DNZ-02-KHA-018
DNZ-02-KHA-018
༄༅། །རྫོགས་པ་ཆེན་པᨖ་མཉམ་ཉིད་རང་གྲᨖལ་ཞེས་བྱ་བ་བཞུགས་སᨖ། །
རྒྱ་གར་སྐད་དུ། མ་ཧཱ་སནྡྷི་ས་མ་ཀོ་ན་མ། བᨖད་སྐད་དུ། རྫོགས་པ་ཆེན་པᨖ་མཉམ་ཉིད་རང་གྲᨖལ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པᨖ་ལ་ཕྱག་འཚལ་ལོ། །ཆོས་སྐུ་མཉམ་ཉིད་ཡེ་ནས་བྱང་ཆུབ་པས། །བརྗོད་མེད་བསམ་འདས་མཁའ་དབྱིངས་གདལ་བའི་ཀློང༌། །མི་གནས་མི་དམིགས་རྫོགས་པ་ཆེན་པᨖའི་ངང༌། །རྣམ་དག་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྩེ་མᨖ་ཀུན་གྱི་ཐེག་པ་ནི། །རྒྱུ་འབྲས་ལས་འདས་སྤངས་བླང་རེ་དོགས་བྲལ། །གང་ཡིན་ཀུན་ཡིན་ངོས་བཟུང་མེད་པས་ན། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་དᨖན་འདི་ཉོན། །སྣང་སྲིད་འཁོར་འདས་ཡེ་གྲᨖལ་འོག་མིན་གནས། །སྣ་ཚᨖགས་མ་འགག་ཡེ་ཤེས་གཞལ་ཡས་སུ། །མཉམ་རྫོགས་སྟོན་པ་ཆོས་ཉིད་མི་འགྱུར་བས། །སྣོད་བཅུད་རྒྱུད་དྲུག་སྐུ་གསུམ་འཁོར་རྣམས་ལ། །དུས་གསུམ་དུས་མེད་གཞི་རྫོགས་དག་པའི་དུས། །བླང་དᨖར་རྩོལ་སྒྲུབ་མེད་པའི་ཆོས་བསྟན་པ། །ཕྱི་ནང་བྱ་བའི་ཆོས་ནི་དཔག་མེད་ཀྱང༌། །བསྟན་པའི་ཐེག་པ་རྣམ་པ་དགུར་གསུངས་ཤིང༌། །དེ་དག་རང་བཞིན་དབང་པᨖའི་རིམ་པ་སྟེ། །ངེས་པའི་དᨖན་ལ་ཀུན་དེས་ ནམ་མཁའ་འདྲ། །ཐེག་པ་མེད་ཅིང་ངེས་པར་འབྱུང་བ་མེད། །འོང་མེད་འགྲᨖ་མེད་སྤང་གཉེན་བྲལ་ཐོབ་མེད། །ཐམས་ཅད་ཆོས་ཉིད་འཕོ་འགྱུར་མེད་པའི་ངང༌། །ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད། །རྒྱུ་འབྲས་མི་འདᨖག་ཕྱི་ནང་བྱང་ཆུབ་སེམས། །ཡེ་ནས་འོད་གསལ་ལྷུན་གྲུབ་ངང་ཡིན་པས། །གྲུབ་གསལ་མི་དམིགས་རང་བྱུང་ཡེ་ཤེས་ལ། །ཕྱི་ནང་འབད་པས་ཅི་ཞིག་བརྩལ་དུ་ཡོད། །མ་བཅོས་རྣལ་དུ་འཇོག་པ་ཆོས་ཉིད་ངང༌། །དུས་གསུམ་འཕོ་འགྱུར་མེད་ཀྱི་གང་བདེར་ཐོང་། །འདི་ཞེས་དམིགས་སུ་ཡོད་ན་གཟུང་འཛᨑན་ངང༌། །དགག་སྒྲུབ་བླང་དᨖར་མེད་ཀྱི་རང་སར་ཞོག །ཉོན་མᨖངས་མ་སྤངས་རང་བྱུང་ཡེ་ཤེས་ལྔ། །གང་ཤར་ཉིད་ནས་རང་གྲᨖལ་སྤང་བླང་མེད། ། སྦྱངས་བསྒྱུར་མི་དགོས་སེམས་སངས་རྫོགས་པ་ཆེ། །ཡེ་བབས་རང་བྱུང་ད་ལྟར་ལྷུན་གྱིས་གྲུབ། །ཐ་མལ་སྣ་ཚᨖགས་ལྷུན་རྫོགས་དཀྱིལ་འཁོར་ཆེ། །མ་བྱས་རང་བྱུང་གཞལ་ཡས་ཁང་ཆེན་ནས། །གཟུགས་ཚᨖར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས། །རིགས་ལྔ་ས་ཆུ་མེ་རླུང་ནམ་མཁའི་ཁམས། །ཡུམ་ལྔའི་རང་བཞིན་སྣང་སྲིད་རྣམ་དག་པས། །སྤང་བླང་མི་དགོས་བཅོས་བསྒྱུར་གཉེན་པᨖས་སྟོང༌། །ཐམས་ཅད་རོ་མཉམ་རྫོགས་པ་ཆེན་པᨖའི་ངང༌༑ ༑གཞིར་རྫོགས་གདᨖད་ནས་དག་པར་ཤེས་པར་གྱིས། །ཡེ་སྟོང་རྩ་བ་བྲལ་བའི་སེམས་ཉིད་འདི། །མ་བྱས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཏེ། །ཇི་བཞིན་བཞག་པའི་དེ་བཞིན་མཉམ་པར་གནས། །ཐོག་མཐའི་དུས་མེད་སྔ་ཕྱིའི་འཕོ་འགྱུར་མེད། །རྩིས་དང་རིས་མེད་གོལ་སྒྲིབ་ཀུན་ལས་འདས། །བགྲᨖད་པའི་ས་མེད་ཕྱིན་པའི་ལམ་ཡང་མེད། །ངོ་བᨖ་མེད་ལ་སྦྱངས་བསྒྲོད་གང་འདᨖད་པ། །དེ་དག་ནམ་མཁའ་བཅོས་བསྒྱུར་བྱེད་པར་ཟད། །རང་བྱུང་ཡེ་ཤེས་བཅོས་བསླད་ཀུན་དང་བྲལ། །ཟླ་བའི་རྒྱ་མཚᨖ་རྙོག་པ་ཡེ་ནས་མེད། །དག་དང་མ་དག་དབྱིངས་གཅིག་རོལ་པ་ཆེ། །འདི་ནི་ཡང་ཟབ་སྙིང་པᨖའི་དགོངས་ཀློང་ཡིན། །ཐམས་ཅད་ཀུན་བྱེད་ཆོས་ཉིད་ཡངས་པ་ནི། ། ཀུན་གྱི་སྙིང་པᨖ་རང་བཞིན་ལྷུན་འབྱམས་ཤིང༌། །ངོ་བᨖ་གསལ་ལ་ཐུགས་རྗེ་མ་འགག་པ། །ཇི་བཞིན་ཉིད་ནས་ཡེ་བཞིན་ལྷུན་གྱིས་གྲུབ། །དབྱིངས་གཅིག་ཆོས་ཉིད་ནམ་མཁའི་རང་བཞིན་ལས། །གཞན་པའི་ཆོས་ནི་རྡུལ་ཙམ་མི་དམིགས་པས། །ཆོས་ཅན་སྣང་སྟོང་ཆོས་ཉིད་ཆོ་འཕྲུལ་དུ། །རང་བཞིན་ལྷུན་གྲུབ་རོལ་པར་ཤར་བ་ཡིན། །སྣོད་བཅུད་སྣང་སྲིད་དུས་གསུམ་སངས་རྒྱས་ཀྱང༌། །དེ་བཞིན་ཉིད་ལས་གཞན་དུ་མི་དམིགས་ལ༑ ༑ཡེ་ནས་མ་བྱས་རང་བཞིན་རྣམ་དག་པས། །གློ་བུར་མི་སྦྱོར་ངོ་བᨖའི་ཤེས་པ་གྲᨖལ། །བྱ་རྩོལ་མི་དགོས་རྒྱུ་རྐྱེན་ཀུན་ལས་འདས། །རང་ཡིན་གཞན་ཡིན་ཀུན་ཡིན་ངོས་བཟུང་མེད། །གང་ལྟར་བརྟགས་པ་དེ་ཡིན་གློ་བུར་ཙམ༑ ༑དཔྱད་ན་མི་གནས་བརྟགས་ཕྱིར་ངོ་བᨖས་སྟོང༌། །ཡིན་མིན་བླᨖ་ཡིན་བླᨖ་བྲལ་ཆོས་སྐུ་ཡིན། །བྲལ་བ་གཞན་མིན་གང་ཤར་འཛᨑན་མེད་ཡིན། །གཅིག་གི་རང་བཞིན་ནམ་མཁའ་ལྟ་བུ་ལ། །ཐ་དད་བླᨖ་ཡི་གྲུབ་མཐའ་མང་པᨖར་སྣང༌། །ཀུན་འདུས་རྫོགས་ཆེན་བྱང་ཆུབ་སེམས་དེ་ནི། །ནམ་མཁའ་བཞིན་དུ་ཁྱབ་ཅིང་གོ་འབྱེད་པས། །ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེན་པᨖ་ཡིན། །སྣ་ཚᨖགས་ཆོས་ཀུན་མཉམ་རྫོགས་རོལ་པ་ལས། །བདེ་སྡུག་མཐོ་དམན་སྒྱུ་མ་ཆུ་ཟླའི་གཟུགས། །མེད་བཞིན་སྣང་བས་དᨖན་ལ་གོས་པ་མེད། །ལྷུན་རྫོགས་གཉིས་སུ་མེད་པའི་ངང་ཉིད་དᨖ། །ཇི་ལྟར་སྣང་ཡང་དེ་ལྟས་མ་གྲུབ་པས། །རྒྱུ་འབྲས་གཉིས་མེད་སྒྲོ་བསྐུར་བྲལ་བ་ལ། །དགེ་སྡིག་ལུང་ལ་ལྟོས་པའི་ཐེག་པ་ཅན། །ཡང་དག་དᨖན་དང་ནམ་ཡང་འཕྲད་མི་འགྱུར། །དམ་པའི་དᨖན་ལ་མ་སྐྱེས་གདᨖད་ནས་དག །སྣང་དུས་མི་དམིགས་གཟུང་འཛᨑན་སྤྲོས་པ་བྲལ། །དེ་ལས་གཞན་ཞིག་ནམ་ཡང་མི་དམིགས་པས། ། རྒྱུ་འབྲས་འདས་པའི་རྣལ་མ་མཐོང་བ་མེད། །ད་དུང་གལ་ཏེ་རྒྱུ་འབྲས་ལས་རྐྱེན་འདᨖད། །དེས་ཏེ་སྣང་འདིས་རང་བཞིན་བརྟག་པར་གྱིས། །ཕྱི་རོལ་ཡུལ་ལྔའི་དང་པᨖའི་རྒྱུ་འབྲས་གང༌། །སེམས་ཀྱི་རང་བཞིན་གང་ཞིག་གང་གིས་བསྐྱེད། །དེ་ལྟར་དཔྱད་ན་མཁའ་བཞིན་དངོས་མེད་དེ། །རྒྱུ་འབྲས་འདས་ཕྱིར་གདᨖད་མའི་ཆོས་ཉིད་ངང༌། །མ་བྱས་མ་བྱུང་ལྷུན་གྱིས་གྲུབ་པར་ངེས། །དེ་ལ་རྩོལ་སྒྲུབ་ཞེན་པས་ཅི་བྱར་ཡོད། །ཆོས་ཀུན་ཡེ་ནས་སྟོང་ཞིང་བདག་མེད་ཀྱང༌། །མ་རིག་འཛᨑན་པས་སྲིད་པ་འདིར་འཁྱམས་ཏེ། །དེ་ལས་བདེ་སྡུག་སྣ་ཚᨖགས་སྣང་ན་ཡང༌། །རྨི་ལམ་ནང་བཞིན་དᨖན་ལ་གྲུབ་པ་མེད། །མ་བྱས་རང་བཞིན་དག་པའི་སངས་རྒྱས་ཏེ། །ཡེ་སྟོང་གཞི་རྩ་བྲལ་བར་ཤེས་པར་བྱ། །གང་རྣམས་བླᨖ་ཡིས་བརྟགས་པར་ངོ་བᨖས་སྟོང༌། །གཅིག་དང་ཐ་དད་གཉིས་མེད་ཆོས་རྣམས་ལ། །མི་མཁས་བདེན་པར་ཞེན་པས་རང་ཉིད་འཆིང༌། །སྣ་ཚᨖགས་གྲུབ་མཐའི་གཟེབས་ཀྱིས་གྲᨖལ་བ་མེད། །དྲང་ངེས་རྒྱུ་འབྲས་ལུང་གི་རྗེས་འབྲངས་ཏེ། །བླᨖས་བཏགས་ཆོས་ཀྱིས་འཁོར་བ་རྒྱུན་མི་ཆད། །འདི་ལྟར་རྒྱུ་ཡི་ཐེག་པ་གསུམ་དག་ནི། །སྤང་འགེགས་གཉེན་པᨖས་སེམས་ཉིད་སྦྱོང་བ་སྟེ། །རང་བྱུང་ཡེ་ཤེས་སᨖ་མ་བཅོས་སླད་མེད། །གྲངས་མེད་གསུམ་སᨖགས་གྲᨖལ་བ་རྙེད་མི་འགྱུར། །འབྲས་བུ་འདᨖད་པའི་ཐེག་པ་གཉིས་དག་ལས། །གསང་སྔགས་ཕྱི་པ་གསུམ་ལ་ཀྲ་ཡ་ནི། །ཐམས་ཅད་དབྱིངས་གཅིག་དག་པའི་ཆོས་ཉིད་ལ། །རྗེ་ཁོལ་ཚུལ་གྱིས་གཉིས་འཛᨑན་བླང་དᨖར་བྱེད། །རེ་དྭོགས་གཟེབ་ལས་ནམ་ཡང་ཐར་བ་མེད། །གཅིག་དང་གཉིས་སུ་བཟུང་བས་སླད་པ་ཡིན། །ཨུ་པས་རང་བཞིན་དག་པའི་ཆོས་ཉིད་ལ། །སྤུན་དང་གྲᨖགས་བཞིན་གཉིས་འཛᨑན་འཁྲུལ་པས་བསླད། །ངོ་བᨖ་གཅིག་ལ་བླང་དᨖར་གཉིས་ཕྱེ་བས། །དᨖན་གྱི་སྙིང་པᨖ་ནམ་ཡང་མཐོང་མི་ནུས། །ཡོ་གས་མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིས། །དེ་བཞིན་ཉིད་ལ་བཅོས་བསླད་བྱེད་པར་ཟད། །ཡེ་ནས་མ་སྐྱེས་ཕྱིས་ནས་གྲུབ་པ་མེད། །སེམས་ཉིད་དᨖན་གྱི་སྙིང་པᨖ་མཐོང་བ་མེད། །ཀུན་ཀྱང་བཅུ་དྲུག་བདུན་དང་གསུམ་གྱི་ཚེར། །གཉུག་མའི་རང་བཞིན་གྲᨖལ་བའི་ས་ལ་སྒྲིབ། །ནང་པ་གསུམ་ལས་མ་ཧཱས་དག་པའི་སེམས། །བསྙེན་བསྒྲུབ་བཞི་དང་འཕྲོ་འདུའི་བཅོས་སླད་བྱེད། །ཡེ་ནས་ཡིན་ན་བཅོས་བསྒྱུར་མི་དགོས་ལ། །མིན་ན་ཕན་མེད་ནམ་མཁའི་མདུད་པ་བཞིན། །བླང་དᨖར་མེད་པའི་ངོ་བᨖ་མཐོང་བ་མེད། ། ཨ་ནུས་དབྱིངས་དང་ཡེ་ཤེས་གཉིས་མེད་དང༌། །སྙིང་པᨖ་གཅིག་ལ་རྒྱུ་འབྲས་བཅོས་བསྒྱུར་བྱེད། །ནམ་མཁའི་རང་བཞིན་གཉིས་མེད་དག་པ་ལ། །བདེ་དང་སྟོང་པས་ནམ་ཡང་ཅི་བྱར་ཡོད། །ཨ་ཏིས་བསྐྱེད་རྫོགས་གཉིས་མེད་བྱང་ཆུབ་སེམས། །མཐའ་གྲᨖལ་ངང་དུ་སྙིང་པᨖའི་སེམས་ཉིད་འཆིང༌། །ནམ་མཁའི་ཞགས་པས་སེམས་ཉིད་འཆིང་བར་ཟད། །སྟོང་པའི་ཕྱོགས་ཙམ་གདེང་དུ་སུ་འཆའ་བ། །ཀུན་གྱི་སྣང་བའི་དེ་ཉིད་ཤེས་མིན་གྱི༑ ༑ཆོས་ཀུན་མཉམ་རྫོགས་གཅིག་གི་དᨖན་མི་ཤེས། །ཆད་པའི་ཆ་དང་མཐུན་པའི་རྣལ་འབྱོར་ལ། །སེམས་ཤེས་སུ་ཞིག་རབ་ཏུ་བརྟེན་པར་བགྱི། །དེ་ལྟར་དེ་དག་རྩོལ་བསྒྲུབ་སྤང་ལེན་དང༌། །དམིགས་མེད་ངང་དུ་རང་སེམས་དྲི་མེད་འཆིང༌། །སྙིང་པᨖའི་དེ་ཉིད་རྟོགས་པའི་མཐུ་མེད་ཅིང༌། །སྐལ་ངན་ཆོས་ངན་གྲུབ་པའི་མཐའ་ངན་པས། །སྤང་ཐོབ་མེད་པའི་དེ་ཉིད་མཐོང་བ་མེད། །ལམ་ལ་བསྒྲོད་ཅིང་ས་ལ་སྦྱོང་བར་བྱེད། །རྩོལ་བའི་ནད་ཀྱིས་གདུང་བའི་དམ་ཚᨑག་དང༌། །སྡོམ་པས་མི་དག་སྲིད་པར་འཆིང་བའི་རྒྱུ། །རང་བྱུང་ཡེ་ཤེས་དགོངས་པས་ཕྱིན་པ་མེད། །བྱང་ཆུབ་ཉིད་ཀྱང་ནམ་མཁའི་རང་བཞིན་ལ། །བྱང་ཆུབ་ཉིད་ཀྱང་ནམ་མཁའི་ངོ་བᨖ་ཉིད། །བྱང་ཆུབ་ལམ་ལ་སུ་ཞིག་བགྲོད་དུ་ཡོད། །ནམ་མཁའི་དབྱིངས་སུ་བགྲོད་པའི་སེམས་ཞོག་ལ། །སྤང་བླང་བྱ་བརྩལ་མེད་པའི་དᨖན་མཐོང་མཛོད། །ཆོས་ཀུན་མ་སྐྱེས་སྒྲིབ་པ་མེད་པ་ལ། །བླᨖ་ཡིས་འཛᨑན་པས་གོལ་སྒྲིབ་གཉིས་སུ་བྱུང༌། །ངོ་བᨖ་མེད་ལ་བགྲᨖད་པས་གོལ་བ་སྟེ། །བལྟ་རྒྱུ་མེད་ལ་བལྟས་པས་སྒྲིབ་པ་འབྱུང༌། །རྒྱུ་འབྲས་ཐེག་པ་རང་རང་གཞུང་བཞིན་དུ། །ཅི་ཙམ་འབད་ཅིང་རྩོལ་བ་དེ་སྲིད་བར། །གོལ་ཞིང་སྒྲིབ་པས་རྣལ་མ་མཐོང་ས་མེད། །ཇི་ལྟར་བཟང་པᨖས་བཟང་པᨖ་བརྩལ་བའི་ཚེ། །ཇི་ཙམ་བརྩལ་བ་དེ་ཙམ་གོལ་ཞིང་སྒྲིབ། །མཐོང་བར་འདᨖད་ན་བཟང་པᨖ་མ་བརྩལ་བར། །རང་ཉིད་བཟང་པᨖ་ཡིན་པར་ཐག་ཆོད་ལྟོས། །དེ་བཞིན་དག་པའི་སེམས་ཀྱིས་སེམས་བརྩལ་ཡང༌། །བརྩལ་བྱའི་དᨖན་གྱིས་ཚᨖལ་མཁན་བྱས་པས་འཁྲུལ། །འདི་ནི་ཡེ་ནས་དག་པའི་སེམས་ཉིད་ལ། །བཅོས་བསྒྱུར་གཉེན་པᨖས་མ་བརྩལ་རང་གར་ཞོག །རང་བྱུང་གཅིག་ལ་ཐེག་པ་དགུར་བལྟས་པས། །གོལ་སྒྲིབ་མི་འཆར་ཆུ་ཡི་གཉེར་མ་འདྲ། །བལྟས་པས་མི་མཐོང་བརྩལ་བས་རྙེད་པ་མེད། །ཡེ་ནས་གྲུབ་བསལ་མེད་པར་རང་བཞིན་ཞོག །ཡེ་ཤེས་མི་ཤེས་ཟབ་བཞི་ཕྲ་བ་མེད། །གཉིས་མེད་འབྲེལ་མེད་སྒྲོ་སྐུར་མཐའ་ལས་འདས། །ཇི་བཞིན་རང་བཞིན་ཡེ་བཞིན་ལྷུན་གྲུབ་པས། །གང་ཡིན་དེ་ཡིན་ཀུན་ཡིན་ཆེན་པᨖར་ཞོག །ལྷུན་གྱིས་གྲུབ་ལ་རྩོལ་ཞིང་འབད་མི་དགོས། །མེད་པ་བལྟས་ལ་མཐོང་ས་འགའ་ཡོད་དམ། ། དེ་བས་ཆོས་ཀུན་མ་སྐྱེས་ཆོས་ཉིད་ངང༌། །རྒྱུ་འབྲས་འདས་པའི་དེ་ཉིད་གསལ་བར་ལྟོས། །འདིར་ནི་བླ་མའི་མན་ངག་སྙིང་པᨖའི་དᨖན། །ཆོས་ཉིད་དᨖན་གྱི་ནམ་མཁའ་མཐའ་དབུས་མེད། །རྒྱུ་འབྲས་བསྐྱེད་རྫོགས་ལམ་ལ་མི་ལྟོས་པར། །སེམས་ཉིད་རྒྱལ་པᨖ་ལྷུན་གྲུབ་ཡོན་ཏན་རྫོགས། །ཆགས་མེད་རེ་བ་འཇོག་པའི་ཏིང་འཛᨑན་གྱི། །སྙིང་པᨖའི་སེམས་ཉིད་མི་མཐོང་བསམ་ཡུལ་འདས། །སྣ་ཚᨖགས་སྤྲོས་ལ་འཕེལ་བའི་རྟོག་དཔྱོད་ཀྱིས། །གདᨖད་མའི་གནས་ལུགས་མི་མཐོང་བླᨖ་ལས་འདས། །སྣ་ཚᨖགས་ཐབས་ཚུལ་རྒྱ་མཚᨖ་རིན་ཆེན་གྱིས། །ཇི་བཞིན་ཉིད་ནི་ཡེ་བཞིན་མཐོང་བ་མེད། །ཅོག་གཞག་རེ་དᨖགས་བྲལ་ན་དེ་བཞིན་ཉིད། །གང་ན་འདུག་སར་མཐོང་སྟེ་ལྟ་བ་མེད། །འདི་ལས་གཞན་དུ་བཅོས་པས་བཟང་པᨖར་རློམ། །ཐེ་ཚᨖམ་ཡིད་གཉིས་ཟ་བས་རང་ཉིད་སྒྲིབ། །སྣ་ཚᨖགས་ཆོས་ཀྱི་རྣམ་གྲངས་དᨖན་གཅིག་པ། །སྙིང་པᨖའི་སེམས་ཉིད་མ་བཅོས་རྣལ་མ་སྟེ། །སྐུ་གསུམ་ཞིང་ཡིན་སྟོན་པ་འཁོར་གནས་སུ། །སྟོན་པ་ཕུན་ཚᨖགས་པ་ཡི་རང་བཞིན་ཏེ། །ད་ལྟར་ཤེས་པ་བཟོ་མེད་ལྷུག་པར་གནས། །སྔ་ཕྱི་དུས་གསུམ་འཁོར་འདས་རོལ་པའི་སེམས། །མ་ལུས་གཅིག་ཏུ་གནས་པའི་ངོ་བᨖ་སྟེ། །སྙིང་པᨖ་ལྷུན་འབྱམས་བྱང་ཆུབ་དེ་བཞིན་ཉིད། །ཡེ་ནས་སངས་རྒྱས་ད་ལྟའི་ཆོས་ཉིད་དᨖ། །མ་བྱས་ཡེ་ནས་དག་པའི་དགོངས་ཤར་བ། །སྣ་ཚᨖགས་བརྡ་ཡིས་མཚᨖན་ཏེ་བསྟན་དུ་མེད། །ཚᨑག་དང་ཡི་གེས་དེ་ཉིད་གོ་བར་ཟད། །ཐེག་པའི་རྣམ་གྲངས་རྩེ་མᨖར་ཕྱིན་པའི་སེམས། །བྱང་ཆུབ་སེམས་འདུས་དེ་ཉིད་རྟོགས་ཕྱིར་ཏེ། །ཐམས་ཅད་དབྱིངས་གཅིག་འབྲེལ་བར་བཤད་པ་ཡིན། །འདི་ནི་མ་ལུས་ངེས་གསང་སྙིང་པᨖ་སྟེ། །དེར་ནི་སེམས་ཀྱི་དེ་ཉིད་མཐོང་བ་ཡིན། །སྐལ་ངན་རྣམས་ཀྱིས་ནམ་ཡང་མི་རྟོགས་ཏེ། །དམུན་ལོང་མདུན་དུ་གཟུགས་བརྙན་སྟོན་པ་བཞིན། །བརྡ་དང་རྟེན་འབྲེལ་ཐབས་ཀྱིས་ག་ལ་གོ །སྐལ་བཟང་རྣམས་ཀྱིས་ཉི་ཟེར་པད་མᨖ་བཞིན། །བླ་མའི་དྲིན་གྱིས་རྟོགས་པ་ཁོང་ནས་འཆར། །རང་གི་ངོ་བᨖ་དུས་གསུམ་མཉམ་ཉིད་ལ། །ཆོས་དང་ཆོས་ཉིད་མ་རྟོགས་སᨖ་མར་ཞོག །ཡེ་ནས་བྱང་ཆུབ་རང་བཞིན་རྣམ་དག་ལ། །གློ་བུར་ཞེན་པས་མ་འཆིང་ཅི་དགར་རོལ། །ཆོས་དང་ཆོས་ཅན་ཆོས་ཉིད་མཉམ་པའི་ངང༌། །གང་ཤར་རིག་པ་རང་བྱུང་རོལ་པའི་ཚེ། །རང་གྲᨖལ་ཡེ་བབས་བཅོས་བསླད་བྲལ་བར་ཞོག །སེམས་ཉིད་མ་བཅོས་ཆོས་སྐུའི་རོལ་པ་ལས། །ཡེངས་མེད་བསམ་གཏན་འཛᨑན་པའི་སྟོད་ཕུར་གྱིས། །གཅིག་ཏུ་མ་བསྡུ་རྟོགས་དང་མ་རྟོགས་མཉམ། །ལེགས་ཉེས་ཤོར་གོད་རྡུལ་ཙམ་མི་དམིགས་པས། །ལྟ་བསྒོམ་སྤྱོད་པའི་སྒྲོག་ཏུ་མ་འཆིང་ཅིག །ཡེ་ནས་ཡིན་ལ་ཡེངས་དང་མ་ཡེངས་མེད། ། གཅིག་ཏུ་སེམས་འཛᨑན་རེ་དྭོགས་འཁྲུལ་པའི་ཡིད། །དམིགས་མེད་ངང་ལས་ཞེན་པ་འཆིང་བར་བྱེད། །སེམས་དང་སེམས་ཉིད་གཉིས་སུ་མི་དམིགས་ལ། །སྟོང་དང་མི་སྟོང་མཉམ་པའི་ངང་ཉིད་དུ། །ཤར་གནས་གང་ཡིན་ཡེ་ནས་དེ་ལྟར་ཡིན། །དེ་ལ་དགག་བསྒྲུབ་ཆགས་སྡང་མ་བྱེད་པར། །ཇི་ལྟར་སྣང་བ་དེ་ལྟར་ཡན་དུ་ཆུག །མི་རྟོག་མཁའ་ལྟར་དག་པའི་ཆོས་སྐུ་ལ། །སྣང་སེམས་སྣ་ཚᨖགས་རོལ་པའི་གཟིགས་མᨖར་ཆེ། །མ་སྐྱེས་སྤྲོས་བྲལ་སྐྱེ་བའི་ཆོ་འཕྲུལ་ཅན། །རྟོག་དཔྱོད་དྲན་བསམ་ཚོལ་ཁྲོས་མ་བསླད་པར། །གང་ཡིན་ངང་དེར་གང་ཤར་རོལ་དུ་ཆུག །ཐམས་ཅད་ཀུན་ཡིན་ཆོས་ཉིད་བརྡལ་བ་ལ། །སྤང་བླང་མ་བྱེད་དེ་བཞིན་ཉིད་དུ་ཞོག །ཇི་བཞིན་མི་གཡོ་དེ་བཞིན་མཉམ་པར་གནས། །ཡེ་བཞིན་མཐོ་དམན་མེད་ན་གདᨖད་མའི་གནས། །མི་རྟོག་མཐའ་དབུས་མེད་ཀྱི་དེ་བཞིན་ཞོག །རྩོལ་བྲལ་ཆོས་སྐུ་གཟུགས་མེད་བསྟན་དུ་མེད། །ཆགས་བྲལ་ཞི་བ་དངོས་མེད་དེ་བཞིན་ ཉིད༑ ༑བྱ་བྲལ་ནམ་མཁའི་སེམས་ཉིད་བསྒོམ་དུ་མེད། །རྟོགས་དང་མི་རྟོགས་མཉམ་ཉིད་ཅི་བདེར་ཞོག །ལམ་མེད་ཞུགས་ས་རྣམས་ཀྱི་ནད་ཆེ་བ། །རྩོལ་བའི་དུག་གིས་སེམས་ལ་གདུང་བར་བྱེད། །ཇི་ལྟར་འབད་ཀྱང་འཁོར་བའི་རྒྱུ་འབྲས་ཏེ། །ཐར་པའི་ལམ་དུ་ནམ་ཡང་ཕྱིན་མི་ནུས། །རགས་པའི་སེམས་ལ་དཀར་ནག་གོམ་བྱེད་པ། །འདᨖད་ཁམས་ཉིད་དེ་མཐོ་རིས་ངན་སᨖང་འཛᨑན། །གསལ་བའི་སེམས་གང་དགེ་བས་བརླན་བྱེད་པ། ། གཟུགས་ཁམས་ཉིད་དེ་བསམ་གཏན་རིགས་བཞིར་འཕེན། །མི་རྟོག་སེམས་གང་ཤིན་ཏུ་མི་གཡོ་བས། །གཟུགས་མེད་ཉིད་དེ་མཐའ་སᨖགས་རྣམ་བཞིར་འཁོར། །རྣལ་མའི་སེམས་ལ་བཅོས་སླད་སུ་བྱེད་པ། །གང་ལྟར་བཅོས་པ་དེ་ཡི་མི་རྟོག་སྐྱེ། །སྲིད་པའི་གནས་ལས་ཐར་བའི་སྐབས་མེད་དེ། །དུས་གསུམ་གཅིག་སྟེ་གདᨖད་ནས་བྱང་ཆུབ་ཆེ། །མཁའ་དབྱིངས་བསམ་བྲལ་རང་བཞིན་མཉམ་པའི་ངང༌། །མིང་ཙམ་མི་དམིགས་མཚུངས་བྲལ་མཚན་མ་མེད། །ངོ་མཚར་རྨད་བྱུང་རོལ་པ་ཆེན་པᨖ་ནི། །གཞི་རྫོགས་གླེང་བྲལ་བརྗོད་མེད་ལྷུན་གྱིས་གྲུབ། །མ་ཆགས་མི་གཡོ་རང་བཞིན་དག་པའི་ཞིང༌། །མི་ནུབ་རྒྱལ་མཚན་ནམ་མཁའ་ཆེན་པᨖ་ནི། །སེམས་ཉིད་འོད་གསལ་ཀུན་གྱི་སྙིང་པᨖ་སྟེ། །བསྒྲིམ་དང་ལྷོད་མེད་ཚᨖགས་ཀྱི་རྒྱན་རྣམས་ཀྱང༌། །གཉིས་མེད་ལྷུན་བཞག་ཇི་བཞིན་སྤྲོས་དང་བྲལ། །རྩོལ་བྲལ་སྣང་ཞིང་སྟོང་པའི་ཡུལ་སེམས་ལ། །འདི་ཞེས་མ་མཚᨖན་རང་བཞིན་ལྷུག་པར་ཞོག ། ཇི་བཞིན་སྣང་སྟེ་མ་བཅོས་ཆོས་སྐུའི་ངང༌། །མི་རྟོག་མཉམ་པའི་རྒྱལ་པᨖར་ལྷུན་གྱི་གྲུབ། །རྒྱལ་ཆོས་དྲི་མེད་ཇི་བཞིན་སྤངས་བླང་མེད། །གཉུག་མའི་སངས་རྒྱས་རྒྱུ་འབྲས་འདས་པའི་ངང༌། །མ་སྐྱེས་ལྷུན་རྫོགས་ད་ལྟའི་སེམས་ཉིད་དེ། །གང་ཤར་བཅོས་སླད་མེད་ན་ལྟ་བའི་དᨖན། །རང་བཞིན་རྫོགས་པ་ཆེན་པᨖའི་ངང་ཉིད་དᨖ། །ཆོས་ཉིད་མི་གཡོ་གཅིག་ལས་མ་འདས་ཀྱང༌། །ཆོས་ཅན་མི་འགག་སྣ་ཚᨖགས་སᨖ་སᨖར་གསལ། ། རབ་ཞི་མ་སྐྱེས་མཁའ་ལྟར་དག་པ་དེ། །སྐྱེ་མེད་ཇི་བཞིན་ཡེ་ཤེས་སྒྲིབ་པ་མེད། །ཀུན་ཁྱབ་ཕྱོགས་བྲལ་མཆོག་གསང་རྫོགས་པ་ཆེ། །གཞི་རྩ་དངོས་པᨖ་མེད་པའི་རང་བཞིན་ལ། །བྱ་བྱེད་རྩོལ་བསྒྲུབ་ཆོས་ཀྱི་སྒྲུབ་མི་དགོས། ། ཇི་བཞིན་ངང་ལ་དེ་བཞིན་ཤེས་པར་གྱིས། །གསང་བ་རྒྱ་མཚᨖ་ཤིན་ཏུ་སྒྲོགས་པའི་གསུང༌། །ལྷུན་རྫོགས་རོལ་པ་གང་ཤར་རོལ་པ་ལ། །བླང་དᨖར་མི་དམིགས་ཡེ་གྲᨖལ་ཡངས་པ་ཆེ། །རང་གྲᨖལ་ཤེས་པ་རང་བབས་གདᨖད་མའི་ངང༌། །རྟོགས་པའི་རི་རྒྱལ་རབ་ཏུ་མི་གཡོ་བས། །ལྷུན་འབྱམས་ཐིག་ལེ་ཆེན་པᨖའི་དབྱིངས་སུ་རོལ། །རྫོགས་པ་ཆེན་པᨖ་མཉམ་ཉིད་རང་གྲᨖལ་ལས། རབ་རྟོགས་པས་གྲᨖལ་བའི་ལེའུ་སྟེ་དང་པᨖའོ།། །།དེ་ལྟར་བལྟ་བ་བྱ་བརྩལ་ཆེན་པᨖའི་ངང༌། །རང་བབས་ཤེས་པ་ཇི་བཞིན་ཀློད་པའི་ཚེ། །གང་ཤར་རང་གྲᨖལ་ངང་དྭངས་རྒྱ་མཚᨖ་འདྲ། །མ་བསྒོམ་ཡེངས་མེད་བསམ་བརྗོད་གཟུང་འཛᨑན་བྲལ། །རང་བྱུང་རིག་པ་བཅོས་སླད་མེད་པ་ནི། ། རང་བཞིན་གདᨖད་ནས་དག་པའི་བསྒོམ་པ་ཡིན། །རྟོགས་དང་མི་རྟོགས་མཉམ་པའི་ཆོས་ཉིད་ལ། །བསམ་གཏན་སེམས་འཛᨑན་འཆིང་བས་མ་བསླད་པར། །འཕྲོ་གནས་གཉིས་མེད་གདᨖད་མའི་ངང་ལ་ཞོག །མི་སྤྲོ་མི་བསྡུ་མི་བསྒོམ་ཐ་མལ་དང༌། །གང་བབས་རིག་པ་མཉམ་རྫོགས་འདུས་མ་བྱས། །སྒོམ་དང་མི་སྒོམ་མེད་པར་ཐག་ཆོད་པས། །ཇི་བཞིན་ངང་ལ་ཡེ་བཞིན་ལྷུག་པར་ཞོག །བསྐྱེད་རྫོགས་ཏིང་འཛᨑན་བདེ་གསལ་མི་རྟོག་སᨖགས། ། ཇི་སྲིད་བླᨖས་བྱས་མི་རྟོགས་ཡེ་ཤེས་ཀྱང༌། །བག་ཆགས་ཉིད་དེ་སྲིད་པའི་རྒྱུ་འབྲས་ཙམ། །མཚན་བཅས་མཚན་མེད་རབ་ཞི་མཁའ་འདྲ་བ། །གོང་མའི་སྐྱེ་གནས་བརྒྱུད་ཅིང་འཁོར་བ་གྲུབ། །གང་ལ་ལས་དང་བག་ཆགས་གཉིས་མེད་ཅིང༌། །ཏིང་འཛᨑན་མི་བསྒོམ་རྟོག་དཔྱོད་བླᨖ་ལས་འདས། །དེ་ལས་སྲིད་མེད་སྲིད་པའི་སྡུག་བསྔལ་མེད། །སྐྱེ་མེད་རྡུལ་བྲལ་མཚན་མེད་སྨོན་པ་བྲལ། །མ་བརྩལ་རང་བཞག་བསྒོམ་པའི་རྒྱལ་པᨖ་ནི། །ཇི་བཞིན་ངང་ལས་ཅུང་ཟད་གཡོས་པ་མེད། །གཞི་ཉིད་ལྟ་བས་རྟོགས་པའི་དᨖན་བཞིན་དུ། །གང་ཤར་བཤད་ཀྱང་སྤང་བླང་མེད་པའི་སེམས། །རང་བཞག་ལྟོས་བྲལ་ཡེ་བབས་རིག་པ་ནི། །འཛᨑན་མེད་ཆོས་སྐུ་རྒྱལ་པᨖའི་གཏན་སྲིད་ཟིན༑ ༑དབྱིངས་གཅིག་གདᨖད་མའི་ས་ལ་ད་ལྟ་ཕྱིན། །ཕྱི་ནས་འབྲས་བུ་སྐུ་གསུམ་སྒྲུབ་ཏུ་མེད། །སངས་རྒྱས་བྱང་ཆུབ་ཅེས་བྱའི་རང་བཞིན་ཏེ། །མངོན་དུ་གྱུར་པར་རེ་དྭོགས་གཉིས་དང་བྲལ། །རང་བྱུང་ལྷུན་གྲུབ་ཀུན་ཏུ་བཟང་པᨖའི་ས། །མ་བཅོས་རྣལ་བཞག་ཆེན་པᨖར་ལྷུན་གྱིས་གྲུབ། །སྙིང་པᨖའི་སེམས་ཉིད་རེས་འཇོག་མེད་པའི་ལམ། །མ་བསྒོམ་ཆུ་བᨖའི་རྒྱུན་བཞིན་གནས་པ་ལ། །གོལ་སྒྲིབ་གཉིས་མེད་བདེ་ཀློང་གཅིག་ཏུ་འཁྱིལ། །གྲུབ་དང་མ་གྲུབ་མེད་པས་བླᨖ་བདེ་རྙེད། །ཡིན་དང་མ་ཡིན་མེད་པར་ཕྱམ་གཅིག་པས། །ཐམས་ཅད་གཞིར་རྫོགས་ཀུན་ཏུ་བཟང་པᨖ་ཡིན། །ཁ་དᨖག་ངོས་བཟུང་མེད་པའི་རིག་པ་འདི། །གྲུབ་དང་མ་གྲུབ་མེད་པར་ཐག་ཆོད་པས། །ཇི་བཞིན་མ་བཅོས་ཐ་མལ་ལྷུག་པར་ཞོག །སྣ་ཚᨖགས་འཕྲོ་འདུ་རང་བྱུང་ཡེ་ཤེས་མདངས། །ཆུ་དང་རླབས་བཞིན་བཟང་ངན་མི་དམིགས་པས། །ཀུན་ཀྱང་རང་བྱུང་བྱ་རྩོལ་མེད་པ་ཡིན། །རང་གྲᨖལ་གདᨖད་ནས་དག་པའི་ལྟ་བ་ལ། །མ་སྤང་སᨖར་བཞག་ཀུན་རྫོགས་གཅིག་གི་ངང༌། །སྒྲིམ་གློད་གཉིས་མེད་རང་བྱུང་ཡེ་ཤེས་ཆེ། །རྩོལ་བྲལ་ངང་དུ་དྲན་བསམ་ལས་འདས་པ། །འོད་གསལ་སེམས་ཉིད་དག་པའི་གོམས་པ་ཡིན། །སྣང་སྲིད་ཆོས་རྣམས་མ་སྐྱེས་སྟོང་པའི་ངང༌། །སྒོ་གསུམ་ལྷུག་པ་དེ་བཞིན་ཉིད་དུ་ཞོག །ཀུན་རྫོབ་སྙིང་པᨖ་རྣམ་བཞག་རིག་པའི་ངང༌། །ཕྱི་ནང་གཟུང་འཛᨑན་གཉིས་སུ་མེད་པ་ཡིན། །གང་སྣང་དᨖན་ལ་དེར་འཛᨑན་མ་བྱེད་པར། ། རང་ཤར་རིག་པ་རང་གྲᨖལ་དᨖན་ལ་སྐྱོང༌། །དགོངས་པ་མི་གཡོ་ཐུན་མཚམས་གཅིག་གི་ངང༌། །དུས་གསུམ་དུས་མེད་མཉམ་པར་ལྷུན་གྱིས་གྲུབ། །ཡུལ་སེམས་ཇི་ལྟར་སྣང་ཡང་ཆོས་ཉིད་ངང༌། །གཞི་བཞག་བསྒོམ་པའི་མཆོག་ཡིན་དྲན་བསམ་འདས། །མཁའ་མཉམ་མཉམ་གཞག་ཅིག་ཏུ་ལྷུན་རྫོགས་པས། །ཐམས་ཅད་མ་སྐྱེས་བདེ་ཆེན་རོལ་པར་ཤར། །རང་བྱུང་བསྒོམ་དུ་མེད་པའི་སྙིང་པᨖ་ནི། །ཐ་མལ་ཤེས་པ་བཟོ་མེད་ཟངས་ཁ་མ། །འཕྲོ་ན་རང་གྲᨖལ་གནས་ན་མཉམ་པ་ཉིད། །ཉོན་མᨖངས་དེ་ཉིད་སྟོང་གསལ་ཡེ་ཤེས་ལྔ། །སྤང་གཉེན་སྦྱོང་བསྒྱུར་མི་དགོས་གདᨖད་མའི་ངང༌། །མཁའ་མཉམ་སྐྱེ་མེད་ཆོས་སྐུའི་རོལ་པའོ། །སྙིང་པᨖ་མཚན་མ་མེད་པའི་ཡེ་ཤེས་ལ༑ ༑རང་བྱུང་སྒོམ་དུ་མེད་པའི་གང་བདེར་ཐོངས། །མ་བསམ་རེ་དᨖགས་བྲལ་བའི་ཤེས་པ་ལ། །འཆིང་གྲᨖལ་གདᨖད་ནས་མི་དམིགས་གཞི་རྩ་མེད། །གང་གི་འཆིང་བ་དེ་ཉིད་གྲᨖལ་བ་སྟེ། །ཉོན་མᨖངས་གཉེན་པᨖ་གཉིས་མེད་དེ་བཞིན་ཉིད། །ཇི་བཞིན་ཡུལ་ལ་སྐྱོན་ཡོན་གཉིས་མེད་པ། །ཀུན་བྱེད་རིག་པ་རང་ཡན་ཆེན་པᨖར་ཞོག །མ་བཅོས་རྣལ་བཞག་ཕྱོགས་རིས་མེད་པའི་ངང༌། །སྟོང་པ་མཚན་མ་མེད་ཅེས་མི་དམིགས་པས། །དབྱིངས་གཅིག་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །འདི་ལྟར་གཅིག་ཏུ་ངེས་པའི་དᨖན་ལ་ཉོན། །འཇིག་རྟེན་བྱ་བའི་ལས་དང་ཆོས་རྣམས་ཀུན། །བྱས་པས་མི་ཟིན་རང་བཞིན་བཞག་ན་ཟིན། །དེ་བས་རྩོལ་བསྒྲུབ་ཆོས་ཀྱི་དགོས་པ་མེད། །ཇི་ལྟར་དཔྱད་པས་དེ་ལྟར་འཆིང་བའི་རྒྱུ། །གྲུབ་དང་མ་གྲུབ་རེ་དྭོགས་གཟེབ་ཡིན་པས། །རང་བབས་སᨖར་བཞག་ཇི་བཞིན་ཉིད་དུ་ཞོག །འདས་པའི་ཆོས་རྣམས་འགགས་པས་བསྒོམ་དུ་མེད། །མ་འོངས་མ་སྐྱེས་སྒོམ་པའི་ཡུལ་ན་མེད། །ད་ལྟའི་སེམས་ལ་སྒོམ་དུ་སྒོམ་བྱེད་མེད། །དུས་གསུམ་མཉམ་ཉིད་སྒོམ་ཡུལ་ཀུན་ལས་འདས། །དེ་བས་སྒོམ་པའི་སེམས་འཛᨑན་མ་བྱེད་པར། །རང་བབས་ཤེས་པ་གང་བབས་ངང་དེར་ཞོག ། བསམ་གྱིས་མི་ཁྱབ་བདེ་ཆེན་ངེས་པའི་ལུང༌། །གང་ལ་དེ་གནས་མཉམ་རྫོགས་ཆེན་པᨖ་ཉིད། །ཐབས་དང་ཤེས་རབ་གཉིས་མེད་སྙིང་པᨖའི་དᨖན། །སྐྱེ་མེད་ཕྱོགས་བྲལ་འཕེལ་འགྲིབ་ཀུན་ལས་འདས། །འདུ་ཤེས་མི་འགོག་སྤྲུལ་རྣམས་དེ་བཞིན་ཉིད། །འཛᨑན་མེད་མི་དམིགས་སྤང་གཉེན་རང་སར་གྲᨖལ། །མ་བསྒོམ་ལྷུག་པ་མཉམ་རྫོགས་ཆེན་པᨖ་ལ། །ཡངས་དོག་མཐོ་དམན་རྒྱ་ཆད་ཕྱོགས་ལྷུང་མེད། །མ་སྤངས་རེ་དྭོགས་ཆད་པའི་ངང་ཉིད་དུ། །མི་བསམ་འདུ་འཕྲོ་ཞིག་པའི་བྱང་ཆུབ་སེམས། །ཀུན་གསལ་རང་བཞིན་དག་པའི་ངང་དུ་ཞོག །སྣ་ཚᨖགས་སྣང་གྲགས་ཆོས་རྣམས་སེམས་ཀྱི་ངང༌། །སེམས་ཉིད་མི་གཡོ་རང་བཞིན་གདᨖད་མའི་ངང༌། །ཆོས་དང་ཆོས་ཉིད་མེད་པར་ལ་བཟླས་པས། །འཁོར་འདས་མི་དམིགས་མཉམ་རྫོགས་ངང་ཉིད་དུ། །དྲན་བསམ་ཚᨖལ་ཁྲོ་མེད་པར་མཉམ་པར་ཞོག །གཅིག་ཏུ་མ་བསྡུ་གཉིས་སུ་མ་འཛᨑན་པར། །ལྷུན་གྲུབ་རེ་དྭོགས་བྲལ་བའི་ནམ་མཁའ་ལ། །ཡེངས་མེད་སྤྲོས་དང་བྲལ་བའི་ཤེས་པ་ཉིད། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཚུལ་གྱིས་ཞོག །རྒྱ་བསྐྱེད་སྤང་བསྟོད་མཐའ་དབུས་བརྡལ་བར་བསྐྱེད། །མ་བཟུང་མ་བཏང་རང་གསལ་གཅིག་ཏུ་ལྟོས། །ཕྱམ་མེ་ཁྱབ་གདལ་དབྱིངས་གཅིག་གདᨖད་མའི་ངང༌། །བསམ་རྫོགས་ཡེ་ཤེས་འོད་གསལ་ཁོང་ནས་འཆར། །གཉིས་མེད་དᨖན་ལ་འཇུག་པ་ཀུན་འདᨖད་ཀྱང༌། །བླᨖས་བཟུང་ཆོས་ལས་འགྲᨖ་ཀུན་མ་འདས་པས། །ཐེག་པའི་མཐོ་དམན་དᨖན་གཅིག་སྙིང་པᨖ་མེད། ། ངེས་དᨖན་བརྗོད་བྲལ་མ་སྐྱེས་རྣམ་པར་དག །སེམས་ཉིད་མི་གཡོ་སངས་རྒྱས་རང་བཞིན་ལས། །བཅོས་བསྒྱུར་འབད་པས་ཕྱི་ནས་དག་པར་འདᨖད། །འཁོར་བ་སྤངས་ནས་མྱ་ངན་འདས་འཚᨖལ་བ། །རྨོངས་པ་དེ་ཡིས་སྙིང་པᨖའི་དᨖན་མི་མཐོང༌། །སྒོམ་པའི་རྗེས་ལ་སྒོམ་མེད་རྫོགས་པའི་ཆོས། །མཁའ་ལྟར་དྲི་མེད་སྐྱེ་བ་གང་འདᨖད་པ། །དེ་ལ་ལྟ་བའི་དེ་ཉིད་མཐོང་བ་མེད། །ཕྱི་ནས་དག་པའི་སྒོམ་མེད་ཅི་འདྲ་སྐྱེ། །འདིར་ནི་རྟོགས་མཐོང་གོམས་ལས་ཡོན་ཏན་འཆར། །འོན་ཀྱང་རྟོགས་པ་བཟང་ངན་འཕོ་འགྱུར་མེད། །དེ་ལྟར་ཤེས་ན་སྐྱེས་བུ་མཁས་པ་ཡིན། །རྨོངས་པས་མི་གོ་རྒྱུ་འབྲས་ཚད་མ་འཛᨑན། །རྒྱུ་རྐྱེན་དངོས་པᨖའི་རྟེན་འབྲེལ་ཆོས་དཔག་ནས། ། སེམས་ཉིད་དངོས་མེད་དᨖན་ལ་རྩོལ་སྒྲུབ་བྱེད། །དེ་ནི་ས་བᨖན་མྱུ་གུ་བསྐྱེད་མཐོང་ནས། །ནམ་མཁའ་སྦྱོངས་པས་རྒྱུ་འབྲས་འདᨖད་པ་ཟད། །ཧ་ཅང་མ་འབྲེལ་ཕན་ཚུན་འགལ་བ་ཅན། །དངོས་མེད་སེམས་ལ་བཅོས་པས་ཅི་བྱར་ཡོད། །ནམ་མཁའ་སྐྱེད་ཚལ་མྱུ་གུ་སྐྱོང་བ་བཞིན། །དངོས་མེད་དེ་བཞིན་ཉིད་ལ་བཅོས་མ་བྱེད། །འདི་ལྟར་ཆོས་ཚུལ་བསམ་གྱིས་མི་ཁྱབ་སྟེ། །སོ་སོའི་དངོས་པᨖར་སྣང་བའི་ཆོས་རྣམས་ལ། །རྒྱུས་བསྐྱེད་རྐྱེན་གྱིས་བསྒྱུར་བས་སྣ་ཚᨖགས་བྱེད། །མཁའ་དང་ཉིད་ཆོས་དེ་བཞིན་དག་པ་ལ། །འབད་ཅིང་རྩོལ་བས་མི་འགྲུབ་འཕོ་འགྱུར་མེད། །དེ་བཞིན་སེམས་ལ་བག་ཆགས་འཁྲུལ་པ་གང༌། །ཇི་ལྟར་འབད་རྩོལ་འཁོར་བ་རྒྱུན་མི་ཆད༑ ༑སེམས་ཉིད་མི་གཡོ་སྔ་ཕྱི་འཕོ་འགྱུར་མེད། །དེ་བས་སེམས་ཉིད་དག་པའི་སངས་རྒྱས་ལ། །བཅོས་བསྒྱུར་མ་བྱེད་དེ་བཞིན་ཉིད་དུ་ཞོག །ནམ་མཁའ་བཅོས་པས་ངལ་བར་མ་བྱེད་ཀྱེ། །གྲུབ་དང་མ་གྲུབ་རང་བཞིན་མེད་པས་ན། །རྟོགས་དང་མི་རྟོགས་གཉིས་སུ་མི་འཛᨑན་པར། །རང་བྱུང་ཆོས་ལ་གང་བྱུང་དེ་བཞིན་ཞོག །མ་བཅོས་དེ་བཞིན་བཞག་ན་གདᨖད་མའི་ངང༌། །སྙིང་པᨖའི་འོད་གསལ་རྒྱུན་ཆད་མེད་པས་ན། །གང་བབས་ངང་ལ་རང་བབས་ཆེན་པᨖར་ཞོག །ངང་དྭངས་འོད་གསལ་ཉི་ཟླ་ལྟ་བུའི་སེམས། །དགའ་བདེ་ཕན་ཡོན་བཅས་པ་སྐྱེ་བར་འགྱུར། །འདི་ལ་མཆོག་དང་དམན་པའི་ཆོས་མེད་པས། །དམིགས་བྲལ་མ་རྩོལ་བདེ་བས་ལུས་སེམས་ཁྱབ། ། ཀུན་གྲᨖལ་གདᨖད་ནས་ཇི་བཞིན་དམིགས་སུ་མེད། །མ་བྱས་རང་བཞིན་དག་པའི་རྒྱལ་པᨖ་ནི། །ཕྱོགས་བྲལ་ཡེ་ཤེས་སྣང་བ་མཆེད་པར་བྱེད། །ཀུན་འདུས་རང་བཞག་མི་འགྱུར་སྙིང་པᨖའི་དᨖན། །ཇི་བཞིན་མི་འཆོས་སྒོམ་པའི་ངང་ལ་ཞོག །ཇི་ལྟར་བྱས་པས་བསྒོམ་པར་ཤར་བ་ན། །མ་སྒོམ་གང་ལྟར་བཞག་ཀྱང་ཡེངས་པ་མེད། །མཐར་ཕྱིན་ལྷུན་གྲུབ་ཆེན་པᨖའི་སྒོམ་པ་ཡིན། །ལྟ་སྒོམ་བᨖགས་འབྱིན་སྤྱོད་པའི་རིམ་པ་ཡང༌། །སྒྱུ་མ་སྤྲུལ་པ་གཉིས་མེད་ཆུ་ཟླའི་ངང༌། །སྤྱོད་ལམ་དུས་དྲུག་ཀུན་ཏུ་བཟང་པᨖར་སྤྱད། །གང་ལ་བཟང་ངན་ཡོད་ན་སྤྱོད་པ་མིན། །བླང་དᨖར་རེ་དᨖགས་བྲལ་བར་ཤེས་པར་བྱ། །འདᨖད་པའི་ཡུལ་རྣམས་གང་དང་གང་ལ་ཡང༌། །ཆགས་ཞེན་དགག་བསྒྲུབ་ཡོད་ན་སྤྱོད་པ་མིན། །ཇི་ལྟར་སྒྱུ་མས་སྒྱུ་མའི་ཡུལ་རྣམས་ལ། །གང་ལྟར་སྤྱོད་ཀྱང་ཞེན་འཛᨑན་མེད་པ་ལྟར། །རྣལ་འབྱོར་སྤྱོད་པ་མ་ཆགས་རོལ་པར་སྤྱོད། །ཆོས་སᨖ་ཅོག་ལ་ངོས་བཟུང་འགའ་མེད་དེ། །མེད་བཞིན་སྣང་ལ་དᨖན་དུ་མ་འཛᨑན་པར། །གཉིས་མེད་རང་གྲᨖལ་རྫོགས་པ་ཆེན་པᨖའི་ངང༌། །ཇི་བཞིན་ཉིད་དུ་དེ་བཞིན་སྤྱད་པར་བྱ། །འདི་ཞེས་གཉིས་སུ་སྤྱོད་པའི་སེམས་ཡོད་པས། །གཉུག་མའི་རང་བཞིན་མི་མཐོང་འཁྲུལ་པའི་བླᨖ། །མཐའ་བྲལ་སྤྱོད་ཀྱང་དེ་ཡི་མཐར་ལྷུང་ཞིང༌། །སྒྱུ་མར་འདᨖད་པ་གང་གི་གཟེབ་ཏུ་འཆིང༌། །རང་སེམས་ཡེ་གྲᨖལ་ཆོས་ཉིད་ཆེན་པᨖ་ལ། །སྤྱོད་དང་མི་སྤྱོད་བླང་དᨖར་གཉིས་མེད་ཀྱི། །རྩོལ་བའི་ནད་ཀྱིས་གདུང་བར་མ་བྱེད་པར། །ཇི་བཞིན་གཉིས་མེད་དེ་བཞིན་ཉིད་དུ་ཞོག །ཐམས་ཅད་དབྱིངས་གཅིག་མཉམ་པའི་ངོ་བᨖ་སྟེ། །གདᨖད་མའི་ཡེ་ཤེས་སེམས་ཉིད་རྫོགས་པ་ཆེ། །རང་བྱུང་དᨖན་གྱི་སྙིང་པᨖར་གང་བདེར་སྤྱོད། །ལྷུན་རྫོགས་ཡིན་གྱི་རྩོལ་སྒྲུབ་མ་བྱེད་ཅིག ༑གནས་ལུགས་ཡིན་གྱིས་བཅོས་བསྒྱུར་མ་བྱེད་ཅིག །ཡེ་ནས་ཡིན་གྱི་ད་གཟོད་མ་བསྒྲུབ་ཅིག །གྲུབ་གསལ་མེད་ཀྱི་སྦྱང་བསྒྱུར་མ་བྱེད་ཅིག །ཕྱོགས་རིས་མེད་ཀྱིས་འདི་ཞེས་མ་འཛᨑན་ཅིག །འཁོར་འདས་མེད་ཀྱིས་རེ་དོགས་མ་བྱེད་ཅིག །བཟང་ངན་མེད་ཀྱིས་བླང་དᨖར་མ་བྱེད་ཅིག །ཇི་ལྟར་བསྒོམ་དང་སྤྱད་པར་བྱས་ན་ཡང༌། །རང་གི་སེམས་ལས་གཞན་དུ་གཡོས་པ་མེད། །དེ་ལ་སྤངས་བླང་མཆོད་བཤགས་ཅི་བྱར་ཡོད། ། འཆིང་བའི་བསམ་གཏན་སེམས་ཀྱི་ནད་དུ་ཆེ། །དག་པའི་སེམས་ལ་འཛᨑན་པས་མ་བསླད་པར། །གང་ཤར་རྒྱལ་པᨖ་ཇི་བཞིན་རོལ་དུ་ཆུག །བཟང་ངན་བླང་དᨖར་མེད་ན་སྤྱོད་པ་ཡིན། །གང་ལ་འདི་ཞེས་རྡུལ་ཙམ་ཞེན་འཛᨑན་ཡོད༑ ༑དེ་ལ་དེ་ཉིད་གོལ་སྒྲིབ་ཆེན་པᨖར་བཤད། །ཚད་མེད་ནམ་མཁའི་དབྱིངས་ལ་མ་འཛᨑན་པར། །དག་པའི་སེམས་ཉིད་ནམ་མཁའ་མཚᨖན་ཏེ་སྤྱོད། །སྣང་ཡུལ་ཐབས་ལ་བླᨖ་ནི་ཤེས་རབ་ནི། །གཟུང་འཛᨑན་མི་དམིགས་རྒྱ་ཡན་ཆེན་པᨖར་སྤྱད། །བསᨖད་ནམས་ཡེ་ཤེས་བསྐྱེད་རྫོགས་རྣམ་པར་དག །རོལ་པ་འགགས་མེད་སྒྱུ་མར་ལྷུན་གྱིས་གྲུབ། །སྣང་སེམས་ངོ་བᨖ་མ་སྐྱེས་ཆོས་སྐུ་ལ། །རང་བཞིན་མི་འགག་གསལ་སྟོང་ལོང་སྤྱོད་རྫོགས། །སྣ་ཚᨖགས་ཤར་གྲᨖལ་སྤྲུལ་སྐུར་ཕྱམ་གཅིག་པ། །ཐམས་ཅད་སྐུ་གསུམ་ཡེ་ཤེས་ཆེན་པᨖར་སྤྱད། །སྣང་ཞིང་མི་རྟོག་རོལ་པར་ཤར་བའི་ཚེ། །རྒྱུ་འབྲས་ཐེག་པའི་ཡོན་ཏན་མ་ལུས་རྫོགས། །དེ་ཡང་སེམས་ཉིད་བསམ་གཏན་རིན་ཆེན་མཛོད། །སྲིད་དང་ཞི་བ་མཉམ་ཉིད་རྫོགས་པ་ཆེ། །གདᨖད་ནས་དག་པའི་ངོ་བᨖ་མཐོང་བའི་ཚེ། །རབ་ཏུ་དགའ་བའི་ས་ཞེས་བཏགས་པ་སྟེ། །གཉིས་འཛᨑན་དྲི་མེད་དྲི་མ་མེད་པའི་ས། །རྟོགས་པའི་འོད་བྱེད་འོད་འཕྲོ་ཅན་དང་ནི༑ ༑ཀུན་གྱི་ཡུལ་མིན་སྦྱངས་དཀའ་མངོན་དུ་གྱུར། །སྲིད་ལས་རིང་སᨖང་ཆོས་ཉིད་མི་གཡོ་བ། །ཀུན་གྱི་རབ་མཆོག་ལེགས་པའི་བླᨖ་གྲᨖས་ཅན། །ཡེ་ཤེས་ཉི་མ་དྲི་མེད་ཆོས་ཀྱི་སྤྲིན། །ཚེ་ཡིས་དབྱེ་བས་དེ་ལྟར་བཅུ་དང་ནི། ། གཉིས་མེད་དᨖན་མཐོང་ཚᨖགས་ལམ་སྤྱོད་པས་སྦྱོར། །རྟོག་པ་རབ་མཐོང་དᨖན་གོམས་སྒོམ་པའི་ལམ། །གཏན་སྲིད་ཟིན་པས་མི་སློབ་འབྲས་བུར་བརྗོད། །སྒོ་གསུམ་ཡེ་ཤེས་ཆེན་པᨖར་གཞིར་དག་པས། །བུམ་གསང་ཤེས་རབ་ཚᨑག་དབང་རྣམ་པ་བཞི། །ཡུལ་སེམས་སྣང་སྟོང་བསྐྱེད་རྫོགས་ཟུང་འབྲེལ་སᨖགས། །ཇི་སྙེད་བྱེ་བ་དེ་སྙེད་ཡོན་ཏན་ལྡན། །མ་བརྩལ་ལྷུན་གྱི་གྲུབ་པའི་རྫོགས་པ་ཆེ། །བྱས་ཆོས་བསམ་ལས་འདས་ན་མཐོང་བ་ཡིན། །བལྟས་པས་མི་མཐོང་སྒོམ་པས་གྲུབ་པ་མེད། །དཔྱད་པས་མི་རྙེད་བྱ་རྩོལ་ཀུན་ལས་འདས། །རང་སེམས་སྙིང་པᨖ་འགྱུར་མེད་སངས་རྒྱས་ཏེ། །ཡོད་ནི་འཁོར་འདས་ཀུན་ལ་ཡེ་ནས་ཡོད། །ཁྱབ་ནི་དུས་གསུམ་སྔ་ཕྱི་མེད་པར་ཁྱབ། །ཡིན་ནི་ཆོས་དབྱིངས་རྒྱུ་འབྲས་འདས་པ་ཡིན། །ལྟ་རྒྱུ་མཚན་མའི་དངོས་མེད་ནམ་མཁའ་འདྲ། །རང་བྱུང་ཡེ་ཤེས་གཞི་ནས་མི་གཡོ་བ། །མཚᨖ་བཞིན་ངང་གིས་འོད་གསལ་དྭངས་པ་སྟེ། །ཡུལ་ལ་མི་རྟོག་དེ་བཞིན་ཉིད་དུ་གསལ། །བྱད་བཞིན་རང་གནས་རྐྱེན་ལ་ལྟོས་པ་མེད། །ཡུལ་ལ་ལྟོས་ན་ཡེ་ནས་རང་བྱུང་མིན། །གཞན་འབྱུང་ཡིན་པས་སྣ་ཚᨖགས་གཡོ་བར་འགྱུར། །དེས་ན་དུས་ཀུན་རང་བྱུང་འཕོ་འགྱུར་མེད། ། འཆར་ཞིང་མ་འགགས་སྐུ་གསུམ་འདུ་འབྲལ་མེད། །རང་བཞིན་སྟོང་ལ་ངོ་བᨖ་གསལ་བའི་ངང༌། །ཐུགས་རྗེ་མ་འགགས་རིག་པའི་སྙིང་པᨖར་གནས། །ནང་གསལ་མི་གཡོ་ཇི་བཞིན་ལྷུན་གྱིས་གྲུབ། །ཡུལ་ལ་རྟོགས་ པའི་ཡེ་ཤེས་གང་ཤར་བ། །རྩལ་ལམ་མདངས་ཀྱི་ཡེ་ཤེས་ཞེས་བྱ་སྟེ། །རླབས་སམ་མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཡུལ་ཡོད་རྐྱེན་གྱིས་དེ་བླᨖ་འཆར་བ་སྟེ། །མེད་ན་མི་འབྱུང་འབྲེལ་བ་གྲུབ་པ་ན། །རང་ལ་ཤར་བས་རང་བྱུང་ཞེས་བཏགས་ཀྱང༌། །རྒྱུན་ཏུ་མིན་པས་གཞན་འབྱུང་རྐྱེན་གྱིས་ཡུལ། །འཕྲོ་འདུའི་རོལ་པ་འགགས་པ་མེད་པ་ཡིན། །དེ་ཡང་གཞི་གནས་རང་བྱུང་དབྱིངས་ཡིན་ལ། །ཡུལ་ལ་ཤར་བའི་ཤེས་པ་ཡེ་ཤེས་ཏེ། །ཇི་བཞིན་བཞག་པ་གཉིས་སུ་མེད་པ་ཡིན། །དᨖན་འདི་མི་ཤེས་རྨོངས་པའི་བསམ་གཏན་པ། །ཁ་གཅིག་དབྱིངས་ཉིད་ངང་བཞག་འབའ་ཞིག་འཚོལ། །འདུ་ཤེས་ཚᨖར་བ་འགོག་པའི་སེམས་འཛᨑན་གྱིས། །གཟུགས་དང་གཟུགས་མེད་བག་ཆགས་འཁོར་བ་བསྒྲུབ། །ཁ་ཅིག་ཡུལ་གྱི་ཡེ་ཤེས་ཕྱིར་ལྟས་ལ། །རང་གྲᨖལ་ཟེར་ནས་འཕྲོ་འདུའི་རྟོག་པ་འདྲེན། །ཀུན་རྟོག་སྤྲོས་པས་འདᨖད་པའི་སྲིད་པར་འཆིང༌། །དབྱིངས་དང་ཡེ་ཤེས་གཉིས་མེད་རྟོག་པ་མེད། ། ལ་ལ་བསྐྱེད་རྫོགས་རྒྱུ་འབྲས་སྣ་ཚᨖགས་ཀྱིས། །སྙིང་པᨖ་སེམས་ཉིད་རྣལ་མའི་དᨖན་ལ་སྒྲིབ། །འཁོར་བའི་གྲངས་ལས་ཐར་པའི་སྐབས་མེད་དᨖ། ༈ །འདིར་ནི་གང་ཤར་སྤང་བླང་མེད་པའི་ཚེ། །ངང་དྭངས་དབྱིངས་དེར་རིག་པ་ལ་བཟླས་ནས། །གཉིས་མེད་གཅིག་ཏུ་བདེ་ཀློང་འཁྱིལ་བའི་ཚེ། །འཕྲོ་གནས་གཉིས་མེད་རྫོགས་པ་ཆེན་པᨖར་གྲᨖལ། །ངང་ཡིན་ཡེ་ཡིན་རྫོགས་པ་ཆེན་པᨖ་ཡིན། །སྤང་བླང་མི་དགོས་ཡེ་སངས་ཆེན་པᨖ་ཡིན། ༈ ། ཡེ་ནས་རྟོག་པ་མེད་པའི་སེམས་ཉིད་ལ། །ད་ལྟ་གང་ཤར་གཟེར་རེ་མ་བྱས་ན། །སྣང་སེམས་མི་རྟོག་ཆོས་སྐུའི་ཞིང་དུ་གྲᨖལ། །ཕྱི་ནས་མཉམ་རྫོགས་དེ་བཞིན་བསྒྲུབ་ཏུ་མེད། །རང་བྱུང་གཅིག་ལ་ཡུལ་དྲུག་ཤར་བའི་ཚེ། ། བརྟག་དཔྱད་མི་དགོས་ཇི་བཞིན་ལྷུག་པར་ཞོག །མེ་ལོང་གཟུགས་བརྙན་གཉིས་མེད་དྭངས་པ་བཞིན། །དབྱིངས་དང་ཡེ་ཤེས་གཉིས་མེད་ལྷུན་གྱིས་གྲུབ། ༈ །ཡུལ་ལ་ཤར་ཡང་ཕྱི་རུ་མ་འཕྲོས་པས། །སེམས་ཉིད་དྭངས་པའི་གཟུགས་བརྙན་རོལ་པ་ཙམ། །ཐམས་ཅད་དབྱིངས་གཅིག་ཡེ་ནས་ཤེས་པའི་ཕྱིར། །རང་བྱུང་ཡེ་ཤེས་མ་བསླད་མེད་པའི་དᨖན། །རྒྱུ་འབྲས་འདས་པའི་ངོ་བᨖ་བསྟན་པ་ཡིན། ༈ །ཇི་ལྟར་བླᨖ་ཡིས་བཀོད་པའི་ཆོས་རྣམས་ནི༑ ༑བག་ཆགས་ཡིན་ཕྱིར་རྒྱུ་འབྲས་འཁོར་བར་འཁྱམས། །བདེ་སྡུག་བཟང་ངན་སྣ་ཚᨖགས་སᨖ་སᨖར་སྣང༌། །ས་བᨖན་ཐ་དད་འབྲས་བུ་འབྱུང་བ་བཞིན། །ཇི་བཞིན་མ་བཅོས་སེམས་ཉིད་འོད་གསལ་ནི། །རྒྱུ་འབྲས་གཉིས་མེད་ཡེ་ནས་བྱ་བརྩལ་མེད། །མཁའ་བཞིན་མ་སྐྱེས་མི་འགག་མི་གནས་པས། །དུས་གསུམ་འཕོ་འགྱུར་བརྗོད་མེད་བསམ་ལས་འདས། །མ་བརྩལ་ལྷུན་གྱིས་གྲུབ་པས་སྐྱོན་ཡོན་མེད། །རོལ་པ་འགག་པ་མེད་པས་ཆོས་ཀྱི་དབྱིངས། ། རང་བཞིན་གཅིག་ལ་བཅོས་སླད་མ་བྱེད་ཅིག ༈ །བགྲོད་པས་མི་ཕྱིན་སྦྱངས་པས་དག་པ་མེད། །བརྩལ་བས་མི་རྙེད་རང་བཞིན་ལྷུག་པར་ཞོག །སྐུ་དང་ཡེ་ཤེས་ཡོན་ཏན་ལྷུན་གྱིས་གྲུབ། །མ་བཅོས་དེ་བཞིན་ཉིད་དུ་བཞག་པས་འགྲུབ། །བྱ་བརྩལ་མ་བྱེད་སེམས་ཉིད་ནམ་མཁའ་ཆེ། །ཡེ་ནས་དག་ལ་རྒྱུ་འབྲས་རྩོལ་མི་དགོས། །རང་སེམས་ཆོས་སྐུ་ལྷུན་གྲུབ་འགྲོ་འདᨖད་ན། །གང་སྣང་ཡུལ་སེམས་དམིགས་གཏད་ཞེན་པ་ཤོལ། །འདི་ཞེས་ཆེད་འཛᨑན་མེད་ན་མངོན་དུ་འགྱུར། །ཀུན་ཡིན་གཅིག་ཡིན་གཟའ་གཏད་མེད་པས་ན། །ཕྱོགས་བྲལ་རིག་པ་མཉམ་ཉིད་ཡན་པར་ཞོག །ཆོས་ལ་བྱར་མེད་བྱས་པས་ཟིན་པ་མེད། །ཟིན་མེད་རང་བཞག་བཅོས་བསླད་མ་བྱེད་པར། །གང་ཡིན་ཀུན་ཡིན་འདི་ཞེས་ངེས་མེད་པས། །མཐའ་བྲལ་ཀློང་ཡངས་རྫོགས་པ་ཆེན་པᨖར་ཞོག །བཞག་པ་ཡོད་ན་རྫོགས་པ་ཆེན་པᨖ་མིན། །ཅི་ཡིན་འདི་ཡིན་ངོས་བཟུང་མ་བྱེད་ཅིག ༈ །རྫོགས་པ་ཆེན་པᨖ་མཉམ་ཉིད་རང་གྲᨖལ་ལས། ལམ་གོམས་པས་གྲᨖལ་བའི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ལྟར་གཞི་ལམ་དབྱིངས་རིག་མཐར་ཕྱིན་ཚེ། །གཞི་རྫོགས་འབྲས་བུ་གདᨖད་མར་ལྷུན་གྱིས་གྲུབ། །རང་དᨖན་ཆོས་སྐུ་གཞན་དᨖན་གཟུགས་སྐུ་གཉིས། །དབྱིངས་དང་ཡེ་ཤེས་གཉིས་མེད་འདུ་འབྲལ་མེད། །འཁོར་འདས་གཉིས་མེད་རིག་པ་དབྱིངས་གཅིག་ཏུ། །ཞི་བར་བཞུགས་པ་སྤྲོས་དང་བྲལ་བའི་ཚེ། །ཀུན་བཟང་དབྱེ་བ་མེད་པའི་ས་ཞེས་བྱ། །འདི་ནི་མི་གནས་བསམ་རྫོགས་ཆོས་སྐུའི་ངང༌། །རང་བཞིན་གདᨖད་ནས་དག་པའི་ཆོས་ཉིད་དᨖ། ༈ །དེ་ཉིད་ངང་ལ་ཕྲ་བའི་ཡེ་ཤེས་ནི། །ནང་གསལ་འཆར་གཞི་མ་འགགས་ཐམས་ཅད་མཁྱེན། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ནི། །ཏིང་འཛᨑན་མི་གཡོ་མཉམ་རྫོགས་ཆེན་པᨖའི་ས། །དེ་ཉིད་ངང་ལས་རྣམ་པ་ཕྱིར་བཞེངས་ནས། །འོད་གསལ་སྣང་བས་ཀུན་བཟང་ཡབ་ཡུམ་གྱི། །འཕྲོ་འདུའི་རོལ་པ་འཁོར་ལོ་ཚᨖགས་ཆེན་ས། ༈ །དེ་ཉིད་ངང་ལས་ཞི་བ་རིགས་ལྔའི་ཞིང༌། །འོད་གསལ་ལྷུན་རྫོགས་རང་སྣང་དག་པ་ནི། །ཞིང་དང་སྟོན་པ་ཆོས་འཁོར་དུས་རྣམས་ཏེ། །ཕུན་སུམ་ཚᨖགས་པ་ལྔ་ལྔར་སྣང་བ་ལས། །ཆོས་དབྱིངས་མེ་ལོང་མཉམ་ཉིད་སᨖ་སᨖར་རྟོགས། ། བྱ་གྲུབ་ཡེ་ཤེས་ལྔ་ལྔའི་རང་བཞིན་ནི། །སྟུག་པᨖ་བཀོད་པའི་ས་ཞེས་བརྗོད་པ་ཡིན། །དེ་ཉིད་ངང་ལ་ཁྲོ་བᨖའི་ཞིང་ཁམས་ནི། །དཀྱིལ་འཁོར་ལྷུན་རྫོགས་རིགས་ལྔར་སྣང་བ་ཉིད། །སྐུ་དང་ཡེ་ཤེས་ནམ་མཁའ་མཉམ་སྦྱོར་བ། །རྡོ་རྗེ་འཛᨑན་པའི་ས་ཞེས་བརྗོད་པ་ཡིན། ༈ །དེ་ཉིད་ངང་ལས་ས་བཅུའི་སེམས་དཔའ་ལ། །རྣམ་དག་མི་བསྐྱོད་རིན་འབྱུང་འོད་དཔག་མེད། །དᨖན་གྲུབ་སྣང་བས་འཁོར་རྒྱུད་སྦྱངས་བའི་ཕྱིར། །མེ་ལོང་ལྟ་བུའི་གདུལ་བྱའི་དᨖན་མཛད་པ། །མ་ཆགས་པདྨ་ཅན་གྱི་ས་ཞེས་བྱ། ༈ །དེ་ཉིད་ངང་ལས་མ་དག་གདུལ་བྱ་ལ། །འགྲᨖ་འདུལ་ཐུབ་པ་དྲུག་དང་སྐྱེ་བ་དང༌། །བཟོ་དང་མཁོ་དགུའི་སྤྱོད་པ་སྣ་ཚᨖགས་ཏེ། །མདᨖར་ན་མཐུན་པའི་སྣང་གཟུགས་སྟོན་པ་ དང༌། །སᨖ་སᨖར་སོང་བས་འགྲᨖ་བའི་དᨖན་མཛད་པ། །ཀུན་ཏུ་འོད་ཀྱི་ས་ཞེས་བྱ་བ་ཡིན། །ཉི་མའི་འོད་ཀྱིས་གླིང་བཞིར་སྣང་བྱེད་ཅིང༌། །པདྨོ་འཛུམ་པས་དགའ་བ་བསྐྱེད་པ་བཞིན། །སྤྲུལ་པའི་འོད་ཟེར་སྣང་བས་ཁྱབ་པར་བྱེད། ༈ །ཀུན་བཟང་དབྱེ་བ་མེད་དང་ཏིང་འཛᨑན་ནི། །གཉིས་མེད་ཆོས་སྐུའི་ས་ཡིན་སྤྲོས་ཀུན་ཞི། །ཚᨖགས་ཆེན་སྟུག་པᨖ་བཀོད་དང་རྡོ་རྗེ་འཛᨑན། །རང་སྣང་ལོངས་སྐུའི་ས་ཡིན་འོད་གསལ་ངང༌། །པདྨ་ཅན་དང་ཀུན་ཏུ་འོད་ཟེར་འགྱེད། །རང་བཞིན་འགྲᨖ་འདུལ་སྣ་ཚᨖགས་སྤྲུལ་སྐུའི་ས། །མཛད་པའི་ཕྲིན་ལས་དཔག་མེད་ལྷུན་གྱིས་གྲུབ། ༈ །དེ་ལྟར་སྐུ་དང་ཡེ་ཤེས་ཞིང་རྣམས་ཀྱང༌། །ནམ་མཁའ་བཞིན་དུ་རྟག་ཁྱབ་འདུས་མ་བྱས༑ ༑འགྲᨖ་གྲᨖལ་བར་དུ་རྒྱུན་མི་ཆད་པར་སྣང༌། །འདི་ནི་མཐར་ཕྱིན་གདᨖད་མའི་ངང་ཉིད་དོ། །རང་བཞིན་རྫོགས་པ་ཆེན་པᨖའི་འབྲས་བུ་ཡིན། །རྒྱུ་འབྲས་བསྐྱེད་མིན་ཡེ་ཤེས་ལྷུན་གྲུབ་ཡིན། །མ་བྱས་རང་བཞིན་དག་པའི་སེམས་ཉིད་ལ། །མི་བྱེད་རྩོལ་སྒྲུབ་མེད་པའི་དᨖན་མཐོང་ནས། །རང་བབས་ཡེ་གྲᨖལ་སᨖར་བཞག་ཀློང་གྱུར་པས། །ཡེ་ནས་ལྷུན་གྲུབ་མངོན་དུ་གྱུར་པ་ཡིན། །རྫོགས་པ་ཆེན་པᨖ་མཉམ་ཉིད་རང་གྲᨖལ་ལས། འབྲས་བུ་ལྷུན་གྲུབ་ཆེན་པᨖའི་ལེའུ་སྟེ་གསུམ་པའོ།། ༈ །།དེ་ལྟར་ཆོས་ཚུལ་ཤིན་ཏུ་རྨད་བྱུང་འདི། །གངས་རི་ཐོད་དཀར་རིན་ཆེན་སྙིང་པᨖའི་མགུལ། །དྲི་མེད་འོད་ཟེར་ཤར་བས་སྣང་བྱས་པའི། །དགེ་བས་འགྲᨖ་ཀུན་ཡིད་ཀྱི་མུན་སེལ་ཤོག ། དཔལ་ལྡན་གེ་སར་གསལ་བའི་དབང་པᨖ་ཡིས། །བདག་བླᨖའི་སྦྲང་རྩི་འཛᨑན་འདི་དགའ་བསྐྱེད་པས། །ལེགས་བཤད་གླུ་དབྱངས་དར་དིར་སྙན་པར་སྒྲོགས། །དེ་ཡིས་སྐལ་ལྡན་སྐྱེ་བᨖ་དགའ་བར་མཛོད། །རྫོགས་པ་ཆེན་པᨖ་མཉམ་ཉིད་རང་གྲᨖལ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔᨖན་ཆེན་པᨖ་པདྨའི་དབང་པᨖས་ལེགས་པར་བཟུང་བའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པ་རྫོགས་སᨖ།། །། དགེའོ། །དགེའོ། །དགེའོ།། །།