DNZ-05-CA-006: Difference between revisions

From Damngak Dzö
DNZ-05-CA-006
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅།  །དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆོག་ལུང་དང་མན་ངག་གི་སྙིང་པᨖ་བསྡུས་པ་ཞེས་བྱ་བ་བཞུགས་སོ།  །
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=gdams ngag rin po che'i mdzod
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|totalvolumes=18
|author='jam mgon kong sprul
|authortib=འཇམ་མགོན་ཀོང་སྤྲུལ་
|citation=
|language=Tibetan
|pagestatus=Temporary stub only
|volumenumber=05
|volumeLetter=CA
|textnuminvol=006
|pdflink=File:DNZ-05-CA-006.pdf
|InitCategories=Damngak Rinpoché Dzö; DNZ-Volume-05-CA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆོག་ལུང་དང་མན་ངག་གི་སྙིང་པᨖ་བསྡུས་པ་ཞེས་བྱ་བ་བཞུགས་སོ།  །


ན་མཿ ཤྲཱི་ཙཀྲ་ནཱ་ཐ་རཏྣ་ཝརྡྷཱ་ཡ། བདེ་སྟོང་ཆེ་ལས་མ་གཡོས་ཀྱང༌། །ངོ་མཚར་གཟུགས་སྐུའི་རྣམ་འཕྲུལ་གྱིས། །མཐའ་ཡས་གདུལ་བྱ་སྨིན་མཛད་པའི། །བླ་མ་ཀྱཻ་ཡི་རྡོ་རྗེར་འདུད། །དེ་ཡི་དཀྱིལ་འཁོར་ཆེན་པᨖ་རུ། །སློབ་མ་གཞུག་ཅིང་དབང་བསྐུར་བའི། །ཆོ་གའི་མཚམས་སྦྱོར་བརྡ་སྤྲོད་ཀྱི། །རྣམ་དབྱེ་མདᨖར་བསྡུས་བཤད་ཀྱིས་ཉོན། །སྡོམ་ནི། ཕན་ཡོན་ཉེས་དམིགས་ལེགས་ཤེས་པའི། །མཚན་ལྡན་སློབ་དཔᨖན་སློབ་མ་ཡིས། །དུས་གནས་དཀྱིལ་འཁོར་ངེས་བྱས་ཏེ། །ངེས་ཚᨑག་ལྡན་པའི་ཆོ་ག་བརྩམ། །དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་དᨖན་དུ་གཉེར་བའི་སློབ་མ་རྣམས་ཁྲུས་བྱས་ཏེ། ཕྱག་དང་ཡོན་ཕུལ་ནས་རྒན་རིམ་བཞིན་འཁོད་པ་ལ། ལས་ཀྱི་སློབ་མས་མེ་ཏོག་བཀྱེ་བསྡུ་བྱས་ལ། སློབ་དཔᨖན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དᨖན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མᨖ་གསན་ལ་དམ་ཚᨑག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་ཐེག་པ་ཆེན་པᨖའི་གཞུང་ལུགས་དྲི་མ་མེད་པ་རྣམས་ནས་ཇི་ལྟར་བྱུང་བ་བཞིན་གསལ་བཏབ་ནས་གསན་འཚལ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་ཐེག་པ་ཆེན་པᨖ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་ཆེན་པᨖ་བཞི་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཡིན། དེ་ལའང་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། གཉིས་སུ་མེད་པའི་རྒྱུད་དང་རྣམ་པ་གསུམ་ལས། འདི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པᨖ་དཔལ་ཀྱཻ་རྡོ་རྗེའི་རྩ་བ་དང་བཤད་པའི་རྒྱུད་རྣམས་ཀྱི་རྗེས་སུ་འབྲངས་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པᨖ་བི་པའི་ཞལ་སྔ་ནས་བཀྲལ་བའི་སྙིང་པᨖ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པᨖར་དབང་བསྐུར་བ་བསྒྲུབ་པར་བགྱི། དེ་ལ་སྤྱིར་དབང་བསྐུར་བ་ཐོབ་པའི་ཕན་ཡོན་ནི། གང་ཟག་དབང་པᨖ་ཡང་རབ་རྣམས་དབང་རྗེས་དེ་མ་ཐག་གྲᨖལ་བར་འགྱུར་ལ། གང་ཟག་མཆོག་མ་ཡིན་པས་ཀྱང་དབང་ཉིད་རྟག་ཏུ་གོམས་པར་བྱས་ན་ལམ་གཞན་མ་བསྒོམས་ཀྱང་སྐྱེ་བ་བདུན་ནས་མཆོག་གི་དངོས་གྲུབ་འགྲུབ་པར་གསུངས་ཤིང༌། དབང་ཐོབ་ནས་རྩ་བའི་ལྟུང་བས་མ་གོས་ན་སྐྱེ་བ་བཅུ་དྲུག་ནས་འགྲུབ་པར་གསུངས་པ་དང༌། དབང་གིས་གྲᨖལ་བར་མ་ནུས་པའི་གང་ཟག་གཞན་རྣམས་ལ་གྲᨖལ་བྱེད་ཀྱི་ལམ་སྟོན་པའི་སྣོད་རུང་དུ་བྱེད་པའི་ཐབས་ཀྱང་དབང་ཉིད་ཡིན་པར་གསུངས་པས་ན། དབང་བསྐུར་བ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བར་གྲུབ་པའི་ཕྱིར་དང༌། དབང་བསྐུར་བས་ཚེ་རབས་མང་པᨖའི་སྡིག་པ་འདག་ཅིང་དངོས་གྲུབ་ཐམས་ཅད་དབང་བསྐུར་བ་ལ་བརྟེན་ནས་འབྱུང་བར་གསུངས་པའི་ཕྱིར། ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པའི་དབང་ལེན་པ་ལ་ཤིན་ཏུ་སྤྲོ་བར་མཛོད་ཅིག །དེ་ལྟར་དབང་ཐོབ་པའི་ཕན་ཡོན་ངེས་པར་བྱས་ནས། ཕན་ཡོན་ཅན་གྱི་དབང་དེ་མ་ཐོབ་པའི་ཉེས་དམིགས་ནི། གལ་ཏེ་དབང་མ་ཐོབ་ཀྱང་ལམ་ལ་འབད་པར་བྱས་ན་འབྲས་བུ་འཐོབ་པར་འགྱུར་རམ་སྙམ་ན༑ དེ་ལྟ་བུ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། དབང་མ་ཐོབ་པར་རྒྱུད་འཆད་པ་དང་བསྐྱེད་རྫོགས་ཀྱི་དᨖན་བསྒོམས་ཀྱང་དངོས་གྲུབ་མི་ཐོབ་ཅིང༌། འཇིག་རྟེན་པའི་དངོས་གྲུབ་ཕྲ་མᨖ་ཙམ་ཐོབ་སྲིད་ཀྱང་ཕྱི་མ་ངན་སོང་དུ་འགྲᨖ་བར་གསུངས་པའི་ཕྱིར་རོ། །རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་རང་གཞན་གྱི་དᨖན་སྒྲུབ་པར་འདᨖད་པའི་བློ་གྲᨖས་ཅན་དག་གིས་དབང་ལ་ཤིན་ཏུ་གུས་པར་བྱ་དགོས་པ་ཡིན། དེ་ལྟར་ཐོབ་ན་ཕན་ཡོན་དང་མ་ཐོབ་ན་ཉེས་དམིགས་ཡོད་པའི་དབང་དེ་གང་གིས་སྐུར་བར་བྱེད་པ་ལ། སློབ་དཔᨖན་གྱི་མཚན་ཉིད་ནི་མདᨖར་བསྡུ་ན། སྔགས་དང་རྒྱུད་དང་མན་ངག་ཤེས། །ཆོ་གའི་ལས་ལ་རབ་ཏུ་མཁས། །སྙིང་རྗེས་སློབ་མ་རབ་འཛᨑན་པ༑ ༑དབང་བསྐུར་བ་ཡི་སློབ་དཔᨖན་མཆོག །ཅེས་གསུངས་པ་ལྟར་གྱི་མཚན་ཉིད་ཚང་བ་ཞིག་ཅིས་ཀྱང་དགོས་པ་ཡིན། གང་ལ་བསྐུར་བ་སློབ་མའི་མཚན་ཉིད་ནི། དད་དང་སྙིང་རྗེས་སེམས་རབ་དུལ། །རྣམ་རྟོག་ཉུང་ཞིང་བློ་དང་ལྡན། །སྔགས་ཀྱི་ལམ་མཆོག་དᨖན་གཉེར་བ། །མཐུན་ཞིང་གྲངས་དང་ལྡན་པ་བཟུང༌། །ཞེས་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་སློབ་མ་ནང་གཤིན་པ་གཅིག་ནས་ཉེར་ལྔའི་བར་གྲངས་ཁ་ཡར་བ་རེ་ཕྱག་ལེན་ལ་མཛད་པ་ལགས། དེ་ལྟར་སློབ་དཔᨖན་དང་སློབ་མའི་མཚན་ཉིད་ངེས་པར་བྱས་ནས། གང་གི་ཚེ་བསྐུར་བའི་དུས་ནི། གཟའ་སྐར་དང་སྦྱོར་བྱེད་བཟང་པᨖ་འཛོམ་པའི་ཡར་གྱི་ངོའམ། དེ་རྣམས་ལྷག་པར་འཛོམ་ན་མར་གྱི་ངོ་ལའང་ཉེས་པ་མེད་པར་བཤད་པ་ལགས། གང་དུ་དབང་བསྐུར་བའི་གནས་ནི། ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པᨖས་སྐྱོང་ཞིང་ཕྱི་ནང་གི་ཉེར་འཚེ་མེད་པ། ཁྱད་པར་དུ་རང་ངམ་བླ་མ་གོང་མས་སའི་ཆོ་ག་ཚུལ་བཞིན་དུ་བྱས་ཤིང༌། སྣོད་
ན་མཿ ཤྲཱི་ཙཀྲ་ནཱ་ཐ་རཏྣ་ཝརྡྷཱ་ཡ། བདེ་སྟོང་ཆེ་ལས་མ་གཡོས་ཀྱང༌། །ངོ་མཚར་གཟུགས་སྐུའི་རྣམ་འཕྲུལ་གྱིས། །མཐའ་ཡས་གདུལ་བྱ་སྨིན་མཛད་པའི། །བླ་མ་ཀྱཻ་ཡི་རྡོ་རྗེར་འདུད། །དེ་ཡི་དཀྱིལ་འཁོར་ཆེན་པᨖ་རུ། །སློབ་མ་གཞུག་ཅིང་དབང་བསྐུར་བའི། །ཆོ་གའི་མཚམས་སྦྱོར་བརྡ་སྤྲོད་ཀྱི། །རྣམ་དབྱེ་མདᨖར་བསྡུས་བཤད་ཀྱིས་ཉོན། །སྡོམ་ནི། ཕན་ཡོན་ཉེས་དམིགས་ལེགས་ཤེས་པའི། །མཚན་ལྡན་སློབ་དཔᨖན་སློབ་མ་ཡིས། །དུས་གནས་དཀྱིལ་འཁོར་ངེས་བྱས་ཏེ། །ངེས་ཚᨑག་ལྡན་པའི་ཆོ་ག་བརྩམ། །དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་དᨖན་དུ་གཉེར་བའི་སློབ་མ་རྣམས་ཁྲུས་བྱས་ཏེ། ཕྱག་དང་ཡོན་ཕུལ་ནས་རྒན་རིམ་བཞིན་འཁོད་པ་ལ། ལས་ཀྱི་སློབ་མས་མེ་ཏོག་བཀྱེ་བསྡུ་བྱས་ལ། སློབ་དཔᨖན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དᨖན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མᨖ་གསན་ལ་དམ་ཚᨑག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་ཐེག་པ་ཆེན་པᨖའི་གཞུང་ལུགས་དྲི་མ་མེད་པ་རྣམས་ནས་ཇི་ལྟར་བྱུང་བ་བཞིན་གསལ་བཏབ་ནས་གསན་འཚལ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་ཐེག་པ་ཆེན་པᨖ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་ཆེན་པᨖ་བཞི་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཡིན། དེ་ལའང་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། གཉིས་སུ་མེད་པའི་རྒྱུད་དང་རྣམ་པ་གསུམ་ལས། འདི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པᨖ་དཔལ་ཀྱཻ་རྡོ་རྗེའི་རྩ་བ་དང་བཤད་པའི་རྒྱུད་རྣམས་ཀྱི་རྗེས་སུ་འབྲངས་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པᨖ་བི་པའི་ཞལ་སྔ་ནས་བཀྲལ་བའི་སྙིང་པᨖ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པᨖར་དབང་བསྐུར་བ་བསྒྲུབ་པར་བགྱི། དེ་ལ་སྤྱིར་དབང་བསྐུར་བ་ཐོབ་པའི་ཕན་ཡོན་ནི། གང་ཟག་དབང་པᨖ་ཡང་རབ་རྣམས་དབང་རྗེས་དེ་མ་ཐག་གྲᨖལ་བར་འགྱུར་ལ། གང་ཟག་མཆོག་མ་ཡིན་པས་ཀྱང་དབང་ཉིད་རྟག་ཏུ་གོམས་པར་བྱས་ན་ལམ་གཞན་མ་བསྒོམས་ཀྱང་སྐྱེ་བ་བདུན་ནས་མཆོག་གི་དངོས་གྲུབ་འགྲུབ་པར་གསུངས་ཤིང༌། དབང་ཐོབ་ནས་རྩ་བའི་ལྟུང་བས་མ་གོས་ན་སྐྱེ་བ་བཅུ་དྲུག་ནས་འགྲུབ་པར་གསུངས་པ་དང༌། དབང་གིས་གྲᨖལ་བར་མ་ནུས་པའི་གང་ཟག་གཞན་རྣམས་ལ་གྲᨖལ་བྱེད་ཀྱི་ལམ་སྟོན་པའི་སྣོད་རུང་དུ་བྱེད་པའི་ཐབས་ཀྱང་དབང་ཉིད་ཡིན་པར་གསུངས་པས་ན། དབང་བསྐུར་བ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བར་གྲུབ་པའི་ཕྱིར་དང༌། དབང་བསྐུར་བས་ཚེ་རབས་མང་པᨖའི་སྡིག་པ་འདག་ཅིང་དངོས་གྲུབ་ཐམས་ཅད་དབང་བསྐུར་བ་ལ་བརྟེན་ནས་འབྱུང་བར་གསུངས་པའི་ཕྱིར། ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པའི་དབང་ལེན་པ་ལ་ཤིན་ཏུ་སྤྲོ་བར་མཛོད་ཅིག །དེ་ལྟར་དབང་ཐོབ་པའི་ཕན་ཡོན་ངེས་པར་བྱས་ནས། ཕན་ཡོན་ཅན་གྱི་དབང་དེ་མ་ཐོབ་པའི་ཉེས་དམིགས་ནི། གལ་ཏེ་དབང་མ་ཐོབ་ཀྱང་ལམ་ལ་འབད་པར་བྱས་ན་འབྲས་བུ་འཐོབ་པར་འགྱུར་རམ་སྙམ་ན༑ དེ་ལྟ་བུ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། དབང་མ་ཐོབ་པར་རྒྱུད་འཆད་པ་དང་བསྐྱེད་རྫོགས་ཀྱི་དᨖན་བསྒོམས་ཀྱང་དངོས་གྲུབ་མི་ཐོབ་ཅིང༌། འཇིག་རྟེན་པའི་དངོས་གྲུབ་ཕྲ་མᨖ་ཙམ་ཐོབ་སྲིད་ཀྱང་ཕྱི་མ་ངན་སོང་དུ་འགྲᨖ་བར་གསུངས་པའི་ཕྱིར་རོ། །རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་རང་གཞན་གྱི་དᨖན་སྒྲུབ་པར་འདᨖད་པའི་བློ་གྲᨖས་ཅན་དག་གིས་དབང་ལ་ཤིན་ཏུ་གུས་པར་བྱ་དགོས་པ་ཡིན། དེ་ལྟར་ཐོབ་ན་ཕན་ཡོན་དང་མ་ཐོབ་ན་ཉེས་དམིགས་ཡོད་པའི་དབང་དེ་གང་གིས་སྐུར་བར་བྱེད་པ་ལ། སློབ་དཔᨖན་གྱི་མཚན་ཉིད་ནི་མདᨖར་བསྡུ་ན། སྔགས་དང་རྒྱུད་དང་མན་ངག་ཤེས། །ཆོ་གའི་ལས་ལ་རབ་ཏུ་མཁས། །སྙིང་རྗེས་སློབ་མ་རབ་འཛᨑན་པ༑ ༑དབང་བསྐུར་བ་ཡི་སློབ་དཔᨖན་མཆོག །ཅེས་གསུངས་པ་ལྟར་གྱི་མཚན་ཉིད་ཚང་བ་ཞིག་ཅིས་ཀྱང་དགོས་པ་ཡིན། གང་ལ་བསྐུར་བ་སློབ་མའི་མཚན་ཉིད་ནི། དད་དང་སྙིང་རྗེས་སེམས་རབ་དུལ། །རྣམ་རྟོག་ཉུང་ཞིང་བློ་དང་ལྡན། །སྔགས་ཀྱི་ལམ་མཆོག་དᨖན་གཉེར་བ། །མཐུན་ཞིང་གྲངས་དང་ལྡན་པ་བཟུང༌། །ཞེས་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་སློབ་མ་ནང་གཤིན་པ་གཅིག་ནས་ཉེར་ལྔའི་བར་གྲངས་ཁ་ཡར་བ་རེ་ཕྱག་ལེན་ལ་མཛད་པ་ལགས། དེ་ལྟར་སློབ་དཔᨖན་དང་སློབ་མའི་མཚན་ཉིད་ངེས་པར་བྱས་ནས། གང་གི་ཚེ་བསྐུར་བའི་དུས་ནི། གཟའ་སྐར་དང་སྦྱོར་བྱེད་བཟང་པᨖ་འཛོམ་པའི་ཡར་གྱི་ངོའམ། དེ་རྣམས་ལྷག་པར་འཛོམ་ན་མར་གྱི་ངོ་ལའང་ཉེས་པ་མེད་པར་བཤད་པ་ལགས། གང་དུ་དབང་བསྐུར་བའི་གནས་ནི། ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པᨖས་སྐྱོང་ཞིང་ཕྱི་ནང་གི་ཉེར་འཚེ་མེད་པ། ཁྱད་པར་དུ་རང་ངམ་བླ་མ་གོང་མས་སའི་ཆོ་ག་ཚུལ་བཞིན་དུ་བྱས་ཤིང༌། སྣོད་
Line 92: Line 111:
