ་ཡིན། དོན་འདི་རང་ལ་མ་སྐྱེས་བར་དུ་བསམས་ན། ཆོས་གཞན་ཀུན་ཀྱང་གདོད་འོང༌། དེ་ཡང་གྲᨖགས་དང་བཤེས་གཉེན་གནས་གསུམ། མཐུན་པའི་རྐྱེན་དང་ལྡན་པས་བསམས་ན། ཡིན་གྱི་གཞན་དུ་ན་ནི་མ་ཡིན། གསུངས། རྗེ་རིན་པᨖ་ཆེའི་ ཞལ་ནས། མཛེ་ཅན་རྐང་པ་དང་ལག་པ་ཆད་པ་ལ། སྨན་ཐུན་རེ་རེ་གཉིས་གཉིས་བསྟེན་པས་ཅིར་ཡང་མི་འགྱུར་བ་ལྟར། འོ་སྐོལ་ཐོག་མ་མེད་པ་ནས་ཉོན་མᨖངས་པའི་ནད་གཞི་ཚབས་ཅན་གྱིས་ཐེབས་པ་ལས་གདམས་ངག་གི་དོན་ལན་རེ་རེ་གཉིས་གཉིས་ཙམ་གྱིས་ཉམས་སུ་བླངས་པས་མི་ཆོག་པས། ལམ་གྱི་ཆ་ཐམས་ཅད་རྫོགས་པར་སᨖ་སᨖར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཅིང་ཆུ་བᨖའི་རྒྱུན་བཞིན་དུ་འབད་འཚལ་ཏེ། བཤགས་བསྟོད་ལས༑ དེར་ཡང་རྒྱུན་དུ་སེམས་ནི་རྨོངས་པ་ལ། །ཡུན་རིང་དུས་སུ་ནད་གཞི་བསྟེན་བྱེད་ཅིང༌། །མཛེ་ཅན་རྐང་པ་ལག་པ་ཆད་པ་ལ། །ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆི། །ཞེས་དང༌། ཡང་ཙནྡྲ་གོ་མཱིས། སེམས་ཀྱི་ཤིང་ནི་ཐོག་མ་མེད་དུས་ཅན། །ཉོན་མᨖངས་ཁ་མའི་ཁུ་བས་བརླན་དགོས་པ། །རོ་ཞིམ་དངོས་པᨖར་བགྱི་བར་མི་ནུས་ལྟར། །ཡོན་ཏན་ཆུ་ཡི་ཐིགས་པས་ཅི་རུ་འགྱུར། །ཞེས་པ་ལྟར། འདི་རྣམས་དུས་རྒྱུན་པའི་ཉམས་ལེན་དུ་བྱས་ན་བློ་གོམས་པའི་རྗེས་སུ་བྱེད་པས། དང་པᨖ་བློ་སྦྱོང་བ་དཀའ་སེ་བ་ཡང༌། ཕྱིས་དེ་ལ་ངང་གིས་འཇུག་པ་ཞིག་འོང་གསུངས། ད་ལྟ་ཅི་རིགས་མི་རྟག་པ་སᨖགས་སྒོམ་དུ་བཅུག་ན། ན་ནིང་མ་བསྒོམ་པར་ཡང་ང་འཆི་སྙམ་པ་སྐྱོ་དུང་དུང་ཡོང་གིན་ཡོད་པ་ཡིན་ཏེ། ད་ནི་ཅི་བསྒོམས་ཀྱང་ཤེས་པ་ཐོམ་ཡུར་སᨖང་ནས་མི་ཡོང་བར་སྣང་ཟེར་ནས་བཤོལ་བཏོང་སྟེ། བླ་མ་དམ་པ་རྣམས་གསུང་ལྟར་སྒོམ་མ་ཐག་ནས་སྐྱོ་དུང་དུང་རྒྱུན་མ་ ཆད་པར་ཡོང༌། དེ་ཡོང་ན། སྟོང་ཉིད་ལ་སᨖགས་པའང་སྒོམ་མ་ཐག་ནས་སྐྱེ་བས་ལམ་ཐམས་ཅད་ཞག་ཁ་ཡར་ལ་རྫོགས་ཡོང་སྟེ། རྒྱལ་བ་ཡང་དགོན་པའི་ཞལ་ནས། བློ་ངན་གོམས་ཀྱི་བག་ཆགས་ཤོག་དྲིལ་འདྲ། །ཉམས་གསར་བུ་སྐྱེས་ཀྱང་རྐྱེན་གྱིས་འཇིག །དུས་ཡུན་ཐུང་གིས་འཁྲུལ་པ་མི་ཆོད་ཀྱི། །སྒོམ་ཡུན་དུ་སྲིངས་ཤིག་སྒོམ་ཆེན་ཀུན། །གསུངས། ཡང༌། ཡང་དགོན་པའི་ཞལ་ནས། བླ་མ་ཞང་གིས། དེ་མ་ཐག་ཏུ་དྲᨖད་རྟགས་འདོད། ། བཤོལ་ལ་ཁད་ཀྱི་སྔ་ལྟས་ཡིན། །སྙུགས་སྲིང་དགོས་ན་ཅི་ཚུག་མཆི། །བྱ་བ་དང༌། སྙུགས་སྲིང་འདོད་ཐག་མ་ཉེ་མཛོད། །ལ་འུར་ཕྱེ་གཏོར་མ་འགམ་མཛོད། །གསུངས་པ་འདི་གནད་ཆེ། འདི་ང་ལ་ནན་ཏར་བྱུང་བ་ཞིག་བྱུང༌༑ ཚེ་ཐོག་མ་མེད་པ་ནས་གོམ་གོམ་པ་ཞིག་སྤང༌། མ་གོམས་པ་ཞིག་སྐྱེད་དགོས་པ་ཡིན་པས་སྒོམ་ཡུན་སྲིང་དགོས་གསུངས། ༈ བཅོ་བརྒྱད་པ་ཉམས་ལེན་རྒྱུད་ལ་སྐྱེ་བའི་རྒྱུ་ཚᨖགས་བསྟེན་པ་ནི། དགེ་བའི་བཤེས་གཉེན་པ་རྣམས་ཀྱི་ཞལ་ནས། དེ་ལྟར་བསྒོམ་པ་ན་མི་རྟག་པ་ལ་མཚᨖན་ན་ཡང་དེ་ལ་བློ་འགྲᨖ་ཚད་ཀྱིས་སེམས། བློ་མི་འགྲᨖ་ན་དཀོན་མཆོག་ལ་མཆོད་པ་ཅི་འབྱོར་བ་བཤམས་ལ་ཡན་ལག་བདུན་པ་བྱ། ཡང་སེམས། ཡང་མ་བྱུང་ན། བཙན་ཕུལ་མི་བྱ་བར། ལས་འབྲས་སᨖགས་སེམས། དེ་མ་འདོན་ན་སྡིག་པ་སྦྱོངས། དེ་མ་བྱུང་ན་ཡང༌། གང་འདོད་པ་དང་ཡོང་བ་ཞིག་སེམས་པ་ལ་སᨖགས་པ་གང་ཡོང་ནས་བྱེད། ཡོང་བ་འདུག་ནས་གཞན་རྣམས་བཞག་ནས། དེ་ཉིད་ལ་ཆིག་སྒྲིལ་བྱེད་དེ། མི་རྟག་པ་ལྟ་བུ་ལ་བློ་སྦྱོང་ན། བླ་མ་དང་གྲᨖགས་པᨖ་མི་རྟག་པ་ལ་ཐུགས་དམ་མཛད་པ་ཞིག་བསྟེན། ཆོས་ལྟ་རྟོག་བྱེད་པ་ཡང་མི་རྟག་པའི་སྐོར་ན་ཡང་འདུག་པ་རྣམས་བལྟ༑ ཚᨖགས་གསᨖག་སྒྲིབ་སྦྱོང་ཐམས་ཅད་ཀྱང་མི་རྟག་པའི་བློ་སྐྱེ་བའི་ཆེད་དུ་བྱེད། རྗེ་རིན་པᨖ་ཆེའི་ཞལ་ནས། ཐོག་མར་ཞིང་གི་མཐུ་ལ་བསྟེན་ནས་ནི། །ནང་གི་བསམ་པའི་སྟོབས་ནི་སྐྱེ་འགྱུར་བས། །དགེ་བའི་བཤེས་དང་དཀོན་མཆོག་མཆོད་པའི་ལས། །རྒྱུན་མི་འཆད་པའི་སྦྱོར་བ་བསྟེན་འཚལ་ལོ། །ཞེས་པ་ལྟར། ལྷ་དང་བླ་མ་དང་ཆོས་སྐྱོང་རྣམས་ལ་མཆོད་པ་དང་གཏོར་མ་ཕུལ་ནས་དེ་སྐྱེ་བར་གསᨖལ་བ་འདེབས། དེ་རྣམས་སྒོམ་པའི་ཕན་ཡོན་དང༌། མ་བསྒོམས་པའི་ཉེས་དམིགས་རྣམས་ལེགས་པར་བསམ་གྱིན་དུས་རྟག་ཏུ་འདི་ལ་བློ་སྦྱོང་བའི་འདུན་པ་དྲག་པᨖ་བྱ། ཐུན་གྱི་དངོས་གཞིར་མ་ཟད་ཐུན་མཚམས་ཐམས་ཅད་དུ་ཡང་ནམ་འཆི་ཆ་མེད་པ་དང༌། ཅིས་ཀྱང་དགོས་པ་མེད་པའི་དོན་རྩ་གཉིས་པᨖ་དེ་ལ་དྲན་ཤེས་ཡང་ཡང་བསྟེན། དེའི་ཚᨑག་གང་རྣོ་རྣོ་གསལ་བ་རྣམས་བཏོན་གྱིན་དྲན་པ་གསᨖ། དེ་ཁ་མ་གཏོགས་པ་འཇིག་རྟེན་གྱི་བྱ་བ་ལྟ་ཅི་སྨོས། ཆོས་ཕྱོགས་ཀྱི་བྱ་བ་གཞན་རྣམས་ཀྱང་ཅི་ཉུང་དུ་བྱ། བགེགས་དང་བར་ཆད་མི་འདོད་པ་གང་བྱུང་ཡང་རང་གང་སྒོམ་པ་དེ་ཉིད་ཀྱིས་ཅི་སེལ་བྱ། ལར་ནས་འགལ་རྐྱེན་དུ་གང་འགྲᨖ་བ་རྣམས་སྤངས། མཐུན་རྐྱེན་མེད་ཐབས་མེད་པ་རྣམས་ཚᨖགས་པར་བྱས་ནས། ད་ནི་དེ་ཉིད་མིན་པ་བྱ་རྒྱུ་མེད་སྙམ་པ་ཞིག་བྱ། གཞན་ཡང་ཆོས་འདི་སྒོམ་དུ་འཇུག །དེའི་བསྔགས་པ་བརྗོད། དེའི་མཐུན་རྐྱེན་སྦྱོར་བ་སᨖགས་ཅི་འགྲུབ་བྱེད། ཆོས་འདི་རྣམས་ཚང་ན་ནི་ཚེ་འདིར་ངེས་པར་སྐྱེ། གལ་ཏེ་མ་སྐྱེས་ནའང་ཚེ་ཕྱི་མ་ལ་ཚེགས་མེད་པར་སྐྱེ་བ་ཞིག་འོང་གསུངས། སྔོན་གྱི་དུས་མི་ཞིག་གིས་བུད་མེད་ཀྱི་རོ་ལྟོ་བྲལ་བ་ཞིག་མཐོང་ནས་དེ་ཅི་འདྲ་བར་བུད་མེད་ཐམས་ཅད་དེ་འདྲ་ལ་རང་གི་ལུས་ཀྱང་དེ་འདྲའོ་སྙམ་ཡང་ཡང་ཡིད་ལ་བྱས་པས། དེ་ཤི་ནས་རྒྱ་གར་དུ་རྣམ་ཐོས་སྲས་ཀྱི་དཔལ་ལ་འགྲན་དུ་རུང་བའི་གཙོ་བᨖ་ཆེན་པᨖ་ཞིག་གི་སྲས་སུ་སྐྱེས། རིགས་ཀྱི་བུ་གྲགས་པ་ཞེས་པར་གྱུར་ཏེ་ཆེར་ལོན་པ་ན་བཙུན་མᨖའི་འཁᨖར་གྱིས་བསྐོར་ཏེ་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་རྩེ་ཞིང་གཉིད་ལོག་པ་ན། བུད་མེད་གཉིད་ལོག་པ་རྣམས་མཐོང་བ་ན། དུར་ཁྲོད་ཤེད་ན་འདུག་པ་སྙམ་དུ་མི་གཙང་བ་དང་སྐྱུག་བྲོ་བ་དང༌། ཡིད་འབྱུང་བ་དང༌། འཇིགས་པའི་འདུ་ཤེས་སྐྱེས་ཏེ་དེ་ཉིད་དུ་ལངས་ནས་ནམ་ལ་བྲོས་ཕྱིན་པས་བཅོམ་ལྡན་འདས་དང་མཇལ། ཆོས་ཉན་པས་བདེན་པ་མཐོང་ དགྲ་བཅོམ་པ་ཆེན་པᨖ་གྲགས་པ་བྱ་བ་བྱུང༌། བཅོམ་ལྡན་འདས་ཀྱིས་དང་པᨖར་འཇིག་རྟེན་དུ་ཆོས་གསུངས་དུས་ལྔ་སྡེ་དང་གྲགས་པ་ལ་སᨖགས་པའི་ཉེ་བའི་ལྔ་སྡེ་བྱུང་བྱ་བའི་གྲགས་པ་དེ་འདི་ཡིན། དགྲ་བཅོམ་པ་ཐོབ་སྐད། དེ་དང་འདྲ་བར་ད་ལྟ་མི་རྟག་པའི་བློ་ནན་གྱིས་སྦྱངས་ན་ཡོན་ཏན་གཞན་གང་ཡང་མ་སྐྱེས་ཀྱང་ད་གཟོད་གང་དུ་སྐྱེས་པ་དེར། མི་རྟག་པ་དྲན་ནས་ཅི་ལའང་མི་ཆགས་པར་ཆོས་མིན་པའི་དགོས་པ་མེད་པས་སངས་རྒྱས་ཀྱི་སར་ཐོག་པ་མེད་པར་འགྲᨖ་བ་ཞིག་འོང་བས་མི་རྟག་པ་སྒོམ་པ་ལ་འབད་འཚལ་ལོ། ༈ །བཅུ་དགུ་པ་ལམ་གོང་མ་ལ་སློབ་ཅིང༌རང་གི་བླ་མའི་མན་ངག་ལ་ཡིད་ཆེས་བྱ་བ་ནི། དེའི་སྟེང་དུ་གཞན་བསྣན་གྱིན་སྒོམ་པ་བྱུང་ན་ནི་དེ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་ཏེ། ལྡི་རི་དྲག་པᨖ་བྱ་བ་སྤུན་གཉིས་ཀྱིས་དགེ་བཤེས་སྟོན་པ་ལ་གྲུབ་མཐའ་ཉན་འོང་བས། སྟོན་པ་རིན་པᨖ་ཆེའི་ཞལ་ནས། རྒྱ་གར་ན་ནང་པ་སངས་རྒྱས་པའི་འཇུག་པ་གཅིག་བྱ་བ་དང༌། ཕྱི་རོལ་པའི་འཇུག་པ་རྣམ་པ་བདུན་བྱ་བ་ཡོད་ཟེར། རང་ཅག་བླ་མའི་མན་ངག་བསྒོམ། མན་ངག་གང་ཡིན་ན༑ འཆི་བ་དང་ལས་འབྲས་མང་དུ་བསྒོམས་ནས་ཚུལ་ཁྲིམས་དག་པར་བྱ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བསྒོམས་ནས་དེས་འཕངས་པའི་སྒོ་དུ་མ་ནས་ཚᨖགས་གསᨖག་སྒྲིབ་པ་སྦྱོང་བ་མན་ངག་ཡིན་གསུངས། ཡང་སྟོན་པ་འོད་ཟེར་རྒྱ་མཚᨖ་ཞིག་གིས་ཞེས་ཞུས་པ་ལ་ཡང་དེ་སྐད་གསུངས། ཁམས་པ་དཔལ་འབར་གྱིས་འགྲᨖ་ཆོས་ཞུས་པས་ཀྱང༌། སྟོན་པ་རིན་པᨖ་ཆེའི་ཞལ་ནས། འགྲᨖ་འཆག་ཉལ་འདུག་ཐམས་ཅད་ཏིང་ངེ་འཛᨑན་དུ་འགྲᨖ་བ་ཞིག་ཡོད་དེ། དེ་གཞོན་དུས་ལུས་སེམས་ལ་སྦྱངས་པ་བྱས་པ་ཞིག་ལ་ཡོང་བ་ཡིན། རང་ཅག་བླ་མའི་མན་ངག་སྒོམ། མན་ངག་གང་ཡིན་ན། འཆི་བ་དང་ལས་འབྲས་མང་དུ་བསྒོམས་ནས་ཚུལ་ཁྲིམས་དག་པར་བྱ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བསྒོམ། དེས་འཕངས་པའི་ཚᨖགས་སྣ་ཚᨖགས་ནས་གསᨖག །སྡིག་སྣ་ཚᨖགས་ནས་སྦྱོང་བ་དེ་མན་ངག་ཡིན་གསུངས། པུ་ཏོ་བའི་གསུང་ལས། སྟོན་པའི་ཡོན་ཏན་ཇི་བཞིན་བསམས་པས། །སྐྱབས་སུ་བཏང་སྟེ་སངས་རྒྱས་པར་གཞུག །དེ་ནས་དལ་འབྱོར་རྙེད་དཀས་སྣ་དྲངས། །འཆི་བ་རྗེས་སུ་དྲན་པ་ལ་སྦྱར། །དེ་ནས་རྟག་ཏུ་བདེན་བཞི་བསམ་པས། །འཁᨖར་བ་མཐའ་དག་ཉེས་པ་ཤེས་བྱ། ། བདག་ཅི་འདྲ་བར་དེ་འདྲར་ཤེས་པས། །ཀུན་ལ་བྱམས་དང་སྙིང་རྗེས་འཇུག་བྱ། །དེས་བསྐྱེད་བྱང་ཆུབ་སེམས་དང་ལྡན་ནོ། །ཆོས་རྣམས་ཐམས་ཅད་དེ་ལ་ཀུན་གནས། །ཁ་ཆེམས་རླུང་ལ་བསྐུར་ན་དེ་ཡིན། །གསུངས། འགྲᨖ་མགོན་གྱི་ཞལ་ནས། འོ་ཅག་རབ་ཏུ་བྱུང་བ་རྣམས། །ཉམས་སུ་བླང་བྱ་དཀར་པᨖའི་ཆོས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་ནས། །འདི་ལས་མེད་དོ་སྐྱེས་བུ་ཀུན། །མི་རྟག་པ་ནས་གནས་ལུགས་བར། །ལམ་རིམ་འདི་ལ་བློ་སྣ་སྦྱང༌། ། གསུངས། རིན་པᨖ་ཆེ་སྣེའུ་ཟུར་པའི་ཞལ་ནས། རོང་དུ་སྔགས་པ་ཚན་གཅིག་ཆང་ཕུད་གཏོར་བ་ལ་ཁྲེལ་བས། སྔགས་པ་ལྷ་མོ་འབར་བྱ་བས་ཆང་ཕུད་གཏོར་ནས། དཀོན་མཆོག་གསུམ་པᨖ་བཞེས། ཆོས་སྐྱོང་སྲུང་མ་བཞེས། དུས་གསུམ་ཕ་མ་བཞེས། འགྲᨖ་དྲུག་སེམས་ཅན་བཞེས། རང་ལུས་རྒྱུ་ཅང་གདའི་ཟེར། དེ་བཞིན་དུ་དཔལ་ལྡན་ཨ་ཏི་ཤའི་བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་རྒྱུད་སྡེ་བཞི་དང་སྡེ་སྣོད་གསུམ་གྱི་དོན་གང་ཡང་མ་འདུས་པ་མེད། དེ་ལྟར་ན་ཇོ་བᨖའི་སྨན་འདི་སྦྱར་ལེགས་པ་ལགས་པས། འདི་ལ་བག་རེ་གསᨖལ་བར་ཞུ། གསᨖལ་གྱི་རྟིང་ལ་མི་སྐྱུག་པར་ཞུ། སྐྱུག་སྐྱུག་འདྲ་ན་མཆིལ་མ་དང་ཕུ་ཡིས་གདབ། རྡོ་གྲང་རླན། སྐྲ་ཐེན་པ་ཚུན་ཆོད་བྱེད་པར་ཞུ། དེ་ནས་ད་ལྟ་ཁ་ན་མི་གསᨖལ་ན་ཡང༌། ཕྱིས་གསᨖལ་བའི་ཆེད་དུ་ཨ་འཕྲག་གཡོན་ཁᨖ་ནར་གཞུག་པར་ཞུ། བྲུལ་དོགས་ན་ཕུགས་སུ་ཡང་འཕུལ་བར་ཞུ། གསུངས། ཤྭ་བᨖ་བའི་ཞལ་ནས། སྐྱེས་བུ་རབ་འབྲིང་གསུམ་ལ་བློ་སྦྱོང་བ་འདི་སྡོམ་པ་འབᨖགས་བདོ་བ་ཡང་ཡིན། སློབ་གཉེར་བྱེད་བདོ་བ་ཡང་ཡིན། འདིར་བློ་འབྱོངས་ན། ནོར་འཚᨖལ་བའི་བློ་མི་སྐྱེ་བས་མི་ཐམས་ཅད་དང་ཡོད་པས་ཚᨖགས་གསᨖག་བྱེད་བདོ་བ་ཡང་ཡིན། འཐུན་འཇུག་བྱེད་བདོ་བ་ཡང་ཡིན། གསུངས། རྗེ་རིན་པᨖ་ཆེའི་ཞལ་ནས། དལ་འབྱོར་དོན་ཆེ་ཤིན་ཏུ་རྙེད་དཀའ་དང༌། །དེ་ཡང་ཆུ་བུར་བཞིན་དུ་མྱུར་འཇིག་ཅིང༌། །དེ་ནས་གང་ཡང་རྗེས་སུ་མི་འབྲང་ལ། །དཀར་ནག་ལས་འབྲས་ཕྲའུའང་མི་བསླུ་བའི། །རྟེན་ཅིང་འབྲེལ་འབྱུང་ཆོས་འདི་རིང་དུ་སᨖམས། །དེ་ལྟར་ དལ་འབྱོར་དོན་ཆེ་རྙེད་དཀའ་གཉིས་མི་རྟག་པ་ལས་འབྲས་ཏེ། ཆོས་བཞིའི་རྩ་བ་བརྟན་གྱུར་ན། །དགེ་ཆོས་ལྷག་མ་བདེ་བླག་ཉིད་དུ་སྐྱེ། །ཞེས་དང༌། དེ་ཡིས་ཕན་བདེའི་རྩ་བ་མ་བཟུང་བའི། །མཁས་པར་རློམས་དང་བསམ་གཏན་རློམས་པ་ཅན། །གསེར་གླིང་ཕྱིན་པའི་ཚᨖང་པ་སྟོང་ལོག་འདྲ། །ཞེས་དང༌། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲᨖ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པᨖ་སྟེ། །གཞུང་བཟང་སྟོང་གི་ཆུ་བᨖ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚᨖའང་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང༌། །གསུང་རབ་མ་ལུས་གདམས་པར་འཆར་བ་དང༌། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང༌། །ཉེས་སྐྱོན་ཆེན་པᨖའི་གཡང་ས་ལས་ཀྱང་བསྲུངས། །དེ་ཕྱིར་རྒྱ་བᨖད་མཁས་པའི་སྐྱེ་བᨖ་ནི། །སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། ། གསུང་རབ་ཀུན་གྱི་སྙིང་པᨖ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང༌། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་ཚᨖགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། །ཞེས་དང༌། དེ་ལྟར་རྩ་བ་བརྟན་ལ་ གཙོར་འབད་ནས། །རྒྱལ་བས་དམ་ཆོས་གསུངས་པ་ཐམས་ཅད་ལས། །ཁ་ཅིག་ད་ལྟ་ལག་ཏུ་བླངས་པ་དང༌། །གཞན་དག་སྨོན་ལམ་ཡུལ་དུ་བྱས་གྱུར་ཏེ། །གཅིག་ཀྱང་མི་སྤོང་ཀུན་ཀྱང་སངས་རྒྱས་ཐབས། །དེ་ལྟར་རྒྱལ་བའི་བསྟན་པ་ཡོངས་རྫོགས་པ། །ལམ་དུ་བསྲེལ་བ་ཤེས་ན་མཁས་པའི་ཕུལ། །ཞེས་གསུངས། དེ་ལྟར་ན་སྙིང་ནས་ཆོས་དོན་དུ་གཉེར་བ་ཡོད་ན། དང་པᨖར་ཚེ་འདིའི་བྱ་བ་དཀར་ནག་ཁྲ་གསུམ་འདིས་བློས་གཏོང་བ་རང་གལ་ཆེ། དེ་ཡང་མི་ཐབས་སྡུག་ཤོས་རང་ཡིན་ན་མ་གཏོགས་བྱ་བ་ནག་པᨖ་སྲོག་གཅོད་པ་དང་། རྐུ་བ་ལ་སᨖགས་པ་རྣམས་བྱ་བ་མ་རིགས་པ་ཡིན་པ་གོ་ཡང་སླ། སྤང་ཐུབ་པ་ཡང་རེ་མང་ཡོང་བར་སྣང་སྟེ། བྱ་བ་དཀར་པᨖའམ་ཁྲ་བᨖའི་རིགས་དབང་བསྐུར་ཆོས་བཤད་ལྷ་བཞེངས་དང་སྦྱིན་གཏོང༌། གྲᨖང་ཆོག་དང་སཱཙྪ། བསྲུང་བ་འབྲི་བའམ་འདྲེ་འདུལ་སྔགས་འདེབས་སམ། ཉན་ཀློག་ལ་སᨖགས་པ་ཚེ་འདིའི་ཞེན་པ་རེ་མ་སྤངས་པའི་ཙབ་ཙུབ་འདི་རྣམས་སྤོང་ནུས་པ་རང་ཉུང་བར་སྣང༌། སེམས་ཚེ་འདིའི་ཞེན་པ་དང་མ་བྲལ་བའི་བྱ་བ་ཅི་ལེགས་ཀྱང་དགོས་པ་རང་མེད་མི་གསུང་ངམ། ལར་ན་དགེ་མི་དགེ་ཐམས་ཅད་སེམས་ཀྱི་བྱེད་ལས་ཡིན་པས་སེམས་འདི་ལྷ་འདྲེ་མི་གསུམ་གྱིས་ཞེ་མ་ཁྲེལ་བ་ཞིག་དགོས་པ་ལགས་མᨖད། ཡེ་ཤེས་གྲུབ་པ་ རྒྱལ་པᨖ་ཨིནྡྲ་བᨖ་དྷིས་མཛད་དོ། །ལས་ཀྱང༌། ལས་གང་བྱ་བ་ཅི་ཡང་རུང༌། །ལུས་དང་ངག་དང་ཡིད་ཀྱིས་བྱེད། །བཞི་པ་གཞན་ན་ཡོད་མིན་པས། །དེ་རྣམས་འདི་ལྟར་དཔྱད་པར་བྱ། །སེམས་མེད་པར་ནི་ལུས་ངག་གིས། །ཅི་ཡང་བྱེད་པར་ནུས་མ་ཡིན། །དེ་མེད་པར་ནི་ཚᨑག་གིས་ཀྱང༌། །ནམ་ཡང་ནུས་འགྱུར་མ་ཡིན་ནོ། །དེ་བས་ལུས་ངག་ལས་རྣམས་ནི། །ཡིད་ཉིད་ལས་ནི་འགྱུར་བ་ཡིན། །འགྲᨖ་བ་ཐམས་ཅད་སེམས་ཀྱིས་ནི། །དགེ་དང་མི་དགེ་གང་བྱེད་པ། །ཕན་དོན་འགྱུར་བའི་ལས་རྣམས་ནི། །ཐམས་ཅད་ལེགས་པར་དཔྱད་པར་འགྱུར། །ལོགས་པས་བསᨖད་ནམས་མ་ཡིན་ཞེས། །རྒྱལ་བའི་མཆོག་ རྣམས་རབ་ཏུ་གསུངས། །དེས་ན་དགེ་དང་མི་དགེ་ཀུན། །སེམས་ཉིད་ཀྱིས་ནི་བྱེད་པ་དང༌། །སེམས་ཉིད་ཀྱིས་ནི་འཇིག་འགྱུར་ཞེས། །འགྲᨖ་བའི་བླ་མས་གསུངས་པ་ཡིན། །ཅེས་གསུངས། འོད་སྲུང་གི་ལེའུར་ཡང༌། དཔེར་ན་མི་ཞིག་རྒྱ་མཚᨖའི་ཆུས་ཁྱེར་ལ། །དེ་ནི་སྐོམ་པས་འཆི་བའི་དུས་བྱེད་འགྱུར། །དེ་བཞིན་ཆོས་མང་སྲེད་པས་བག་མེད་པ། །ཆོས་ཀྱི་རྒྱ་མཚᨖར་གནས་ཀྱང་ངན་འགྲᨖར་འགྲᨖ། །དཔེར་ན་སྨན་པས་སྨན་སྒྲོར་བཅུག་པའི་སྨན། །འཇིག་རྟེན་ཀུན་ཏུ་ཡོངས་སུ་རྒྱུ་བྱེད་ཀྱང༌། །ནད་ཀྱིས་བཏབ་པ་ཟློག་པར་མི་ནུས་ན། །དེ་ཡི་སྨན་དེ་དོན་མེད་འགྱུར་བ་ཡིན། །དེ་བཞིན་དགེ་སློང་ཚུལ་ཁྲིམས་ཡོན་ཏན་ལྡན། །ཐོས་དང་ལྡན་ཡང་ཚུལ་བཞིན་མ་ཡིན་པའི། །ཉོན་མᨖངས་འབྱུང་བའི་ནད་ནི་མི་སེལ་ན། །དེ་ཡིས་ཐོས་ལ་བརྩོན་པ་དོན་མེད་ཡིན། །གསུངས། མདོ་འདི་ཀུན་ལ་བསམ་བློ་རེ་ཐོང་དང་ཇི་སྐད་གསུངས། མི་ཚེ་ཧྲིལ་གྱིས་ཆོས་ཀྱི་ལག་ལེན་བྱས། མི་རྣམས་སྙམ་པ་ཆོས་པ་ཞིག་ཡིན་ནོ་སྙམ། ཁᨖང་རང་སྙམ་པའང་ཆོས་པ་ཞིག་ཡིན་ནོ་སྙམ། ཆོས་ཀྱི་རྒྱ་མཚᨖར་གནས་ནས་སྐོམ་དྲིར་ཤི་ནས་ངན་འགྲᨖར་འགྲᨖ་དགོས་པ་ཡང་གསུངས་པ་དེ་སུ་ལ་གསུངས་པ་ཡིན་པར་འདུག །ཚེ་འདིའི་སྡུག་བསྔལ་རེ་མ་ཐེག །བདེ་བ་རེ་མ་སྤོངས། བདེ་བདེ་མᨖ། སྐྱིད་སྐྱིད་མᨖ། སྙན་སྙན་མᨖ་རེ་སྒྲུབ་སྒྲུབ་ནས། དབང་བསྐུར་ཆོས་བཤད་ནས་ཉིན་ཀློག་འདོན་པ་ཡན་ཆད་བྱས་ཀྱང་ཐམས་ཅད་ཚེ་འདིའི་སᨖ་ནམ་དུ་སᨖང་བས་ལེན་པ་ལགས་ མᨖད༑ འཁᨖར་བ་འདིར་སྡུག་བསྔལ་མྱོང་ཚད་འདི་འཇིག་རྟེན་ཆོས་བརྒྱད་འདིས་ལན་འདུག་པ་ལ། ད་དུང་ཡང་བྱ་བ་དཀར་ནག་ཁྲ་གསུམ་གྱི་འཇིག་རྟེན་ཆོས་བརྒྱད་ཇེ་རྒྱས་དང་ཇེ་ཆེར་གཏོང་བ་འདི་བྱས་པ་ཐམས་ཅད་དོན་མེད་ཡིན། ནད་ལ་མི་ཕན་པའི་སྨན་རྐྱལ་ཁུར་གྱིན་རྒྱུག་པ་དང་འདྲ་གསུང་བར་གདའ་བ། དེས་ན་ཚེ་འདིའི་བདེ་སྐྱིད་ཐམས་ཅད་ལ་བསམ་བློ་ཡེ་མི་གཏོང་བར་བློས་ལིངས་ཀྱིས་གཏོང་དགོས་པའི་རྒྱུ་མཚན་དེ་མི་གོ་བར་འདུག་གམ། འོ་ན་འཇིག་རྟེན་ཆོས་བརྒྱད་དམ། ཉོན་མᨖངས་ཀྱིས་ཀུན་ནས་སློང་ཚད་ངན་སᨖང་གི་རྒྱུ་སྡིག་པར་འགྲᨖ་བ་ཡིན་ནམ་སྙམ་ན། སྤྱིར་འཇིག་རྟེན་ཆོས་བརྒྱད་ཀྱིས་ཀུན་ནས་སློང་ནས་བྱས་པའི་བྱ་བ་དཀར་ནག་ཁྲ་གསུམ་ཐམས་ཅད་ཕྱིས་ངེས་འབྱུང་ཁྱད་པར་ཅན་གྱིས་ཟིན་ན་མ་གཏོགས་འཁᨖར་བའི་སྡུག་བསྔལ་མྱོང་བའི་རྒྱུ་ཁᨖ་ན་ཡིན་པས། ཉོན་མᨖངས་པས་ཀུན་ནས་སློང་བའི་ཆོས་བྱས་པ་ཐམས་ཅད་དོན་མེད་ཡིན་གསུངས་པ་དེ་ཡིན། ངན་སᨖང་གི་རྒྱུའམ་སྡིག་པ་ཡིན་མིན་ནི་གཉིས་སུ་འོང་སྟེ། སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ཆུང་ངུའི་དགེ་བ་བསགས་པ་ཐམས་ཅད་འཁᨖར་བའི་བདེ་བ་ཁᨖ་ན་ཐོབ་འདོད་ཀྱིས་བྱས་པ་ཡིན་པས། འཇིག་རྟེན་ཆོས་བརྒྱད་དང་ཉོན་མᨖངས་ཀྱིས་བྱས་ཤིང་བསགས། དེའི་ནང་ནས་ཀྱང་འདོད་ཆགས་ཀྱིས་དགེ་བ་བསགས་པ་ཡིན་པས། དེ་རྣམས་དགེ་བ་ཡིན་ཀྱང་སྡིག་པ་ནི་མིན། དེ་ཡང་སྐྱེས་བུ་ཆུང་ངུ་འདོད་ཁམས་ཀྱི་ལྷ་མིའི་ཕུན་ཚᨖགས་ཐོབ་པར་འདོད་པ་རྣམས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སᨖགས་པའི་བསᨖད་ནམས་གསᨖག །གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་ཕུན་ཚᨖགས་ཐོབ་པར་འདོད་པ་རྣམས་ནི། ཞི་གནས་དང༌། ལྷག་མཐོང་དང༌༑ ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛᨑན་སྒོམ་པར་བྱེད་པ་ལ་སᨖགས་ཏེ། དེ་རྣམས་ཉོན་མᨖངས་པ་དང་འཇིག་རྟེན་ཆོས་བརྒྱད་ཀྱིས་བྱས་པ་ཡིན་ཡང་སྡིག་པ་མ་ཡིན་དགེ་བ་ཡིན། དགེ་བ་དེ་རྣམས་ལ་བསᨖད་ནམས་ཆ་མཐུན་གྱི་དགེ་བ་ཞེས་གཞུང་ཆེན་མᨖ་རྣམས་ལས་གསུངས། དེ་བཞིན་དུ་ཁམས་གོང་མར་གཏོགས་པའི་ཉོན་མᨖངས་ཐམས་ཅད་དང་། དེས་བསགས་པའི་ལས་ཐམས་ཅད་མི་དགེ་བ་མ་ཡིན། དེ་བཞིན་དུ་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཚུལ་ཁྲིམས་དང་ལེགས་སྨོན་གྱི་སྦྱིན་པ་ལ་སᨖགས་ཀྱང་མི་དགེ་བ་མ་ཡིན་པས་འཇིག་རྟེན་ཆོས་བརྒྱད་དང་འདོད་ཆགས་ལ་སᨖགས་པའི་ཉོན་མᨖངས་པས་བྱས་ཤིང་བསགས་པ་ཡིན་ཡང༌། སྡིག་པ་དང་མི་དགེ་བ་མིན་པ་ནི་མང་དུ་ཡོང་བ་ལགས། ཁམས་གོང་མའི་ཉོན་མᨖངས་གཡོ་སྒྱུ་ལ་སᨖགས་པ་ཐམས་ཅད་ཞི་གནས་ཀྱི་ཉེ་བར་བརྟེན་པ་དང་དགེ་བའི་ཆོས་མང་པᨖས་ཡོངས་སུ་ཟིན་པས་མི་དགེ་བར་མི་འགྲᨖ་བ་ཡིན་ཅེས་འཕགས་པ་ཐོགས་མེད་ཀྱིས་གསུངས་སᨖ། །འོ་ན་དགེ་བ་གང་ཡིན། མི་དགེ་བ་གང་ཡིན་སྙམ་ན། སངས་རྒྱས་བྱང་སེམས་རྣམས་ཀྱིས་རབ་ཏུ་སྨད་ཅིང་ནམ་ཡང་མི་བསྟོད་པའི་ལས་རྣམས་དང་དེ་ཀུན་ནས་ སློང་བའི་ཉོན་མᨖངས་པ་རྣམས་ལ་མི་དགེ་བ། དེའི་འགལ་ཟླར་གྱུར་ཚད་ཀྱི་ལས་དང་དེས་ཀུན་ནས་སློང་བ་རྣམས་དགེ་བ། དེ་གཉིས་གང་ཡང་མིན་པའི་ལུས་ངག་ཡིད་གསུམ་གྱི་ལས་ལ་ལུང་མ་བསྟན་ཟེར་བ་ལགས། དེ་ལྟར་ན་ཉོན་མᨖངས་ཀྱིས་ཀུན་ནས་སློངས་པ་ལའང་སྡིག་པ་མིན་པ་མང་དུ་ཡོད། ཚེ་འདིའི་རྙེད་བཀུར་རམ་སྙན་གྲགས་སམ། བདེ་སྐྱིད་ཀྱི་ཕྱིར་དབང་བསྐུར་ཆོས་བཤད་མདོ་འདོན་སྔགས་ཟློས་སᨖགས་བྱེད་པ་ནི་སྡིག་པ་དང་སྒྲིབ་པའི་ཕུང་པᨖར་ཡོང་སྟེ། ཟབ་མᨖའི་ཆོས་བཙོངས་པ་དང༌། བརྣབ་སེམས་དང༌། གནོད་སེམས་དང༌། གཡོ་སྒྱུ་དང༌། ཚུལ་འཆོས་དང༌། ཁ་བསགས་དང༌། གཞོགས་སློང་དང༌། ཐོབ་འཇལ་དང༌། རྙེད་པས་རྙེད་པ་འཚᨖལ་བ་དང༌། ངག་འཁྱལ་ལ་སᨖགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཆར་ཆེན་པᨖ་བཞིན་རྒྱུན་མི་འཆད་པར་འོང་བས་དེ་ལ་དགོངས་ནས་བླ་མ་གོང་མ་རྣམས་ཀྱིས་ཀྱང༌། ཚེ་འདི་ཞེན་པ་དང་མ་བྲལ་ན་ཅི་བྱས་པ་ཐམས་ཅད་སྡིག་པ་ཡིན་ཅེས་མང་དུ་གསུངས། ཡང་ཚེ་འདི་ལ་ཞེན་པས་བྱས་པ་ཐམས་ཅད་དོན་མེད་པའི་སྡིག་པ་ཡིན་པས། དེ་ལ་དགོངས་ནས་ཀྱང་ཐམས་ཅད་སྡིག་པ་ཡིན་པར་གསུངས་པ་ཡིན་ཨང་སྙམ། ཚེ་བློས་གཏོང་གི་ཉམས་ལེན་གྱི་གནད་འགགས་མདོར་བསྡུས་ན། འཁᨖར་བས་བསྡུས་པའི་ཚེ་འདིའི་བདེ་བ་དང་བདེ་བའི་རྒྱུ་དང༌། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་རྣམས་ལ། རང་འཁྲིས་མེད་པའི་གཞན་ལ་ཕན་འདོགས་པ་དང༌༑ བྱང་ཆུབ་སྒྲུབ་པ་ལ་མེད་མི་རུང་ཡིན་ན་མ་གཏོགས་བླང་དོར་གྱི་བློ་དྲག་ཏུ་འབྱུང་བ་རྣམས། ཉོན་མᨖངས་པ་དང་། ཆགས་པ་དང༌། སྲེད་པ་དང༌། འཇིག་རྟེན་ཆོས་བརྒྱད་དང་། ཚེ་འདིའི་ཞེན་འཁྲིས་ཀྱི་དབང་དུ་ཤོར་བ་ཡིན་པས། གཉེན་པᨖས་བཙན་ཐབས་སུ་རྒྱུན་བཅད། མེད་མི་རུང་གི་ཟས་གོས་སᨖགས་ལ་བཅོམ་ལྡན་འདས་ཀྱིས་སྲེད་པའི་དབང་དུ་མི་འཆོར་བ་དང༌། བསᨖད་ནམས་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར་དམིགས་རྣམ་མང་པᨖ་ཞིག་གསུངས་པ་དེའི་རིགས་པ་གཞན་ལའང་ཤེས་པར་བྱས་ལ་སྲེད་པའི་དབང་དུ་མི་གཏང༌། སྤྱིར་བྱ་བ་ཐམས་ཅད་ལ་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱེད་པ་ནི་ཆགས་སྡང་གི་དབང་དུ་མི་འཆོར་བའི་ཐབས་ཀྱི་རྒྱལ་པᨖ་ཡིན་པས་དེ་དྲན་པར་བྱས་ལ། བདེ་སྡུག་གང་ལའང་བླང་དོར་མེད་པར་བྱ་ཞིང་། ངེས་པར་དགོས་པ་རྣམས་ལ་དེ་གཉིས་ཀྱིས་ཟིན་པར་བྱས་ན། ཁམས་གསུམ་ཐམས་ཅད་ལ་བླང་དོར་གྱི་ཆགས་པ་དང་བྲལ་བའི་དགྲ་བཅོམ་པའམ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་ཡོང་བ་ལགས་སᨖ། །ལེགས་བཤད་འདི་སྦྱར་དགེ་བ་གང༌། །ཐོབ་པ་དེ་ནི་འགྲᨖ་བ་ཀུན། །ཁམས་གསུམ་ཀུན་ལ་ཆགས་བྲལ་ནས། ། ཐམས་ཅད་མཁྱེན་པ་མྱུར་ཐོབ་ཤོག །རྒྱལ་བ་ཀུན་ལ་མཆོད་དང་བསྟི་སྟང་བྱེད། །འདོད་པས་བྱང་སེམས་རྣམས་ལ་མཆོད་པར་བྱ། །དེས་ནི་རྒྱལ་བ་ཐམས་ཅད་མཉེས་པར་བྱས། །ཕྱོགས་བཅུའི་སེམས་ཅན་བཙོན་རར་བཅུག་ལས་བཏོན། །འཁᨖར་བསྒྱུར་ལ་བཀོད་དེ་བས་གང་ཞིག་གིས། །བྱང་སེམས་ལྟ་འདོད་དད་དང་བསྔགས་པ་བརྗོད། །དེ་ནི་དེ་བས་བསᨖད་ནམས་གྲངས་མེད་གསུངས། །གསུང་རབ་རྒྱ་མཚᨖ་མང་དུ་མཐོང་ཞིང་ཐོས༑ ༑འདི་ན་དམ་པ་རྣམས་ཀྱི་རྣམ་ཐར་དང༌། །ཐུགས་བཅུད་དམ་པའི་ཆོས་ཟབ་རབ་ཏུ་བསྒྲགས། །དལ་བའི་རྟེན་ལ་སྙིང་པᨖ་རྒྱ་ཆེར་བླངས། །སྐྱེ་བ་ཀུན་ཏུ་དམ་པ་ཐམས་ཅད་ཀྱིས། །འབྲལ་མེད་དགྱེས་ཤིང་རྗེས་སུ་བཟུང་བྱས་ཏེ། །བཀའ་བཞིན་སྒྲུབ་ལ་སྙིང་པᨖར་བྱེད་པ་དང༌། །བླ་མེད་བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག །ཅེས་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་ཐོག་མར་བློ་སྦྱོང་བ་ཆོས་ཀྱི་སྒོ་འབྱེད་ཅེས་བྱ་བ་འདི་ནི་རྗེ་རིན་པᨖ་ཆེ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་ ཡབ་སྲས་ཀྱི་ཞབས་རྡུལ་སྤྱི་བᨖས་ལེན་པའི་ཆོས་སྨྲ་བའི་བཙུན་པ་བློ་གྲᨖས་རྒྱལ་མཚན་དཔལ་བཟང་པᨖས་རྒྱ་མ་རིན་ཆེན་སྒང་གི་སྡེ་དགོན་ཆེན་པᨖར་སྦྱར་བ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པᨖ་འབྱུང་བར་གྱུར་ཅིག །དགེའོ།། །།