DNZ-03-GA-017

From Damngak Dzö
Revision as of 13:39, 31 January 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DNZ-03-GA-017

༄༅། །ཇོ་བᨖ་རྗེས་རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་པའི་རྣམ་པར་ཐར་པ་བཞུགས་སᨖ། །

རྒྱ་གར་སྐད་དུ། གུ་རུ་གུ་ཎ་དྷརྨཱ་ཀ་རཱ་ནཱ་མ། བᨖད་སྐད་དུ། བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ། བསྟན་པའི་རྩ་ལག་སྐྱེས་མཆོག་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྐྱེ་རྒུ་ཉོན་མᨖངས་ཚད་པས་གདུང་བ་ལ། །ཆོས་ཀྱི་དབྱིངས་ནས་བྱམས་པའི་སྤྲིན་བྱུང་སྟེ། །ཐུགས་རྗེའི་ཆར་གྱིས་གདུང་བ་སེལ་མཛད་པའི། ། ཆོས་ཀྱི་རྒྱལ་པᨖའི་ཞབས་ལ་གུས་བཏུད་དེ། །དེ་ཡི་རྣམ་ཐར་དྲི་མེད་རྒྱ་མཚᨖ་ལས། །སྒྲོ་སྐུར་ཚᨑག་གི་སྤྲོས་པ་མ་ཞུགས་པར། །རང་གི་བློ་གྲᨖས་རྩལ་དང་སྦྱར་བའི་ཕྱིར། ། ཆུ་ཐིགས་ཙམ་ཞིག་གུས་པས་བླང་གིས་ཉོན། །རྒྱ་གར་ཤར་ཕྱོགས་ཟ་ཧོར་ཡུལ་ཕྱོགས་ན། །བྷཾ་ག་ལ་ཞེས་བྱ་བའི་གྲᨖང་ཁྱེར་ཡོད། །དེ་ཡི་ས་བདག་ཆོས་ཀྱི་རྒྱལ་པᨖ་ནི༑ ༑དགེ་བ་དཔལ་ཞེས་རྒྱལ་སྲིད་བསᨖད་ནམས་འབར། །དེ་ཡི་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན། །མི་ཁྱིམ་འབུམ་ཕྲག་གཅིག་གིས་ཀུན་ནས་བསྐོར། །ཁྲུས་ཀྱི་རྫིང་བུ་ སྟོང་ཕྲག་ཉི་ཤུ་ལྔ། །སྐྱེད་མᨖས་ཚལ་རབ་བདུན་བརྒྱ་ཉི་ཤུས་བསྐོར། །ཏ་ལའི་ལྗོན་ཤིང་སྟོང་ཕྲག་ལྔ་བཅུ་དྲུག །འབངས་ཀྱི་སྐྱེ་བᨖ་འབུམ་ཕྲག་སུམ་ཅུ་ལྔ། །གྲᨖང་ཁྱེར་དེ་ལ་ར་བ་རིམ་པ་བདུན། །བར་གྱི་ཟོམ་པ་སུམ་བརྒྱ་དྲུག་ཅུ་གསུམ། །གསེར་གྱི་རྒྱལ་མཚན་སྟོང་ཕྲག་ཉི་ཤུ་ལྔ། །དབུས་ཀྱི་ཕོ་བྲང་རྒྱ་ཕིབས་བཅུ་གསུམ་པ། ། ལོངས་སྤྱོད་སྟོབས་འབྱོར་རྒྱ་ནག་སྟོང་འཁུན་ལྟར། །མངའ་རིས་ལྷ་དབང་བརྒྱ་བྱིན་ཉིད་དང་མཚུངས། །སྐྱེ་བᨖའི་འདུ་ཚᨖགས་གྲᨖང་ཁྱེར་སྤོས་ལྡན་འདྲ། །ཆོས་འབྱོར་རྒྱས་པ་ཆོས་འཕགས་ཉིད་དང་མཚུངས། །ཆོས་ཀྱི་རྒྱལ་པᨖ་དེ་ཡི་བཙུན་མᨖ་ནི། །དཔལ་མᨖ་འོད་ཟེར་ཅན་ཏེ་ལྷ་མᨖ་འདྲ། །ངོ་ཚ་ཁྲེལ་ཡོད་མཛེས་པའི་འོད་ཆགས་མ། །དཀོན་མཆོག་གསུམ་མཆོད་སྐྱེ་བᨖ་ཡོངས་ཀྱི་མ། །ལྷ་མᨖ་དེ་ལ་སྲས་གསུམ་འཁྲུངས་པ་ནི། །དཔལ་དང་ཟླ་བ་པདྨའི་སྙིང་པᨖ་སྟེ། །གསུམ་གྱི་རྣམ་བཞག་དེ་ནི་ཟུར་ཙམ་ལགས། ། ཆུང་ཤོས་ཟླ་བའི་སྙིང་པᨖར་གྲགས་པ་དེ། །དེང་སང་བདག་གི་བླ་མ་དམ་པ་ཡིན། །སྐལ་པ་བཟང་པᨖ་ཡུམ་ལ་བལྟམས་པའི་ཚེ། །རྒྱལ་པᨖའི་ཁབ་ཏུ་མེ་ཏོག་ཆར་པ་བབས། །ནམ་མཁའི་མཐོང་རྣམས་འཇའ་ཚᨖན་གུར་གྱིས་གཏམས། །ལྷ་ཡི་གླུ་དབྱངས་སྐྱེ་བᨖ་ཡོངས་ཀྱིས་ཐོས། །ཐམས་ཅད་དགའ་ཞིང་དག་པའི་སྣང་བ་ཐོབ། །ཟླ་བ་བཅོ་བརྒྱད་བར་དུ་ཁབ་གནས་སུ། །མ་མ་བརྒྱད་ཀྱིས་བཀུར་བསྟི་མཆོད་པས་བསྐྱངས། །དེ་ནས་ཕོ་བྲང་དེ་ཡི་བྱང་ཕྱོགས་ན། །བི་ཀྲ་མ་ལ་པུ་རི་ཅེས་པ་ཡོད། །གནས་དེར་བདེ་གཤེགས་མཆོད་པ་བྱེད་པ་ལ། །ཡབ་ཡུམ་བློན་འབངས་ཤིང་རྟ་ལྔ་བརྒྱར་བཅས། །ཁྱེའུ་བུ་མᨖ་མཛེས་པའི་ཆས་ཀྱིས་སྤྲས། །རོལ་མᨖ་མཁན་པᨖ་བརྒྱ་ཕྲག་དུ་མས་བསྐོར། །རིན་ཆེན་མཆོད་རྫས་དཔག་ཏུ་མེད་པ་བསྣམས། །གླུ་སྐད་ལེན་ཅིང་ལམ་དུ་ཞུགས་པ་ན། །བླ་མ་འདི་ནི་ལོ་གསུམ་ལོན་འདྲ་བའི། །གཟུགས་བཟང་བཞིན་མཛེས་བལྟ་བས་མི་ངོམས་ཤིང༌། །དབུ་རྒྱན་ལ་སᨖགས་ལྷ་ཡི་རྒྱན་ཆས་སྤྲས། །པཉྩ་ལི་ཀའི་གོས་གསᨖལ་རྒྱལ་པᨖས་བསྣམས། །སྐྱེ་བᨖ་རྣམས་ཀྱིས་ལྷ་དེ་མཐོང་བ་དང༌། །དགའ་བས་དབུགས་འབྱིན་བདེ་བའི་དཔལ་དང་ལྡན། །ཆགས་པས་བལྟ་ཞིང་འབྲལ་བར་མི་ཕོད་སྐད། །དེ་ནས་མཐོང་བའི་སྐྱེ་བᨖས་འདི་སྐད་དུ། །ཁྱོད་ཉིད་འཁྲུངས་ནས་མེ་ཏོག་ཆར་པ་བབས། །ཉི་མས་གུར་ཕུབ་སྙན་པའི་སྒྲ་དབྱངས་ཐོས། །ནམ་ཞིག་མཐོང་ཞེས་ཡིད་སྨོན་ཤེས་པ་འཆོར། །ད་ནི་མཐོང་ངོ་ཡ་མཚན་ལྟད་མᨖ་ཆེ། །དེ་ནས་ རྒྱལ་བུ་དམ་པས་ཚᨑག་སྨྲས་པ། །ཕ་མ་སྐྱེ་བᨖ་འདི་དག་སུ་ཞིག་ཡིན། །ཡབ་ཡུམ་གཉིས་ཀྱིས་སྨྲས་པ། སྐྱེ་བᨖ་འདི་རྣམས་ཁྱོད་ཀྱི་འབངས་འཁᨖར་ཡིན། །རྒྱལ་བུ་དམ་པས་དེ་ལ་ལན་སྨྲས་པ། །འདི་དག་བདག་བཞིན་ཕ་མ་ཕུན་ཚᨖགས་ཤིང༌། །རྒྱལ་སྲིད་མངའ་ཐང་བསᨖད་ནམས་འབར་བ་ཡིས། །མི་དབང་སྲས་ཀྱི་ཐུ་བᨖར་རབ་བསྐྲུན་ཏེ། །ཐམས་ཅད་དམ་པའི་ཆོས་ཀྱིས་འཚᨖ་བར་ཤོག །དེ་ནས་ཀ་མ་ལ་ཡི་གཙུག་ལག་ཏུ། །འཁᨖར་དང་བཅས་པ་ལེགས་པར་སླེབས་པ་དང༌། །རྒྱལ་བུས་དཀོན་མཆོག་རྟེན་ལ་ཕྱག་འཚལ་ཞིང༌། །སྙན་པས་བསྟོད་དབྱངས་འདི་སྐད་བརྗོད་གྱུར་ཏེ། །བདག་ནི་དལ་འབྱོར་མི་དབང་ལུས་ཐོབ་ཅིང༌། །སྐྱོན་མེད་དབང་པᨖ་དཀོན་མཆོག་གསུམ་འབྲང་ཞིང༌། །རྟག་ཏུ་གུས་པས་དཀོན་མཆོག་སྤྱི་བᨖར་བླངས། །དེ་རིང་ཉིད་ནས་སྐྱབས་གནས་མཛད་དུ་གསᨖལ། །ཞེས་གསུངས་པ་དང་། དེ་ནས་ཡབ་ཡུམ་བློན་འབངས་ཐམས་ཅད་དང༌། །དགེ་སློང་མང་པᨖས་རྒྱལ་བུའི་ཚᨑག་དེ་ཐོས། །ཤིན་ཏུ་དགའ་ཞིང་ཡ་མཚན་སྐྱེས་པར་གྱུར། །ཐམས་ཅད་མཐུན་པར་དམ་པར་ཁ་ཚᨖན་བཅད། །དེ་ནས་རྒྱལ་པᨖ་ཡབ་ཡུམ་འཁᨖར་བཅས་ཀྱིས། །བསྙེན་བཀུར་མཆོད་ཡོན་བསᨖད་ནམས་བསགས་གྱུར་ཏེ། ། བདག་ཅག་ཚེ་རབས་དག་ནས་ཚེ་རབས་སུ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་དང༌། །དགེ་འདུན་བཀུར་སྟི་དམ་ཆོས་བསྟན་པར་ཤོག །ཉོན་མᨖངས་གདུང་སེལ་རང་དབང་ཡོད་པར་ཤོག །སྨོན་ལམ་འདེབས་པའི་ ཚᨑག་དེ་ཐོས་པ་དང༌། །རྒྱལ་པᨖ་ཡབ་ཡུམ་བདག་ལ་ལྟ་བཞིན་དུ། །ནམ་ཡང་ཁྱིམ་པའི་ཆོས་ཀྱིས་མ་བཅིངས་པར། །དགེ་འདུན་དབུས་སུ་ཆོས་སྦྱོར་ཐོབ་པ་དང༌། །ང་རྒྱལ་མེད་ཅིང་དཀོན་མཆོག་མཆོད་བྱེད་ཅིང༌། །སྐྱེ་བᨖ་ཡོངས་ལ་སྙིང་རྗེས་བལྟ་བར་ཤོག །རྒྱལ་བུའི་གསུང་དེ་ཀུན་གྱིས་ཐོས་པ་དང༌། །ཡབ་ཡུམ་ལ་སᨖགས་ཡ་མཚན་སྐྱེས་པར་གྱུར། །དེ་ནི་བླ་མའི་ཆོས་ཀྱི་ཐོག་མ་ཡིན། །དེ་ནས་རྒྱལ་བུས་ལོ་གསུམ་ལོན་པ་ན། །རྩིས་དང་ཡི་གེ་སྒྲ་ལ་མཁས་པར་གྱུར། །དེ་ནས་རྒྱལ་བུ་ལོ་དྲུག་ལོན་པ་ན། །ཕྱི་ནང་གཉིས་ཀྱི་བྱེ་བྲག་ཕྱེད་པར་གྱུར། །དེ་ནས་བཟུང་སྟེ་དགུང་ལོ་བཅུ་ཡི་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲᨖ་བ་དང༌། །བསྙེན་གནས་བསྲུང་ཞིང་སྦྱིན་པ་གཏོང་བ་དང༌། །གཙུག་ལག་ལྟ་ཞིང་ཁ་ཏོན་བྱེད་པ་དང༌། །གསᨖལ་བ་འདེབས་ཤིང་དམ་པ་འཚᨖལ་བ་དང༌། །ཕ་མ་བཀུར་ཞིང་ཞེ་སས་མཆོད་པ་དང༌། །གླུ་གར་ཐམས་ཅད་ཆོས་ལ་རྩེ་བ་དང༌། །ཆོས་པ་མཐོང་ན་རྒྱང་ནས་བསུ་བ་དང༌། །འཁᨖར་ལ་ལྟ་ཞིང་སྙིང་རྗེས་སྐྱོང་བ་དང༌། །འཇིག་རྟེན་མགོན་མེད་སྐྱོང་བ་ལ་སᨖགས་པ། །དམ་པའི་སྤྱོད་པ་དཔག་ཏུ་མེད་པ་མཛད། །རྒྱལ་བུ་དགུང་ལོ་བཅུ་གཅིག་ལོན་པ་ན། །ཕ་བཟང་བུ་མᨖ་ཉི་ཤུ་རྩ་གཉིས་ཙམ། །བློན་འབངས་རྣམས་ཀྱིས་གཉེན་དུ་གསᨖལ་བ་ལ། །ཡབ་ཡུམ་གཉིས་ཀྱང་དེ་ལ་བྱ་དགའ་སྟེར། །ཉིན་གཅིག་རྒྱལ་པᨖས་བློན་པᨖ་རྣམས་བསྡུས་ནས། །ནང་པར་ཤིང་རྟ་བཅུ་གསུམ་ལེགས་པར་ཆོས། །ཀུན་ལ་ མཛེས་པའི་རྒྱན་ཆ་དུ་མ་གྱིས། །དབུས་སུ་ལྷག་པར་མཛེས་ཤིང་བཙུན་པ་ཡི། །སྟེང་ན་རྨ་བྱའི་གདུགས་ཕུབ་བསིལ་ཡབ་བསྟེན། །དབུས་སུ་རིན་ཆེན་ཁྲི་སྟེགས་མཛེས་པ་ལ། །དར་ཟབ་གོས་སྟེང་ཟླ་བའི་སྙིང་པᨖ་བཞག །ཤིང་རྟ་བཅུ་གཉིས་རྒྱན་གྱིས་སྤྲས་པ་ལ། །བློན་པᨖ་ཐམས་ཅད་མཛེས་པའི་ཆས་སུ་ཞུགས། །དགའ་བའི་གླུ་ལེན་རོལ་མᨖ་དུ་མ་གྱིས། །ཤིང་རྟ་དཀར་པᨖ་གསུམ་གྱིས་སྣ་དྲངས་ལ། །ཤིང་རྟ་དམར་པᨖ་གསུམ་གྱིས་མཇུག་ནས་བསྟེན། །ཤིང་རྟ་སེར་པᨖ་གསུམ་གྱིས་གཡས་བརྟེན་ལ། །ཤིང་རྟ་ལྗང་གུ་གསུམ་གྱིས་གཡོན་ནས་བརྟེན། །ཤིང་རྟ་རེ་རེར་ཁྱེའུ་ལྔ་བརྒྱ་བཞུགས། །ཕྱོགས་ཕྱོགས་ཁ་དོག་མཐུན་པར་ལྷ་རྒྱན་བརྟེན། །རྒྱལ་བུའི་ཤིང་རྟ་ཁ་དོག་སྣ་ལྔ་ལ། །ཟུར་བཞིར་རྨ་བྱ་མཇིང་བསྣོལ་མཛེས་པར་གྱིས། །ཕྱོགས་ནས་མཆོད་པའི་ལྷ་མᨖས་ཀུན་ནས་བསྐོར། །འཁᨖར་རྣམས་པི་ཝཾ་གླིང་བུ་རྫ་རྔ་དང༌། །སིལ་སྙན་ལ་སᨖགས་མཛེས་པའི་སྒྲ་འབྱིན་ཞིང༌། །སྐྱེ་བᨖའི་ཡིད་དབང་འཕྲོག་པས་ཀུན་ནས་བསྐོར། །དེ་ནས་གྲᨖང་ཁྱེར་ཆེན་པᨖའི་མཐའ་ལོགས་སུ། །སྐྱེད་མᨖས་ཚལ་རབ་ཤིན་ཏུ་ཉམས་དགའ་བར། །ལྟ་བའི་རྩེད་མᨖས་སྐྱེ་བᨖ་དབང་དུ་སྡུད། །དེ་ཡི་ཡུན་ཀྱང་ཟླ་བ་ཕྱེད་ཀྱི་བར། །སྐྱེ་བᨖ་ཐམས་ཅད་དགའ་བས་ཆགས་པར་གྱིས། །དེ་ནས་སྐྱེ་བᨖ་ཡོངས་ཀྱིས་ཁྲོམ་བསྐོར་ལ། །རྒྱལ་བུ་མཉེས་པའི་བུ་མᨖ་སྟ་གོན་གྱིས། །བློན་པᨖ་དག་གིས་བུ་མᨖ་མཐོང་བ་དང༌། །ཕྱོགས་སུ་བཀའ་བསྒོ་དམ་བཞག་བརྟེན་པར་གྱིས། ། རྒྱལ་པᨖ་ཆེན་པᨖས་དེ་ལྟར་བགོ་བ་དང༌། །ཉི་མ་བདུན་ལ་བློན་པᨖ་ཐམས་ཅད་ཀྱིས། །ཤིང་རྟ་བཅུ་གསུམ་བྱས་ཤིང་རྒྱན་གྱིས་སྤྲས། །རྒྱལ་བུ་ཤིང་རྟའི་དབུས་སུ་རྒྱན་གྱིས་སྤྲས། །ཤིང་རྟ་བཅུ་གཉིས་རོལ་མᨖ་མཁན་པᨖ་ཡིས། ། གང་ཞིང་རོལ་མᨖ་རྣམ་པ་སྣ་ཚᨖགས་བྱས། །དེ་ནས་གྲᨖང་ཁྱེར་ཆེན་པᨖའི་མཐའ་ལོགས་དང༌། །བཞི་མདོ་རྣམས་དང་སྐྱེད་མᨖས་ཚལ་རབ་དང༌། །སྐྱེ་བᨖའི་ཡིད་དབང་འཛᨑན་པའི་རྩེད་མᨖ་བྱས། །དེ་ཡི་ཕྱོགས་དང་གྲᨖང་ཁྱེར་ཐམས་ཅད་དུ། །ཟླ་བའི་སྙིང་པᨖ་འཁᨖར་ཚᨖགས་ཉིས་སྟོང་དང༌། །ལྔ་བརྒྱར་བཅས་ཤིང་ཤིང་རྟའི་ནང་དུ་ཞུགས། །གྲᨖང་ཁྱེར་མཐའ་ལོགས་པདྨའི་ཚལ་རབ་དང༌། །བཞི་མདོ་བཞི་མདོ་ཀུན་ནས་ཡོད་པ་ན། །འཁᨖར་ལོས་སྒྱུར་རྒྱལ་ལྟ་བུ་སྐྱེ་བᨖ་བསྡུ། །ཐམས་ཅད་དེར་འགྲᨖ་སྤྲུལ་པའི་སྐུ་དེར་བལྟ། །འོད་ཟེར་ལྷ་མᨖ་ལ་སᨖགས་བུ་མᨖའི་ཚᨖགས། །རིགས་ཀྱི་ཚ་བᨖ་དེ་ཡི་གྲངས་གཉེན་པ། །ཀུན་ཀྱང་བལྟ་ཕྱིར་ཕྱོགས་དེར་འགྲᨖའོ་ཞེས། །སྐྱེ་བᨖའི་ཚᨖགས་རྣམས་ལྟས་མᨖར་འདུས་པ་ན། །རྒྱལ་པᨖ་བསᨖད་ནམས་འཛᨑན་གྱི་བུ་མᨖ་དང༌། །རྒྱལ་པᨖ་མུ་ཁྱུད་འཛᨑན་གྱི་བུ་མᨖ་དང༌། །རྒྱལ་པᨖ་ཆུ་བདག་འཛᨑན་གྱི་བུ་མᨖ་དང༌། །རྒྱལ་པᨖ་གཏུམ་པᨖ་ལ་ཡི་བུ་མᨖ་སᨖགས། །རིགས་གཟུགས་ལོངས་སྤྱོད་དཔུང་གིས་རྒྱལ་བ་ཡིས། །ཉི་ཤུ་རྩ་གཉིས་གཉེན་ཁར་སླེབ་པ་ཡང༌། །ཤིང་རྟ་རེ་ན་བུ་མᨖ་བདུན་བདུན་ཏེ། །བུ་མᨖ་རེ་ལ་གཡོག་མᨖ་བདུན་བདུན་ཞིང༌། །ཤིང་རྟ་ཉི་ཤུ་རྩ་གཉིས་མཛེས་པ་ཡང༌། །རྒྱན་ཆ་སྣ་ཚᨖགས་རྒྱན་རབ་རབ་སྤྲས་ཏེ། ། སྙན་པའི་སྒྲ་འབྱིན་དགའ་བའི་སེམས་ཀྱིས་འོང༌། །ཐམས་ཅད་ལྷ་ཡི་བུ་མᨖ་འཁᨖད་པ་ལྟར། །རྒྱལ་བུས་མཐོང་བས་ཆགས་པའི་མིག་གིས་བཏུང༌། །ཀུན་ནས་ཆགས་ཤིང་ལུས་ཀྱི་བ་སྤུ་གཡོ། །དེ་ཚེ་མཁའ་འགྲᨖ་མ་ཡི་སྤྲུལ་པ་ཞིག །བུ་མᨖ་སྔོ་སངས་གཅིག་ཏུ་སྐུ་སྤྲུལ་ཏེ། །གླུ་དབྱངས་ཚᨑག་གིས་བསྐུལ་བ་འདི་སྐད་དོ། །ལྷ་གཅིག་མ་ཆགས་མ་ཆགས་སྐལ་བ་ཅན། །འདམ་བུའི་ཚལ་དུ་གླང་པᨖ་བྱིང་བ་ལྟར། །འདོད་པའི་འདམ་འདིར་དཔའ་བᨖ་ཁྱོད་བྱིང་ན། །ཚུལ་ཁྲིམས་གོས་ཅན་བསྣུབ་པར་མ་གྱུར་ཏམ། །སྐྱེ་བ་ལྔ་བརྒྱ་ལྔ་བཅུ་རྩ་གཉིས་སུ། །པཎ་ཆེན་དགེ་སློང་གཙང་མའི་ལུས་བླངས་ནས། །པདྨའི་མཚᨖ་ལ་ངང་པ་འཇུག་པ་ལྟར། །ཁྱོད་ནི་ཚེ་འདིར་རབ་ཏུ་འབྱུང་འགྱུར་ལགས། །གྲᨖང་ཁྱེར་གནས་ན་བུ་མᨖ་བྱི་དོར་ཅན། །ཚུལ་ཁྲིམས་མདངས་འཕྲོག་བདུད་ཀྱི་ཕོ་ཉ་མᨖ། །དགའ་དགའ་ལྟ་བུར་ཁྱོད་ལ་བསླུ་བྲིད་བྱེད། །ཤེས་པར་གྱིས་ཤིག་རྒྱལ་བུ་གཟུགས་མཛེས་པᨖ། །ཟླ་བ་ཞུན་མ་མཚᨖ་ལ་གསལ་བ་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད་པའི་སྐུ། །ཟུར་ཕུད་ལྔ་པ་ལྷ་ཡི་རྒྱན་ཆ་ཅན། །རབ་མཛེས་སྐྱེ་བᨖ་ཡོངས་ཀྱི་ཡིད་འཕྲོག་པᨖ། །རྙེད་དཀའ་དལ་འབྱོར་རིན་ཆེན་ཐོབ་དུས་སུ། །ཐོས་བསམ་སྒོམ་པས་མི་ཚེ་འདའ་དགོས་པས། །བདག་རྐྱེན་དགེ་བའི་བཤེས་གཉེན་མི་ཟད་པ། །ཐེ་ཚᨖམ་གཅད་ཕྱིར་རབ་ཏུ་བསྟེན་འཚལ་ལོ། །མཁའ་འགྲᨖ་མ་དེས་འདི་སྐད་སྨྲས་པ་དང༌། །རྒྱལ་བུ་འཛུམ་པའི་མདངས་ཕྱུང་ལན་སྨྲས་པ། །ལེགས་སᨖ་ ལེགས་སᨖ་ཤིན་ཏུ་ལེགས། །ཤེས་རབ་སྲས་པᨖ་ནགས་ཀྱི་ནང་ན་བདེ། །རྨ་བྱའི་བདེ་སྐྱིད་བཙན་དུག་ནགས་ན་ཡོད། །གོམས་པའི་སྟོབས་ཀྱིས་ངང་པ་མཚᨖ་ན་བདེ། །བྱ་རོག་མི་གཙང་ཁྲོད་དུ་འཇུག་པ་ལྟར། །པདྨའི་ཚལ་དུ་དེ་ལྟར་ག་ལ་ཡིན། །ཐ་མལ་གྲᨖང་གི་གནས་སུ་ཕེབས་པ་ལྟར། །རིགས་ལྡན་བདག་ནི་དེ་ལྟར་ག་ལ་ཡིན། །སྔོན་ཚེ་རྒྱལ་བུ་དོན་རྣམས་གྲུབ་པ་དེས། །ཟས་གཙང་རྒྱལ་པᨖའི་རྒྱལ་སྲིད་དཔལ་འབྱོར་ལ། །མི་གཙང་འདམ་བུ་བཞིན་དུ་རབ་སྐྱོ་ནས། །བཙུན་མᨖ་དྲུག་ཁྲི་སྤངས་ནས་ཐར་པ་སྒྲུབ། །ཐུབ་དབང་འཇིག་རྟེན་ལྷ་དང་བཅས་པ་ཡི། །ཀུན་ནས་བསྔགས་པར་གྱུར་ཅིང་མཆོད་བྱེད་ན། །མཚན་དང་དཔེ་བྱད་འབར་བའི་ཆོས་རྒྱལ་དེས། །མཛད་པ་བཅུ་གཉིས་ཚུལ་གྱིས་བྱང་ཆུབ་བརྙེས། །ཁᨖ་བᨖ་ཅི་སྟེ་རྒྱལ་སྲིད་མ་སྤངས་པར། །འདོད་པའི་འདམ་འདིར་ཆགས་པ་འཕེལ་བར་བྱེད། །གྲᨖགས་རྣམས་ཐམས་ཅད་བདུད་ཀྱི་བསླུ་བྲིད་ཡིན། །འདོད་ཡོན་ཐམས་ཅད་ལན་ཚྭའི་ཆུ་བᨖར་ཤེས། །ང་ནི་མཁས་པའི་བླ་མ་མང་འཚᨖལ་ཞིང༌། །ལུས་འདིས་བྱང་ཆུབ་མཆོག་རབ་བསྒྲུབ་པར་བགྱི། །འདོད་ཡོན་དག་ལ་རྩེ་དགའ་བག་ཕེབས་ཀྱང༌། །ཆུ་ཟླ་ལྟ་བུར་སྙིང་པᨖ་མི་གདའ་ལགས། །བྲག་ཆ་ལྟ་བུར་བརྗོད་བྱ་མི་གདའ་ལགས། །སྤྲུལ་པ་ལྟ་བུར་ངོས་བཟུང་མི་གདའ་ལགས། །གཟུགས་བརྙན་ལྟ་བུར་རང་ཚུགས་མི་གདའ་ལགས། །ཉོན་མᨖངས་ཀུན་གཞིའི་རྒྱ་མཚᨖ་ཡངས་པ་འདིར། །སྐྱེ་རྒ་ན་འཆིའི་ཆུ་བᨖ་རྒྱུན་དུ་འབབ། ། སྔོན་ཆད་ངན་སᨖང་ལས་ཀྱིས་དབང་མེད་ན། །དེང་སང་ཕུན་སུམ་ཚᨖགས་ཚེ་ཅིས་མི་འཚᨖལ། །ད་ནི་འཁᨖར་བ་སྤྱི་ལ་ངེས་བསམས་ནས། །བླ་མ་བསྟེན་ནས་དམ་པའི་ཆོས་ལ་སྤྱོད། །རྒྱལ་བུའི་ཆོས་ཀྱི་གསུང་དེ་ཐོས་པ་དང༌། །གྲᨖང་ཁྱེར་བ་ཡི་སྐྱེ་བᨖ་ཐམས་ཅད་ཀྱང༌། །བརྗོད་ཚུལ་འདི་ཡིས་རྒྱལ་སྲིད་ཅང་འཛᨑན་ནམ། །འཛᨑན་ཀྱང་ཆོས་ཀྱི་རྒྱལ་པᨖར་ཐེ་ཚᨖམ་མེད། །གཞན་དུ་མཁས་གྲུབ་བླ་མ་རབ་བསྟེན་ཞིང༌། །ཤཱཀྱའི་རྒྱལ་པᨖའི་རྒྱལ་སྲིད་འཛᨑན་འཛᨑན་འདྲ། །ངོ་མཚར་ཆེའོ་ཞེས་པའི་སྒྲ་ཡང་སྒྲོགས། །ལྷག་པར་ཆགས་ཤིང་བསྐོར་ནས་ཡང་ཡང་བལྟ། །རིགས་བཟང་གཉེན་དུ་བསྒྲིགས་པའི་བུ་མᨖ་ཡང༌། །མཐོང་བས་དགའ་ཡང་གསུང་དེས་མྱ་ངན་གྱུར། །ཕ་མའི་དྲུང་དུ་ཕྱིན་ནས་འདི་སྐད་དུ། །རྒྱལ་བུ་དམ་པ་འཁᨖར་བས་སྐྱོ་ཞེས་གདའ། །རྒྱལ་སྲིད་སྤངས་ནས་རབ་ཏུ་བྱོན་ཞེས་གདའ། །དོན་གྲུབ་གཞོན་ནུ་བཙུན་མᨖ་འདོར་ཞེས་གདའ། །འཁᨖར་གྱི་ཚᨖགས་ལ་ཆགས་པར་མ་གྱུར་སྐད༑ ༑ད་ནི་ཡབ་ཡུམ་འཁᨖར་དང་བཅས་པ་ཡིས། །མྱུར་དུ་རྒྱལ་པᨖའི་ཕོ་བྲང་འཁᨖར་དུ་བརྫངས། །རྒྱལ་བུ་ཆགས་པའི་བྱ་བ་སྣ་ཚᨖགས་ཀྱིས། །ནོར་དང་ལོངས་སྤྱོད་དུ་མས་སེམས་གཟུང་ཞེས། །བུ་མᨖ་བདག་གིས་ཕ་མ་རྣམས་ལ་བསྐུལ། །ཕན་ཚུན་ཕ་མ་བློན་འབངས་བཅས་པ་ཡིས། །བརྩོན་པ་བསྐྱེད་དེ་རྒྱལ་བུ་ཉམས་དགའ་བའི། །གླུ་གར་བྱེད་ཅིང་བུ་མᨖ་དག་ཀྱང་བསྡུས། །ཀུན་ནས་ཁབ་ཏུ་འབྱུང་བར་ཉེ་བ་ན། །རྒྱལ་བུས་རྟ་པ་བརྒྱ་དང་སུམ་ ཅུར་བཅས། །དམག་གི་ཆས་ཞུགས་རི་བྲག་བསྐོར་བ་ན། །རི་བྲག་ཞིག་ན་བྲམ་ཟེ་ཛེ་ཏཱ་རི། །བྲམ་ཟེའི་ཆས་ཀྱིས་སྙན་ངག་སྒྲ་འབྱིན་ཞིང༌། །གཙང་མའི་ཆས་ཀྱིས་དྲང་སྲོང་སྤྱི་བᨖས་ལེན། །ཉོན་མᨖངས་དགྲ་ལས་རྣམ་པར་རྒྱལ་བ་མཐོང༌། །རྒྱལ་བུས་ཆིབས་ཀྱི་སྟེང་ནས་མ་གཞོལ་བར། །དྲང་སྲོང་དེ་ལ་ཚᨑག་ནི་འདི་སྐད་ཞུས། །དབེན་པའི་ཁྲོད་ན་དཀའ་ཐུབ་ལུས་ཅན་ཁྱོད། །གཙང་མའི་ཚུལ་གྱིས་དག་པའི་འཚᨖ་བ་ཟ། །འདོད་ཡོན་སྤངས་ཏེ་དྲང་སྲོང་བཀུར་བ་ལས། །ཡོན་ཏན་རྣམ་པ་གང་ཞིག་ཐོབ་པ་ལགས། །ཞེས་སྨྲས་པ་དང༌། བྲམ་ཟེས་མིག་ཀྱང་བལྟ་བར་མི་བྱེད་པར། །རྒྱལ་བུའི་ལན་དུ་འདི་སྐད་བླན་པར་དགོངས། །ནམ་གཞུག་འཆད་ཀའི་མེ་ཏོག་ལྡུམ་ར་ལྟར། །རྒྱལ་པᨖས་བྲམ་ཟེའི་དཔལ་འབྱོར་བཀུག་གྱུར་ཀྱང༌། །ལས་ཀྱི་དབང་གིས་ངན་འགྲᨖར་འཕེན་པ་ལ། །ཕྱི་ཐག་སྙིང་པᨖ་མཆིས་ནས་གནས་འདིར་བསྡད། །བ་གླང་ཁྱི་ཕག་ལྟ་བུའི་བརྟུལ་ཞུགས་ཀྱིས། །མི་གཙང་འདམ་བུའི་སྲིན་བུར་སྐྱེས་དོགས་ནས། །དཀའ་ཐུབ་སྤྱོད་ཅིང་གཙང་སྦྲས་ནགས་འདི་བརྟེན། །སྒྱུ་མའི་ནོར་ལ་སྙིང་པᨖ་མ་མཐོང་ནས། །ཕ་རོལ་བསམ་ཞིང་དྲང་སྲོང་སྤྱི་བᨖས་བླངས། །རྒྱལ་བུས་བྲམ་ཟེའི་ཚᨑག་དེ་ཐོས་པ་དང༌། །ཁ་ཚᨖད་བལྟ་ཕྱིར་ཚᨑག་གིས་ལན་སྨྲས་པ། །དགེ་སྦྱོང་རྣམས་ནི་ང་རྒྱལ་གཞན་བས་ཆེ། །ས་ཡི་བདག་པᨖ་འོང་ཚེ་ཅིས་མི་ལྡང༌། །བྲམ་ཟེ་ཆེན་པᨖས་ཚᨑག་གིས་ལན་སྨྲས་པ། །ས་བདག་སུ་ཞིག་ཁྱོད་ནི་གང་ནས་འོང་། །དགྲ་བཤེས་མེད་ཕྱིར་ ཁྱོད་ནི་མ་ཤེས་སᨖ། །ང་ལ་ནོར་མེད་ནགས་ཁྲོད་དག་ན་བདེ། །ལུས་སྲོག་འདི་ལ་དགྲ་བᨖ་འཆི་བདག་ཡིན། །ང་རྒྱལ་མེད་ཕྱིར་བདག་གིས་འདུ་འཛᨑ་སྤངས། །བྲམ་ཟེའི་ཚᨑག་དེ་ཐོས་ནས་ལན་སྨྲས་པ། །ང་ནི་གསེར་གྱི་རྒྱལ་མཚན་ཅན་ནས་འོང་། །ང་ནི་མི་གྲལ་ནས་བུད་ཁྲིམས་ལས་འདས། །ང་ལ་དཔᨖན་མེད་གཡོག་མེད་ངོ་བསྲུང་མེད། །ཅེས་པའི་ལན་དུ། ས་བདག་འཇིག་རྟེན་ཕ་རོལ་འགྲᨖ་བའི་ཚེ། །རྟ་མེད་གྲᨖགས་མེད་རྐང་ཐང་གཅིག་པུར་རྒྱུ། །ལྟོ་མེད་གོས་མེད་གཅིག་པུར་བར་དོར་འཁྱམས། །གནས་མེད་ཡུལ་མེད་རྒྱུས་མེད་ཤུལ་ཐག་རིང༌། །རྒྱལ་པᨖའི་བུ་ཡང་ནམ་གཞུག་མ་མཆིས་པས། །དོན་དེས་བདག་ནི་ནགས་འདིར་དབེན་པ་ལགས། །ཞེས་པ་དང༌༑ རྒྱལ་བུས་བྲམ་ཟེའི་ཚᨑག་དེ་གསན་གྱུར་ནས། །ཆིབས་ལས་གཞོལ་ཏེ་འཁᨖར་གསུམ་དྲུང་དུ་ཕུལ། །གུས་པས་ཐལ་མᨖ་སྦྱར་ཏེ་གསᨖལ་བ་ནི། །མཁས་པ་ཁྱོད་ཀྱི་སྐྱོན་ཡོན་བརྟགས་པའི་ཕྱིར། །ང་རྒྱལ་ལྟ་བུར་དྲེགས་པའི་ཚᨑག་དེ་སྨྲས། །གང་ཡང་བདག་གིས་ཉིན་མཚན་དུས་དྲུག་ཏུ། །འཁᨖར་བའི་སྐྱོན་བསམ་ངེས་པར་ཡིད་དབྱུང་སྟེ། །རྒྱལ་སྲིད་སྤངས་ཏེ་ཐར་པར་འབྱུང་འདོད་ན། །བྲམ་ཟེ་ཁྱེད་ཀྱིས་བདག་ལ་གཟུང་དུ་གསᨖལ། །ཞེས་པ་དང༌། བྲམ་ཟེ་ཆེན་པᨖས་དེ་ལ་ལན་སྨྲས་པ། །ཚུར་ཤོག་ང་རྒྱལ་རླུང་གིས་མ་དཀྲུགས་པར། །བསྟན་པའི་བདག་པᨖར་བྱིན་གྱིས་བརླབ་ཀྱིས་ཤོག །གསུངས་ནས། དཀོན་མཆོག་གསུམ་གྱིས་བྱིན་བརླབས་སེམས་བསྐྱེད་གནང༌། ། རྒྱལ་བུ་ཡར་བཞེངས་སླར་ཡང་མི་རྟ་རྣམས། །སྐྱབས་འགྲᨖ་སེམས་བསྐྱེད་ཡོན་དུ་རྗེ་ལ་ཕུལ། །རྒྱལ་བུའི་ཚᨖགས་རྣམས་ཡོངས་སུ་རྫོགས་བྱའི་ཕྱིར། །རེ་ཞིག་བླངས་ནས་གདམས་ངག་འདི་སྐད་གསུངས། །རྒྱལ་བུ་རེ་ཞིག་རྟོག་དཔྱོད་མ་བཏང་བའི། །ཚེ་འདིའི་ཆེ་ཐབས་འདྲེ་རྐྱེན་དག་ཀྱང་བྱེད། །རང་དོན་ཙམ་ཞིག་ཁྲ་དང་སྤྱང་ཀིའང་བྱེད། །རང་སངས་རྒྱས་ཀྱང་བླ་མེད་ག་ལ་སྒྲུབ། །ལྟོ་འགྲངས་ཙམ་ཞིག་བྲན་གྱི་ཚᨖགས་ཀྱང་ཟ། །སྐྱེ་བ་གཏན་དུ་རྒྱལ་པᨖ་ག་ལ་འགྲངས། །རྒྱལ་བུ་སྙིང་རུས་སེམས་ལ་བརྟེན་འཚལ་ལོ། །རྒྱལ་སྲིད་སྤངས་ཏེ་ཐར་པ་བསྒྲུབ་འཚལ་ལོ། །སླར་ཡང་རྒྱལ་བུ་དམ་པས་སླར་གསᨖལ་པ། །བླ་མ་ང་ནི་རྒྱལ་པᨖའི་ཕོ་བྲང་ན། །བཟང་བརྩོན་དར་གྱི་བཅུད་མᨖས་ལེགས་བསྡམས་ལྟར། །དང་པᨖ་ཉོན་མᨖངས་ལས་ཀྱིས་གཉེན་འཐོམས་ཤིང༌། །ཐམས་ཅད་དགའ་དགའ་ལྟ་བུའི་བསླུ་སྲིད་ཀྱིས། །ཁᨖ་བᨖ་སྲིད་པའི་འདམ་དུ་བྱིང་གིན་ཡོད། །ང་ནི་རྒྱལ་པᨖས་མནར་བར་མི་ནུས་པར༑ ༑བླ་མ་ཁྱོད་ཀྱིས་བྱིན་གྱིས་བརླབ་ཏུ་གསᨖལ། །ཞེས་པ་དང༌། དེ་ལ་བྲམ་ཟེ་ཆེན་པᨖས་འདི་སྐད་གསུངས། །རིགས་བརྒྱུད་སྲིད་པའི་འཆིང་བདག་ཆེན་པᨖ་ཡིན། །རྒྱལ་སྲིད་མི་གཙང་འདམ་རྫབ་ཆེན་པᨖ་ཡིན། །རྒྱལ་པᨖ་བདུད་ཀྱི་གཅེས་མིང་ཆེན་པᨖ་ཡིན། །བློན་རྣམས་བདུད་ཀྱི་ཕ་ཚན་ཆེན་པᨖ་ཡིན། །ངེས་པར་ཁྱོད་ནི་མྱུར་བར་མནར་ཏ་རེ། །འདི་རུ་མ་འདུག་ན་ལེནྡྲ་རུ་སᨖང༌། །དེ་ན་ཐོག་མེད་དུས་ན་ཉེར་འབྲེལ་བའི། །ཁྱོད་ཀྱི་བླ་མ་བྱང་ཆུབ་ བཟང་པᨖ་ཡོད། །སེམས་བསྐྱེད་ཆོས་ཞུས་ལས་ཀྱི་འབྲེལ་བ་ཞོག །མཁས་པ་དེ་ཡིས་ཁྱོད་ལ་ཕན་ཞེས་གསུངས། །དེ་མ་ཐག་ཏུ་བྲམ་ཟེ་ཆེན་པᨖ་ཡིས། །སླར་ཡང་འབུལ་བ་ཐམས་ཅད་ཕྱིར་བྱིན་ནས། །ཁྱིམ་ནས་བྱུང་སྟེ་ངེས་པར་དྲུང་འདིར་ཤོག །མན་ངག་དུ་མས་ཁྱོད་ནི་སྐྱོང་ཞེས་གསུངས། །དེ་ནས་རྒྱལ་བུ་རྒྱལ་པᨖའི་ཁབ་ཏུ་འོང་། །གསེར་དངུལ་ལ་སᨖགས་འབྱོར་པ་དུ་མ་བླངས། །འཁᨖར་དང་བཅས་ཏེ་ན་ལེནྡྲ་རུ་ཕྱིན། །ན་ལེནྡྲ་ཡི་རྒྱལ་པᨖ་བྲེད་གྱུར་ནས། །དམག་དཔུང་འཁᨖར་དང་བཅས་ཏེ་རྒྱང་ནས་བསུ། །མཇལ་ཏེ་རྒྱལ་བུས་གཏམ་དེ་ཡར་ཕུལ་བས། །ས་ཡི་རྒྱལ་པᨖ་ཁྱོད་ནི་ག་ནས་ལྷགས། །འཁᨖར་ལོས་སྒྱུར་འདྲ་ཁྱོད་ནི་གང་དུ་བལྟམས། །དམག་གི་ཆས་ཀྱིས་རྒོལ་བ་གང་དུ་འཇོམས། །རྒྱང་ནས་མཐོང་སྟེ་ཁྱོད་ཀྱི་དྲུང་དུ་འོངས། །ཞེས་པ་དང༌། རྒྱལ་བུས་དེ་ལ་ལན་སྨྲས་པ། །ང་ནི་ཤར་ཕྱོགས་ཟ་ཧོར་ཡུལ་ནས་འོང་། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོང་། །ད་ནི་སྲིད་པའི་དགྲ་བᨖ་འཇོམས་སུ་འགྲᨖ། །འཆི་བདག་བདུད་ཀྱི་དགྲ་བᨖ་འཇོམས་སུ་འགྲᨖ། །ཞེས་པ་དང༌། ན་ལེནྡྲ་ཡི་རྒྱལ་པᨖས་ལན་སྨྲས་པ། །ཁྱོད་ནི་ཤར་ཕྱོགས་ཟ་ཧོར་རྒྱལ་པᨖའི་སྲས། །ས་ཡི་བདག་པᨖ་ཆོས་རྒྱལ་དགེ་བ་དཔལ། ། འཁᨖར་ལོས་སྒྱུར་འདྲ་ནག་པᨖའི་ཕྱོགས་ལས་རྒྱལ། །མི་དབང་སྲས་པᨖ་ཞིང་འདིར་བྱོན་པ་ལེགས། །ཁྱོད་ནི་བི་ཀྲ་མ་ལ་པུ་རི་ན། །དཀོན་མཆོག་ཕོ་བྲང་ལྷ་ཡི་གཞལ་ཡས་འདྲ། །རབ་ཏུ་བྱུང་བ་བསམ་གྱིས་མི་ཁྱབ་བཞུགས། ། མཁས་པའི་པཎ་ཆེན་ཉི་ཟླ་ལྟ་བུར་ཡོད། །ས་བདག་ཁྱེད་ནི་མཁས་པ་སུ་ཞིག་བཞེད། །ཅེས་པ་དང༌། དེ་ནས་རྒྱལ་བུ་དམ་པས་ལན་སྨྲས་པ། །ཆོས་གྲྭ་ཆེན་པᨖ་དཔལ་གྱི་ན་ལེནྡྲར། །རྒྱ་མཚᨖ་ལྟ་བུའི་ནོར་བུ་རིན་ཆེན་གླིང༌༑ ༑པཎ་ཆེན་གནམ་གྱི་སྐར་མ་ལྟ་བུ་ཡོད། །མཆོག་ཏུ་བསྔགས་པ་བྱང་ཆུབ་བཟང་པᨖ་དེ། །བྲམ་ཟེས་ལུང་བསྟན་བདག་གི་བླ་མ་ཡིན། །ས་བདག་ཁྱོད་ཀྱིས་བར་ཆད་བསལ་དུ་གསᨖལ། །དེ་ལ་རྒྱལ་པᨖ་ཆེན་པᨖས་ལན་སྨྲས་པ། །དཔའ་བᨖ་ཆེན་པᨖ་བᨖ་དྷི་བྷ་དྲ་དེ། །རི་རྒྱལ་ལྷུན་པᨖ་གངས་ཀྱིས་གཡོགས་པ་ལྟར། །མི་འགུལ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས། །རྣམ་ཐོས་སྲས་དེ་ནོར་ལ་སྤྱོད་པ་ལྟར། །དེ་ནི་འཕགས་པའི་ནོར་ལ་སྐལ་པ་བརྙེས། །ཚུར་དུ་བདག་གི་ཕོ་བྲང་འཁᨖར་དུ་བྱོན། །སྙན་པའི་གཏམ་དང་དཔལ་འབྱོར་རོལ་བར་བྱ། །རྒྱལ་བུས་ལེགས་སᨖ་ཞེས་ནི་བརྗོད་པ་དང༌། །རྒྱལ་པᨖས་བསུ་བ་ཡིས་ནི་མདུན་བདར་ནས། །རོལ་མᨖ་འབུལ་གྱིན་ན་ལེནྡྲ་རུ་བྱོན། །དེ་ཡི་ལྷོ་ཕྱོགས་པདྨ་ཅན་ལྗོངས་ན། །ཕོ་བྲང་ཀུན་ཏུ་བཟང་པᨖ་ཞེས་པ་ཡི། །མི་ཁྱིམ་འབུམ་ཕྲག་གཅིག་གིས་བསྐོར་བ་ཡོད། །དེ་ཡི་ནང་དུ་རྒྱལ་བུ་གདན་དྲངས་ནས། །རིན་ཆེན་མཛེས་པའི་ཁྲི་སྟེང་ཡངས་པ་ལ༑ ༑རྒྱལ་པᨖ་རང་བས་བཀུར་བསྟི་ཆེ་བར་མཛད། །དེ་ནས་ན་ལེནྡྲ་ཡི་གཙུག་ལག་ཏུ། །བླ་མ་བྱང་ཆུབ་བཟང་པᨖའི་དྲུང་དུ་བྱོན། །དེ་ཡི་གཙུག་ལག་ཁང་དུ་སླེབས་པ་དང༌། །བླ་མ་མཐོང་ནས་ཤིན་ཏུ་མི་བཟོད་པའི། །དགའ་བ་ ཁྱད་པར་དུ་འཕགས་རྒྱུད་ལ་སྐྱེས། །བླ་མ་དམ་པ་བྱང་ཆུབ་བཟང་པᨖས་ཀྱང༌། །རྒྱལ་བུ་དམ་པ་བྱོན་པ་གསན་པ་དེས། །ཤིན་ཏུ་དགྱེས་ནས་སྟན་ལས་ཡར་བཞེངས་ནས། །སྙན་པའི་ཚᨑག་གིས་ཆོས་ཀྱི་གསུང་བྱོན་པ། །ཆོས་རྒྱལ་སྲས་པᨖ་གནས་འདིར་བྱོན་ལགས་སམ། །མི་ཡི་དབང་པᨖ་གཞི་ལམ་བདེ་ལགས་སམ། །ཟ་ཧོར་ཡུལ་ན་ཆོས་འབྱོར་རྒྱས་ལགས་སམ། །ཤུལ་རིང་ལམ་ལ་བསྙེལ་བར་མ་གྱུར་ཏམ། །དེ་ཚེ་རྒྱལ་བུ་དམ་པས་ལན་གསᨖལ་པ། །འདིར་འོང་ཡབ་བདེ་ཆོས་དང་མཐུན་པར་བདོག །ལམ་བདེ་དེང་སང་ཁྱེད་དང་མཇལ་བར་གྱུར། །མཁས་པ་ཁྱེད་ནི་སངས་རྒྱས་བསྟན་པ་ལ། །ཐོས་བསམ་སྒོམ་པས་བསྙེལ་བར་མ་གྱུར་ཏམ། །ཞེས་པ་དང༌། བླ་མའི་ཞལ་ནས་ལེགས་ཀྱི་ཁᨖ་བᨖ་ཡང༌། །དམ་པ་ཆོས་ཀྱིས་ཉིན་མཚན་འདའ་བར་གྱུར། །རྒྱལ་བུ་སྟན་ལ་འདུག་ལ་གང་དགོས་གསᨖལ། །དེ་ནས་རྒྱལ་བུས་གུས་པས་ཕྱག་བཙལ་ནས། །རིན་ཆེན་མཆོད་པས་བླ་མ་མཉེས་པར་མཛད། །གུས་པའི་ཚᨑག་གིས་ཞུ་བ་འདི་ལྟར་ཕུལ། །འགྲᨖ་བའི་བླ་མ་བརྩེ་བའི་གཏམ་འདི་གསᨖན། །ང་ནི་འཁᨖར་བའི་འདམ་རྫབ་མི་ཟད་པར། །བསླུ་བྲིད་རྒྱལ་པᨖ་ཆེན་པᨖས་མནར་དོགས་ནས། །དཔུང་དང་བཅས་ཏེ་ནགས་སུ་ཕྱིན་པ་ན། །བླ་མ་དགྲ་ལས་རྣམ་རྒྱལ་བཞུགས་ཏེ་གདའ། །དེ་ལ་སེམས་སྐྱེད་གསᨖལ་བ་བཏབ་པའི་ཚེ། །མཁས་པའི་དབང་པᨖས་ཐུགས་རྗེས་རབ་གཟིགས་ནས། །ཆོས་གྲྭ་ཆེན་པᨖ་ན་ལེནྡྲ་རུ་སᨖང༌། །སྐྱེ་བ་ སྔོན་ནས་ཐུགས་རྗེས་རབ་བཟུང་བའི། །བླ་མ་དམ་པ་བྱང་ཆུབ་བཟང་པᨖ་ཡོད། །དེ་ལ་སེམས་བསྐྱེད་གདམས་ངག་ཞུས་ཞེས་གསུངས། །དེ་མ་ཐག་ཏུ་རང་གི་ཕོ་བྲང་ནས། །མཆོད་རྫས་བླངས་ཏེ་དེ་རིང་གནས་འདིར་སླེབས། ། ད་ནི་བདག་ལ་བརྩེ་བའི་ཐུགས་རྗེ་ཡིས། །སེམས་བསྐྱེད་གདམས་པ་དུ་མ་གནང་དུ་གསᨖལ། །དེ་མ་ཐག་ཏུ་སྟན་ལ་འདུག་པ་དང༌། །བླ་མ་ཏིང་ངེ་འཛᨑན་ལ་མཉམ་བཞག་ནས། །སྒོ་གསུམ་ལས་སུ་རུང་བར་བྱིན་གྱིས་བརླབས། ། དེ་ནས་སེམས་བསྐྱེད་གདམས་པ་དུ་མ་གནང༌། །དེ་ཡང་གདམས་ངག་བསྟན་པ་འདི་ལྟར་ལགས། །རྒྱལ་བུ་ཚེ་འདིར་དོན་ཡོད་ཐོབ་པ་ལགས། །རྒྱལ་སྲིད་སྤངས་ནས་ཐར་པ་མ་སྒྲུབ་ན། །ལས་ཀྱི་དབང་གིས་ངན་འགྲᨖར་ལྟུང་བའི་ཚེ། །ཤིན་ཏུ་འགྱོད་དེ་ངེས་པར་འཕྱིས་པ་ཡིན། །སྐྱེ་བ་གཏན་གྱི་བཙན་ས་འཛᨑན་དུས་འདིར། །དཀའ་བ་ཆེན་པᨖས་བརྩོན་འགྲུས་མ་རྩོམ་ན། །ཐར་པའི་སྒོས་སྐལ་ངེས་པར་སྟོར་བའི་ཚེ། །ཕྱིན་ཆད་བཟུང་དུ་མེད་དོ་རིགས་ཀྱི་བུ། །དཔའ་ཞིང་བརྟན་ལ་གོ་ཆ་ཕུན་ཚᨖགས་ཀྱང༌། །ཕ་རོལ་འཕྲང་ལ་གཤེད་མས་ཁྲིད་པའི་ཚེ། །མཐུ་མེད་ཉམ་ཐག་འགྱོད་པ་ཙམ་ཞིག་ལས། །ཕན་པའི་དགོས་པ་ཅི་ཡང་མ་མཆིས་སᨖ། །རྒྱལ་བུ་དམ་པས་ཆོས་འདི་གསᨖན་མཛོད་ལ། །ན་ལེནྡྲ་ཡི་བྱང་ཕྱོགས་ཕ་གི་ན། །ཁྱོད་ཀྱི་ཐོག་མེད་དུས་ནས་ཕར་གྱུར་པའི། །རྒྱལ་སྲས་རིག་པའི་ཁུ་བྱུག་ཅེས་པ་ཡོད། །ཚེ་མཐར་ཕྱིན་ཞིང་གཡེང་བས་དབེན་པ་དེར། །མཐའ་བརྒྱད་སྤྲོས་པའི་ དྲི་མས་མ་གོས་པར། །ཚུལ་ཁྲིམས་གོས་ཅན་མངོན་ཤེས་ཐོགས་མེད་ལྡན། །དྲུང་དེར་སᨖང་ལ་ཆོས་ཀྱི་གདམས་པ་ཞུས། །མགོན་པᨖ་དེ་ཡི་གསུང་དེ་ཐོས་གྱུར་ནས། །བྱང་ཆུབ་བཟང་པᨖ་དེ་ལ་ཕྲེང་བཞིན་དུ། །རིག་པའི་ཁུ་བྱུག་བཟང་པᨖའི་དྲུང་དུ་ཕྱིན། །ཕྱག་འཚལ་མཆོད་པ་ཕུལ་ནས་འདི་སྐད་ཞུས། །ང་ནི་ཤར་ཕྱོགས་ཟ་ཧོར་ཡུལ་ནས་འོངས། །ང་ནི་བྷཾ་ག་ལ་ཡི་རྒྱལ་པᨖའི་སྲས། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོངས། །ན་ལེནྡྲ་ཡི་གཙུག་ལག་ཁང་དུ་ཕྱིན། །བྱང་ཆུབ་བཟང་པᨖ་དེ་ལ་སེམས་བསྐྱེད་ཞུས། །གདམས་ངག་དམ་པ་བསྟན་ནས་འདི་སྐད་གསུངས། །འདི་རུ་མ་འདུག་བྱང་གི་ཕྱོགས་སུ་སᨖང༌། །དེ་ན་ཐོག་མེད་དུས་ནས་ཕར་གྱུར་པའི། །བླ་མ་རིག་པའི་ཁུ་བྱུག་ཅེས་པ་ཡོད། །དྲུང་དེར་སᨖང་ལ་སེམས་བསྐྱེད་གསᨖལ་བ་ཐོབ། །དེས་ནི་ཁྱོད་ལ་ཕན་པར་འགྱུར་ཞེས་གསུངས། །དེ་མ་ཐག་ཏུ་རྗེ་ལ་ཕྲེང་གྱུར་ཀྱང༌། །དགའ་བ་སྐྱེས་ནས་ཁྱོད་ཀྱི་དྲུང་དུ་འོང་། །ཁᨖ་བᨖ་ཡབ་ཀྱིས་མནར་བར་མི་འགྱུར་བར། །བླ་མ་ཁྱོད་ཀྱིས་ངེས་པར་བཟུང་དུ་གསᨖལ། །དེ་ནས་བླ་མ་དམ་པ་རབ་དགྱེས་ནས། །ས་བདག་སྲས་པᨖ་བྱོན་པ་ཤིན་ཏུ་ལེགས། །ཚུར་ཤོག་གཉིས་སུ་མེད་པར་བྱིན་བརླབ་བྱ། །ཆོས་ཉིད་འགྱུར་བ་མེད་པའི་བདེན་ཚᨑག་བརྡར། །བརྩེ་བའི་སེམས་ཀྱིས་དམ་ཆོས་བཤད་ཅེས་གསུངས། །དེ་ནས་རྒྱལ་བུས་མཆོད་རྫས་གུས་ཕུལ་ནས། །བླ་མའི་དྲུང་དུ་ཕྱག་བཙལ་ཐལ་སྦྱར་ཏེ། །ང་རྒྱལ་སྐྱུངས་ནས་སྟན་ལ་འདུག་པ་ན། ། ཁུ་བྱུག་བཟང་པᨖས་སེམས་བསྐྱེད་གདམས་པ་གནང༌། །གདམས་པའི་གཙོ་བᨖ་མཆོག་ཏུ་བསྔགས་པ་དེ། །རྒྱལ་བུ་ཚེ་འདིར་ཕུན་སུམ་ཚᨖགས་གྱུར་ཀྱང༌། །སྐྱེ་བ་གཏན་ཀྱི་སᨖ་ནམ་མ་བྱས་ན། །དལ་འབྱོར་མི་ལུས་ཐོབ་པའི་དགོས་པ་ཆུང༌། །ཕྱི་རབས་ནོར་ཤོར་ན་ཡང་ཕོངས་པ་ལགས། །རྒྱལ་བུ་ཀླུ་སྒྲུབ་སྙིང་པᨖ་འདི་སྐད་གསུངས། །རྨི་ལམ་སྒྱུ་འདྲ་རང་བཞིན་སྤྲོས་དང་བྲལ། །སེམས་ཉིད་མ་བཅོས་གྱུར་པ་གཉུག་མའི་ངང༌། །གང་གིས་འདི་གཉིས་བློ་ལ་མ་བསམ་ན། །འཁᨖར་བའི་འདམ་དུ་བྱིང་བར་འགྱུར་རོ་ཨང༌། །རྒྱལ་བུ་དོན་དམ་མཉམ་བཞག་ནམ་མཁའ་འདྲ། །རྗེས་ཐོབ་སྒྱུ་འདྲ་ལས་འབྲས་བསམ་པར་རིགས། །བླ་མས་ཟབ་མᨖའི་ཆོས་དེ་བསྟན་པ་ན། །སྦྱོར་བའི་ལམ་བརྙེས་དཔེ་ཡི་ཏིང་འཛᨑན་ཐོབ། །དེ་ཚེ་རྗེ་ལ་རྟོགས་པ་འདི་ཕུལ་བ། །ཁᨖ་བᨖས་ཏིང་འཛᨑན་གཅིག་ལ་མཉམ་བཞག་ཚེ། །ནམ་མཁའ་སྤྲིན་དང་བྲལ་བ་ཇི་བཞིན་དུ། །གསལ་ལ་དྭངས་པ་རྟོག་པ་མི་གདའ་ན། །བླ་མ་ཆོས་ཀྱི་གནས་ལུགས་དེ་ལགས་སམ། །དེ་ནས་ཏིང་འཛᨑན་དེ་ལས་སད་པ་ན། །སྣང་ཡང་ཞེན་པ་མེད་པའི་སེམས་ཅན་དྲན། །བརྫུན་ཡང་ཕྲ་ཞིབ་བློ་ལ་བག་ཡོད་ཐོབ། །བླ་མ་བདག་ནི་ཉམས་དེ་མ་འཁྲུལ་ལམ། །ལན་དུ་བླ་མའི་ཞལ་ནས་འདི་སྐད་གསུངས། །ལེགས་སᨖ་ཁྱོད་ནི་བསᨖད་ནམས་བསགས་པའི་བུ། །ང་ནི་སྒྲོ་སྐུར་མེད་པའི་དགེ་སློང་ཡིན། །མཉམ་བཞག་ནམ་མཁའ་ལྟ་བུར་དག་ན་ཡང༌། །རྗེས་ཐོབ་སྙིང་རྗེས་འགྲᨖ་བ་འདྲེན་པར་བྱེད། །བདེན་པ་ གཉིས་ཀྱི་གནས་ལུགས་དེ་ལྟར་ལགས། །དེ་ནི་བདག་གི་གདམས་ངག་དམ་པ་ཡིན། །ད་ནི་རྒྱལ་པᨖའི་ཁབ་ནས་འབྱུང་འདོད་ན། །རི་བᨖ་ནག་པᨖ་ཟོམ་གྱི་ལྷོ་ཕྱོགས་ན། །བདག་གི་བླ་མ་ཨ་བ་དྷཱུ་ཏི་ཡོད། །དེ་ནི་ཁྱོད་ཀྱི་སྔོན་གྱི་བླ་མ་ཡིན། །དེར་སᨖང་དེ་ལ་སེམས་བསྐྱེད་གདམས་པ་ཞུས། །རྒྱལ་པᨖའི་ཁབ་ནས་འབྱུང་བའི་གདམས་པ་ལོངས། །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང༌། །རྗེ་ལ་ཕྲེང་ཡང་དགའ་བ་མཆོག་སྐྱེས་ནས། །ཕྱི་ཕྱག་བཙལ་ཏེ་འཁᨖར་དང་བཅས་པ་ཡིས། །དཔའ་བᨖའི་གཟུགས་སུ་ལམ་དུ་ཞུགས་པ་ན། །ན་ལེནྡྲ་ཡི་རྒྱལ་པᨖ་ཆེན་པᨖ་ཡང༌། །ནོར་རྫས་མང་པᨖ་བདག་ལ་འབད་བྱས་ཏེ། །འཁᨖར་དང་བཅས་པས་དཔག་ཚད་གསུམ་དུ་བསྐྱལ། །དེ་ནས་རྒྱལ་པᨖ་ཕྱིར་ལ་ཟློག་པའི་ཚེ། །རྒྱལ་བུས་ཕྲེང་བའི་ཚᨑག་ནི་སླར་གསᨖལ་པ། །ས་བདག་ཁྱོད་ནི་བདེ་འབྱོར་ཐོབ་གྱུར་ཀྱང༌། །སྲིད་པའི་དགྲ་དེ་ཆོམ་པར་མ་གྱུར་ན། །ཕྱི་ནས་གཤེད་མས་བཅིངས་ཏེ་ཁྲིད་པའི་ཚེ། །འགྱོད་པར་མཆིས་པས་ཆོས་འབྱོར་སྟེན་ཅིག་ཨང༌། །བསམ་པ་བཟང་པᨖས་དོ་ཞག་མཇལ་ན་ཡང༌། །མི་རྟག་ཚུལ་གྱིས་ཚᨖང་དུས་མགྲᨖན་པᨖ་འདྲ། །འབᨖར་བར་གདའ་མᨖད་བརྩེ་བས་མ་དོར་བར། །ཆོས་དང་མཐུན་པར་མྱུར་དུ་མཇལ་བར་བགྱི། །རྒྱལ་པᨖས་ཀྱང་ནི་དེ་ལ་ལན་གསᨖལ་པ། །སྐལ་པ་བཟང་པᨖས་དེང་སང་མཇལ་བས་ཆོག །ཆོས་རྒྱལ་སྲས་དང་བཅས་པའི་ཡིད་དབང་པᨖ། །དེང་སང་གཤེགས་པས་བུ་ལ་ཕྲེང་བར་གྱུར། །འོན་ཀྱང་མྱུར་དུ་ མཇལ་བའི་སྨོན་ལམ་འཚལ། །དེ་ནས་རི་བᨖ་ཟོམ་གྱི་ལྷོ་ཕྱོགས་སུ། །བླ་མ་ཨ་ཝ་དྷུ་ཏིའི་སྤྱན་སྔར་ཕྱིན། །དེ་ཚེ་བླ་མ་སྐྱེས་མཆོག་དམ་པ་ནི། །བྲག་གདོང་ནག་པᨖ་གཅིག་གི་བྱ་སྐྱིབས་ན། །ལྭ་བ་ནག་པᨖ་གཅིག་ནི་སྐུ་ལ་གསᨖལ། ། ཀྲཥྞ་སཱ་རའི་པགས་པ་གདན་དུ་བཏིང༌། །སྒོམ་ཐག་ཆེན་པᨖ་གཅིག་ནི་ག་ཤར་བཅུག །སྐུ་ལུས་སྦོམ་ལ་ཤིན་ཏུ་གསུས་ཁྱིམ་ཆེ། །སྤྱན་མིག་དམར་ལ་ཤ་རྩི་ཅུང་ཟད་སྔོ། །རྟོག་པ་མེད་པར་ཕྱེད་སྐྱིལ་ལུས་གནད་བཅས། །སྣོད་བཅུད་ཐམས་ཅད་ཐོད་པ་གཅིག་ཏུ་བསྡུས། །ཆགས་པ་མེད་པར་དེ་ན་བཞུགས་པར་མཐོང༌། །རྒྱང་ནས་ཆིབས་ལས་གཞོལ་ཏེ་ཕྱག་བཙལ་ཞིང༌། །འཁᨖར་དང་བཅས་ཏེ་དྲུང་དུ་འདུག་པ་ན། །ཅེར་རེ་གཟིགས་ནས་ཞལ་ནས་འདི་སྐད་གསུངས། །ང་རྒྱལ་སྒང་བུ་རལ་བར་མ་གྱུར་ཏམ། །ནག་པᨖའི་ཕྱོགས་ཀྱིས་མནར་བར་མ་གྱུར་ཏམ། །ཁྱིམ་གྱི་འདམ་དུ་བྱིང་བར་མ་གྱུར་ཏམ། །བདུད་ཀྱི་བུ་མᨖས་བསླུས་པར་མ་གྱུར་ཏམ། །འཕགས་པ་དལ་འབྱོར་ཆུད་ཟོས་མ་བྱས་སམ། །རྒྱལ་པᨖའི་བུ་འདྲ་ཁྱེད་རྣམས་ག་ནས་འོང་། །ཞེས་གསུངས་པ་དང་། ཐལ་མᨖ་སྦྱར་ནས་ཚᨑག་དེའི་ལན་གསᨖལ་བ། །ཁᨖ་བᨖ་ཤར་ཕྱོགས་བྷཾ་ག་ལ་ནས་འོང་། །ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ནས་འོང་༑ ༑རྒྱལ་སྲིད་ཚᨖགས་ལ་ཞེན་པ་ལོག་ནས་འོང༌། །འཁᨖར་བའི་ཆོས་ལ་སྐྱབས་གནས་ཞུ་རུ་འོང༌། །ཆོས་གྲྭ་ཆེན་པᨖ་ན་ལེནྡྲ་རུ་ཕྱིན། །རིག་པའི་ཁུ་བྱུག་དེ་ལ་སྐྱབས་གནས་ཞུས། །ཕ་དེས་ཁᨖ་བᨖ་ཁྱེད་ཀྱི་དྲུང་དུ་བཏང༌། ། ད་ནི་ཁྱེད་ཀྱིས་བདག་ལ་བསྐྱབ་ཏུ་གསᨖལ། །ཨ་བ་དྷཱུ་ཏིའི་ཞལ་ནས་འདི་སྐད་གསུངས། །ཁᨖ་བᨖ་རྒྱལ་པᨖའི་རིགས་སུ་སྐྱེས་ན་ཡང༌། །ཉོན་མᨖངས་ལས་ཀྱི་ཚᨖགས་ལ་ཆེས་འཇིགས་ནས། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་སྤངས། །ཨ་ཝ་དྷཱུ་ཏིའི་སྤྱོད་པ་སྐྱོང་ནུས་སམ། །རྒྱལ་སྲིད་འབྱོར་པ་དུག་གི་མཚᨖ་དང་འདྲ། །འཐུངས་པ་ཙམ་གྱིས་ཐར་པའི་སྲོག་ལ་འོང༌། །རྒྱལ་སྲིད་འབྱོར་བ་མེ་ཡི་འོབས་དང་འདྲ། །བརྒལ་བ་ཙམ་གྱིས་སྡུག་བསྔལ་སྐྱེད་པར་བྱེད། །དེ་རིང་ཕར་སᨖང་རྒྱལ་པᨖའི་ཁབ་ཏུ་སᨖང༌། །ཁྱིམ་གྱི་ཉེས་དམིགས་ལྟོས་ལ་མྱུར་དུ་ཤོག །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང༌། །བསྙེན་བཀུར་བགྱིས་ནས་མྱུར་དུ་ཁབ་ཏུ་འོང༌། །སྐྱེ་བᨖ་རྣམས་ཀྱིས་རྒྱལ་བུ་མཐོང་བ་ན། །ག་ཤ་སྒྲོགས་ཤིང་གླུ་གར་རོལ་མᨖ་འབུལ། །རང་གི་ནང་དུ་ལྷགས་པར་གྱུར་པའི་ཚེ། །རྒྱལ་པᨖ་ཡབ་ཡུམ་ཆེས་ཆེར་དགའ་བ་ཡིས། །ཟླ་བའི་སྙིང་པᨖ་ཁྱོད་ཀྱིས་གང་དུ་ཕྱིན། །དེ་ཙམ་གཅིག་ཏུ་དུབ་པར་མ་གྱུར་ཏམ། །ཉེས་དམིགས་མཐོང་ནས་ཤེས་པ་མ་སྐྱེའམ། །སླེབ་པ་ལེགས་ཞེས་དགའ་བ་སྒྲོགས་པ་ན། །རྒྱལ་བུ་དམ་པས་ཞི་བས་ལན་སྨྲས་པ། །ས་ཕྱོགས་དག་ཏུ་ཉམས་དགའ་རྩེ་རུ་ཕྱིན། །བསྟན་པའི་དགྲ་བᨖ་ཐབས་ཀྱིས་འདུལ་དུ་ཕྱིན། །ཐུབ་པ་སྐྱབས་གནས་བླ་མ་འཚᨖལ་དུ་ཕྱིན། །རི་བྲག་དག་ཏུ་དབེན་གནས་ཚᨖལ་དུ་ཕྱིན། །གང་དུ་ཕྱིན་ཀྱང་འཁᨖར་བའི་ཉེས་དམིགས་མཐོང༌། །སུ་དང་འགྲᨖགས་ཀྱང་འཁᨖར་བའི་ཉེས་དམིགས་བཤད། ། ཅི་ལྟར་བྱས་ཀྱང་ཤེས་པ་མ་ཕེབས་ན། །གོ་སྐབས་ཕྱེ་ཞིག་བདག་ནི་ཆོས་ལ་འགྲᨖ། །དེ་ཡི་ལན་དུ་ཕ་མས་འདི་སྐད་གསུངས། །རྒྱལ་བུ་འཁᨖར་བའི་གནས་སུ་སྐྱེ་ལགས་ན། །རྒྱལ་སྲིད་ཟུང་ལ་དཀོན་མཆོག་མཆོད་པ་གྱིས། ། ཐུགས་རྗེ་ཆེན་པᨖས་དབུལ་ཕོངས་ཚᨑམ་པར་གྱིས། །གཙུག་ལག་བཞེངས་ལ་དགེ་འདུན་རྟག་ཏུ་ཐེག །ཕྱོགས་རིས་མེད་པར་བྱམས་དང་སྙིང་རྗེ་བསྒོམ། །དེ་ལྟར་བྱས་ན་ཀུན་ཏུ་བདེ་བར་འགྱུར། །དེ་ལ་རྒྱལ་བུ་དམ་པས་ལན་སྨྲས་པ། །བརྩེ་བའི་ཡབ་གཅིག་བདག་ལ་གསན་དུ་གསᨖལ། །ང་ནི་རིན་ཆེན་གསེར་གྱི་ཕོ་བྲང་ན། །དར་གྱི་བཅུད་མᨖས་བསྡམས་ཏེ་འཁྱོག་མེད་པར། །ཕོ་བྲང་འདི་རུ་བདག་ནི་མནར་བར་འགྱུར། །བདག་གིས་འཁᨖར་བ་འདི་ལ་ཆེར་བལྟས་ཤིང༌། །སྐྱེ་བᨖ་ཡོངས་ཀྱི་སྡུག་བསྔལ་བསམ་པ་ན། །རྒྱལ་སྲིད་འདི་ལ་ཆགས་པའི་སྣང་བ་ནི། །མཆིལ་མའི་ཐལ་བ་ཙམ་ཡང་མི་གདའོ། །བདག་གིས་བསྐོར་ཞིང་ཉིན་མཚན་དུས་དྲུག་ཏུ། །ཁྱིམ་གྱི་ཉེས་དམིགས་ཆེས་ཆེར་བསམ་པ་ན། །མཚར་ཡང་བསླུ་བྲིད་བདུད་ཀྱི་བུ་མᨖ་ལ། །ཆགས་སེམས་སྐད་ཅིག་ཙམ་ཡང་མི་གདའ་འོ། །བདག་གིས་རྫུན་སྣང་འདི་ལ་བལྟས་ཙ་ན། །དཀར་གསུམ་ཀ་ར་བུ་རམ་སྦྲང་རྩི་དང༌། །མི་གཙང་མཛེ་ཀླད་ཁྱི་ཤ་རྣག་ཁྲག་ལ། །ཁྱད་པར་ཅུང་ཟད་ཙམ་ཡང་མི་གདའ་འོ། །དར་ཟབ་གོས་དང་གཡུ་འབུར་མཛེས་པ་དང༌། །ལྷ་ཡི་རྒྱན་ཆ་མཛེས་པས་མཆོད་པ་དང༌། །མི་གཙང་ཁྲོད་དུ་ལྭ་བ་གྱོན་པ་ལ། །ཁྱད་པར་ཅུང་ཟད་ཙམ་ ཡང་མི་གདའ་ན། །ང་འགྲᨖ་བསམ་གཏན་བསྒོམ་དུ་ནགས་སུ་འགྲᨖ། །དུར་ཁྲོད་བརྒྱད་དུ་རྩེད་མᨖ་རྩེ་རུ་འགྲᨖ། །ང་འགྲᨖ་གསང་བའི་གནས་སུ་དགའ་བདེ་སྐྱོང་དུ་འགྲᨖ། །ཆགས་མེད་རོ་སྙོམས་ལྡོམ་བུ་བསྟེན་དུ་འགྲᨖ། །ང་འགྲᨖ་ང་འགྲᨖ་རི་བᨖའི་ཟོམ་དུ་འགྲᨖ། །རྗེ་བཙུན་ཨ་བ་དྷཱུ་ཏིའི་དྲུང་དུ་འགྲᨖ། །ང་འགྲᨖ་ང་འགྲᨖ་མཁའ་སྤྱོད་གནས་སུ་འགྲᨖ། །རྡོ་རྗེ་ཐེག་པའི་རོ་མཆོག་མྱོང་དུ་འགྲᨖ། །ང་འགྲᨖ་ང་འགྲᨖ་ཨུ་རྒྱན་ཡུལ་དུ་འགྲᨖ། །ཡེ་ཤེས་མཁའ་འགྲᨖ་གྲᨖགས་སུ་སྡུད་དུ་འགྲᨖ། །ང་འགྲᨖ་ང་འགྲᨖ་འོག་མིན་གནས་སུ་འགྲᨖ། །རྣམ་སྣང་ཞབས་ལ་སྤྱི་བᨖས་བརྟེན་དུ་འགྲᨖ། །ང་འགྲᨖ་ང་འགྲᨖ་དགའ་ལྡན་གནས་སུ་འགྲᨖ། །བྱམས་པའི་སྐྱེས་མཆོག་བླ་མ་བསྟེན་དུ་འགྲᨖ། །ང་འགྲᨖ་ང་འགྲᨖ་ཞིང་ཁམས་ཡོངས་སུ་འགྲᨖ། །དམ་པ་ཆོས་ཀྱི་དགའ་སྟོན་འགྱེད་དུ་འགྲᨖ། །ང་འགྲᨖ་ང་འགྲᨖ་འཕགས་པའི་ཞིང་དུ་འགྲᨖ། །བདེ་བ་ཅན་འགྲᨖ་ཉམས་དགའ་སྐྱོང་དུ་འགྲᨖ། །ཁᨖ་བᨖ་མ་བཅིངས་མ་བཅིངས་དགེ་བ་དཔལ། །ཕ་གཅིག་བུ་ལ་བརྩེ་ན་བཙན་སར་སྐྱོལ༑ ༑ཁᨖ་བᨖ་མ་བཅིང་མ་བཅིངས་འོད་ཟེར་ཅན། །མ་གཅིག་བུ་ལ་བརྩེ་ན་ཆོས་ལ་སྦྱོར། །ཉི་མ་དེ་རིང་ང་ལ་འབྲས་ཆང་དང༌། །ཤ་དང་འོ་མ་བུ་རམ་སྦྲང་རྩི་དང༌། །རྫས་ཀྱི་འབྱོར་བ་ཅུང་ཞིག་ཐུགས་ལ་ཐོགས། །རྗེ་བཙུན་ཨ་ཝ་དྷཱུ་ཏིའི་དྲུང་དུ་འགྲᨖ། །བསྙེན་བཀུར་བྱེད་ཅིང་བདག་རྒྱུད་འདུལ་དུ་འགྲᨖ། །ཚᨑག་དེ་རྒྱལ་བུ་དམ་པས་གླུ་དབྱངས་ཤིང༌། །ཡབ་ཡུམ་གཉིས་ཀྱི་སྙན་དུ་ཕུལ་བ་དང༌། །དྲི་ཟའི་རྒྱལ་པᨖས་བླུ་དབྱངས་བླངས་པ་ན། །སྐྱེ་བᨖ་རྣམས་ཀྱི་ རིག་པ་གཡོས་པ་ལྟར། །ཡབ་ཡུམ་གཉིས་ཀྱི་ཤེས་པ་ཆེར་གཡོས་ནས། །ལན་མ་ཐེབས་པར་རང་ལ་གང་འདོད་གནང༌། །དེ་ནས་འབྲས་ཆང་ལ་སᨖགས་ཟས་སྣ་དང༌། །རྟ་པ་སྟོང་དང་བཅས་པས་ནགས་སུ་ཕྱིན། །ཨ་ཝ་དྷུ་ཏི་མཆོད་པས་ཚᨑམས་བྱས་ནས། །ཐལ་མᨖ་སྦྱར་ཞིང་ཞབས་ལ་བཏུད་པ་དང༌། །བླ་མས་སེམས་ལ་ཐེག་ཆེན་དབང་བསྐུར་མཛད། །དེ་ཚེ་འཁᨖར་ལོས་སྒྱུར་རྒྱལ་རྒྱལ་པᨖ་ལ། །འཁᨖར་གྱིས་བསྐོར་ཞིང་འཇིགས་པ་བསྲུང་བ་ལྟར། ། ཐམས་ཅད་རྟ་ལས་མ་བབས་ནགས་ཁྲོད་ན། །ཧོ་སྒྲ་ཀུ་སྒྲ་སྒྲོགས་ཤིང་ཕྱོགས་ནས་བསྐོར། །མེལ་ཚེ་བྱེད་ཅིང་གླུ་དབྱངས་མཆོད་པ་འབུལ། །བྱིན་བརླབས་རྗེས་སུ་བླ་མས་འདི་སྐད་གསུངས། །རི་བᨖ་ནག་པᨖའི་གཙུག་ལག་ཁང་དུ་སᨖང༌། །དཔལ་ལྡན་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །བཀའ་སྡོད་གཤིན་རྗེའི་གཤེད་ཀྱི་སྒྲུབ་པ་པᨖ། །དཔལ་ལྡན་རཱ་ཧུ་ལ་ཡི་དྲུང་དུ་སᨖང༌། །སེམས་བསྐྱེད་དབང་བསྐུར་གདམས་པ་དམ་པ་ཞུས། །དེ་ཡང་སྔོན་གྱི་བླ་མ་དམ་པ་ཡིན། །དགའ་བར་རྒྱུག་ཅིག་མ་བསྡད་ད་ལྟ་སᨖང༌། །རྒྱལ་བུས་བླ་མའི་གསུང་དེ་ཐོས་པ་དང༌། །དཔའ་བᨖ་ཆེན་པᨖ་གཡུལ་དུ་ཞུགས་པ་ལྟར། །ཁྲབ་ཀྱི་གོས་ཅན་རྟ་པ་སྟོང་ཕྲག་གིས། །རྨོག་གྱོན་དཔའ་བᨖའི་ངར་སྒྲ་ཆེན་པᨖ་ཡིས། །སྟ་རེ་དགྲ་སྟྭ་ཐོ་བ་མདུང་ཐུང་ཕྱར། །ཐོག་མདའ་འཕེན་ཞིང་ཀུན་ནས་ཚᨑག་སྒྲ་སྒྲོག །དགའ་བའི་གླུ་ལེན་གཙུག་ལག་ཁང་དུ་རྒྱུ། །དེ་ནས་རི་བᨖ་ནག་པᨖའི་གཙུག་ལག་ཏུ། །རྣལ་འབྱོར་ཕོ་མᨖ་དཔག་ཏུ་མེད་པ་ལ། ། དཔལ་ལྡན་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །གསང་སྔགས་རྒྱུད་སྡེ་གསུང་གིན་ཡོད་པ་ལ། །རྒྱལ་བུ་ཟླ་བ་གཞོན་ནུ་བྱོན་པ་གཟིགས། །ཆོས་ལ་བྱོན་པ་མངོན་པར་མཁྱེན་ན་ཡང༌། །ཐུགས་རྗེ་ཆེན་པᨖས་བསྡིག་ར་བྱ་བའི་ཕྱིར། །རྒྱལ་པᨖའི་སྟེང་དུ་ཐོག་གཅིག་ཕབ་པ་ན། །ཐོག་དེ་དབྱིངས་ནས་འབབ་ཏུ་མ་འདོད་པར། །མུ་སྟེགས་ནག་པᨖའི་མཆོད་རྟེན་རི་ལ་སᨖང༌། །དེ་ནས་རྣལ་འབྱོར་པ་རྣམས་ཡ་མཚན་ནས། །རྒྱལ་པᨖའི་དམག་འདི་གང་ལགས་སུ་ཞེས་གསᨖལ། །དེ་མ་ཐག་ཏུ་བླ་མས་ལན་གསུངས་པ། །སྐྱེ་བ་ལྔ་བརྒྱ་ལྔ་བཅུ་རྩ་གསུམ་དུ། །རྣམ་དག་དགེ་སློང་མཁས་པའི་པཎ་ཆེན་དུ། །ལེགས་པར་བརྒྱུད་ཅིང་དེང་སང་བྷཾ་ག་ལར། །ཆོས་རྒྱལ་དགེ་བ་དཔལ་གྱི་སྲས་སུ་བལྟམས། །འདི་འདྲའི་འཁᨖར་དང་རྒྱལ་སྲིད་ཆེན་པᨖ་ལ། །འདི་ན་མ་ཆགས་དཀའ་བ་སྤྱོད་པར་འདོད། །རི་བᨖའི་ཟོམ་ནས་ཨ་ཝ་དྷཱུ་ཏི་པས། །ང་ལུང་བསྟན་ཏེ་དེ་རིང་དྲུང་འདིར་ལྷགས། །ངོ་མཚར་ཆེའོ་སྐལ་ལྡན་ཕོ་མᨖ་རྣམས། །ཞེས་གསུངས་པ་དང༌། ཀུན་གྱིས་ཨ་ལ་ལ་ཧོ་ངོ་མཚར་ཅན། །དེ་རིང་དཔའ་བᨖ་ཆེན་པᨖ་བྱོན་པ་ལེགས། །དེ་ནས་ཀུན་གྱིས་བཞེངས་ཏེ་རྒྱང་ནས་བསུས། །རྒྱལ་བུ་ཆེན་པᨖས་ཆིབས་ལས་གཞོལ་བ་དང༌། །རྟ་པ་སྟོང་གིས་དེ་བཞིན་རྟ་ལས་བབས། །དེ་ནས་བླ་མའི་ཕོ་བྲང་འཁᨖར་དུ་བྱོན། །གུས་པས་ཕྱག་འཚལ་གསᨖལ་བ་འདི་སྐད་བཏབ། །སྐྱེས་མཆོག་བླ་མ་དམ་པ་གསན་དུ་གསᨖལ། །ཁྱིམ་ནས་བྱུང་སྟེ་ཐར་པ་བསླབ་འདོད་ཀྱང༌། །འདི་ལྟར་གྲགས་པའི་རིགས་བརྒྱུད་ཐོབ་པ་ཡིས། །བྷཾ་ག་ལ་རུ་ཁᨖ་བᨖ་འཆིང་ཉེན་གདའ། །ཛེ་ཏཱ་རི་དང་བྱང་ཆུབ་བཟང་པᨖ་དང༌། །རིག་པའི་ཁུ་བྱུག་ཨ་བ་དྷུ་ཏི་པ། །དངོས་གྲུབ་བརྙེས་པའི་བླ་མ་བསྟེན་གྱུར་ཀྱང༌། །ད་དུང་རྒྱལ་སྲིད་གནས་ལས་གྲᨖལ་མ་གྱུར། །ད་ནི་བླ་མ་ཉིད་ཀྱི་དྲུང་དུ་བཏང༌། །བདག་ལ་སེམས་བསྐྱེད་ཐེག་ཆེན་དབང་བསྐུར་གྱིས། །ངེས་པར་འཆིང་བ་འདི་ལས་བསྒྲལ་དུ་གསᨖལ། །དེ་ནས་བླ་མ་དཔའ་བᨖ་དམ་པ་ཡིས། །རྒྱལ་བུ་གཅིག་པུ་དཀྱིལ་འཁᨖར་དྲུང་དུ་ཁྲིད། །དཔལ་ལྡན་དགྱེས་པ་རྡོ་རྗེའི་དབང་བསྐུར་མཛད། །གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེར་བཏགས། །ཉིན་དང་མཚན་དུ་གདམས་པའི་ཆར་པ་ཕབ། །ཉིན་ཞག་བཅུ་གསུམ་བར་དུ་དབང་བསྐུར་བགྱིས། །རྗེས་ཀྱི་བྱ་བ་ཐམས་ཅད་ཚང་བར་མཛད། །དེ་ཡི་བར་དུ་འཁᨖར་ཚᨖགས་ཐམས་ཅད་ཀྱང༌། །མ་ཉལ་འགྲᨖ་དང་འཆག་དང་རྩེ་བ་དང༌། །གླུ་དང་གར་དང་རོལ་མᨖ་སྣ་ཚᨖགས་བྱེད། །རྒྱལ་བུ་ཕྱིར་ལ་ནམ་བྱོན་སྙམ་པ་ལས། །རྣམ་པར་རྟོག་པ་གང་ཡང་མ་བྱུང་ངོ༌། །ཉིན་མཚན་བཅུ་གསུམ་འདས་པའི་དུས་ཚᨖད་ན། །རྒྱལ་བུས་ཧེ་རུ་ཀ་ཡི་གཟུགས་སུ་བྱོན། །འཁᨖར་ལ་གཟིགས་ཤིང་མི་རྟག་གླུ་དབྱངས་བླངས། །འཁᨖར་གསུམ་བལྟ་ཞིང་སྙིང་པᨖ་མེད་པར་གཟིགས། །དེ་ཚེ་ངག་ཏུ་གསᨖལ་བའི་གླུ་དབྱངས་ནི། །ཕ་རོལ་ཉག་གཅིག་དབྱིངས་ཀྱི་ནམ་མཁའ་ལ། །སྐྱེ་མེད་གྲགས་སྟོང་ཚᨑག་གི་ང་རོ་སྒྲོགས། །རྒྱལ་སྲིད་རྨི་ལམ་ནོར་འདྲ་སྙིང་པᨖ་མེད། །འཁᨖར་རྣམས་ སྒྱུ་མའི་ཚᨖགས་ལྟར་བསླུ་བྲིད་ཡིན། །ཐམས་ཅད་བᨖར་ནས་བྱང་ཆུབ་མ་བསྒྲུབས་ན། །ཁᨖ་བᨖ་སྐལ་ལྡན་བསᨖད་ནམས་བསགས་པ་མིན། །ཉིན་དང་མཚན་དུ་གནས་ལུགས་དོན་བསྒོམ་ཞིང༌། །རྒྱ་ཆེན་ཐོས་པ་རྟག་ཏུ་བཙལ་བར་བྱ། །དེ་ནས་དགྱེས་པ་རྡོ་རྗེའི་རྣལ་འབྱོར་པ། །མི་རྟག་རང་བཞིན་ལས་ཀྱི་རྣལ་འབྱོར་མ། །དཔའ་བᨖ་དངོས་གྲུབ་བརྙེས་པའི་རྣལ་འབྱོར་པ། །འཇིགས་པའི་གྲུབ་ཐོབ་ཕོ་མᨖ་གཅེར་བུ་བརྒྱད། །ལག་པ་གཡས་ན་མི་རྐང་གླིང་བུ་བཟུང༌། །གཡོན་པས་མི་ཤ་ལག་པ་སᨖ་འདྲད་བྱེད། །ངག་ཏུ་ཧཱུྃ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས། །ཀུན་ནས་རྒྱལ་བུའི་ཕྱིར་ལ་བསྐོར་ཞིང་རྒྱུག །བྷཾ་ག་ལ་སᨖགས་རྒྱལ་བུའི་བསམ་པ་སྒྱུར། །རྒྱལ་བུ་སྲིད་དང་ཕ་རོལ་བསམ་པ་སྒྱུར། །སྐྱེས་མཆོག་ཨ་ཝ་དྷཱུ་ཏིའི་དྲུང་དུ་སྐྱོལ། །ལཱ་བའི་གོས་གྱོན་དམན་པའི་ཟས་ཀྱིས་སྐྱོང༌། །དར་ཟབ་སྟན་ཕྲོལ་ཀྲཥྞ་སཱ་ར་བྱིན། །འཁᨖར་དང་རྟ་ཕྲོལ་གཅིག་པུ་ལྡོམ་བུ་སློབ། །མ་ཞུམ་མ་ཞུམ་ཐར་པ་སྒྲུབ་པའི་དུས། །ངེས་པར་གཉེན་པᨖ་བཙན་ཆོད་སྒྲུབ་པའི་དུས། །ད་ལྟ་རྒྱུག་ཅེས་བླ་མས་བཀའ་བསྒོ་མཛད། །དེ་ནས་རྒྱལ་བུ་གྲུབ་ཐོབ་ཆ་ལུགས་སུ། །ཆིབས་ལ་ཆིབས་ཏེ་རྟ་པ་སྟོང་གིས་བསྐོར། །ལམ་དུ་ཞུགས་ཚེ་རྡོ་རྗེའི་མགུར་བཞེངས་པ། །སྐྱེ་བ་མེད་པ་སེམས་ཀྱི་རྡོ་རྗེ་ལས། །འགྱུར་བ་མེད་པ་རྡོ་རྗེའི་ཐེག་པ་རྙེད། །ཤིན་ཏུ་དགའ་བ་ཉམས་ཀྱི་རྡོ་རྗེ་ལ། །རྡོ་རྗེའི་ཉམས་དང་ལྡན་པའི་སྣང་བ་ཤར། །གསལ་ལ་དག་པ་ལྷ་ཡི་རྡོ་རྗེ་ལ། །ཉེས་སྐྱོན་བྲལ་བ་ལུས་ཀྱི་གཟུགས་བརྙན་ཤར། །རྡོ་རྗེ་རིན་ཆེན་ལུས་ཀྱི་དལ་ལ། །བདག་མེད་རྡོ་རྗེ་འཇིགས་མེད་སྣང་བ་ཤར། །མི་རྟོག་ཡེ་ཤེས་གསང་བའི་རྡོ་རྗེ་སྟེ། །འཁᨖར་བའི་གཡུལ་ལས་ངེས་པར་རྒྱལ་བར་འགྱུར། །རྒྱལ་བུས་རྡོ་རྗེའི་མགུར་དེ་བཞེས་པ་དང༌༑ ༑ནང་བློན་ཆེན་པᨖ་དཔའ་བᨖ་རྡོ་རྗེ་དང༌། །བློན་པᨖ་ཆེན་པᨖ་ཕས་རྒོལ་རབ་འཇོམས་དང༌། །བློན་པᨖ་ཆེན་པᨖ་སྐར་མའི་རྒྱལ་བ་དང༌། །བློན་པᨖ་ཆེན་པᨖ་འཇིགས་པ་མེད་པ་དང༌། །བློན་པᨖ་བཞི་ཡིས་སྐྱོ་བའི་གླུ་བླངས་པ། །ཨེ་མ་ཧོ་འཇིག་རྟེན་ལས་ཀྱི་མཐུ་བཙན་པ། །ཀུན་ནས་བསྔགས་པ་ཟ་ཧོར་ཡུལ་མཆོག་ན། །དཔལ་འབྱོར་རྒྱས་པ་གྲᨖང་ཁྱེར་བྷཾ་ག་ལ། །ལྟ་ན་སྡུག་པ་གསེར་གྱི་རྒྱལ་མཚན་ཅན། །ངོ་མཚར་ཆེའོ་རྒྱལ་པᨖ་དགེ་བ་དཔལ། །འགྲᨖ་བའི་མ་མ་ལྷ་མᨖ་འོད་ཟེར་ཅན། །སྤྲུལ་པ་འདྲ་བའི་བློན་འབངས་བᨖར་གྱུར་ནས། །རྒྱལ་བུ་དམ་པ་ནགས་སུ་ཞུགས་པ་འདྲ། །རྟ་དང་ཤིང་རྟ་གླང་པᨖ་བཞག་གྱུར་ནས། །དམན་པའི་ཚུལ་བཟུང་རྐང་འགྲᨖས་བྱེད་བྱེད་འདྲ། །ལྷ་ཡི་རྒྱན་དང་ན་བཟའ་བཞག་གྱུར་ནས། །དམན་པའི་ཆས་སུ་ལྭ་བ་གྱོན་ཉེན་གདའ། །རྨ་བྱ་བསྣོལ་བའི་ཁྲི་སྟན་ཕར་བཞག་ནས། །ལོ་མའི་སྤྱིལ་པᨖར་ཀྲཥྞ་བཏིང་ཉེན་གདའ། །མཛེས་པའི་ལྷ་མᨖ་ཁབ་ཏུ་མི་བཞེས་པར། །དུར་ཁྲོད་འགྲིམ་ཞིང་རོ་ཟས་ཟ་ཉེན་གདའ། །བལྟམས་མ་ཐག་ཏུ་དཀར་པᨖའི་སྣང་བ་ཅན། །དགའ་བར་འདུས་པ་འབྲལ་བར་ཕོད་ལགས་སམ། །དེ་ལྟར་གླུ་ལེན་སྐྱོ་བས་ཁབ་ཏུ་འོང༌། །ཀུན་གྱིས་ཕོ་བྲང་འཁᨖར་དུ་སླེབས་པ་ན། །སྐྱེ་བᨖ་ཀུན་གྱིས་ཚᨖར་ཞིང་བལྟས་པའི་ཚེ། །ཕྱོགས་སྐྱོང་བཅུ་པᨖ་རབ་ཏུ་ཞུགས་པ་ལྟར། །འཇིགས་ཤིང་དཔའ་ལ་གོ་ཆ་རབ་ཏུ་སྲ། །མཛེས་ཤིང་མཚར་ལ་ཡ་མཚན་ལྟས་མᨖ་ཆེ། །སིལ་སིལ་ཁྲོལ་ཁྲོལ་འུར་སྒྲ་སྣ་ཚᨖགས་སྒྲོགས། །རང་གི་རྒྱལ་བུ་ལགས་ཀྱང་འཇིགས་པར་ཚᨖར། །ཟླ་བ་གསུམ་དུ་བློན་པᨖ་ཐམས་ཅད་ཀྱང༌། །དམག་གི་ཆས་གྱོན་རྟ་རྣམས་སྒ་ཆས་སྦྲོན། །ལ་ལ་ཚབ་འདྲེན་ལ་ལ་གླུ་གར་རྩེ། །ལ་ལ་འཐབ་པ་ལྟ་བུར་གོ་གསར་བྱེད། །རྣལ་འབྱོར་ཕོ་མᨖ་དག་ནི་མཆོང་ཞིང་རྒྱུག །རྒྱལ་བུས་གྲᨖང་ཁྱེར་དབུས་སུ་སྨྱོ་སྤྱོད་སྐྱོང༌། །ཀུན་གྱིས་རྒྱལ་སྲིད་སྤོང་བར་ཁ་ཚᨖན་བཅད། །ཐམས་ཅད་ཕྲེང་ཞིང་མིག་ནས་མཆི་མ་འབྱིན། །ཁྱེའུའི་ཁྱུ་རུ་གཅན་གཟན་ལྷགས་པ་ལྟར། །ཡབ་ཡུམ་བུ་ཕྱིར་མྱ་ངན་སྨྲེ་སྔགས་འདོན། །ལྷག་པར་ཡབ་ཀྱི་ཞལ་ནས་འདི་སྐད་གསུངས། །ཨེ་མ་བུ་ཁྱོད་ལེགས་པར་བཙས་པའི་ཚེ། །ཡ་མཚན་ལྟས་མཐོང་རྒྱལ་སྲིད་སྐྱོང་སྙམ་ནས། །དགའ་བའི་སེམས་ཀྱིས་ཡིད་དབང་སᨖས་པར་ གྱུར༑ ༑ད་ནི་ནགས་ཁྲོད་བརྟེན་ནམ་ཇི་སྐད་ལགས། །རྒྱལ་བུས་སྨྲས་པ་ཆོས་རྒྱལ་གསན་དུ་གསᨖལ། །ཅི་གསུང་བདག་གིས་རྒྱལ་སྲིད་བཟུང་གྱུར་ན། །ཚེ་འདིར་ཡུད་ཙམ་ཡབ་དང་འགྲᨖགས་མᨖད་ཀྱི། །སྐྱེ་བ་རྟག་ཏུ་ཕ་བུར་མི་ཤེས་ཤིང༌། །ཕན་གནོད་མེད་ན་ཤིན་ཏུ་འཚེང་བ་མིན། །བདག་གིས་རྒྱལ་སྲིད་ཆེན་པᨖ་རབ་སྤངས་ནས། །ངེས་པར་རྣམ་གྲᨖལ་བྱང་ཆུབ་ལམ་འགྲུབ་ན། །སྐྱེ་བ་གཏན་དུ་དགའ་བདེར་འགྲᨖགས་སུ་ཡོད། །དེ་ཕྱིར་བདག་ལ་གོ་སྐབས་སྩལ་བར་མཛོད། །དེ་ནས་ཡུམ་གྱི་ཞལ་ནས་འདི་སྐད་གསུངས། །ཅི་ཕན་བུ་འདི་ཤིན་ཏུ་ཕྲེང་ན་ཡང༌། །སྐྱེ་རྒུ་ཀུན་ལ་ལས་ཀྱི་འཕེན་པ་གཙོ། །སྐྱེས་མཆོག་གང་དུ་ཆོས་ལ་བདེ་བར་ཐོངས། །ཕྱིས་ནས་གཏན་དུ་འགྲᨖགས་པའི་སྨོན་ལམ་འཚལ། །དེ་ནས་རྒྱལ་བུ་ནང་པར་ཐོ་རངས་ནས། །རྣལ་འབྱོར་རྣམས་དང་ལྷན་ཅིག་ནགས་སུ་བྱོན། །ཨ་བ་དྷུ་ཏིའི་དྲུང་དུ་དཀའ་ཐུབ་བསྟེན། །ཆགས་པ་མེད་པར་དབུ་མའི་ཆོས་རྣམས་བསླབས། །དགུང་ལོ་བཅུ་གཉིས་ལོན་ནས་བཅོ་བརྒྱད་བར། །ཨ་བ་དྷུ་ཏིའི་སྤྱོད་པ་སྐྱོང་བ་ལ། །ཐོས་བསམ་སྒོམ་གསུམ་སྟན་ཐོག་གཅིག་ཏུ་བསྒྲུབས། །དེ་ནས་རྗེ་བཙུན་སྙིང་རྗེ་ཆེན་པᨖ་འདིས། །དཀའ་བ་བརྒྱ་ཕྲག་དུ་མས་འབད་པ་ཡིས། །རྒྱལ་སྲིད་ཆེན་པᨖ་བསམ་གྱིས་མི་ཁྱབ་པ། །མཆིལ་མའི་ཐལ་བ་བཞིན་དུ་རབ་སྤངས་ནས། །རྣམ་གྲᨖལ་ཆེན་པᨖར་ཐར་པ་རབ་ཏུ་བརྙེས། །དེ་ཡི་འགྲན་ཟླ་སུ་ཡང་མ་མཆིས་པས། །བསྟན་པའི་མངའ་བདག་དོན་གྲུབ་རབ་བརྙེས་ལ༑ ༑འབྲོམ་རྗེ་ཁᨖ་བᨖས་སྤྱི་བᨖ་རབ་བཏུད་ནས། །འཁᨖར་བ་མ་སྟོངས་བར་དུ་བདག་ཕྱག་འཚལ། །འདི་ལ་སྒྲོ་སྐུར་དྲི་མ་གང་མཆིས་པ། །ཐུགས་རྗེ་ཆེན་པᨖ་ཁྱེད་ཀྱིས་བཟོད་པར་བཞེས། །བླ་མའི་རྣམ་པར་ཐར་པ་རྒྱ་མཚᨖ་ལས། ། རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་པ་ཡི། །ཡོན་ཏན་རགས་རིམ་ཙམ་ཞིག་གསུངས་པའོ། །ཇོ་བᨖ་ལྷ་གཅིག་བཀའ་དྲིན་ཆེ་ལགས་སᨖ། །ཤུ་བྷམ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ བཅོས་མ་མ་ཡིན་པ་སྐྱེ་བར་གྱུར་ཅིག །འགྲᨖ་བའི་མགོན་པᨖ་དཔལ་ལྡན་ཨ་ཏི་ཤའི། །རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་ཚུལ་གྱི། །ཡོན་ཏན་རགས་རིམ་ཙམ་ཞིག་བརྗོད་པ་ཡིས། །སེམས་ཅན་ཀུན་ལ་ངེས་འབྱུང་ སྐྱེ་བར་ཤོག། །།