མᨖས་ན་དབང་བཤད་ཆེན་མᨖ་མན་ངག་གི་གཏེར་མཛོད་ལས་ཤེས་པར་བྱའོ། །དེ་ལྟར་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱཻ་རྡོ་རྗེའི་དབང་གི་མཚམས་སྦྱོར་འདི་ལ་སོགས་ཁོངས་རིགས་རྣམས་དཀྱུས་སུ་བཅུག་ནས་དབང་ཆོག་ཅེས་མཚན་གསོལ་ཏེ་འཇུག་བདེ་བར་བློ་གཏེར་དབང་པᨖས་ཐར་རྩེ་རྡོ་རྗེ་འཆང་གི་དགོངས་བཞེད་ལྟར་རྒྱུད་སྡེ་རབ་འབྱམས་ཀྱི་བཀའི་བསྡུ་བ་ཆེན་པᨖ་བགྱིད་སྐབས་བྲིས་པའི་ཡི་གེ་པ་ནི་རྒྱུད་གཞུང་ལ་དད་པ་ཐོབ་པ་དགེ་སློང་ཤཱཀྱ་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་བདག་སོགས་འགྲᨖ་ཀུན་དཔལ་དགེས་པ་རྡོ་རྗེའི་
མᨖས་ན་དབང་བཤད་ཆེན་མᨖ་མན་ངག་གི་གཏེར་མཛོད་ལས་ཤེས་པར་བྱའོ། །དེ་ལྟར་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱཻ་རྡོ་རྗེའི་དབང་གི་མཚམས་སྦྱོར་འདི་ལ་སོགས་ཁོངས་རིགས་རྣམས་དཀྱུས་སུ་བཅུག་ནས་དབང་ཆོག་ཅེས་མཚན་གསོལ་ཏེ་འཇུག་བདེ་བར་བློ་གཏེར་དབང་པᨖས་ཐར་རྩེ་རྡོ་རྗེ་འཆང་གི་དགོངས་བཞེད་ལྟར་རྒྱུད་སྡེ་རབ་འབྱམས་ཀྱི་བཀའི་བསྡུ་བ་ཆེན་པᨖ་བགྱིད་སྐབས་བྲིས་པའི་ཡི་གེ་པ་ནི་རྒྱུད་གཞུང་ལ་དད་པ་ཐོབ་པ་དགེ་སློང་ཤཱཀྱ་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་བདག་སོགས་འགྲᨖ་ཀུན་དཔལ་དགེས་པ་རྡོ་རྗེའི་
གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག  །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། དགེའོ།  །དགེའོ།  །དགེའོ།།    །།
གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག  །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། དགེའོ།  །དགེའོ།  །དགེའོ།།    །།
[[Category:Wyckibaat]]
}}
</onlyinclude>
{{TsagliCall}}
<headertabs/>

Revision as of 13:45, 31 January 2025

Wylie title DNZ-05-CA-006.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 5, Text 6, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
༄༅། །དཔལ་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆོག་ལུང་དང་མན་ངག་གི་སྙིང་པᨖ་བསྡུས་པ་ཞེས་བྱ་བ་བཞུགས་སོ། །

ན་མཿ ཤྲཱི་ཙཀྲ་ནཱ་ཐ་རཏྣ་ཝརྡྷཱ་ཡ། བདེ་སྟོང་ཆེ་ལས་མ་གཡོས་ཀྱང༌། །ངོ་མཚར་གཟུགས་སྐུའི་རྣམ་འཕྲུལ་གྱིས། །མཐའ་ཡས་གདུལ་བྱ་སྨིན་མཛད་པའི། །བླ་མ་ཀྱཻ་ཡི་རྡོ་རྗེར་འདུད། །དེ་ཡི་དཀྱིལ་འཁོར་ཆེན་པᨖ་རུ། །སློབ་མ་གཞུག་ཅིང་དབང་བསྐུར་བའི། །ཆོ་གའི་མཚམས་སྦྱོར་བརྡ་སྤྲོད་ཀྱི། །རྣམ་དབྱེ་མདᨖར་བསྡུས་བཤད་ཀྱིས་ཉོན། །སྡོམ་ནི། ཕན་ཡོན་ཉེས་དམིགས་ལེགས་ཤེས་པའི། །མཚན་ལྡན་སློབ་དཔᨖན་སློབ་མ་ཡིས། །དུས་གནས་དཀྱིལ་འཁོར་ངེས་བྱས་ཏེ། །ངེས་ཚᨑག་ལྡན་པའི་ཆོ་ག་བརྩམ། །དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་དᨖན་དུ་གཉེར་བའི་སློབ་མ་རྣམས་ཁྲུས་བྱས་ཏེ། ཕྱག་དང་ཡོན་ཕུལ་ནས་རྒན་རིམ་བཞིན་འཁོད་པ་ལ། ལས་ཀྱི་སློབ་མས་མེ་ཏོག་བཀྱེ་བསྡུ་བྱས་ལ། སློབ་དཔᨖན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དᨖན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བ་ཟབ་མᨖ་གསན་ལ་དམ་ཚᨑག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང་ཐེག་པ་ཆེན་པᨖའི་གཞུང་ལུགས་དྲི་མ་མེད་པ་རྣམས་ནས་ཇི་ལྟར་བྱུང་བ་བཞིན་གསལ་བཏབ་ནས་གསན་འཚལ། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་ཐེག་པ་ཆེན་པᨖ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཀྱང་ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་ཆེན་པᨖ་བཞི་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཡིན། དེ་ལའང་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། གཉིས་སུ་མེད་པའི་རྒྱུད་དང་རྣམ་པ་གསུམ་ལས། འདི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པᨖ་དཔལ་ཀྱཻ་རྡོ་རྗེའི་རྩ་བ་དང་བཤད་པའི་རྒྱུད་རྣམས་ཀྱི་རྗེས་སུ་འབྲངས་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པᨖ་བི་པའི་ཞལ་སྔ་ནས་བཀྲལ་བའི་སྙིང་པᨖ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པᨖར་དབང་བསྐུར་བ་བསྒྲུབ་པར་བགྱི། དེ་ལ་སྤྱིར་དབང་བསྐུར་བ་ཐོབ་པའི་ཕན་ཡོན་ནི། གང་ཟག་དབང་པᨖ་ཡང་རབ་རྣམས་དབང་རྗེས་དེ་མ་ཐག་གྲᨖལ་བར་འགྱུར་ལ། གང་ཟག་མཆོག་མ་ཡིན་པས་ཀྱང་དབང་ཉིད་རྟག་ཏུ་གོམས་པར་བྱས་ན་ལམ་གཞན་མ་བསྒོམས་ཀྱང་སྐྱེ་བ་བདུན་ནས་མཆོག་གི་དངོས་གྲུབ་འགྲུབ་པར་གསུངས་ཤིང༌། དབང་ཐོབ་ནས་རྩ་བའི་ལྟུང་བས་མ་གོས་ན་སྐྱེ་བ་བཅུ་དྲུག་ནས་འགྲུབ་པར་གསུངས་པ་དང༌། དབང་གིས་གྲᨖལ་བར་མ་ནུས་པའི་གང་ཟག་གཞན་རྣམས་ལ་གྲᨖལ་བྱེད་ཀྱི་ལམ་སྟོན་པའི་སྣོད་རུང་དུ་བྱེད་པའི་ཐབས་ཀྱང་དབང་ཉིད་ཡིན་པར་གསུངས་པས་ན། དབང་བསྐུར་བ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བར་གྲུབ་པའི་ཕྱིར་དང༌། དབང་བསྐུར་བས་ཚེ་རབས་མང་པᨖའི་སྡིག་པ་འདག་ཅིང་དངོས་གྲུབ་ཐམས་ཅད་དབང་བསྐུར་བ་ལ་བརྟེན་ནས་འབྱུང་བར་གསུངས་པའི་ཕྱིར། ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པའི་དབང་ལེན་པ་ལ་ཤིན་ཏུ་སྤྲོ་བར་མཛོད་ཅིག །དེ་ལྟར་དབང་ཐོབ་པའི་ཕན་ཡོན་ངེས་པར་བྱས་ནས། ཕན་ཡོན་ཅན་གྱི་དབང་དེ་མ་ཐོབ་པའི་ཉེས་དམིགས་ནི། གལ་ཏེ་དབང་མ་ཐོབ་ཀྱང་ལམ་ལ་འབད་པར་བྱས་ན་འབྲས་བུ་འཐོབ་པར་འགྱུར་རམ་སྙམ་ན༑ དེ་ལྟ་བུ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། དབང་མ་ཐོབ་པར་རྒྱུད་འཆད་པ་དང་བསྐྱེད་རྫོགས་ཀྱི་དᨖན་བསྒོམས་ཀྱང་དངོས་གྲུབ་མི་ཐོབ་ཅིང༌། འཇིག་རྟེན་པའི་དངོས་གྲུབ་ཕྲ་མᨖ་ཙམ་ཐོབ་སྲིད་ཀྱང་ཕྱི་མ་ངན་སོང་དུ་འགྲᨖ་བར་གསུངས་པའི་ཕྱིར་རོ། །རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་རང་གཞན་གྱི་དᨖན་སྒྲུབ་པར་འདᨖད་པའི་བློ་གྲᨖས་ཅན་དག་གིས་དབང་ལ་ཤིན་ཏུ་གུས་པར་བྱ་དགོས་པ་ཡིན། དེ་ལྟར་ཐོབ་ན་ཕན་ཡོན་དང་མ་ཐོབ་ན་ཉེས་དམིགས་ཡོད་པའི་དབང་དེ་གང་གིས་སྐུར་བར་བྱེད་པ་ལ། སློབ་དཔᨖན་གྱི་མཚན་ཉིད་ནི་མདᨖར་བསྡུ་ན། སྔགས་དང་རྒྱུད་དང་མན་ངག་ཤེས། །ཆོ་གའི་ལས་ལ་རབ་ཏུ་མཁས། །སྙིང་རྗེས་སློབ་མ་རབ་འཛᨑན་པ༑ ༑དབང་བསྐུར་བ་ཡི་སློབ་དཔᨖན་མཆོག །ཅེས་གསུངས་པ་ལྟར་གྱི་མཚན་ཉིད་ཚང་བ་ཞིག་ཅིས་ཀྱང་དགོས་པ་ཡིན། གང་ལ་བསྐུར་བ་སློབ་མའི་མཚན་ཉིད་ནི། དད་དང་སྙིང་རྗེས་སེམས་རབ་དུལ། །རྣམ་རྟོག་ཉུང་ཞིང་བློ་དང་ལྡན། །སྔགས་ཀྱི་ལམ་མཆོག་དᨖན་གཉེར་བ། །མཐུན་ཞིང་གྲངས་དང་ལྡན་པ་བཟུང༌། །ཞེས་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་སློབ་མ་ནང་གཤིན་པ་གཅིག་ནས་ཉེར་ལྔའི་བར་གྲངས་ཁ་ཡར་བ་རེ་ཕྱག་ལེན་ལ་མཛད་པ་ལགས། དེ་ལྟར་སློབ་དཔᨖན་དང་སློབ་མའི་མཚན་ཉིད་ངེས་པར་བྱས་ནས། གང་གི་ཚེ་བསྐུར་བའི་དུས་ནི། གཟའ་སྐར་དང་སྦྱོར་བྱེད་བཟང་པᨖ་འཛོམ་པའི་ཡར་གྱི་ངོའམ། དེ་རྣམས་ལྷག་པར་འཛོམ་ན་མར་གྱི་ངོ་ལའང་ཉེས་པ་མེད་པར་བཤད་པ་ལགས། གང་དུ་དབང་བསྐུར་བའི་གནས་ནི། ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པᨖས་སྐྱོང་ཞིང་ཕྱི་ནང་གི་ཉེར་འཚེ་མེད་པ། ཁྱད་པར་དུ་རང་ངམ་བླ་མ་གོང་མས་སའི་ཆོ་ག་ཚུལ་བཞིན་དུ་བྱས་ཤིང༌། སྣོད་ དང་མི་ལྡན་པའི་སྐྱེ་བᨖས་དབེན་པ་ཞིག་ཅིས་ཀྱང་དགོས་པ་ལགས། གང་ལ་བརྟེན་ནས་དབང་བསྐུར་བའི་དཀྱིལ་འཁོར་ལ། མཚོན་པར་བྱ་བ་ངེས་དᨖན་དᨖན་དམ་པའི་དཀྱིལ་འཁོར་ནི། སྙིང་པᨖ་བདེ་བ་ཆེན་པᨖ་ལེན་ཅིང་འཛᨑན་པར་བཤད་ལ། དེ་ཉིད་མཚོན་པར་བྱེད་པ་དྲང་དᨖན་ཀུན་རྫོབ་པའི་དཀྱིལ་འཁོར་ལ་གྲུབ་ཆེན་སོ་སོས་བཀྲལ་བའི་དཀྱིལ་འཁོར་གྱི་རྣམ་གཞག་མང་དུ་བཤད་ཀྱང༌། མདᨖར་བསྡུ་ན། རྡུལ་ཚོན། རས་བྲིས། ལུས་དཀྱིལ་ཏེ་གསུམ་མམ༑ ཏིང་ངེ་འཛᨑན་གྱི་དཀྱིལ་འཁོར་ཏེ་བཞི་ལས། དེང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་ནི་རྡུལ་ཚོན་དང་རས་བྲིས་ཉིད་གཙོ་ཆེར་གསུངས་པ་ཡིན་ལ། གང་ཞིག་བསྐུར་བ་དབང་གི་ངེས་ཚᨑག་ནི༑ གཏོར་ཞིང་བླུགས་པ་སྟེ་དབང་བཞི་པᨖ་རིམ་པ་བཞིན་སྤྱི་བᨖ་དང༌། ལྕེ་དང༌། དབང་གི་གནས་དང༌། རླུང་སེམས་ལ་གཏོར་ཞིང་བླུགས་པ་ལ་བརྟེན་ནས། སྐུ་བཞིའི་མྱུ་གུ་འབྱུང་བས་ན་དབང་ཞེས་བྱ་བ་ཡིན། ཇི་ལྟར་བསྐུར་བའི་ཆོ་ག་ལ་ལམ་ལ་སྦྱོར་བར་བྱེད་པ་རྒྱུའི་དབང༌། ཀུན་ནས་གོམས་པར་བྱེད་པ་ལམ་གྱི་དབང༌། མི་འཕྲོག་པ་ལ་སྦྱོར་བར་བྱེད་པ་འབྲས་བུའི་དབང་སྟེ། གནས་སྐབས་ཀྱི་སྒོ་ནས་གསུམ་དུ་གསུངས་ཀྱང༌། གང་ཟག་གི་སྒོ་ནས་དུ་མ་ཞིག་ཏུ་འགྱུར་བ་ལས། འདིར་སྨིན་བྱེད་ཀྱི་ཆོ་ག་དང་མཐུན་པར་འཆད་པ་ལགས། དེ་བས་ན་རྒྱུད་སྡེའི་དགོངས་པ་གྲུབ་པའི་བླ་མ་བརྒྱུད་པ་ལས་རིམ་པར་འོངས་པའི་ཉམས་ལེན་གྱི་རིམ་པ་ལ་དབང་གི་མངོན་ པར་རྟོགས་པ་བདུན་ནམ་བརྒྱད་དང་ལྡན་པའི་སྒོ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའི་ཚུལ་དང༌། སྟ་གོན་དང་དངོས་གཞི་གཉིས་ཀྱི་སྒོ་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་གཉིས་ལས། རྡུལ་ཚོན་ལྟར་ན་བཞི་པ་སྟ་གོན་དུ་གནས་པའི་ཆོ་གའམ། རས་བྲིས་ལྟར་ན་ནུབ་དང་པᨖ་སྟ་གོན་གྱི་སྐབས་སུ་བབས་པ་ཡིན། དེ་ལ་སའི་ལྷ་མᨖ་སྟ་གོན་དང༌། ལྷ་དང་བུམ་པ་ལྷག་གནས་ཏེ། ལྷག་གནས་དང་པᨖ་གསུམ་ཁོ་བᨖས་བགྱིས་ཟིན་ནས། སློབ་མ་ལྷག་གནས་ལ། ལུས་ཀྱི་བྱ་བ་ངེས་འབྱུང་བསྐྱེད། །ནང་དབང་བསྐུར་ལ་ཁྱད་དᨖན་ཞུ། །སྤྲོ་བ་བསྐྱེད་དེ་རྒྱུན་བཤགས་བྱ། །བསྲུང་བ་བྱས་ཏེ་མཆོད་པས་མཆོད། །སོ་ཤིང་དᨖར་ལ་ཁྱོར་ཆུ་བླུད། །སྲུང་སྐུད་བཏགས་ཏེ་ཀུ་ཤ་སྦྱིན། །ཟབ་མᨖའི་ཆོས་བཤད་རྨི་ལམ་བརྟག །ཅེས་པ་ལྟར་བཅུ་བཞི་ལས། ལུས་ཀྱི་བྱ་བ་ནི་ཁྲུས་བྱས་ཕྱག་དང་འཇུག་པའི་ཡོན་ཕུལ་ནས་རང་རང་གི་གྲལ་ལ་སྙིམ་པ་མེ་ཏོག་དང་བཅས་པས་གུས་པའི་སྒོ་ནས་འཁོད་དུ་གཞུག་ཅེས་འབྱུང་བས། སློབ་དཔᨖན་ལ་སངས་རྒྱས་ཐམས་ཅད་ཀྱི་ངོ་བᨖ་ཀྱེ་རྡོ་རྗེ་དང་ཐ་མི་དད་སྙམ་པའི་མᨖས་གུས་དང་ལྡན་པས་སློབ་མ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མྱང་འདས་ཀྱི་བསམ་པ་བརྟན་པᨖར་བསྐྱེད་དུ་གཞུག་པ་ནི། སྔགས་ཀྱི་དངོས་གྲུབ་དᨖན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདᨖད་པས་དེ་ལས་ གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པᨖ་ལྡན་པ་དག །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དᨖན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། ། འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་གསུངས་ཏེ། སྔགས་ཀྱི་དངོས་གྲུབ་རྡོ་རྗེ་འཛᨑན་པའི་ཡེ་ཤེས་དᨖན་དུ་གཉེར་བ་དག་དཀྱིལ་འཁོར་ཆེན་པᨖར་གཞུག་པར་བྱའི། ཚེ་འདིའི་བདེ་སྐྱིད་དང་ཕྱི་མ་ལྷ་མིའི་གོ་འཕང་དང༌། རང་དᨖན་དུ་ཉན་རང་གི་བྱང་ཆུབ་འདᨖད་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་དཀྱིལ་འཁོར་དུ་འཇུག་པ་ལ་མ་ལྟོས་པར་ཐབས་དམན་པ་གཞན་ལ་བརྟེན་ནས་བསྒྲུབ་ཏུ་ཡོད་པའི་ཕྱིར་རོ། ། དེ་བས་ན་བདག་གཞན་ཐམས་ཅད་སྲིད་ཞིའི་ཕ་རོལ་ཏུ་སོན་པའི་མི་གནས་པའི་མྱ་ངན་ལས་འདས་པ་དᨖན་དུ་གཉེར་བའི་དད་པ་ཅན་བློ་གྲᨖས་དང་ལྡན་པ་དག་དཀྱིལ་འཁོར་ཆེན་པᨖར་གཞུག་པར་བྱ་སྟེ། ཚེ་འདིའི་བདེ་འབྲས་དᨖན་དུ་གཉེར་བས་ཞུགས་ན་ཕ་རོལ་གྱི་དᨖན་མི་འགྲུབ་ཅིང༌། གཞན་དᨖན་དུ་མི་གནས་པར་མྱ་ངན་ལས་འདས་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ལ་དམིགས་ཏེ་ཞུགས་ན་རང་གཞན་གཉིས་ཀའི་དᨖན་བདེ་བླག་ཏུ་འགྲུབ་པ་ཡིན། དེ་ལྟར་ངེས་པར་བྱས་ནས་བསམ་པ་འདི་བཞིན་མཛོད། ཁམས་གསུམ་འཁོར་བ་གང་དུ་གནས་ཀྱང་སྡུག་བསྔལ་དང་སྐྱོན་དང་ཉེས་དམིགས་ཀྱི་རང་བཞིན་ལས་མ་འདས་པ་ཡིན་ཏེ། དེ་རྣམས་ལ་སྡུག་བསྔལ་གྱི་ རྣམ་པ་ཇི་ལྟ་བུ་ཡོད་ན། དམྱལ་བ་པ་རྣམས་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་རྣམས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲᨖ་རྣམས་ལ་གཅིག་ལ་གཅིག་ཟ་བ་དང་གསོད་པ་དང་བཀོལ་སྤྱད་ཀྱི་སྡུག་བསྔལ། མི་རྣམས་ལ་འདᨖད་པ་བཙལ་བས་མ་རྙེད་པ་དང༌། མི་འདᨖད་པ་ཐོག་ཏུ་བབ་པའི་སྡུག་བསྔལ། ལྷ་མ་ཡིན་རྣམས་ལ་འཐབ་རྩོད་དང་ལུས་བཅད་ཅིང་དྲལ་བ་ལ་སོགས་པའི་སྡུག་བསྔལ། ལྷ་རྣམས་ལ་འཆི་འཕོ་བ་དང༌། གོང་མ་ནས་འོག་མར་ལྷུང་བ་དང༌། མཐར་ངན་སོང་དུ་སྐྱེ་བར་ཤེས་པ་ན། དམྱལ་བའི་ལུས་ཀྱི་སྡུག་བསྔལ་ལས་ཀྱང་ཆེས་ཆེ་བའི་སེམས་ཀྱི་སྡུག་བསྔལ་ཡོད་པར་བཤད། འོ་ན་སྡུག་བསྔལ་དེ་ལས་རང་ཉིད་གཅིག་པུ་ཐར་བའི་ཉན་རང་གི་བྱང་ཆུབ་ཐོབ་པར་བྱ་དགོས་པ་ཡིན་ནམ་སྙམ་ན། ཉན་རང་གི་བྱང་ཆུབ་ནི་རང་དᨖན་དུ་སྤངས་རྟོགས་ཀྱི་ཡོན་ཏན་མ་རྫོགས་ཤིང༌། གཞན་དᨖན་གྱི་ཕྲིན་ལས་རྒྱ་ཆེན་པᨖ་མི་འབྱུང༌། མཐར་འཚང་རྒྱ་བ་ལ་ཡུན་རིང་དུ་བྱེད་པས་བློ་གྲᨖས་དང་ལྡན་པ་རྣམས་ཀྱིས་དᨖན་དུ་གཉེར་བྱའི་འབྲས་བུ་མ་ཡིན། འོ་ན་ཅི་ཞིག་དᨖན་དུ་གཉེར་བྱ་ཡིན་ན། ཤེས་རབ་ཆེན་པᨖས་འཁོར་བའི་མཐའ་ལ་མི་གནས་པས་ཁམས་གསུམ་གྱི་སྡུག་བསྔལ་ལས་འདས་ཤིང༌༑ སྙིང་རྗེ་ཆེན་པᨖས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས་སེམས་ཅན་གྱི་དᨖན་རྒྱུན་མི་འཆད་པར་འབྱུང་བ་མི་གནས་པའི་མྱ་ངན་ལས་འདས་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་ དགོས་ཤིང་། དེའང་རང་ཉིད་གཅིག་པུའི་དᨖན་དུ་མ་ཡིན་ཏེ། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེས་ཀྱང་བདག་གི་ཕ་མ་བྱས་ཤིང༌། བྱས་རེས་ཀྱིས་གནོད་པ་མཐའ་དག་ལས་བསྐྱབས་ཤིང༌། ཕན་པ་ཚད་མེད་པ་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་པ་ལ། འདི་རྣམས་འདᨖད་པ་ནི་བདེ་བ་འདᨖད་ཀྱང་ཐབས་ལ་མི་མཁས་པའི་དབང་གིས་ལ་ལ་ནི་སྡུག་བསྔལ་དངོས་ལ་ལོངས་སྤྱད༑ ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པᨖ་ཆེ་ལ་ལོངས་སྤྱོད། མ་རིག་པའི་ལིང་ཏོག་གིས་ནི་ལྡོངས། ཐར་པའི་རྟེན་གྱི་འཁར་བ་དང་ནི་བྲལ། དགེ་བའི་བཤེས་གཉེན་གྱི་དམིགས་བུས་ནི་མ་ཟིན། མཐོ་རིས་དང་ཐར་པའི་ལམ་ནས་བརྡེག་འཆོས་ཤིང༌། ངན་སོང་གསུམ་གྱི་གཡང་སར་འགྲིམས་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་མᨖས་པ་མཛོད། སྙིང་རྗེའོ་བྱས་ནས་བཞག་པས་མི་ཕན་པས། འདི་རྣམས་སྡུག་བསྔལ་ལས་བསྒྲལ་བདེ་བ་ལ་འགོད་དགོས། དེའི་ནུས་པ་ད་ལྟ་བདག་ལ་མེད། བདག་ལས་ལྷག་པའི་ཚངས་པ་དང་བརྒྱ་བྱིན་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ལའང་མེད། སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་པས། བདག་གིས་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དᨖན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱ། དེ་ཡང་རྒྱུ་མེད་རྐྱེན་མེད་ལས་མི་ཐོབ་པས་རྒྱུ་རྐྱེན་གཙོ་བᨖ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་བླངས་ཏེ་དམ་ཚᨑག་དང་སྡོམ་པ་ལ་སྲུང་སྡོམ་བགྱིས་ཤིང་ལམ་ལ་ཅི་ནུས་སུ་འབད་པར་བགྱིའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་དུང་བ་ཞིག་བསྐྱེད་འཚལ། བསམ་པ་དེ་ལྟ་བུས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་དགེ་བ་ཐམས་ཅད་སངས་རྒྱས་ཀྱི་རྒྱུར་འགྱུར་ཞིང༌། ཚེ་འདིའི་བདེ་འབྲས་དང༌། ཕྱི་མ་ལྷ་མིའི་གོ་འཕང་ལ་སོགས་པ་ཞར་འབྱུང་གི་ཚུལ་གྱིས་འགྲུབ་པ་ཡིན་ཏེ། དཔེར་ན་འབྲས་དཀར་མᨖ་ལོ་ལེགས་ན་རྩ་དང་ཕུབ་མ་ཞར་ལས་འབྱུང་བ་དང་འདྲ་བ་ལགས། ནང་གི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔᨖན་དཔལ་ཀྱཻ་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས་ཤིང་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ལ་དམིགས་ཏེ་སློབ་དཔᨖན་གྱིས་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རྣམས་སློབ་དཔᨖན་གྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་སླར་ཡང་སྦྱངས་ནས། སྐུའི་དབྱིབས་བརྒྱུད་དེ་ལྷ་མᨖའི་པདྨར་བབས་པ་ཁྱེད་རྣམས་སྐད་ཅིག་གིས་དཔལ་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པ་ཅན་རེ་རེར་གྱུར། སླར་ཡང་སློབ་དཔᨖན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་དེ། ལྷ་མᨖའི་པདྨར་བབས་པ་ཁྱེད་རྣམས་ཧེ་རུ་ཀར་གསལ་བའི་སྤྱི་བᨖ་ནས་ཐིམ་པས་དབང་བསྐུར་བ་དང་ཡེ་ཤེས་པ་འདྲེས་པ་ལྷན་ཅིག་ཏུ་བྱུང་བའི་མᨖས་པ་མཛོད། སླར་ཡང་འོད་ཟེར་འཕྲོས་སློབ་དཔᨖན་གྱིས་ཧཱུྃ་ཞེས་བརྗོད་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཧེ་རུ་ཀའི་ང་རྒྱལ་གྱིས་ཡུམ་གྱི་དཀུ་གཡོན་པ་ནས་ཐོན་ཏེ་རང་རང་གི་གྲལ་ལ་འཁོད་པའི་མᨖས་པ་མཛོད། དེ་ལྟར་བྱས་པའི་དགོས་པ་ནི་དབང་གི་དངོས་གཞི་མ་ཐོབ་ཀྱི་བར་གྱི་གསང་བའི་ཆོས་རྣམས་ཉན་པའི་སྣོད་རུང་དུ་བྱ་བ་དང༌། དེ་དག་གི་སྐབས་སུ་སློབ་དཔᨖན་ལའང་གསང་སྒྲོགས་ཀྱི་ཉེས་པ་མི་འབྱུང་བའི་ཕྱིར་དུ་བསྒྲུབས་པ་ལགས། ཁྱད་པར་ཅན་གྱི་དᨖན་ཞུ་བ་ནི། སློབ་དཔᨖན་ཀྱཻ་རྡོ་རྗེ་ཡབ་ཡུམ་དང་གཉིས་སུ་མེད་པར་བཞུགས་པའི་སྤྱན་སྔར་ཐུན་མᨖང་མ་ཡིན་པའི་སྐྱབས་འགྲᨖ་དང་སེམས་བསྐྱེད་པ་སྔོན་དུ་འགྲᨖ་བ་ཅན་གྱི་རྡོ་རྗེ་ཐེག་པའི་དམ་ཚᨑག་དང་སྡོམ་པ་སྩལ་དུ་གསོལ་སྙམ་པས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མᨖ་སྦྱར་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔᨖན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པᨖའི་ཚུལ་བསྟན་པ། །མགོན་པᨖ་ཆེན་པᨖ་བདག་འཚལ་ལོ། །དམ་ཚᨑག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པᨖའི་གྲᨖང་མཆོག་ཏུ། །མགོན་པᨖ་བདག་ནི་གཞུག་ཏུ་གསོལ། ། ཞེས་གསོལ་བ་བཏབ་སྟེ། དེའི་དᨖན་ནི། སློབ་དཔᨖན་ལ་དགའ་ཆེན་ཞེས་བᨖས་ནས། བྱང་ཆུབ་ཆེན་པᨖའི་ཚུལ་བསྟན་པའི་སངས་རྒྱས་ཀྱི་གོ་འཕང་དེ་བདག་ལ་འཚལ་བའི་སླད་དུ་དམ་ཚᨑག་སྟེ་སྔགས་ཀྱི་སྡོམ་པ་དང༌། དེའི་རྟེན་དུ་ཐུན་མᨖང་མ་ཡིན་པའི་རྒྱུན་བཤགས་ལས་ཐོབ་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། དེའི་རྟེན་དུ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲᨖ་བ་དང་བཅས་པའི་སོ་སོར་ཐར་པའི་སྡོམ་པ་སྩལ་བའི་སྒོ་ནས་ཐར་པ་ཆེན་པᨖ་སངས་རྒྱས་ཀྱི་གྲᨖང་ཁྱེར་དུ་གཞུག་ཏུ་གསོལ་ཞེས་པ་ལགས། དེ་ལྟར་ཁྱད་པར་ཅན་གྱི་ལམ་རྡོ་རྗེ་ཐེག་པ་ལ་དᨖན་གཉེར་གྱི་བློ་སྐྱེས་པ་དེ་ཉིད་ཤིན་ཏུ་ལེགས་པ་ཡིན་ནོ། །ཞེས་ཤེས་པའི་ཕྱིར་དུ་སྤྲོ་བ་བསྐྱེད་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། བུ་ཚུར་ཐེག་པ་ཆེན་པᨖ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌༑ ༑དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲᨖ་ལ་ཕན་ཕྱིར་ཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་ཟབ་མᨖ་འདི་མཁྱེན་ནས། །དཔའ་བᨖས་བྱང་ཆུབ་ཤིང་དྲུང་དུ། ། ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དྲག་པᨖ་ཆེན་པᨖ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེས་བཅོམ་སྟེ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི༑ ༑འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲᨖས་འདི་གྱིས་ཤིག །ཅེས་གསུངས་ཏེ། དེའི་དᨖན་ནི། ཁྱེད་རང་རྣམས་ཆོ་གའི་སྒོ་ནས་བུར་བྱས་ཟིན་པ་དེ་ལ་བུ་ཞེས་ཉེ་བའི་ཚᨑག་གིས་བᨖས་ཏེ། ཁྱེད་རྣམས་ཐེག་ཆེན་གྱི་ཆོས་ཀྱི་སྣོད་ཡིན་ལ། ཐེག་ཆེན་ལའང་ཕ་རོལ་ཏུ་ཕྱིན་པ་དང༌། སྔགས་ཀྱི་ཐེག་པ་གཉིས་ལས། མཆོག་ཏུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་དེ་ཁྱོད་ལ་བསྟན་པར་བྱ་སྟེ། རྡོ་རྗེ་ཐེག་པ་འདི་ནི་སྤྱིར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲᨖད་པ་གཅིག་པའི་ལམ་ཡིན་ཅིང༌། ཁྱད་པར་དུ་ཡང་འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པᨖ་འདི་ཉིད་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་སྔགས་ཀྱི་ལམ་ལ་བརྟེན་ནས་བདུད་བཏུལ་ཞིང་སངས་རྒྱས་སུ་ཟིན་ཀྱང༌། འཇིག་རྟེན་པ་རྣམས་དྲང་བའི་ཕྱིར་དུ་སླར་ཡང་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་འཛམ་བུའི་གླིང་དུ་འཚང་རྒྱ་བའི་ཚུལ་བསྟན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རྟག་པར་ཞེན་པ་བཟློག་པའི་ཕྱིར་དུ་མྱ་ངན་ལས་འདའ་བར་བསྟན་པ་ཡིན་ནོ། །དེ་བས་ན་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བགྲᨖད་པ་གཅིག་པའི་ལམ་རྡོ་རྗེ་ཐེག་པ་དང་མཇལ་བ་འདི་ཤིན་ཏུ་སྐལ་བ་བཟང་བ་ཡིན་པས་ཀུན་མཁྱེན་རྡོ་རྗེ་འཆང་ཆེན་པᨖ་ཐོབ་པར་བྱ་བའི་ཕྱིར་ཆོས་ཀྱི་བུར་གྱུར་པ་ཁྱེད་རྣམས་སྔགས་ཀྱི་ཐེག་པ་ལས་བློ་གཞན་དུ་མི་འགྱུར་བ་གྱིས་ཤིག་ཅེས་པའི་དᨖན་ལགས། རྒྱུན་བཤགས་སྔོན་དུ་འགྲᨖ་བའི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་དུ་བཞུགས་པའི་མᨖས་པ་བྱས། དེ་རྣམས་ཀྱི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོད་ནས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཡུལ་ཐུན་མᨖང་མ་ཡིན་པ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་གྱི་སྤྱན་སྔར་སྟོབས་བཞི་ཚང་བའི་སྒོ་ནས་ཚུལ་བཞིན་བཤགས་པར་བགྱིའོ་སྙམ་པ་དང༌། འཁོར་འདས་ཀུན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་ལ་དགའ་ཞིང་རྗེས་སུ་ཡི་རང་སྙམ་པ་དང༌། སངས་རྒྱས་ཐམས་ཅད་ཀྱིས་ཉེ་བར་བསྟེན་པའི་དᨖན་དམ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དེ་བདག་གིས་ཀྱང་བསྒོམ་པར་བགྱིའོ་སྙམ་དུ་ཡིད་དམ་བཅའ་བ་དང༌། ཡུལ་ཐུན་མᨖང་མ་ཡིན་པ་རྡོ་རྗེ་ཐེག་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲᨖ་སྙམ་པ་དང༌། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དᨖན་དུ་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པᨖའི་གོ་འཕང་ཐོབ་པར་བྱ་སྙམ་པ་སྨོན་པའི་བདག་ཉིད་ཅན་དང༌། དེའི་ཆེད་དུ་ཐེག་པའི་ཐབས་ཚུལ་རྣམས་ལ་རིམ་པ་བཞིན་དུ་བསླབ་པར་བགྱིའོ་སྙམ་པ་འཇུག་པའི་བདག་ཉིད་ཅན་དང་། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་དེས་བདག་གིས་ སེམས་ཅན་ཐམས་ཅད་ཀྱི་དᨖན་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག་ཅིག་སྙམ་པ་ཡོངས་སུ་བསྔོ་བ་སྟེ། དᨖན་དེ་རྣམས་ཡིད་ལ་དྲན་པ་དང་བཅས་པས་ཐལ་མᨖ་སྦྱར་ཏེ་ཐུན་མᨖང་མ་ཡིན་པའི་ཡན་ལག་བདུན་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲᨖ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དᨖན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲᨖན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲᨖ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་རྒྱུན་བཤགས་ལན་གསུམ་བྱས་པ་ལ་བརྟེན་ནས་ཐུན་མᨖང་མ་ཡིན་པའི་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་སྔར་མ་ཐོབ་པ་གསར་དུ་ཐོབ་ཅིང་ཐོབ་ཟིན་ཡར་འཕེལ་དུ་བྱེད་ལ། ཉམས་ན་སོར་ཆུད་པར་བྱེད་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་དུ་བསྲུང་བར་བྱ་བ་ནི། སློབ་དཔᨖན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཁྱེད་རྣམས་ཀྱི་ལུས་ལ་ཕོག་པས། སྡིག་པ་དང་གདᨖན་བགེགས་ཐམས་ཅད་བསྲེགས་ཤིང་སྦྱངས་པའི་མᨖས་པ་མཛོད། ཅེས་དང༌། རྡོ་རྗེ་གསོར་ཞིང༌། ༀ་ཨཥྚ་ན་ནཱ་ཡ། པ་གོདྷ་ཀེ་ཤ་ཝརྟྨ་ནེ། ཙ་ཏུརྦིངྴ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀཱ་པཱ་ལཱ་མཱ་ལཱ་ནཻ་ཀཱ་དྷཱ་རི་ཎི། ཨདྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེནྟུ་དཾ་ཨི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ༑ ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བྷནྡྷ་བྷནྡྷ། ནཱ་གཱཥྚ་ཀཱན། གྲཧྞ་གྲཧྞ། ཤ་ཏྲཱུ་ན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ ཕཊ་སྭཱ་ཧཱ། ཞེས་བཟླས་པས་བར་ཆད་བསྲུངས་ཏེ། སློབ་དཔᨖན་གྱིས་དྲིའི་ཆུ་རྡོ་རྗེ་དང་བཅས་པས་ཁྱེད་རྣམས་ཀྱི་གནས་གསུམ་དུ་རེག་སྟེ། ༀ་ཨཱཿ ཧཱུྃ། ཞེས་བརྗོད་པས་ཁྱེད་རང་རྣམས་ཧེ་རུ་ཀར་གསལ་བའི་དཔྲལ་བར་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས་སྐུ་རྡོ་རྗེ་མ། མགྲིན་པར་ཨཱཿ ལས་པདྨ་ཨཱཿ ས་མཚན་པ་ལས་གསུང་རྡོ་རྗེ་མ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཐུགས་རྡོ་རྗེ་མ་རྣམས་ལམ་གྱིས་བྱུང་བའི་མᨖས་པ་མཛོད། སླར་ཡང་མས་ཡར་རེག་སྟེ། ཧཱུྃ་ཨཱཿ ༀ་ཞེས་བརྗོད་པས་གསལ་བཏབ་ཅིང༌༑ ཡས་མར་རེག་སྟེ། ༀ་ཨཱཿ ཧཱུྃ་ཞེས་བརྗོད་པས་བརྟན་པར་བྱས་པའི་མᨖས་པ་མཛོད། དེ་ལྟར་བྱས་པས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་གདᨖད་མ་ནས་རྡོ་རྗེ་གསུམ་གྱི་ངོ་བᨖར་གནས་པ་དེ་ཆོ་ག་འདིས་ངོ་འཕྲོད་ཅིང་གསལ་བར་བྱས་པ་ཡིན། དེ་ལྟར་སེམས་བསྐྱེད་པ་དང་སྒོ་གསུམ་ལྷར་བྱས་མ་ཐག་པ་དེ་མཆོད་པའི་ཡུལ་དུ་བཟང་བ་ཡིན་པས། མེ་ཏོག་དབུ་ལ་ཕུལ་ནས་མཆོད་པའི་མᨖས་པ་མཛོད། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ། ཞེས་དང༌། བདུག་སྤོས་ཤངས་ལ༴ དྷཱུ་པེ༴ མར་མེ་སྤྱན་ལམ་དུ༴ ཨ་ལོ་ཀེ༴ ཐུགས་ཀར་དྲིའི་བྱུག་པ༴ གནྡྷེ༴ ཞལ་ཟས་ལྗགས་ལ༴ ནཻ་ཝི་དྱ་ཨཱཿ ཧཱུྃ། ཞེས་མཆོད་པ་ནི་ལུས་ངག་ཡིད་གསུམ་ལྷར་ཤེས་པའི་སྒོ་ནས་འདᨖད་ཡོན་ལ་མ་ཆགས་པར་ལོངས་སྤྱོད་ཅེས་པའི་དᨖན་ཡིན། དེ་ལྟར་འགལ་རྐྱེན་བར་ཆད་བསྲུངས་ཏེ་ལྷར་བསྐྱེད་ཅིང་མཆོད་ནས་མཐུན་རྐྱེན་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པ་ལ་ཐོག་མར་སོ་ཤིང་ལ་བརྟེན་ནས་བརྟག་པ་ནི། སོ་ཤིང་རྩ་སྔགས་ཀྱིས་མངོན་པར་བསྔགས་ལ། སྭ་བྷཱ་ཝས་སྦྱངས་ཏེ། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མᨖར་མེ་ཏོག་གི་ཅོད་པན་དང་བཅས་པ་རྡོ་རྗེ་སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ཞེས་པས་བྱིན་གྱིས་བརླབས་པ་དེ་ཉིད་ཁྱེད་རྣམས་ཀྱི་ཕྱག་ཐལ་མᨖ་སྦྱར་བའི་བར་དུ་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའི་སླད་དུ་བྱིན་པའི་མᨖས་པ་མཛོད། ༀ་ཨཱཿ ཛᨑ་ཧྭ་བཛྲ་སཾ་ཝརྟ་ནི་སྭཱ་ཧཱ། ཞེས་པས་བྱིན་པའི་སོ་ཤིང་དེ་རྒྱུ་རིན་པᨖ་ཆེ་གསེར་རམ་དངུལ་ལས་གྲུབ་པར་མᨖས་ཏེ། སོ་བྲུས་པ་བཞིན་བྱས་པས་རྩེ་མᨖའི་མེ་ཏོག་ལས་འོད་ཟེར་བྱུང་བ་ཞལ་ནས་བརྒྱུད་དེ་ཁོང་པར་སོང་བས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་དབང་གི་ཡེ་ཤེས་སྐྱེ་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཐམས་ཅད་སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན་སྐྱུགས་པར་མᨖས་ཏེ། ༀ་བཛྲ་ཧ་ས་ཧཾ། ཞེས་གསུང་ཞིང་ཐལ་མᨖ་ཁ་ཕྱེ་སྟེ་ སོ་ཤིང་གི་ར་བར་ལྟོས་པ་མེད་པར་དᨖར་ཅིག་ཅེས་བརྗོད་ལ། སོ་ཤིང་གི་ར་བ་ཁྲུ་གང་གྲུ་བཞིར་དྲི་བཟང་གིས་བྱུག་པ་ལ་ཚོམ་བུ་དགུ་བཀོད་པར་དᨖར་ཏེ། རྩེ་མᨖ་བདག་ཉིད་ལ་ཕྱོགས་ན་མཆོག་གྲུབ། སྟེང་དུ་མཁའ་སྤྱོད། འོག་ཏུ་ས་སྤྱོད། ཤར་དུ་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང༌། བྱང་དུ་རྒྱས་པ། མཚམས་རྣམས་སུ་བུམ་པ་བཟང་པᨖ་ལ་སོགས་པའི་དངོས་གྲུབ་ཕྲན་ཚེགས་འགྲུབ་པར་འགྱུར་རོ། །དེ་ནི་རྣལ་འབྱོར་ཆེན་པᨖའི་བུམ་དབང་གི་སྣོད་རུང་དུ་བྱེད་པའི་ཐབས་ཡིན་ཏེ། སོ་ཤིང་གིས་ཁ་དང་སོ་ལ་སོགས་པ་ལུས་གཙོ་ཆེ་བའི་དྲི་མ་སྦྱོང་བ་བཞིན་བུམ་དབང་གིས་ཀྱང་གཙོ་བᨖར་ལུས་ཀྱི་དྲི་མ་སྦྱོང་བར་བྱེད་པ་ལགས། རྨི་ལམ་གསལ་པᨖར་འབྱུང་བ་དང་ངག་གི་དྲི་མ་སྦྱོང་བྱེད་ཁྱོར་ཆུ་བླུད་པ་ནི། ༀ་ཧྲཱིཿ བི་ཤུདྡྷཿ སརྦ་དྷརྨཱཿ སརྦ་པཱ་པཾ་ནི་ཙ་སྱ་སཾ་ཤོ་དྷ་ཡ། སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུྃ། ཞེས་པས་ལན་གསུམ་སྦྱིན་ལ། དེ་ནི་གསང་དབང་གི་སྣོད་རུང་དུ་བྱེད་པའི་ཐབས་ཡིན་ཏེ། ཁྱོར་ཆུས་ངག་གི་དྲི་མ་སྦྱོང་བ་བཞིན་གསང་དབང་གིས་ཀྱང་ངག་གི་དྲི་མ་སྦྱོང་བར་བྱེད་པ་ལགས། རྨི་ལམ་དུ་བར་ཆད་མི་འབྱུང་བའི་ཕྱིར་དུ་སྲུང་སྐུད་སྦྱིན་པ་ནི། ཧཱུྃ་བཟླས་ཤིང་རྡོ་རྗེའི་མདུད་པ་གསུམ་བཏབ་པའི་སྲད་བུ་གོང་ལྟར་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲད་བུ་དམར་པᨖ་རྡོ་རྗེ་སློབ་མ་རྣམས་ཀྱི་ལུས་ཚད་དང་མཉམ་པ་སུམ་བསྒྲིལ་དུ་བྱས་པ་རྡོ་རྗེའི་མདུད་པ་གསུམ་གྱིས་བཏབ་པ་རྡོ་རྗེ་སློབ་མ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་ དང་ལྡན་པར་གྱུར། སློབ་དཔᨖན་གྱི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྟ་གོན་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུའི་ཚོགས་སྤྱན་དྲངས་ཏེ་དམ་ཚᨑག་སྲད་བུ་ལ་ཐིམ་ཞེས་དང༌། སྲུང་སྐུད་ཐལ་མᨖའི་བར་དུ་བཟུང་ལ་ རྩ་སྔགས་བཟླ། ཞེས་པས་བྱིན་གྱིས་བརླབས་པ་དེ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་ལ་ཉིས་སྐོར་དུ་བཅིང་སྟེ། ཞེས་བརྗོད་ཅིང་ཕྱག་ལེན་ལྟར་བཅིང༌། བུམ་ཆུ་གཏོར་ཞིང་གུར་ནས་འབྱུང་བའི་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྣོད་རུང་དུ་བྱེད་པའི་ཐབས་ཡིན་ཏེ། སྲུང་སྐུད་འདᨖགས་པ་ཤེས་རབ་ཡེ་ཤེས་ཀྱི་སྦྱང་གཞི་ཁམས་ཀྱི་བར་ཆད་བསྲུང་བའི་ཆེད་དུ་ཡིན་པ་བཞིན། ཤེས་རབ་ཡེ་ཤེས་ཀྱང་ཁམས་བདུད་རྩི་ལ་བསྐུར་པ་ལགས། རྨི་ལམ་མི་འཁྲུགས་པ་དང་མལ་སྟན་ལྷག་པར་གནས་པའི་ཕྱིར་དུ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཆུན་པᨖ་ཆེ་ཆུང་གཉིས་གོང་བཞིན་བསང་སྦྱངས། སྟོང་པའི་ངང་ལས་དྷཱིཿ ལས་བྱུང་བའི་ཀུ་ཤ་ཆེ་ཆུང་རྩ་བ་དང་རྩེ་མᨖ་མ་ཉམས་པ་རྡོ་རྗེ་སློབ་མ་རྣམས་ཀྱི་རྨི་ལམ་མི་འཁྲུགས་པའི་ནུས་པ་དང་ལྡན་པར་གྱུར། ཞེས་པས་བྱིན་གྱིས་བརླབས་ནས། དྷཱིཿ བཟླས་པའི་ཀུ་ཤ་ཆུང་བ་ཕྱག་གཡས་དང༌། ཧ་བཟླས་པའི་ཆེ་བ་གཡོན་དུ་སྦྱིན་ཏེ། དེའི་དᨖན་ཀུ་ཤ་དག་བྱེད་ཀྱི་རྫས་བླ་ན་མེད་པ་ཡིན་པ་ལྟར། དབང་བཞི་པའི་ཡེ་ཤེས་ཀྱང་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་འདག་པར་བྱེད་པས་ཀུ་ཤ་སྦྱིན་པ་དབང་བཞི་པའི་སྔོན་འགྲᨖ་ལགས་ཤིང༌། སྔོན་བྱུང་བཅོམ་ལྡན་འདས་ཀུ་ཤ་མ་འཁྲུགས་པའི་སྟན་ལ་བཞུགས་ནས་སངས་རྒྱས་པ་བཞིན་ཀུ་ཤའི་སྟན་ལ་ཉལ་ཏེ། རྨི་ལམ་སྒྱུ་མ་ལྟ་བུ་མངོན་དུ་བྱས་ནས་སངས་རྒྱས་པའི་རྟེན་འབྲེལ་ལམ་དུ་བྱེད་པ་ལགས། ཆོས་ཟབ་མᨖ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དᨖན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པ། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲᨖས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲᨖ་འདི་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པᨖ་ཁྱེད་རྣམས་ཀྱི། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པᨖ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པᨖ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དᨖང་བས་ན། ། རང་བྱུང་སྐལ་བ་ཆེན་པᨖ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་གསུངས་ཏེ། དེའི་དᨖན་ནི། འཇིག་རྟེན་ན་ཨུ་དུམྦཱ་རའི་མེ་ཏོག་དཀོན་པ་ལྟར་སངས་རྒྱས་དཀོན་ཏེ། སངས་རྒྱས་གཅིག་འཇིག་རྟེན་དུ་འཚང་རྒྱ་བའི་ཚུལ་སྟོན་པ་ན། དེ་དང་ཁད་ཉེ་བའི་ས་ཕྱོགས་ཤིག་ཏུ་ཨུ་དུམྦཱ་རའི་མེ་ཏོག་གཅིག་འབྱུང་། དེ་ཡང་རྒྱལ་རིགས་ལས་འབྱུང་ན་དཀར་པᨖ་དང༌། བྲམ་ཟེའི་རིགས་ལས་འབྱུང་ན་སེར་པᨖར་འཁྲུངས་ལ། སངས་རྒྱས་དེ་ལྷུམས་སུ་ཞུགས་པ་ན་མེ་ཏོག་དེ་ཁ་འབུས། བལྟམས་པ་ན་ཁ་བྱེ། གཞོན་ནུ་རོལ་རྩེད་མཛད་པ་ན་རྒྱས། དཀའ་ཐུབ་མཛད་པ་ན་ཅུང་ཟད་རྙིང༌། འཚང་རྒྱ་བའི་ཚུལ་སྟོན་པ་ན་རྒྱས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས། མྱ་ངན་ལ་འདའ་བའི་ཚུལ་བསྟན་པ་ན་སྐམ་ནས་འགྲᨖ་སྟེ། དེས་ན་དེ་གཉིས་དཀོན་མཚུངས་ཡིན་པས་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན། བྱོན་ནས་ཆོས་གསུངས་པ་དཀོན། ཆོས་ཀྱི་ནང་ནས་ཐེག་པ་ཆེན་པᨖ་གསུངས་པ་དཀོན། ཐེག་ཆེན་གྱི་ནང་ནས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་པ་ནི་ཤིན་ཏུ་དཀོན། དཀོན་པས་ཅི་ཕན། རི་བᨖང་གི་རྭ་དང་ནམ་མཁའི་མེ་ཏོག་ཀྱང་དཀོན་ནོ་སྙམ་ན། དེ་དག་དང་མི་མཚུངས་པར་དཀོན་ལ་ཕན་ཡོན་ཆེན་པᨖ་དང་ལྡན་པ་ཡིན་ཏེ། བསྐལ་པ་བྱེ་བ་དུ་མ་ནས་བསགས་པའི་སྡིག་པ་རྣམས་དཀྱིལ་འཁོར་ཆེན་པᨖ་མཐོང་བའི་མᨖད་ལ་འདག་པར་འགྱུར་ན། དབང་བླངས་ཏེ་དམ་ཚᨑག་དང་སྡོམ་པ་ལ་ནན་ཏན་དུ་བྱས་ནས་སྔགས་ཀྱི་སྤྱོད་པ་ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཉམས་སུ་ལེན་པ་དང༌། གསང་སྔགས་ཀྱི་བཟླས་བརྗོད་ལ་བརྩོན་པའི་སྒོ་ནས་ལམ་འདི་ལ་བློ་བརྟན་པར་བྱས་ན་ངན་འགྲᨖ་དང་སྲིད་པའི་སྡུག་བསྔལ་གྱི་རྒྱུན་གཅོད་པར་འགྱུར་བ་དང་། དེ་བས་ན་ཁྱེད་རྣམས་ཀྱི་རྙེད་པའི་མཆོག་ལེགས་པར་རྙེད་ཅིང༌། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པས་ཡོངས་སུ་བཟུང་སྟེ་དེའི་རིགས་སུ་སྐྱེ་བཞིན་པར་འབྱུང་བས་ན། ཐེག་ཆེན་གྱི་ལམ་མཆོག་ཏུ་གྱུར་པ་འདི་ལ་བརྟེན་ནས་མྱུར་དུ་འཇིག་རྟེན་གྱི་གནས་ལུགས་མངོན་སུམ་དུ་མཁྱེན་པའི་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བར་གདᨖན་མི་ཟ་བས་དᨖན་དེ་ལ་དགའ་བ་ཁྱད་པར་ཅན་དང་ལྡན་པར་མཛོད་ཅིག །ཅེས་འབྲས་བུ་ལ་སྤྲོ་བ་བསྐྱེད་ནས། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བར་བྱ་བ་ནི། བུ་ཀྱེ་སང་ནི་དཀྱིལ་འཁོར་དག །མཐོང་བར་འགྱུར་རོ་ཉོལ་ཞིག་དང༌། །རྨི་ལམ་མཐོང་བ་གང་ཡིན་པ༑ ༑དེ་ཀུན་ང་ལ་དྲང་པᨖར་སྨྲོས། །ཞེས་བཤད་པས། རང་གི་སྒྲུབ་པའི་ཁང་པར་བདེ་བའི་མལ་ཞིག་བཅས་ཏེ། སློབ་དཔᨖན་གྱིས་གནང་བའི་ཀུ་ཤ་ཆུང་བ་སྔས་དང༌། ཆེ་བ་སྟན་དུ་བཏིང༌། གོས་དྲི་མ་མེད་པ་གྱོན། གློ་གཡས་པ་འོག་ཏུ་ཕབ་ནས་སེང་གེའི་ཉལ་སྟབས་ཀྱིས་ཉལ་ཏེ་སེམས་དུག་གསུམ་གྱི་རྣམ་རྟོག་ཐམས་ཅད་རྒྱང་རིང་དུ་བྱས། ལྷ་དང་བླ་མ་ཡིད་ལ་དྲན་བཞིན་པས་སང་ཉིན་ཡི་དམ་ལྷའི་དཀྱིལ་འཁོར་མཐོང་བར་འགྱུར་རོ་སྙམ་པའི་ དགའ་སྤྲོ་དུང་ངེ་བའི་སྒོ་ནས་དྲན་ཤེས་བཞིན་དང་ལྡན་པར་ཉལ་ན་ལུང་སྟོན་པའི་རྨི་ལམ་འབྱུང་བར་འགྱུར་ཏེ། དེ་ཡང་རྨི་ལམ་བཟང་བའི་ལྟས་ནི། རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། ། མཆོད་རྟེན་དང་ནི་སྐུ་གཟུགས་མཐོང༌། །དེ་ལ་མཆོད་པ་བརྩམས་པ་དང༌། །དགེ་སློང་དག་ལ་ཆོས་ཉན་ཏམ། །ཡང་ན་མི་ཉན་ན་ཡང་རུང༌། །ཆོས་ནི་རྣམ་པར་སྤྱོད་པ་དང༌། །དེ་བཞིན་མདᨖ་སྡེ་རྣམ་པར་སྤྱོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨི་ལམ་གྱི་གནས་སྐབས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་མཐོང་བ། དམ་པའི་ཆོས་ཀྱི་གླེགས་བམ་ཐོགས་པ། དགེ་འདུན་གྱི་སྡེའི་དབུས་སུ་བཞུགས་པ། རང་གི་བླ་མ་ལས་ཆོས་ཉན་པ། ཉི་ཟླ་ཤར་བ། རྒྱལ་པᨖར་དབང་བསྐུར་བ། རྟ་དང་གླང་པᨖར་ཞོན་པ། ཉི་ཕུག་དག་ཏུ་ཉི་མ་ལྡེ་བ། དགེ་སློང་དག་དང་ཆོས་ཀྱི་འབེལ་གཏམ་བྱེད་པ། ཟས་བཟང་པᨖ་རོ་བརྒྱ་དང་ལྡན་པ་ཐོབ་པ་དང༌། འབྲུའི་བང་མཛོད་ལ་སོགས་པའི་གཏེར་རྙེད་པ་དང༌། སྐྱེ་བᨖ་མང་པᨖས་བདག་ལ་འདུད་བསྟོད་བྱེད་པ་དང༌། སྐྱེ་བᨖ་མང་པᨖ་ལ་བདག་ཉིད་ཀྱིས་ཆོས་བཤད་པ། ཕ་མ་དང་བླ་མ་དང་མཛའ་བཤེས་དང་ཕྲད་པ། གོས་རྒྱན་བཟང་པᨖས་བརྒྱན་པ་ལ་སོགས་པ་རྨིས་ན་རྨི་ལམ་བཟང་བ་ཡིན་པས་སྔགས་ཀྱི་དངོས་གྲུབ་རབ་འབྲིང་ཐ་མ་གསུམ་གང་རུང་འགྲུབ་པར་ཤེས་པར་བྱས་ནས་ཞེན་པ་མེད་པའི་དགའ་བ་བསྒོམ་ཞིང་དགའ་སྟོན་བྱ། གལ་ཏེ་ངན་པའང་འབྱུང་སྲིད་དེ། དེའི་ལྟས་ནི། རྒྱ་སྐྱེགས་ཀྱི་རི་ལ་འཛེགས་པ་དང༌། ཀ་ར་ཝཱི་རའི་མེ་ཏོག་རྒྱས་པ་འཐུ་བ། མཆོད་སྡོང་དང་བྱེ་མ་དང་ཐལ་ཕུང་ལ་འཛེགས་པ། སྤྲེའུ་དང་བᨖང་བུ་ལ་ཞོན་ནས་ཁ་ཕྱིར་ཕྱོགས་ཏེ་འགྲᨖ་བ༑ ཕག་དང་རྔ་མᨖ་དང་མ་ཧེ་ལ་ཞོན་པ། བུད་མེད་ནག་མᨖ་གོས་ནག་ཅན་ལ་འདᨖད་ལོག་སྤྱོད་པ། གཡང་ས་དང༌། གཅོང་རོང་དུ་ཞུགས་པ། རི་དང་ཤིང་ལས་ལྷུང་བ། ཁྱི་དང་ཁྭ་དང་སྲིན་པᨖས་ཟོས་པ། མི་ནག་པᨖ་ལྕགས་ཀྱི་དབྱུག་པ་ཅན་གྱིས་བསྡིགས་པ། སྐྲ་བྲེགས་པ། ལུས་ལ་ཏིལ་མར་གྱིས་བྱུགས་པ། ཕྲེང་བ་དམར་པᨖས་ཐོད་བཅིངས་པ་ལ་སོགས་པ་བྱུང་ན་ཅུང་ཟད་ངན་པ་ཡིན་པས་གཉིད་སད་མ་ཐག་ཏུ་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་དང་ཁྱད་མེད་དེ། དᨖན་ལ་གྲུབ་པ་ཅུང་ཟད་ཀྱང་མེད་སྙམ་དུ་བདེན་མེད་ཀྱིས་སྦྱངས་པས་རྒྱས་འདེབས་པ་དང༌། སངས་རྒྱས་སྤྱན་གྱི་རྣལ་འབྱོར་བླ་མ་བརྒྱུད་པའི་མན་ངག་ལས་བྱུང་བ་བཞིན་ལུང་བླངས་ཏེ་ཉམས་སུ་ལེན་པ་དང༌། ཞི་བའི་སྦྱིན་སྲེག་བླུགས་པ་ལ་སོགས་པ་རྨི་ལམ་ངན་པའི་འབྲས་བུ་མི་འབྱུང་བའི་ཐབས་ལ་བརྩོན་པར་བྱ་དགོས་པ་ཡིན། དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་བྱ་བ་རྣམས་ལེགས་པར་གྲུབ་ཟིན་ནས། དངོས་གཞི་དབང་བསྐུར་བའི་ཆོ་ག་སང་ཉིན་འབྱུང་བ་ལགས་ཞེས་བརྗོད་དᨖ། །དངོས་གཞི་དབང་བསྐུར་བའི་བརྡ་སྤྲོད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དᨖན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པᨖའི་ གོ་འཕང་རིན་པᨖ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་དབང་བསྐུར་བ་གསན་ལ་དᨖན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པᨖ་ཆེ་རྣམས་ནས་ཇི་ལྟར་འབྱུང་བ་བཞིན་གསལ་བཏབ་ནས་གསན་པར་ཞུ། དེ་ལ་རང་རེ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རྙེད། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་དང་མཇལ། བསྟན་པའི་སྙིང་པᨖ་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་སྐབས་འདིར་དམ་པའི་ཆོས་རྣམ་པར་དག་པ་རེ་བྱེད་དགོས། དེའི་རྒྱུ་མཚན་དᨖན་དམ་པར་སེམས་ཅན་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སངས་རྒྱས་ཀྱི་སྙིང་པᨖ་ཅན་ཡིན་ནའང་གནས་སྐབས་སུ་གློ་བུར་གྱི་དྲི་མ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་སྤངས་ཀྱི་བར་ལ་རྒྱུན་ཆད་མེད་པར་སྡུག་བསྔལ་གྱི་ཁོར་མᨖ་ཡུག་ཏུ་གྱུར་པའི་འཁོར་བར་སྐྱེ་ཞིང༌། འཁོར་བའི་སྐྱེ་གནས་གང་དུ་སྐྱེས་ཀྱང་བཟོད་པར་དཀའ་བའི་སྡུག་བསྔལ་མེ་འོབས་བཞིན་ལས་མ་འདས་པ་ཡིན། སྡུག་བསྔལ་ཅན་གྱི་སེམས་ཅན་དེ་རྣམས་ཀྱིས་ཕ་མ་མ་བྱས་པ་གཅིག་ཀྱང་མེད་པས་འདི་རྣམས་སངས་རྒྱས་ཀྱི་ས་ལ་བཞག་པའི་སླད་དུ་ཚེ་འདིའི་བྱ་བ་སྙིང་པᨖ་མེད་པ་ཐམས་ཅད་སྤངས་ཏེ་དམིགས་པ་ཚད་མེད་པའི་སྙིང་རྗེ་ཆེན་པᨖ་དང༌། ཤེས་རབ་ཆེན་པᨖ་ཟུང་དུ་འཇུག་པའི་བདག་ཉིད་ཅན་གྱི་དཔལ་ཀྱཻ་རྡོ་རྗེའི་གོ་འཕང་ཐོབ་པར་བྱ་དགོས། དེའི་ཆེད་དུ་བདེན་གཉིས་ཟུང་འཇུག་ཏུ་རྟོགས་པའི་ལྟ་བས་རྒྱུད་སྦྱངས་ནས་བསྐྱེད་རིམ་བསྒོམ་པ་ལ་དབང་བར་བྱེད་པ་བུམ་པའི་དབང་བསྐུར་བ་དང་། རྫོགས་རིམ་བསྒོམ་པ་ལ་དབང་བར་བྱེད་པ་དབང་གོང་མ་གསུམ་མཐའ་རྟེན་དང་བཅས་པ་བླངས་ལ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་འདུན་པ་དུང་བ་རེ་བསྐྱེད་མཛོད། དེ་ལ་སྟ་གོན་དུ་གནས་པ་ཡན་ཆད་གྲུབ་ཟིན་ནས། དངོས་གཞིའི་ཆོ་ག་ལ་བྲི་ཞིང་རྒྱན་དགྲམ་པ། སྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བླང་བ། མཇུག་གི་ཆོ་ག་སྟེ་རྣམ་པ་བཞི་ཡོད་པ་ལས། བྲི་བ་ལའང༌། ཐིག་གིས་བྲི་བ། ཚོན་གྱིས་བྲི་བ། མཚན་མ་དགོད་པ། རྒྱན་དགྲམ་པ་སྟེ་བཞི་དང༌། སྒྲུབ་ཅིང་མཆོད་པ་ལ་བདག་བསྐྱེད་སྔོན་དུ་སོང་བའི་སྒོ་ནས་དམ་ཚᨑག་གི་དཀྱིལ་འཁོར་འབྱིན་པའི་ཚུལ་གྱིས་སྒྲུབ་པ་དང༌། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་ཚུལ་གྱིས་སྒྲུབ་པ་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པའི་ཚུལ་གྱིས་སྒྲུབ་པ་དང༌། དབང་བསྐུར་ཞིང་རིགས་ཀྱི་བདག་པᨖས་རྒྱས་བཏབ་པའི་ཚུལ་གྱིས་སྒྲུབ་པ་སྟེ་རྣམ་པ་བཞིས་བསྒྲུབས་ནས་ནང་དུ་དཀྱིལ་འཁོར་པ་མཆོད་པས་མཉེས་པར་བྱ་བ་དང༌༑ ཕྱི་རོལ་ཏུ་འབྱུང་པᨖའི་ཚོགས་རྣམས་གཏོར་མས་ཚᨑམ་པར་བྱ་བ་རྣམས་དགོས་ཏེ། ཁོ་བᨖས་སྔོན་དུ་ལེགས་པར་གྲུབ་ཟིན་པ་ཡིན་ཞེས་བརྡ་སྤྲད། རས་བྲིས་ལྟར་ན། གོང་གི་དངོས་གཞིའི་ཆོ་ག་ལ་ཞེས་པའི་སྔོན་དུ། བདག་བསྐྱེད་སྔོན་དུ་སོང་བའི་ཞེས་པ་ནས། ལེགས་པར་གྲུབ་ཟིན་པ་ཡིན་ཅེས་པའི་བར་གྱིས་ཆོག །འཇུག་ཅིང་དབང་བསྐུར་བ་ལ། སློབ་དཔᨖན་བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་བདག་ཉིད་འཇུག་ཅིང་དབང་བསྐུར་བ་གཉིས་ལས། དང་པᨖ་བདག་ཉིད་འཇུག་ཅིང་དབང་བླང་བ་ནི། སློབ་མ་ལ་ཇི་ཙམ་བསྐུར་བའི་དབང་ཐམས་ཅད་བདག་འཇུག་གི་ཚུལ་དུ་ལེན་པ་སྟེ། དེ་དག་ཀྱང་སྔོན་དུ་ལེགས་པར་གྲུབ་ཅིང༌། དེའི་རྗེས་སུ་ཕྱི་ནང་གི་མཁའ་འགྲᨖ་མཉེས་པར་བྱ་བའི་ཕྱིར་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་དབུལ་བ་དང༌། སློབ་མ་གཞུག་པའི་ཕྱིར་དུ་དམ་ཚᨑག་གསུམ་གྱིས་གླུ་བླངས་ཤིང༌། དེ་ཁོ་ན་ཉིད་ཀྱི་བདེན་པ་བསྒྲགས་པ་རྣམས་གྲུབ་པར་བྱས་པ་ལགས། ད་ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་ལྷ་དང་སྐལ་བ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་དང༌། ཞུགས་ནས་མངོན་པར་དབང་བསྐུར་བའི་ཆོ་ག་གཉིས་ཡོད་པ་ལས། འཇུག་པ་ལ། མཎྜལ་ཕུལ་ཏེ་གསོལ་བ་གདབ། །སྡོམ་པ་བསྒྲགས་བཟུང་གཉིས་ཀ་བྱ། །གདᨖང་བཅིངས་མེ་ཏོག་ཕྲེང་བ་གཏད། །འཁྱིལ་པས་བསངས་ཤིང་དྲིས་ལན་བྱ། །ནང་གི་སེམས་བསྐྱེད་གསང་བར་གདམས། །ཡོལ་བའི་ནང་འཇུག་དམ་ལ་བཞག །ཡེ་ཤེས་དབབ་སྟེ་གསོལ་བ་གདབ། །ཁ་དᨖག་དྲིས་ལན་བསྟོད་པ་བྱ། །མེ་ཏོག་ཕུལ་ཏེ་མིག་རས་ཕྱེ། །དཀྱིལ་འཁོར་བསྟན་པ་འཇུག་པའོ། །ཞེས་པ་ལྟར་ལས། ཐོག་མར་སློབ་དཔᨖན་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བᨖ་དཔལ་ཀྱཻ་རྡོ་རྗེ་དངོས་ཡིན་སྙམ་པའི་མᨖས་པ་དང་ལྡན་པའི་སྒོ་ནས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔᨖན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པᨖའི་ཚུལ་བསྟན་པ། ། མགོན་པᨖ་ཆེན་པᨖ་བདག་འཚལ་ལོ། །དམ་ཚᨑག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པᨖའི་གྲᨖང་མཆོག་ཏུ༑ ༑མགོན་པᨖ་བདག་ནི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ་པའི་སྒོ་ནས་དᨖན་དུ་གཉེར་བྱའི་གཙོ་བᨖ་དམ་ཚᨑག་དེ་ཉིད་ཅེས་པའི་དམ་ཚᨑག་ཐོབ་པར་བྱེད་པ་ལ་ཁས་བླངས་དང་ཆོ་གའི་སྒོ་ནས་ཐོབ་པར་བྱ་བ་གཉིས་ཡོད་པ་ལས། ཁས་བླངས་ཀྱི་སྒོ་ནས་ཐོབ་པར་བྱ་བ་ལ་འཛᨑན་རྒྱུའི་དམ་ཚᨑག་ངོ་ཤེས་པར་བྱ་བའི་ཆེད་དུ་སྡོམ་པ་བསྒྲགས་པ་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པᨖར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །བློ་ཆེན་ཁྱོད་ཀྱིས་གཟུང་བྱ་སྟེ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་སུ་བཤད། ། སློབ་དཔᨖན་ཁྱོད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚᨑག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པᨖ་ལ། །ཉིན་དང་མཚན་མᨖ་ལན་གསུམ་དུ༑ ༑ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚᨑག་སྡོམ་པ་ཡིན་པར་གསུངས། ། ལས་ཀྱི་རིགས་མཆོག་ཆེན་པᨖ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱོས། །དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དᨖར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དᨖ། །ཉིན་དང་མཚན་མᨖ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བཟླ་བར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པᨖར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ༑ ༑མ་བྱིན་པར་ཡང་མི་བླང་ངོ༌། །འདᨖད་ལ་ལོག་པར་མི་སྤྱད་ཅིང༌། །བརྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་དᨖན་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང༌། །རྣལ་འབྱོར་པ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་བསྐྱང༌། །ཐེག་པ་དམན་ལ་འདᨖད་མི་བྱ། །སེམས་ཅན་དᨖན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་ཡོངས་མི་སྤངས། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང༌། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚᨑག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་རབ་ཏུ་གྲགས། །ཞེས་གསུངས་ཏེ༑ དེའི་དᨖན་ནི་སངས་རྒྱས་ཏེ་རྣམ་སྣང་གི་དམ་ཚᨑག་ཏུ་ཕྱི་ནང་གསང་བའི་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛᨑན་པ་ཡིན་ཏེ། རྣམ་སྣང་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡིན་པས་ཡོན་ཏན་གྱི་རྟེན་བྱེད་པ་ལྟར་སྐྱབས་གསུམ་འཛᨑན་པའི་སྡོམ་པས་ཀྱང་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་རོ། །རྡོ་རྗེ་མི་བསྐྱོད་པའི་དམ་ཚᨑག་ནི་ཕྱི་ནང་གསང་བའི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་སློབ་དཔᨖན་རྣམས་འཛᨑན་པ་སྟེ། མི་བསྐྱོད་པ་ཐུགས་རྡོ་རྗེ་བྱང་ཆུབ་སེམས་ཀྱི་ངོ་བᨖ་ཡིན་པ་ལྟར་དམ་ཚᨑག་གསུམ་དང་སློབ་དཔᨖན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་འཛᨑན་པས་སོ། །རིན་ཆེན་ཏེ་རིན་འབྱུང་གི་དམ་ཚᨑག་ནི། ཟང་ཟིང་མི་འཇིགས་ཆོས་བྱམས་པའི་སྦྱིན་པ་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག་ཏུ་བཏང་བའམ། དངོས་སུ་མི་ནུས་ན་འདུན་པ་དང་མ་བྲལ་བར་བྱ་བ་སྟེ། རིན་འབྱུང་སྦྱིན་པའི་ངོ་བᨖ་སེར་སྣ་རྣམ་པར་དག་པ་ཡིན་པ་ལྟར། སྦྱིན་པའང་དབུལ་པᨖ་འདᨖར་བར་བྱེད་པ་དང་ སེར་སྣའི་གཉེན་པᨖ་ཡིན་པས་སོ། །པདྨ་སྟེ་འོད་དཔག་མེད་ཀྱི་དམ་ཚᨑག་ནི་ཕྱི་བྱ་སྤྱོད་ནང་རྣལ་འབྱོར་གསང་བ་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་བཞི་དང༌། ཉན་ཐོས་རང་སངས་རྒྱས་བྱང་ཆུབ་སེམས་དཔའ་སྟེ་ཐེག་པ་གསུམ་དང་བཅས་པའི་དམ་པའི་ཆོས་འཛᨑན་པར་དམ་བཅའ་བ་སྟེ། འོད་དཔག་མེད་ཤེས་རབ་ཀྱི་ངོ་བᨖ་གསུང་རྣམ་པར་དག་པ་ཡིན་པ་ལྟར། ཆོས་ཀྱང་ཤེས་རབ་ཀྱིས་འཛᨑན་ཅིང་གསུང་གིས་སྟོན་པར་བྱེད་པའོ། །ལས་ཀྱི་རིགས་ཏེ་དᨖན་ཡོད་གྲུབ་པའི་དམ་ཚᨑག་ནི་སྡོམ་པ་ཐམས་ཅད་འཛᨑན་པ་དང་མཆོད་པའི་ལས་ལ་བརྩོན་པར་བྱ་བ་ཡིན་ཏེ། དᨖན་ཡོད་གྲུབ་པ་བརྩོན་འགྲུས་ཀྱི་ངོ་བᨖ་ཕྲིན་ལས་ཀྱི་རང་བཞིན་ཡིན་པ་ལྟར། དགེ་བ་ལ་སྤྱོད་པའི་བརྩོན་འགྲུས་ཀྱི་སྡོམ་པ་འཛᨑན་པ་དང༌། སངས་རྒྱས་ལ་མཆོད་པ་བྱེད་པ་གཉིས་ཀའང་སངས་རྒྱས་ཀྱི་ཕྲིན་ལས་རྗེས་སུ་སྐྱོང་བ་ཡིན་པས་སོ། །དེ་རྣམས་ཀྱིས་རིགས་ལྔ་སོ་སོའི་དམ་ཚᨑག་བསྒྲགས་ནས། རིགས་ལྔ་སྤྱིའི་དམ་ཚᨑག་བསྒྲགས་པ་ལ་ཚུལ་ཁྲིམས་གསུམ་སྤྱིར་བཤད་པ་དང༌། སོ་སོར་བཤད་པ་གཉིས་ལས། དང་པᨖ་ནི། དེ་ལས་གཞན་ཡང་བཅུ་བཞི་ནི། །ཞེས་སོགས་ཤླཽ་ཀ་གཉིས་ཏེ། ནམ་མཁའི་སྙིང་པᨖའི་མདᨖ་ལས་བཤད་པའི་བྱང་ཆུབ་སེམས་དཔའ་རྒྱལ་པᨖ་ལ་འབྱུང་བའི་ལྟུང་བ་གཅིག །བློན་པᨖ་ལ་འབྱུང་བ་གཅིག །རྒྱལ་བློན་ཐུན་མᨖང་དུ་འབྱུང་བ་བཞི། བྱང་སེམས་ལས་དང་པᨖ་བ་ལ་འབྱུང་བའི་བརྒྱད་དེ་བཅུ་བཞི་པᨖ་འདིར་ཡང་བསྲུང་དགོས་པར་སྟོན་པ་ལགས། གཉིས་པ་སོ་སོར་བཤད་པ་ལ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དᨖན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལས། དང་པᨖ་ནི། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །ཞེས་སོགས་ཤླཽ་ཀ་གཉིས་ཏེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སོ་ཐར་རིགས་བདུན་གང་རུང་ཡིན་པས་རང་རང་གི་ཆོ་ག་ལས་ཐོབ་པའམ། དེས་མ་ཐོབ་ན་སྟ་གོན་དང་འཇུག་པའི་སྐབས་སུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་ན་མཉམ་པའི་སོ་ཐར་གྱི་སྡོམ་པ་ཐོབ་པས་ན་དེའི་བསླབ་བྱ་རྩ་བཞི་ཆང་དང་ལྔ་པᨖ་གཞན་དᨖན་དུ་འགྱུར་ན་མ་གཏོགས་སྤང་དགོས་པར་སྟོན་པ་ལགས། དགེ་བ་ཆོས་སྡུད་ནི། དམ་པ་ཉེ་བར་བསྟེན་བྱ་ཞིང༌། །ཞེས་སོགས་རྐང་པ་དྲུག་སྟེ་དགེ་བ་སྤྱོད་པའི་གྲᨖགས་སྐྱེས་བུ་དམ་པ་དང༌། རྣལ་འབྱོར་པ་རྣམས་ལ་བརྟེན་ནས་དགེ་བ་བཅུ་སྤྱོད་པ་སྟེ། བཅུ་པᨖ་དེར་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ཐམས་ཅད་འདུས་པས་སོ། །སེམས་ཅན་དᨖན་བྱེད་ནི། ཐེག་པ་དམན་ལ་འདᨖད་མི་བྱ། །ཞེས་སོགས་ཤླཽ་ཀ་གཅིག་སྟེ། སེམས་ཅན་གྱི་དᨖན་བྱེད་པའི་མི་མཐུན་ཕྱོགས་རྣམས་སྤངས་པའི་སྒོ་ནས་སེམས་ཅན་གྱི་དᨖན་བསྒྲུབ་དགོས་པར་སྟོན་པ་ཡིན། དེ་དག་མདᨖར་བསྡུས་ཏེ་བསྒྲགས་པ་ནི། ལྷ་དང་ལྷ་མིན་ཞེས་སོགས་ཤླཽ་ཀ་གཅིག་སྟེ། གཞན་ལ་གནོད་པ་དང༌། གཞན་མ་དད་པར་འགྱུར་བའི་སྤྱོད་པ་རྣམས་སྤོང་བ་དང༌། སོ་ཐར་བྱང་སེམས་གཉིས་སུ་མ་ཟད་གསང་བ་སྤྱི་རྒྱུད་སོགས་རྒྱུད་ སྡེ་འོག་མ་ནས་བཤད་པའི་དམ་ཚᨑག་རྣམས་ཀྱང་བསྲུང་དགོས་པར་སྟོན་པ་སྟེ། རྒྱུད་སྡེ་གོང་མའི་སྡོམ་པའི་ནང་དུ་འོག་མའི་སྡོམ་པའང་འདུ་བས་སོ། །དེ་ལྟར་བཤད་པའི་དᨖན་དེ་དག་ཡིད་ལ་དྲན་པ་དང་བཅས་པའི་སྒོ་ནས་དམིགས་པ་འདི་བཞིན་མཛོད། ཅེས་སོགས་ཀྱིས་བརྡའ་སྤྲད་ལ་སྟ་གོན་གྱི་སྐབས་དཀོན་མཆོག་སོགས་ནས། འགྲུབ་པར་ཤོག །ཅེས་པས་རྒྱུད་དག་པར་བྱས་ནས་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚᨑག་རྣམས་ཀྱང་འཛᨑན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བᨖ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རིག་པ་འཛᨑན་པ་བདག་གིས་ནི། །དུས་འདི་ནས་ནི་བཟུང་ནས་སུ༑ ༑ཇི་སྲིད་བྱང་ཆུབ་སྙིང་པᨖའི་བར། །ཇི་ལྟར་དུས་གསུམ་མགོན་པᨖ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་ནི། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དᨖན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པᨖར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པᨖར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པᨖ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔᨖན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པᨖ་ཡི། །དམ་ཚᨑག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པᨖ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །ལས་ཀྱི་རིགས་མཆོག་ཆེན་པᨖ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དᨖན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲᨖལ་བ་རྣམས་བདག་གིས་དགྲᨖལ། །དབུགས་མ་ཕྱུང་བ་དབུགས་དབྱུང་ཞིང༌༑ ༑སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པས་དམ་ཚᨑག་དང་སྡོམ་པ་འཛᨑན་པ་ཁས་བླངས་ནས། འཛᨑན་རྒྱུའི་དམ་ཚᨑག་དང་སྡོམ་པའི་གཙོ་བᨖ་དབང་བསྐུར་བ་ལས་སྐྱེ་བར་འགྱུར་ཞིང༌། དབང་བསྐུར་བའང་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲᨖ་བ་ཅན་ཡིན་པས་སྔོན་ཆད་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐུར་ནས་འཇུག་པའི་མཚོན་བྱེད་དུ་རས་ཡུག་དམར་པᨖ་རེས་གདᨖང་བཅིངས་པའི་མᨖས་པ་མཛོད། ཨཱ་ཁཾ་ཝཱི་ར་ཧཱུྃ་ཞེས་པས་གདᨖང་བཅིངས་ནས། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཕྱག་རྟེན་གྱི་སླད་དུ་མེ་ཏོག་རིགས་ལྔ་བརྒྱུས་པའི་ཕྲེང་བ་རེ་བྱིན་པའི་མᨖས་པ་མཛོད། ཨཱ་ཁཾ་སོགས་ཀྱིས་སྦྱིན། སློབ་དཔᨖན་གྱི་ཐུགས་ཀ་ནས་བདུད་རྩི་འཁྱིལ་བའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན་ནས་དབང་ལེན་པ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་པའི་མᨖས་པ་མཛོད། ཅེས་དང༌། ལས་བུམ་གྱི་ཆུ་གཏོར་ལ། ༀ་བཛྲ་ཨ་མྲ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་བར་དུ་གཅོད་པ་བསྲུངས་ནས། རིགས་ངེས་པར་བྱ་བའི་སླད་དུ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲིས་པའི་ལན་བཏབ་པའི་མᨖས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། སྐལ་བཟང་བདག་བདེ་བ་ཆེན་པᨖ་ལའོ། །དེས་བུ་ལ་ཅི་ཞིག་བྱ། ཞེས་དྲིས་པའི་ལན་བཏབ་པའི་མᨖས་པ་མཛད་ནས་འདིའི་རྗེས་ཟློས་མཛོད། སངས་རྒྱས་མཆོག་གི་དམ་ཚᨑག་གོ །མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པᨖ་སངས་རྒྱས་མཆོག་གི་དམ་ཚᨑག་འདᨖད་པ་དེས། གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སེམས་ཅན་ཐམས་ཅད་ལ་ཕན་པ་བླ་ན་མེད་པ་བསྒྲུབ་པར་བགྱིའོ་སྙམ་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དུང་བ་ཞིག་བསྐྱེད། དེ་ཉིད་གཟུགས་ཀྱི་རྣམ་པར་ལངས་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་ཉ་གང་བ་ལྟ་བུ་ཞིག་ལམ་གྱིས་བྱུང་བའི་མᨖས་པ་མཛོད། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བདེ་སྟོང་ནམ་མཁའ་ལྟ་བུའོ་སྙམ་དུ་ཡིད་ལ་བྱས་ཏེ། དེ་ཉིད་གཟུགས་ཀྱི་རྣམ་པར་ལངས་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པᨖ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པ་ཞིག་གསལ་ལམ་གྱིས་བྱུང་བར་མᨖས་ཏེ། དེ་གཉིས་དབྱེར་མེད་དུ་སེམས་བསྐྱེད་སྙམ་པས་འདིའི་རྗེས་ཟློས་མཛོད། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་དེ་སྙིང་གར་རྡོ་རྗེ་བཞག་ནས་བརྟན་པར་བྱས་པའི་མᨖས་པ་མཛོད། ༀ་སུ་ར་ཏེ་ས་མ་ཡ་སྟྭྃ་ཧོཿ སིདྷྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་པས་སེམས་བསྐྱེད་པ་རྣམས་ཕྱི་འཇུག་གི་གཙོ་བᨖ་ཡིན་པས་བརྡ་དᨖན་འཕྲོད་པ་གལ་ཆེ་བ་ལགས། དེ་ལྟར་སེམས་བསྐྱེད་པ་དང་འོག་ནས་འབྱུང་བའི་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་རྣམས་སྣོད་དང་མི་ལྡན་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བཏུབ་བᨖ་ཞེས་གསང་བར་གདམས་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བᨖ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་རབ་ཏུ་ཞུགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་པས་གསང་བར་གདམས་པ་རྣམས་ཕྱིའི་འཇུག་པ་ཡིན། ནང་འཇུག་གི་སླད་དུ་ཁྱེད་རང་རྣམས་སློབ་དཔᨖན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་པའི་མᨖས་པ་བྱས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་དབུ་དུད་པ་དང་བཅས་པས་འདིའི་རྗེས་ཟློས་མཛོད། ཧཱུྃ་ཛཿ ཧཱུྃ་ཞེས་སམ། ཛཿ ཧཱུྃ་བྃ་ཧོཿ གང་མᨖས་བརྗོད་པས་ དཀྱིལ་འཁོར་གྱི་ཤར་སྒོའི་སྒོ་ནང་དུ་འཁོད་པའི་མᨖས་པ་མཛོད། ནང་གི་འཇུག་པ་ལ་སྔོན་འགྲᨖ་དམ་ལ་བཞག་པ་བཞིའི་དང་པᨖ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱའི། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པᨖ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་བུ་ཁྱོད་དམ་ཚᨑག་ཉམས་པར་འགྱུར་ཏ་རེ་ཞེས་དང་། ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་དང༌༑ འདིའང་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ཡིན་ཏེ། འདི་ནི་ཁྱོད་ཀྱི་དམ་ཚᨑག་གི་རྡོ་རྗེ་སྟེ་གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན་ཁྱོད་ཀྱི་མགོ་བᨖ་འགེམ་པར་འགྱུར་རོ། །ཞེས་དང༌། མནའ་ཆུ་སྦྱིན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྣམ་རྒྱལ་བུམ་པའི་ཆུ་དུང་ཆོས་སུ་བླུགས་པ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚᨑག་འདས་ན་སྲེག་པར་བྱེད། །དམ་ཚᨑག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་པཉྩ་ཨ་མྲ་ཏ་ཨུ་ད་ཀ་ཋ་ཋ་ཋ་ཞེས་དང༌། བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ང་ལ་ཡང་ བརྙས་པ་མ་བྱེད་ཅིག །བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པᨖར་ལྟུང་བར་འགྱུར་ཏ་རེ་ཞེས་པ་རྣམས་སྔོན་འགྲᨖ་དམ་ལ་བཞག་པ་ཡིན། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཞེས་པས་གསོལ་བ་བཏབ་ནས། ཁྱེད་རང་རྣམས་ལུས་ཙོག་པུ་གང་ལ་ཡང་མ་སྙེས་པར་མེ་ཏོག་དང་བཅས་པའི་ཐལ་མᨖ་སྦྱར་ཏེ་སེམས་གཞན་དུ་མ་ཡེངས་པར་མཛད་ནས་དམིགས་པ་འདི་བཞིན་མཛོད། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ནམ་སྒྱུ་མ་ལྟ་བུར་ཤེས་པར་བྱས་ཏེ། དེའི་ངང་ལས་ཁྱེད་རང་རྣམས་ཧེ་རུ་ཀར་གསལ་བའི་རྐང་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པᨖ་གཞུ་བདུངས་པ་ལྟ་བུ་ཆང་ཟུང་ཐུར་དུ་བསྟན། མཆོག་མ་གཉིས་གྱེན་དུ་བསྟན་པ་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྐང་པ་གཉིས་བགྲད་ནས་གནས་པའི་རྐང་མཐིལ་གཉིས་སུ་ཡི་གེ་ཛྷ་ལྗང་གུ་དྲག་ཅིང་བཟོད་པར་དཀའ་བ་རྐང་པའི་བར་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པᨖ་འབར་བས་མཚན་པ། སྙིང་གར་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་སེར་པᨖ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་ པའི་ལྟེ་བ་ལ་ཧཱུྃ། མགྲིན་པར་ཝྃ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པᨖ་ཟླུམ་པᨖ་བུམ་པ་ལ་ཨས་མཚན་པ། སྤྱི་བᨖར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དུ་བ་འཁྲིགས་པ་ལྟ་བུ་ལ་ཧས་མཚན་པ། སློབ་དཔᨖན་ལ་རྡོ་རྗེ་སེམས་དཔའ་དངོས་ཡིན་སྙམ་པའི་མᨖས་གུས་བྱས་པས། སློབ་དཔᨖན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་གི་རྐང་འོག་གི་རླུང་ལ་ཕོག་པས་རླུང་གཡོས་ཏེ་སུམ་མདᨖར་མེ་སྦར། རྐང་མཐིལ་གྱི་ཛྷ་མེར་འབར་བ་ལོང་བུ་གཉིས་ནས་ཞུགས་སུམ་མདᨖའི་གནས་སུ་འཛོམ་སྟེ་དྲག་ཏུ་འབར་བས་སྙིང་གའི་ས་བསྲོས། དེས་མགྲིན་པའི་ཆུ་བསྐོལ་བའི་ཟེག་མ་སྙིང་གའི་སའི་སྟེང་དུ་བབ། དེ་ནས་རྐང་འོག་གི་རླུང་གིས་གྱེན་ལ་བཏེགས། སྤྱི་བᨖའི་རླུང་གིས་ཐུར་ལ་མནན་པའི་བར་སྣང་དུ་ཡེད་ཡེད་ཡོད་པར་གྱུར། དེའི་ཚེ་སློབ་དཔᨖན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་ཆེན་པᨖ་བབ་པ་བཞིན་དུ་ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་ག་རྣམས་ནས་སིབ་སིབ་ཐིམ་པའི་མᨖས་པ་མཛོད། རྡོ་རྗེ་དྲིལ་བུ་དཀྲོལ་ཏེ། ཧཱུྃ་ཨ་ཧ་ཛྷ་ཞེས་དང༌། ཨཱ་ཝེ་ཤ་ཡ་སྟྭྃ་བྷ་ཡ་སྟྭྃ་བྷ་ཡ། ར་ར་ར་ར། ཙ་ལ་ཡ། ཙ་ལ་ཡ། ཧཱུྃ་ཨ་ཧ་ཛྷ་ཞེས་མང་དུ་བརྗོད་ཅིང་སྤོས་རོལ་བྱ༑ རྒྱུ་དབང་གི་ཚེ་སྦོགས་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བᨖར་བླ་མ་དམ་པ་སྐུ་དར་ལ་བབ་པ་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ གཅིག་བསྒོམ་སྟེ། དེ་ལ་མᨖས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་སྤྱི་བᨖ་ནས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མᨖས་པ་མཛོད། ཅེས་བརྗོད། རྩ་སྔགས་མང་དུ་བརྗོད་ཅིང་སྤོས་དང་རོལ་མᨖ་བྱ། དེ་ལྟར་ཡེ་ཤེས་ཕབ་པའི་བྱིན་རླབས་ཀྱི་རྒྱུན་སྤྱི་བᨖར་རྡོ་རྗེ་རྒྱ་གྲམ་བཞག་སྟེ་བརྟན་པར་བྱས་པའི་མᨖས་པ་མཛོད། ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱས་ནས། ཕེབས་པའི་རྟགས་ནི་སྐུ་བབས་ན་ནམ་མཁའ་ལ་གར་བྱེད། གསུང་བབས་ན་སཾ་སྐྲ་ཏའི་སྐད་སྨྲ། ཐུགས་བབས་ན་དུས་གསུམ་ཤེས་པ་ལ་སོགས་པ་འབྱུང་བར་འགྱུར་བས་དེ་ཉིད་ངོ་ཤེས་པར་བྱས་ནས་ལམ་དུ་སློང་བར་གྱིས་ཤིག །དེ་ལྟར་ཡེ་ཤེས་ཕེབས་པ་དེ་ལྷག་པའི་ལྷ་དང་ངོ་སྤྲོད་པའི་སླད་དུ་དཀྱིལ་འཁོར་ལ་གསོལ་བ་འདེབས་པ་སློབ་དཔᨖན་གྱིས་བགྱི་བར་གདའ་སྟེ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲᨖང་ཁྱེར་མཆོག །སྙིང་པᨖའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། ། ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ལན་གསུམ་དང༌། ཞེས་གསོལ་བ་བཏབ་ནས༑ དངོས་གྲུབ་ཀྱི་ལྟས་བརྟག་པའི་ཆེད་དུ་ཁྱེད་རང་རྣམས་མིག་རས་དང་བཅས་བཞིན་དུ་དཀྱིལ་འཁོར་གྱི་ཐད་ཀྱི་བར་སྣང་ལ་བལྟས་ཏེ་མིག་གི་ལམ་དུ་ཁ་དᨖག་གང་མཐོང་བ་ཞིག་ངེད་ལ་སྨྲ་དགོས་པས། ཀྱེ་ཁྱེད་ཀྱི་མིག་ ལམ་ན་ཅི་སྣང༌། ཞེས་དྲིས་ལ། དཀར་པᨖ་མཐོང་ན་ཞི་བ། སེར་པᨖ་རྒྱས་པ། དམར་པᨖ་དབང༌། སྔོན་པᨖའམ་ནག་པᨖ་མངོན་སྤྱོད། ལྗང་གུའམ་སྣ་ཚོགས་སམ་ཁྲ་བᨖ་མཐོང་ན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །ཞེས་པས་དངོས་གྲུབ་ཀྱི་མཚན་ལྟས་བརྟགས་ནས། སློབ་དཔᨖན་གྱིས་ལྷ་ཐམས་ཅད་གདན་གསུམ་ཚང་བའི་རང་བཞིན་དུ་ཤེས་པའི་སྒོ་ནས་བསྟོད་པ་ནི། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། ། སེར་སྣ་རྡོ་རྗེ་བདག་ལ་སྩོལ། །འདᨖད་ཆགས་རྡོ་རྗེ་བདག་ལ་སྐྱོབས། །ཡིད་དང་ཕྲག་དᨖག་ཆེན་པᨖ་ཀུན། །རྡོ་རྗེ་ཀུན་གྱི་དམ་ཚᨑག་མཆོག །ལས་རྣམས་ཐམས་ཅད་སྒྲུབ་བྱེད་པ། །རྡོ་རྗེ་ཅན་ཀུན་བདག་དགྱེས་མཛོད། །ཅེས་པས་བསྟོད། དེ་ནས་དཀྱིལ་འཁོར་ལ་མེ་ཏོག་དབུལ་བ་ནི། འདི་ན་བཅོམ་ལྡན་འདས་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་གདུལ་བྱ་འདུལ་བའི་ཆེད་དུ་གཙོ་འཁོར་གྱི་རྣམ་པ་ཅན་དུ་བསྟན་པ་ཙམ་མ་གཏོགས་ངོ་བᨖ་ལ་བཟང་ངན་གཅིག་ཀྱང་མེད་མᨖད། འོན་ཀྱང་རང་གི་ལས་བསགས་པའི་ལྷ་ཞིག་ལ་འབབ་པར་ཤོག་ཅིག་སྙམ་པའི་བློས། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་གསུང་ཞིང་འབུལ་བའི་ཚུལ་མཛོད་ཅིག །ཅེས་བསྒོམ་ལ་ཕུལ་ཏེ་གང་ལ་ལྷུང་བ་ལས་ཉེ་བ་དེའི་རིགས་སུ་ངེས་པར་བྱས་ལ་མེ་ཏོག་དེ་སློབ་དཔᨖན་གྱིས་བླངས་ཏེ། ༀ་པྲ་ཏི་གྲཧྞ་སྟཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་ལྷ་ལ་བᨖས་ནས་དེས་ཀྱང་མེ་ཏོག་གི་ཕྲེང་བ་སླར་ སྦྱིན་པར་བསམས་ལ། མེ་ཏོག་སློབ་མའི་སྤྱི་བᨖར་བཞག་མིག་རས་བསལ་ཏེ། ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ། ཞེས་པ་ནི། ཀྱེ་རྡོ་རྗེ་ལྟོས་ཤིག་ཅེས་བསྐུལ་བ་ཡིན་པས། དཀྱིལ་འཁོར་ལེགས་པར་གཟིགས་ཤིག །ཅེས་བསྒོ། སླར་ཡང་དཀྱིལ་འཁོར་ལྟ་བར་བསྐུལ་བ་ནི། ཐར་པ་ཆེན་པᨖའི་གྲᨖང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ཧེ་རུ་ཀ །དཀྱིལ་འཁོར་བཟང་པᨖ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ཀྱང་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །དམ་ཚᨑག་ཐམས་ཅད་བསྐྱངས་པ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་ལ། དེའང་འདི་ན་དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་བཞུགས་ཏེ། ཕྱི་རོལ་རྡོ་རྗེའི་རྭ་བ་གུར་མེ་རི་དང་བཅས་པའི་བསྲུང་བའི་འཁོར་ལོའི་ནང་དུ་དུར་ཁྲོད་བརྒྱད། དེ་དག་ལ་གནས་པའི་ཤིང་བརྒྱད། ཤིང་གི་རྩ་བ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད། སྟེང་གི་ནམ་མཁའ་ལ་གནས་པའི་སྤྲིན་བརྒྱད། དེ་དག་ལ་གནས་པའི་ཀླུ་བརྒྱད། ཤིང་གི་ཡལ་ག་ལ་གནས་པའི་ཞིང་སྐྱོང་བརྒྱད། གཞན་ཡང་ཆུ་བརྒྱད། མེ་བརྒྱད། མཆོད་རྟེན་བརྒྱད། གྲུབ་པ་ཐོབ་པའི་དཔའ་བᨖ་དང༌། རྣལ་འབྱོར་མ་དང༌། འདྲེ་དང༌། སྲིན་པᨖ་དང༌། མཁའ་འགྲᨖ་དང༌། མཁའ་འགྲᨖ་མ་དང༌། རོ་དང་རོ་ལངས་ལ་སོགས་པས་ཡོངས་སུ་གང་བའི་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ནང་དུ་ཆོས་འབྱུང་གི་ནང་དུ་ཚུད་པའི་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཐར་པ་ཆེན་པᨖའི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ནང་ནས་རིམ་པ་བཞིན་ནག་པᨖ། ལྗང་གུ། དམར་པᨖ། སེར་པᨖ། དཀར་པᨖའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པᨖ་ཆེའི་ཕ་གུ་སེར་པᨖ་ལ་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་རིན་པᨖ་ཆེའི་མདའ་ཡབ་དང་པུ་ཤུས་བརྒྱན་པ། རྩིག་པའི་ཕྱི་རོལ་དུ་འདᨖད་ཡོན་གྱི་སྣམ་བུ་དམར་པᨖ་ལ་མཆོད་པའི་ལྷ་མᨖ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ། ནང་ཀ་བ་བརྒྱད་དང་ལྡན་པ། སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་རིས་སུ་བྲེས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་སྟེང་དུ་རྡོ་རྗེ་དང་རིན་པᨖ་ཆེའི་ཏོག་གིས་བརྒྱན་པ༑ སྒོ་བཞིའི་ཐད་སོར་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་བང་རིམ་བཞི་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། གདུགས་དང་རི་དྭགས་དང་བཅས་པ། གཞན་ཡང་གོས་དང༌། འཕན་དང༌། མེ་ཏོག་གི་ཕྲེང་བ་དང༌། ཕྲེང་བ་དང༌། ཟླ་བ་རླུང་གིས་བསྐྱོད་པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་པའི་གཞལ་ཡས་ཁང་གི་ནང་གི་ལྷ་སྣམ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་དབུས་སུ་སྡོང་བུ་དང་བཅས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཚངས་པ་ལ་སོགས་པ་བདུད་བཞིའི་གདན་དང༌། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ཤར་དུ་ཚངས་པ་སེར་པᨖ། ལྷོར་དབང་པᨖ་དཀར་པᨖ། ནུབ་ཏུ་ཉེ་དབང་སྔོན་པᨖ། བྱང་དུ་དྲག་པᨖ་ནག་པᨖ། བྱང་ཤར་དུ་གཤིན་རྗེ་སྔོན་པᨖ། ཤར་ལྷོར་ནོར་བདག་སེར་པᨖ། ལྷོ་ནུབ་ཏུ་སྲིན་པᨖ་ནག་པᨖ། ནུབ་བྱང་དུ་ཐག་ཟངས་རིས་དུད་ཀ་རྣམས་འགྱེལ་ཞིང་གདᨖང་གྱེན་དུ་ཕྱོགས་པའི་གདན་དང་བཅས་པ་རྣམས་ནི་རྟེན་གཞལ་ཡས་ཁང་པ་ཡིན་ལ། བརྟེན་པ་ལྷ་ནི་ཤར་དུ་གཽ་རཱི་ནག་མᨖ་གཡས་གྲི་གུག །གཡོན་ཉ་རོ་ཧི་ཏ་འཛᨑན་པ། ལྷོར་ཙཽ་རཱི་དམར་མᨖ་གཡས་ཅང་ཏེའུ། གཡོན་ཕག་པ་འཛᨑན་པ། ནུབ་ཏུ་བེ་ཏཱ་ལཱི་སེར་མᨖ་གཡས་རུས་སྦལ། གཡོན་ཐོད་པ་འཛᨑན་པ། བྱང་དུ་གྷསྨ་རཱི་ལྗང་གུ་གཡས་སྦྲུལ། གཡོན་ཐོད་པ་འཛᨑན་པ། བྱང་ཤར་དུ་པུཀྐ་སཱི་སྔོན་མᨖ་གཡས་སེང་གེ་གཡོན་དགྲ་སྟྭ་འཛᨑན་པ། ཤར་ལྷོར་རི་ཁྲོད་མ་དཀར་མᨖ་གཡས་དགེ་སློང༌། གཡོན་གསིལ་བྱེད་འཛᨑན་པ། ལྷོ་ནུབ་ཏུ་གདᨖལ་པ་མᨖ་སྔོ་དམར་གཡས་འཁོར་ལོ། གཡོན་ཐོང་གཤོལ་འཛᨑན་པ། ནུབ་བྱང་དུ་གཡུང་མᨖ་ཁ་དᨖག་སྣ་ཚོགས་པ། གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ་སྟེ་ལྷ་མᨖ་བརྒྱད་ཀྱིས་བསྐོར་བའི་དབུས་སུ། བཅོམ་ལྡན་འདས་སྙིང་པᨖ་ཀྱཻ་རྡོ་རྗེ་སྐུ་མདᨖག་སྔོན་པᨖ་ཞལ་བརྒྱད། ཕྱག་བཅུ་དྲུག་པ། ཞབས་བཞི་པ། རྩ་བའི་ཞལ་སྔོན་པᨖ། གཡས་དཀར། གཡོན་དམར། སྟེང་ཞལ་དུད་ཀ་ཞལ་ལྷག་མ་གཉིས་གཉིས་གནག་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་པ། དབུ་སྐྲ་སེར་པᨖ་གྱེན་དུ་བརྫེས་པ༑ སྤྱི་བᨖར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་ཀྱི་དང་པᨖ་ན་གླང་པᨖ་ཆེ་དཀར་པᨖ། གཡོན་གྱི་དང་པᨖ་ན་སའི་ལྷ་སེར་པᨖ། དེ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་ན་རྟ་སྔོན་པᨖ། གསུམ་པ་ན་བᨖང་བུ་གྭ་པ། བཞི་པ་ན་གླང་སེར་པᨖ། ལྔ་པ་ན་རྔ་མᨖང་ཐལ་ཀ །དྲུག་པ་ན་མི་དམར་པᨖ། བདུན་པ་ན་ཤ་ར་བྷ་སྔོན་པᨖ། བརྒྱད་པ་ན་བྱི་བླ་གྭ་པ། གཡོན་གྱི་གཉིས་པ་ན་ཆུའི་ལྷ་དཀར་པᨖ། གསུམ་པ་ན་མེའི་ལྷ་དམར་པᨖ། བཞི་པ་ན་རླུང་གི་ལྷ་ལྗང་གུ། ལྔ་པ་ན་ཟླ་བའི་ལྷ་དཀར་པᨖ། དྲུག་པ་ན་ཉི་མའི་ལྷ་དམར་པᨖ། བདུན་པ་ན་གཤིན་རྗེ་སྔོན་པᨖ། བརྒྱད་པ་ན་ནོར་འཛᨑན་སེར་པᨖ། དབུ་རེ་རེ་ལ་མི་མགོ་སྐམ་པᨖ་ལྔ་ལྔས་དབུ་བརྒྱན་ཅིང་རློན་པ་ལྔ་བཅུའི་དᨖ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། ཞབས་གཡས་གཉིས་བརྐྱངས་པའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མᨖ་རྣམས་གཏད་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། སྒེག་ཅིང་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང༌། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་རོ་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་བདག་མེད་མ་སྐུ་མདᨖག་སྔོན་མᨖ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། སྐྲ་སེར་པᨖ་གྱེན་དུ་བརྫེས་པ། གཡས་གྲི་གུག །གཡོན་ཐོད་པ་འཛᨑན་པས་ཡབ་ལ་འཁྱུད་པ། མི་མགོ་སྐམ་པᨖ་ལྔའི་དབུ་རྒྱན་དང༌། སྐམ་པᨖ་ལྔ་བཅུའི་དᨖ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ། ཞབས་གཡོན་བརྐྱངས་ཤིང་གཡས་བསྐུམ་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་ལྟར་ན་ལྷག་པའི་ལྷའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མཐོང་ངོ་སྙམ་པའི་དགའ་བའི་བློས་སློབ་དཔᨖན་གྱི་ཞབས་ལ་ཕྱག་བྱས་པར་མᨖས་ཏེ་འདིའི་རྗེས་ཟློས་མཛོད། ༀ་རྡོ་རྗེའི་དཀྱིལ་འཁོར་ཆེན་པᨖ་ཡི། །དཀྱིལ་འཁོར་ཏུ་ནི་བདག་ཞུགས་སོ། །ༀ་རྣལ་འབྱོར་དཀྱིལ་འཁོར་ཆེན་པᨖ་ཡི། །དཀྱིལ་འཁོར་དེ་རིང་བདག་གིས་མཐོང༌། །ༀ་གསང་བའི་དཀྱིལ་འཁོར་ཆེན་པᨖ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོཿ ཧོཿ ཧོཿ ། ཞེས་པ་རྣམས་ལྷ་དང་སྐལ་པ་མཉམ་པའི་ཆེད་དུ་དཀྱིལ་འཁོར་དུ་འཇུག་པའི་ཆོས་ཡིན། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་རྡོ་རྗེ་སློབ་མའི་དབང་དང་སློབ་དཔᨖན་གྱི་དབང་གཉིས་ཀྱི་དང་པᨖ་ལ། མཎྜལ་དབུལ་ཞིང་གསོལ་བ་གདབ། །ལྷར་བསྐྱེད་བྱུར་བསལ་ཤིས་པ་བརྗོད། །ཆུ་དང་ཅོད་པན་རྡོ་རྗེ་དང༌། །དྲིལ་བུ་མིང་དང་བརྟུལ་ཞུགས་སྦྱིན། །སྤྲོ་ན་སྔགས་ཀྱི་བཟླས་ལུང་སྦྱིན། །ཞེས་པ་ལྟར་ལས། དང་པᨖ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་ འདིའི་རྗེས་ཟློས་ལན་གསུམ་མཛོད། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དᨖན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་པས་གསོལ་བ་བཏབ་སྟེ། སྔོན་འགྲᨖ་བྱུར་བསལ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་གྲུ་བཞི་པ། སྒོ་བཞི་པ་རྟ་བབས་བཞིས་མཛེས་པ་འདᨖད་སྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པᨖ་ཆེའི་ཁྲི་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་བཅོམ་ལྡན་འདས་སྙིང་པᨖ་ཀྱཻ་རྡོ་རྗེ་སྐུ་མདᨖག་སྔོན་པᨖ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་རྡོ་རྗེ་བདག་མེད་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེའི་གཡས་གཡོན་དུ་སྦྱང་བའི་ཡོ་བྱད་རྣམས་དང༌། སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་ཏུ་དུང་དང༌། འཕན་དང༌། མེ་ཏོག་གི་ཕྲེང་བ་ལ་སོགས་པའི་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར། དེ་ཉིད་ལ་ཆུ་བཞིས་སྦྱང་བ་བྱས་པའི་མᨖས་པ་མཛོད། ༀ་ནཱི་རཱི་ཧཱུྃ་ཁྃ་སྭཱ་ཧཱ། ༀ་བཛྲ་ནི་ཝི་ཏི་ཧཱུྃ་ཁྃ་སྭཱ་ཧཱ། ༀ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ༀ་ཨ?ཾ་པྲ་ཏཱིཙྪ་ཧཱུྃ། ཞེས་པས་སྦྱངས་ཏེ། ཁྱེད་རང་རྣམས་ཀྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྡིག་པའི་ས་བᨖན་ཀྃ་ཡིག་གི་རྣམ་པས་སྣ་ སྒོར་ཐོན་ནས་མདུན་གྱི་ཏིལ་ལ་ཐིམ། སློབ་དཔᨖན་གྱི་ཐུགས་ཀ་ནས་ཧེ་རུ་ཀ་ཞིག་བྱེ་བ་ལས་ཀྱེ་རྡོ་རྗེ་དང་ཐ་མི་དད་པར་གྱུར་ནས་ཁྱེད་རང་རྣམས་ཀྱི་སྡིག་སྒྲིབ་ཀྱི་ངོ་བᨖར་གྱུར་པའི་ཏིལ་དེ་གཡས་སུ་ཡེ་ཤེས་ཀྱི་མེས་བསྲེགས། གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དᨖར་བའི་མᨖས་པ་མཛོད། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། བཛྲ་ས་ཏྭ་སྱ། སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཞེས་དང་ཆུས་ཀྱང་སྦྱངས་པའི་མᨖས་པ་མཛོད། ༀ་ཧཱུྃ་ཌ་ཌི་ཏ་ཕ ྄ཊ། རྡོ་རྗེ་སློབ་མ་རྣམས་ཀྱི་བྱུར་དང་སྐལ་པ་ངན་པ་དང༌། བཀྲ་མི་ཤིས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །ཅེས་པས་བྱུར་བསལ་ནས། སློབ་དཔᨖན་དཀྱིལ་འཁོར་པ་དང་བཅས་པས་རྣམ་པར་རྒྱལ་བའི་བུམ་པ་ཐོགས་ནས་བཀྲ་ཤིས་ཀྱི་ཆོ་ག་བྱས་པའི་མᨖས་པ་མཛོད། ཕུན་སུམ་ཚོགས་འཛᨑན་གསེར་གྱི་རི་བᨖ་ལྟ་བུའི་མདᨖག །འཇིག་རྟེན་གསུམ་མགོན་དྲི་མ་གསུམ་ནི་རབ་ཏུ་སྤངས། །སངས་རྒྱས་ཆུ་སྐྱེས་འདབ་རྒྱས་ལྟ་བུའི་སྤྱན་མངའ་བ༑ ༑བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །དམ་ཆོས་རབ་མཆོག་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། ། འཇིག་རྟེན་བཀྲ་ཤིས་གཉིས་པ་དེང་འདིར་ཁྱོད་ལ་ཤོག །དམ་པའི་ཆོས་དང་ལྡན་ཞིང་ཐོས་པའི་བཀྲ་ཤིས་ཕྱུག །དགེ་འདུན་ལྷ་དང་ལྷ་མ་ཡིན་དང་མིས་མཆོད་པ། །ངོ་ཚ་དཔལ་གནས་ཚོགས་ཀྱི་ནང་ན་རབ་ཀྱི་མཆོག ། འཇིག་རྟེན་བཀྲ་ཤིས་གསུམ་པ་དེང་འདིར་ཁྱོད་ལ་ཤོག །དགའ་ལྡན་ལྷ་ཡི་གཞལ་མེད་ཁང་ནི་སྙིང་པᨖར་བཅས། །འགྲᨖ་ལ་ཕན་ཕྱིར་འདིར་གཤེགས་དབང་པᨖར་བཅས་པའི་ལྷ། །རྗེས་སུ་འབྲང་བ་དེ་བཞིན་གཤེགས་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །འདབ་གསར་འཚེར་བའི་མེ་ཏོག་ཆར་འབབ་ལུམྦཱིའི་ཚལ། །མང་པᨖ་ལྷ་ཡིས་བསྟེན་པར་མགོན་པᨖ་བལྟམས་པ་ན། །སྲིད་པའི་མཐར་གྱུར་པ་ཡི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །སྣ་ཚོགས་སྐྱོན་རྣམས་རྣམ་པར་གཞོམ་པར་བྱ་བའི་ཕྱིར། །དགེས་པས་དཀའ་ཐུབ་ཚལ་དུ་ནམ་ཕྱེད་མངོན་པར་བྱུང༌། །དབང་བཅས་ལྷ་རྣམས་རྗེས་སུ་འབྲང་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཆུ་བᨖའི་འགྲམ་དུ་མཆོད་ཡོན་ཕྲེང་བས་ཡོངས་སུ་བསྐོར། །ཞི་ཕྱིར་ངོ་མཚར་གྱུར་པ་སྲིད་པ་དག་བྱེད་པ། །ཀླུ་ཡི་རྒྱལ་པᨖས་ལེགས་པར་བསྟོད་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །གྲᨖང་ཁྱེར་མཆོག་གྱུར་སེར་སྐྱ་ཞེས་ནི་བྱ་བ་དེར། །རྨད་དུ་གྲགས་པ་ཆེན་པᨖའི་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་སྒྲུབ་དེ་བཞིན་གཤེགས་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །སེམས་ཅན་ཐམས་ཅད་ལ་ནི་ཕན་ཕྱིར་བྱང་ཆུབ་པ། །དམ་ཆོས་རིན་ཆེན་ཚོགས་ནི་ཐུབ་པ་ལས་བྱུང་བ། །སེམས་ཅན་དᨖན་བསྒྲུབ་ རབ་རྒྱས་བརྩོན་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །རབ་ཏུ་འོད་འབར་གསེར་མདᨖག་ལྟ་བུའི་སྐུ་མངའ་བ། །བཻ་ཌཱུ་མདᨖག་ལྟ་བུའི་རྩ་གདན་སྟེང་དུ་བཞུགས། །སྐྱིལ་ཀྲུང་ལེགས་བཅས་མི་གཡོ་སྐུ་མངའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཤིང་གི་རྒྱལ་པᨖའི་རྩ་བར་བཅོམ་ལྡན་བྱམས་སྟོབས་ཀྱིས། །བདུད་ཚོགས་ཀུན་ལས་རྣམ་པར་རྒྱལ་ཚེ་ས་དང་མཁར། །རྣམ་པ་སྣ་ཚོགས་ངོ་མཚར་གྱུར་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །ཝཱ་ར་ཎཱ་སིར་བཞུགས་ནས་བདེ་བར་གཤེགས་སྟོན་པས། །ས་དང་མཁའ་ལ་ངོ་མཚར་ཤིན་ཏུ་གསལ་བྱུང་བ། །ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་ཕན་བྱེད་དམ་པ་མཆོད་ཕྱིར་ཐོགས། །བསོད་ནམས་བྱ་བྱེད་འཕགས་པའི་སྐྱེ་བᨖས་མངོན་བསྟོད་པ༑ ༑བཅོམ་ལྡན་ཐུབ་པ་ཤཱཀྱ་སེང་གེས་གང་གསུངས་པའི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་ཞི་བྱེད་ཤོག །རྡོ་རྗེ་སློབ་མ་རྣམས་ཀྱི་སྤང་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དེ་རྣམས་ཀྱིས་དབང་བསྐུར་བའི་སྔོན་དུ་འགྲᨖ་བའི་ཆོ་ག་རྣམས་གྲུབ་ནས། དངོས་གཞི་དབང་བསྐུར་བ་ལ་འདི་ལྟར་ངེས་པར་བྱ་སྟེ། དᨖན་དམ་ལྷན་ཅིག་སྐྱེས་པའི་རང་བཞིན་འོད་གསལ་ཆེན་པᨖས་སྐྱེ་འགྲᨖ་ ཐམས་ཅད་ལ་ཁྱབ་པར་བཞུགས་ནའང༌། ཀུན་རྫོབ་བག་ཆགས་འཁྲུལ་པའི་དབང་གིས་ང་དང་ང་ཡིར་བཟུང་བ་ལ་བརྟེན་ནས་བྱུང་བའི་ཕུང་ཁམས་སྐྱེ་མཆེད་དུ་སྣང་བ་མ་འགགས་ཀྱི་བར་དུ་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པས་འཁོར་འདས་ཀྱི་གཞི་སེམས་ཉིད་ཀུན་ཏུ་སྦྱང་བར་བྱ་དགོས་ཤིང༌། དེ་སྦྱངས་པས་ཕྱི་རོལ་ཕུང་སོགས་ཀྱི་ཆོས་ལྟར་སྣང་བ་རྣམས་རང་གི་ངང་གིས་ལྷག་པའི་ལྷར་འགྱུར་ཏེ། རང་སེམས་དག་མ་དག་ཏུ་སྣང་བ་ལས་གཞན་པའི་རང་ལ་འཁོར་འདས་འཆིང་གྲᨖལ་དུ་སྣང་བ་མེད་པས་སོ། །དེས་ན་སེམས་ཉིད་རང་བཞིན་ལྷན་ཅིག་སྐྱེས་པ་དᨖན་གྱི་སྡོམ་པར་ངེས་པའི་ཤེས་པ་བརྟན་པᨖ་དང་ལྡན་པའི་སྒོ་ནས་དབང་དᨖན་དག་བྱ་དག་བྱེད་ངོ་འཕྲོད་པ་གལ་ཆེ་སྟེ། ཆོས་རྗེ་ས་སྐྱ་པཎྜི་ཏས། དབང་བསྐུར་ཆོས་སྒོ་ཙམ་མ་ཡིན། །གསང་སྔགས་རྟེན་འབྲེལ་ལམ་བྱེད་པས། །རྟེན་འབྲེལ་བསྒྲིགས་པའི་གདམས་ངག་ཡིན། །ཕུང་པᨖ་ཁམས་དང་སྐྱེ་མཆེད་ལ། །སངས་རྒྱས་ས་བᨖན་བཏབ་ནས་ནི། །ཚེ་འདིར་སངས་རྒྱས་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་བཏགས། །ཞེས་འཚང་རྒྱ་བའི་ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་དབང་བཞིའི་སྒོ་ནས་བསྒྲིག་དགོས་པར་གསུངས་ཤིང༌། དེ་ཡང་སྦྱང་གཞི་རང་བཞིན་གྱིས་དག་པ་ལ་དག་པར་ཤེས་པའི་ཤེས་རབ་དང་ལྡན་པའི་སྒོ་ནས་ཀུན་རྫོབ་ཏུ་མ་དག་པར་སྣང་བ་རྣམས་ལྷ་སོ་སོའི་དག་པས་སྦྱང་དགོས་ལ། དེས་གྲᨖལ་བར་འགྱུར་རམ་ཞེ་ན། རང་སེམས་འཁྲུལ་པའི་ ངོ་བᨖར་མ་དག་པར་སྣང་བ་དེ་ཉིད་སྔགས་ཀྱིས་སྦྱངས་ཏེ་རང་རིག་པའི་ཡེ་ཤེས་སུ་ཤེས་པར་བྱས་ནས་ལྷར་བསྒོམ་པས་གྲᨖལ་ཏེ། རང་བཞིན་གྱིས་དག་པའི་ཕྱིར་སྦྱོང་དུ་རུང་ཞིང་གློ་བུར་གྱི་དྲི་མ་དག་པའི་ཕྱིར་སྦྱང་དགོས་ལ། རང་བཞིན་རྣམ་དག་གི་ཆ་དེ་གློ་བུར་དྲི་བྲལ་དུ་ཞེན་ནས་ཞུགས་པས་ཞེན་པས་འཇུག་ཅིང་འབྲེལ་བས་མི་བསླུ་བའི་ཕྱིར་ཐབས་དེས་གྲᨖལ་བར་འགྱུར་ཏེ། དེའང་སྦྱང་གཞི་རགས་པ་ཕུང་ཁམས་སྐྱེ་མཆེད་དུ་སྣང་བའི་ཆོས་སུམ་ཅུ་རྩ་གཉིས། སྦྱང་བྱ་དེ་རྣམས་ལ་ཐ་མལ་དུ་འཛᨑན་པའི་རྣམ་རྟོག་རགས་པ་སུམ་ཅུ་རྩ་གཉིས། སྦྱོང་བྱེད་གདན་གསུམ་ཚང་བའི་ལྷ་སུམ་ཅུ་རྩ་གཉིས། སྦྱོང་ཚུལ་སྦྱོང་གཞིའི་ཆོས་སུ་སྣང་བ་དེ་སྦྱོང་བྱེད་ལྷའམ་ཡེ་ཤེས་སུ་ཁ་དᨖག་བསྒྱུར་ཏེ་བསྒོམས་པས་སྦྱངས་འབྲས་གདན་གསུམ་ཚང་བའི་ལྷ་སུམ་ཅུ་རྩ་གཉིས་སུ་འགྱུར་བ་ཡིན། དེ་ལ་གདན་གསུམ་གྱི་འགྲᨖ་ལྡོག་ཤེས་དགོས་པས་གདན་གསུམ་ནི། དེ་བཞིན་གཤེགས་པ་དང་གཤེགས་མའི་གདན། བྱང་ཆུབ་སེམས་དཔའ་དང་སེམས་མའི་གདན། ཁྲོ་བᨖ་དང་ཁྲོ་མᨖའི་གདན་རྣམས་ཏེ་གསུམ་ཡིན་ལ། དེ་ཡང་འོག་ཏུ་སྤྱན་འདྲེན་པར་འགྱུར་བའི་ནམ་མཁའི་དཀྱིལ་འཁོར་ལ་གདན་གསུམ་དངོས་སུ་ཚང༌༑ མདུན་བསྐྱེད་སློབ་དཔᨖན་དང་དབང་རྫས་ལྷར་བསྐྱེད་པ་དང༌། བསྐྱེད་འགྱུར་རྣམས་ལ་གདན་གསུམ་རྣམ་དག་གི་སྒོ་ནས་ཚང༌། དེ་བཞི་ཀའང་སློབ་མའི་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བར་བྱིན་གྱིས་རློབ་པའི་ ཆ་ནས་གདན་གསུམ་ཕྲིན་ལས་ཀྱི་སