DNZ-04-NGA-012

From Damngak Dzö
Revision as of 13:42, 31 January 2025 by Jeremi (talk | contribs)

DNZ-04-NGA-012
Wylie title DNZ-04-NGA-012.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 4, Text 12, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༄༅། །ཐིག་ལེ་བཅུ་དྲུག་གི་སྒོམ་བཟླས་ཉམས་སུ་ལེན་ཚུལ་སྙིང་པᨖར་དྲིལ་བ་བཞུགས་སᨖ། །

མཉམ་མེད་ཇོ་བᨖ་ཡབ་སྲས་འཕགས་པ་ཐུགས་རྗེ་ཆེན་པᨖའི་ལྷ་ཚོགས་དང་བཅས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱང་ཆུབ་བར་དུ་རྗེས་སུ་བཟུང་དུ་གསᨖལ། །དེའང་ཐིག་ལེ་བཅུ་དྲུག་གི་ཉམས་ལེན་སྙིང་པᨖར་དྲིལ་ཏེ་ལག་ཏུ་བླང་བའི་ཚུལ་ནི། ལྷ་ཆོས་བདུན་ལྡན་གྱི་རྣལ་འབྱོར་ལས་གསུང་རབ་མཐའ་དག་གི་ཉམས་ལེན་ཐིག་ལེ་བཅུ་དྲུག་ཏུ་འདུ་བ་དང༌། དེ་རྗེས་དྲན་ལྔར་འདུ་ཞིང༌༑ དེའང་བསྡུ་ན་ཐབས་ཤེས་གཉིས་སུ་འདུ་བར་གསུངས་པས། རྗེས་དྲན་ལྔའི་གདམས་པ་ནི་རྗེ་བཙུན་སྒྲོལ་མས་སྩལ་བ་ཡིན་ཏེ། ནོར་བུའི་ཕྲེང་བའི་ལེའུ་གཉིས་པ་ལས། སྲས་ཀྱི་ཐུ་བᨖ་སྤྱན་རས་གཟིགས། །ཁྱེད་ཀྱི་རྗེས་འབྲང་ཁᨖ་མᨖས་བསྐྱང༌། །ཁᨖ་མᨖའི་གདམས་པ་འདི་ལོངས་ལ། །རྗེས་སུ་འབྲངས་ལ་བསྟེན་པར་གྱིས། །སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་ནི་བཟླས་བརྗོད་རྒྱུན་པར་མཛོད། །འགྲᨖ་བ་མ་ལུས་ཕ་མར་སᨖམས། ། སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པᨖ་འདི་ཡི་སྐྱ་བར་གནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་གསུངས་པ་དེ་ཡིན་ལ། འདིའི་ཐོག་མཐར་སྦྱོར་རྒྱུ་གཉིས་ཀྱང་སྔ་མའི་འཕྲོ་དེ་མ་ཐག་ཏུ། དེ་ཡི་སྔོན་ཏུ་གཟུངས་འདི་སྦྱར་རོ། །བྱེ་བ་འགྱུར་དུ་རྒྱལ་བས་གསུངས། །སྲས་མཆོད་དེ་ནི་འདི་ལྟ་སྟེ། །ༀ་སམྦྷཱ་ར་སམྦྷཱ་ར་བི་མ་ན་ས་ར་མ་ཧཱ་ཛམྦྷཱ་བ་ཧཱུྃ་ཕཊ་སྭཱ་ཧཱ། སྲས་ཀྱི་ཐུ་བᨖ་དེང་ཡང་ཉོན། །དེ་ཡི་གོང་དུ་སྤེལ་བྱེད་ཡིན༑ ༑སྒྱུར་བར་བྱེད་པ་བསྔོ་བ་མཆོག །དུས་གསུམ་དགེ་རྩ་མཆོག་བསགས་པ། །མཆོག་རབ་མཆོག་གི་ལམ་ཉིད་ལ། །མཆོག་གི་སེམས་ཀྱི་མཆོག་ཏུ་བསྔོ། །དེ་ནི་སྒྱུར་བྱེད་བསྔོ་བ་ཡིན། །ཞེས་ཐུན་གྱི་མགོར་འགྱུར་སྔགས་བཟླ་བ་དང༌༑ མཇུག་ཏུ་བསྔོ་བ་བྱེད་ཚུལ་བཅས་གསུངས་སᨖ། །ཡང་དེའང་ཐབས་ཤེས་གཉིས་སམ་ཟབ་རྒྱས་ཀྱི་ལམ་གཉིས་སུ་བསྡུས་ཏེ་ཉམས་སུ་ལེན་ཚུལ་ལེའུ་ཉི་ཤུ་པ་ལས། ངས་ཆོས་ཐམས་ཅད་ཧྲིལ་ཏེ་དྲིལ་བ་ཞིག་ཁྱོད་ལ་སྦྱིན། བདག་ཐོངས་གཞན་ལོངས་འོད་གུར་བཞུགས། །སྣང་སྟོང་གཞི་ཆོད་ངོ་བᨖས་སྟོང༌། །དཔྱད་ནས་མ་རྙེད་ལམ་དུ་སᨖང༌། །ལམ་དེ་མི་ལྡོག་པ་ཡིན་ནོ། །གནས་ལུགས་ཚད་མེད་རྒྱུད་ལ་དྲིལ། །འཁᨖར་བའི་སྡུག་བསྔལ་རྩད་ནས་ཆོད། །ཅེས་པ་ནས། སྣང་བའི་ཐབས་ཀྱིས་འགྲᨖ་བ་དྲོངས། །ཤེས་རབ་དབྱིངས་སུ་གཟིམས་ལ་བཞུགས། །ཧྲིལ་ཏེ་དྲིལ་ན་འདི་ཉིད་ཡིན། །ཞེས་གསུངས་པའི་དགོངས་པ་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པᨖས་བཀའ་གདམས་གླེགས་བམ་གྱི་སྙིང་པᨖའི་མན་ངག་བདུད་རྩིའི་བུམ་བཟང་དུ་གསུངས་བཞིན་ཡིན་ཏེ། མདᨖར་བསྡུ་ན་སྟོང་ཉིད་སྙིང་རྗེའི་སྙིང་པᨖ་ཅན་ལས་མ་འདས་པས་འཕགས་མཆོག་ཐུགས་རྗེ་ཆེན་པᨖའི་རྣལ་འབྱོར་ཉིད་ཡིན་ནོ། །འདིར་རྗེས་དྲན་ལྔའི་ཆིངས་དང་སྦྱར་ཏེ་ཉམས་སུ་ལེན་པ་ལ། མདུན་གྱི་ནམ་མཁར་དངོས་བརྒྱུད་ཀྱི་བླ་མ་རྣམས་དང་རྒྱལ་བ་སྲས་བཅས་བཞུགས་པར་བསམས་ཏེ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །གངས་རིའི་མགོན་པᨖ་རྗེ་བཙུན་སྤྱན་རས་གཟིགས། །རྒྱལ་ཡུམ་སྒྲོལ་མ་བཅོམ་ལྡན་མི་གཡོ་མགོན། །བཀའ་གདམས་ལྷ་མཆོག་བཞི་ལ་གསᨖལ་བ་འདེབས། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲᨖལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་སྡེ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་པར་གསᨖལ་བ་འདེབས། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིགས་ཀླུ་སྒྲུབ་དང༌། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་ཏེ། །ཟབ་མᨖ་ལྟ་བའི་བརྒྱུད་པར་གསᨖལ་བ་འདེབས། །ཐུགས་རྗེ་ཆེན་པᨖ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏཻ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོམྦྷི་པ་དང་ཨ་ཏི་ཤ །ཉམས་ལེན་བྱིན་རླབས་བརྒྱུད་པར་གསᨖལ་བ་འདེབས། །ལམ་བཟང་གསལ་མཛད་མགོན་པᨖ་ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པᨖ་རྒྱལ་བ་འབྲོམ། །ལེགས་པའི་ཤེས་རབ་རྒྱལ་མཚན་བཞི་ལ་སᨖགས། །དངོས་བརྒྱུད་བླ་མ་རྣམས་ལ་གསᨖལ་བ་འདེབས། །སྲིད་ལ་ཞེན་ལོག་རྐྱེན་ངན་གྲᨖགས་སུ་ཤར། །བདག་གཞན་མཉམ་བརྗེའི་རླབས་ཆེན་སྤྱོད་ལ་ཞུགས། །སྲིད་རྩ་དྲུང་འབྱིན་ལྟ་བས་རྒྱས་བཏབ་སྟེ། །ཐུན་མᨖང་ལམ་བཟང་བགྲᨖད་པར་བྱིན་གྱིས་རློབས། །གསང་སྔགས་སྒོར་ཞུགས་དམ་ཚᨑག་ཚུལ་བཞིན་སྲུང༌། །ཟབ་གསལ་གཉིས་མེད་ལྷ་ཡི་རྣལ་འབྱོར་གྱིས༑ ༑ཟུང་འཇུག་སྙིང་གི་ཐིག་ལེ་མངོན་གྱུར་ནས། །འགྲᨖ་ཀུན་མགོན་དུ་འགྱུར་བར་བྱིན་གྱིས་རློབས། །སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་སྐྱབས་འགྲᨖ་སེམས་བསྐྱེད་བྱས་ལ་སྐྱབས་ཡུལ་རྣམས་རིམ་གྱིས་བསྡུས་ཏེ་རང་ལ་ཐིམ་པར་བསམ། རང་ཉིད་ཐུགས་རྗེ་ཆེན་པᨖ་ཕྱག་གཉིས་པ་ནོར་བུའི་ཕྲེང་བ་དང་ཤེལ་གྱི་འཁར་བ་སངས་རྒྱས་སྟོང་གིས་མཚན་པ་འཛᨑན་པ། མཉམ་པའི་སྟབས་ཀྱིས་བཞེངས་པའི་སྐུར་གྱུར། མཆོད་པ་བསང་སྦྱང༌། སྟོང་པའི་ངང་ལས་ཨ་ལས་རིན་པᨖ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པར་གྱུར། ༀ་ཨ?ཾ་ནས། སྤརྴེ་ཨཱཿ ཧཱུྃ་གི་བར་གྱིས་བྱིན་གྱིས་བརླབ། འོད་གསལ་སྟོང་པའི་དབྱིངས་ལས་སེམས་ཀྱི་མདངས། །འཇའ་ཚོན་གུར་ནང་པད་དཀར་ལྟེ་བ་ལ། །སྟེང་དང་ཕྱོགས་བཞི་འོག་རྣམས་ཡིག་དྲུག་གི །རང་བཞིན་གཞལ་ཡས་མཚན་ཉིད་རྫོགས་པའི་དབུས། །ཧྲཱིཿ ལས་བཀོད་པ་བསམ་གྱིས་མི་ཁྱབ་པའི། །རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་ལྡན། །མཐའ་ཀླས་རྒྱལ་བའི་ཞིང་ཀུན་སྐུ་ལ་གནས། །སྤྲུལ་པའི་གར་གྱིས་མཁའ་མཉམ་འགྲᨖ་བ་འདྲེན། །དེ་ཡི་ཐུགས་ཀར་སྟོང་གསུམ་མི་མཇེད་ཀྱི། །ཐིག་ལེ་སྔར་དང་མཚུངས་པའི་གཞལ་ཡས་དབུས། །ཐུབ་ཆེན་རྣམ་སྣང་སྐྱབས་སྦྱིན་མཉམ་བཞག་ཅན། །ཐེག་གསུམ་འཕགས་ཚོགས་མཆོག་ཟུང་བཅས་ཏེ་བཞུགས། །གསུམ་པ་ཁ་བ་ཅན་གྱི་ཐིག་ལེ་ཡི། །གཞལ་ཡས་དབུས་སུ་འཕགས་མཆོག་བཅུ་གཅིག་ཞལ། །གནས་ཁང་ཐིག་ལེར་འཕགས་མཆོག་ཕྱག་གཉིས་པ། །སངས་རྒྱས་སྟོང་གིས་མཚན་པའི་འཁར་བ་བསྣམས། །དེ་ཡི་ཐུགས་ཀར་ཡུམ་ཆེན་ཕྱག་བཞི་མ། །སྐྱབས་སྦྱིན་མཉམ་བཞག་རྡོ་རྗེ་གླེགས་བམ་འཛᨑན། །དེ་ནང་བདུད་འདུལ་ཐུབ་པའི་དབང་པᨖ་ནི། །ས་བཅུའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར། །ཐིག་ལེ་བདུན་པར་འཕགས་མཆོག་ཕྱག་བཞི་པ། །རྩ་ཕྱག་ཐལ་སྦྱར་ཤེལ་ཕྲེང་པད་དཀར་འཛᨑན། ། ཐུགས་ཀར་རྒྱལ་ཡུམ་སྒྲོལ་མ་མ་རྒད་མདᨖག །ཕྱག་གཡས་སྐྱབས་སྦྱིན་གཡོན་པས་ཨུཏྤལ་བསྣམས། །དེ་ནང་སྒྲོལ་མ་ལྗང་ནག་དྲག་མᨖའི་གཟུགས། །གྲི་ཐོད་ཌཱ་མ་རུ་དང་ཁ་ཊྭཱྃ་འཛᨑན། །ཐིག་ལེ་བཅུ་པར་ཁྲོ་རྒྱལ་མི་གཡོ་མགོན། །གཡོན་གྱི་པུས་བཙུགས་རལ་གྲི་ཞགས་པ་འཛᨑན། །ཐུགས་ཀར་རྡོ་རྗེ་འཆང་གི་རྣམ་པ་ཅན། །ཇོ་བᨖ་ཆེན་པᨖར་ལྷ་བཞི་སᨖགས་ཀྱིས་བསྐོར། །དེ་ནང་འབྲོམ་རྗེ་པད་དཀར་དྲིལ་བུ་བསྣམས། །ཕྱི་ནང་གསང་གསུམ་སྤྲུལ་པའི་ཚོགས་བཅས་བཞུགས། །ཐིག་ལེ་བཅུ་གསུམ་པ་ལ་བྱམས་པ་མགོན། །སྟེང་དུ་རྒྱ་ཆེན་སྤྱོད་བརྒྱུད་ཚོགས་བཅས་དང༌། །དེ་ཡི་ཐུགས་ཀར་མགོན་པᨖ་འཇམ་པའི་དབྱངས། །ཟབ་མᨖ་ལྟ་བའི་བླ་མ་བརྒྱུད་པར་བཅས། ། འཇམ་མགོན་ཐུགས་ཀར་ཁྱབ་བདག་རྡོ་རྗེ་འཆང༌། །ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མས་བསྐོར། །དེ་ནང་ཆོས་སྐུ་ཟག་མེད་ཡེ་ཤེས་དངོས། །རྣམ་པ་ལོངས་སྐུ་མཉམ་བཞག་ཕྱག་རྒྱ་ཅན། །ཆོས་དབྱིངས་ངང་ལས་འགྲᨖ་དᨖན་མཁའ་ཁྱབ་ཏུ། །མཛད་པའི་སྙིང་དབུས་བྱང་ཆུབ་ཐིག་ལེ་ནི། །ཁྱོན་ཡངས་གསལ་འཚེར་དབུས་སུ་རང་གི་སེམས། །ཐིག་ལེ་སེར་པᨖ་འོད་འབར་རྒྱ་སྲན་ཙམ། །མེར་མེར་འཇུ་ཞིང་ཤིན་ཏུ་རྒྱས་པ་ཡི། །བཙོ་མའི་གསེར་མདᨖག་ཐིག་ལེའི་རྒྱ་མཚོར་གྱུར། །ཀུན་གྱི་གནས་གསུམ་ཡི་གེ་གསུམ་མཚན་པའི། །ཧཱུྃ་ཡིག་འོད་ཀྱིས་ཞིང་ཁམས་རབ་འབྱམས་ནས། །ཡེ་ཤེས་པ་དང་དབང་ལྷ་སྤྱན་དྲངས་ཏེ། །བསྟིམ་ཞིང་དབང་བསྐུར་ས་བᨖན་གྱིས་མཚན་གྱུར། །དེ་ནས་གཞལ་ཡས་ཁང་ཐམས་ཅད་ཀྱི་སྒོ་གཅིག་ཅར་ཕྱེ་སྟེ་སᨖ་སᨖར་ཡན་ལག་བདུན་པ་དང་མཆོད་པའི་ལྷ་མᨖ་རྣམས་ཀྱིས་མཆོད་པར་བསམས་ལ། ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སྐྱེ་གནས་འཇིག་པས་མ་གོས་པའི། །དྲི་མེད་མཆོད་ཚོགས་འབུལ་ལོ་ལྷ། །སྒོ་གསུམ་སྐྱེ་གནས་འཇིག་བྲལ་བའི། །ཉེས་པའི་གཡང་ས་མཐོལ་ལོ་བཤགས། །སྟོང་ཡང་སྣ་ཚོགས་སྐུར་སྟོན་པས། །གྲངས་མེད་འདྲེན་ལ་རྗེས་ཡི་རང༌། །སྨོན་དང་མཚན་མས་སྟོང་པ་ཡི། །འཁᨖར་ལོ་དབྱིངས་སུ་བསྐོར་དུ་གསᨖལ། །སྐྱེ་བས་སྟོང་པའི་ཆོས་སྐུ་ཁྱེད། །ལྷུན་གྲུབ་གནས་པའི་རང་བཞིན་ལས། །གང་དུའང་འདའ་བར་མ་མཛད་ཅིག །དགེ་བ་འདི་ཡིས་འཁᨖར་བ་རྣམས། །འདི་འདྲར་རྟོགས་ཏེ་འདི་འདྲ་བའི། །གཞལ་ཡས་ཁང་དུ་འདྲོངས་གྱུར་ཏེ། །གསང་སྔགས་འདི་བཞིན་སྤྱོད་པར་བསྔོ། །གནས་སྐབས་ཀྲི་ཡའི་ལྷ་ལྔ་བཞིན། །པད་དཀར་སྟོང་ལྡན་ལྟེ་བ་ལ། །ཟླ་བ་ཞུན་མའི་གདན་སྟེང་དུ། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །བསྐྱེད་རྫོགས་མཆོག་ཏུ་བསྔགས་པར་ཤོག །གློ་བུར་འདི་ཡང་ཆོས་དབྱིངས་ལས། །ཐ་དད་ཅི་ཡང་ཡོད་མ་མཆིས། །ཐ་དད་མེད་པར་ཕུན་ཚོགས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །གཙང་མ་རིགས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་གསུམ་གཙང་མ་ལས། །གཡོས་པ་མེད་པའི་བཀྲ་ཤིས་ཤོག །ཅེས་ཡན་ལག་བདུན་པ་དབུལ། རྒྱལ་བ་རྒྱ་མཚོའི་ལྷ་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་པ་རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོའི་དཀྱིལ་འཁᨖར་ལྷ་ཚོགས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསᨖལ། །ཞེས་སᨖགས་ཚᨑགས་བཅད་དང་སྦྲག་པའམ། བསྡུ་ན། ༀ་སརྦ་ཏ་ཐཱ་ག་ཏ་ཨ?ཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱ། ཤབྡ། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤརྴེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་ཆུ་གཉིས་ཉེར་སྤྱོད་རོལ་མᨖ་འདᨖད་ཡོན་ལྔ་རྣམས་དབུལ། རབ་འབྱམས་རྒྱལ་དང་རྒྱལ་སྲས་རྒྱལ་བའི་ཡུམ། །རྒྱལ་བའི་བསྟན་སྲུང་ཀུན་འདུས་ལྷ་མཆོག་བཞི༑ ༑མི་ཡི་རྣམ་རོལ་ཇོ་བᨖ་ཡབ་སྲས་སᨖགས། །བསླུ་མེད་སྐྱབས་མཆོག་རྣམས་ལ་གུས་པས་བསྟོད། །ཁྱད་པར་ཆོས་སྐུའི་སྙིང་པᨖར་ཐབས་ཤེས་ཟུང༌། །ཐིག་ལེའི་རྣམ་པར་ཤར་ལ་བདག་བསྟོད་ན། །ལྷ་ཆོས་བདུན་གྱི་སྙིང་ཁུ་ཐིག་ལེའི་བཅུད། །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །དེ་ནས་ཡང༌། རང་ཐུགས་རྗེ་ཆེན་པᨖ་ཕྱག་གཉིས་པའི་རྣམ་པར་ལོགས་སུ་ཕྱེ་བས་སྣ་དྲངས་ཏེ་མ་གྱུར་སེམས་ཅན་ཐམས་ཅད་ཀྱིས་རྒྱལ་བ་རྒྱ་མཚོ་སᨖགས་ཕྱི་མ་རྣམས་ལ་ཕྱག་དང་བསྐོར་བ་བྱས་ཏེ་གསᨖལ་བ་བཏབ། ཁྱད་པར་རང་གི་དུས་གསུམ་དུ་བསགས་པའི་དགེ་ཚོགས་ཐམས་ཅད་ཀྱང་འགྲᨖ་བ་མགོན་དང་སྐྱབས་མེད་པ་རྣམས་ལ་ཕན་པ་དང་བདེ་བའི་རྒྱུ་གང་ལ་གང་འཚམས་ཀྱི་ཉེར་འཚོའི་རྟེན་དུ་འགྱུར་བའི་ཕྱིར་ལྷ་ཚོགས་རྣམས་ལ་མཆོད་པའི་སྤྲིན་དང་བཅས་ཏེ་ཕུལ་བས་ཟག་མེད་ཀྱི་བདེ་བས་དགྱེས། གནས་གསུམ་གྱི་ཡི་གེ་གསུམ་དང་ཁྱད་པར་ཐུགས་ཀའི་ས་བᨖན་སྔགས་ཕྲེང་དང་བཅས་པ་ལས་འོད་དང་བདུད་རྩིའི་རྒྱུན་བྱུང༌། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། ཐུགས་ཀ་ཕྱེད་ནས་ནང་མ་ནང་མར་ཕྱག་དང་སྐོར་བ་མཆོད་པ་སᨖགས་གོང་བཞིན་བྱས་པས་ཐམས་ཅད་ཀྱི་བྱིན་རླབས་ཐོབ་པར་བསམས་ལ། སᨖ་སᨖའི་སྔགས་སྒྲུབ་དཀྱིལ་རྣམས་སུ་འབྱུང་བ་ལྟར་བཟླ་བའམ། ཐམས་ཅད་ལ་ཡིག་དྲུག་བཟླས་ཀྱང་ཆོག་པར་བཀའ་གདམས་གླེགས་བམ་གྱི་ཆ་ལག་ཏུ་གསུངས། དེར་མ་ཟད་ཐུགས་རྗེ་ཆེན་པᨖའི་སྐུའི་བ་སྤུའི་བུ་ག་རེར་ཡང་དཀྱིལ་འཁᨖར་གྱི་ལྷ་ཚོགས་རྒྱལ་བ་སྲས་བཅས་བཞུགས་ཚུལ། ཡི་གེ་དྲུག་པའི་བཟླས་བརྗོད་བྱེད་ཚུལ་ཟབ་ཤོས་ལ་དམིགས་རྣམ་འདི་འདྲ་ཞིག་དགོས་ཚུལ་ཟ་མ་ཏོག་བཀོད་པའི་མདᨖ་ལ་ཞིབ་ཏུ་བརྟགས་ན་གསལ་ཞིང༌། མགོན་པᨖ་གསེར་གླིང་པས་ཀྱང་དེ་ལྟར་གསུངས་ཡོད་པས་བཟླས་པ་ཡིག་དྲུག་གཅིག་པུར་རྩལ་འདᨖན་བྱས་ན་ལེགས་ལ། ཐིག་ལེ་ཐམས་ཅད་ཀྱི་ནང་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཕྱག་མཆོད་སᨖགས་དུས་མཉམ་དུ་བྱེད་པའི་དམིགས་པ་བསྐྱངས་ནའང་ཆོག་གོ །དེ་ནས་ལྷག་ཆད་བསྐང་བའི་ཕྱིར་ཡིག་བརྒྱ་ཅི་མང་བཟླ། མཆོད་བསྟོད་གོང་བཞིན་བྱ། བརྒྱུད་པ་གསུམ་ལྡན་བླ་མ་ཐམས་ཅད་དང༌། །ཡི་དམ་ཐུགས་རྗེ་ཆེན་པᨖའི་ལྷ་ཚོགས་དང༌། །ཇོ་བᨖ་ཡབ་སྲས་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་གི་སྨོན་པའི་གནས་འདི་འགྲུབ་པར་མཛོད། ། འདིས་མཚོན་དུས་གསུམ་དགེ་ཚོགས་བསྡོམས་པའི་མཐུས། །བདག་དང་མཁའ་མཉམ་འགྲᨖ་བ་མ་ལུས་པ། །བརྒྱུད་པ་གསུམ་ལྡན་བླ་མ་དམ་པ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་སྟེ། །བཀའ་གདམས་རྣམ་ཐར་གཙང་མ་མཐར་ཕྱིན་ཤོག །སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཀུན། །བསྡུས་ཏེ་ཉམས་སུ་བླངས་པས་རྒྱུད་སྦྱངས་ནས། །གསང་ཆེན་སྒོར་ཞུགས་དམ་ཚᨑག་ཚུལ་བཞིན་སྲུང༌། །ཟུང་འཇུག་སྙིང་གི་ཐིག་ལེ་འགྲུབ་པར་ཤོག །ལྷ་བཞིས་ལུས་དང་སྡེ་སྣོད་གསུམ་གྱིས་ངག །བསླབ་པ་གསུམ་གྱིས་སེམས་བརྒྱན་རྗེས་དྲན་ལྔའི། །ཉམས་ལེན་མཐར་ཕྱིན་འགྲᨖ་ཀུན་སྒྲོལ་བ་ལ། །རྒྱལ་བ་རྒྱ་མཚོ་ཉིད་དང་མཚུངས་པར་ཤོག །གསང་ཆེན་སྙིང་གི་ཐིག་ལེའི་གདམས་པ་མཆོག །དབེན་པའི་གནས་སུ་ཉམས་སུ་ལེན་པ་ལ། །ཇོ་བᨖའི་བཀའ་སྲུང་དགུ་བཅུ་རྩ་གཉིས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲᨖགས་བྱེད་ཤོག །རང་གི་ཐུགས་ཀའི་བྱང་ཆུབ་ཀྱི་ཐིག་ལེའི་འོད་ཟེར་གྱིས་སྣོད་བཅུད་མཐའ་དག་བསྡུས་ཏེ་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེ་ལ་ཐིམ། ཐིག་ལེ་ཕྱི་མ་བཅོ་ལྔ་པᨖ་རང་རང་གི་གཙོ་བᨖའི་མདᨖག་ཅན་གྱི་ཐིག་ལེའི་རྣམ་པར་གྱུར་ཏེ་ནང་མ་ནང་མ་ལ་ཐིམ་ཞིང༌། བདག་ཉིད་སངས་རྒྱས་ཆོས་ཀྱི་སྐུའང་ཡི་གེ་གསུམ་དང༌། དེའི་ༀ་ཨཱཿ ལ་ཐིམ། ཨཱཿ ཧཱུྃ་ལ་ཐིམ། ཧཱུྃ་བྱང་ཆུབ་ཀྱི་ཐིག་ལེ་ལ་ཐིམ་སྟེ་ཐབས་ཤེས་ཟུང་འཇུག་གི་ངོ་བᨖར་གྱུར། དེའི་ངང་ལས་སླར་ཡང་ཐུགས་རྗེ་ཆེན་པᨖ་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པར་གྱུར། ལེགས་ཚོགས་ཀུན་གྱི་འབྱུང་གནས་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྐུ་གསུམ་མངོན་དུ་གྱུར་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་དུ་དགེ་བ་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །བསླབ་གསུམ་རྣམ་པར་དག་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །བདག་གཞན་མཉམ་བརྗེ་རིན་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །ཐབས་ཤེས་ཟུང་འཇུག་རིམ་གཉིས་རྣལ་འབྱོར་ཟབ་མᨖའི་བཀྲ་ཤིས་ཤོག །ཕན་བདེའི་གཞིར་གྱུར་ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །འགྲᨖ་ཀུན་ཐེག་མཆོག་ཆོས་ཀྱི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། ། གསུང་རབ་དᨖན་གྱི་དགོངས་པའི་མཐིལ། །ཇོ་བᨖ་ཡབ་སྲས་ཐུགས་ཀྱི་བཅུད། །སྙིང་གི་ཐིག་ལེའི་རྣལ་འབྱོར་གྱིས། །འགྲᨖ་ཀུན་སྨིན་ཅིང་གྲᨖལ་གྱུར་ཅིག །ཅེས་ཐིག་ལེ་བཅུ་དྲུག་གི་བསྒོམ་བཟླས་ཉམས་སུ་ལེན་ཚུལ་སྙིང་པᨖར་དྲིལ་བ་འདི་ནི་མང་དུ་ཐོས་པའི་དᨖན་ཡང་དག་པ་སྒྲུབ་པ་ལ་གཞོལ་བའི་རི་ཁྲོད་པ་ ཡོན་ཏན་རྒྱ་མཚོས་བསྐུལ་ངོར། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་ཡི་གེ་པ་ནི་སྔགས་རམ་པ་དཀོན་མཆོག་ཀུན་དགའོ། །སརྦ་མངྒ་ལམ།། །།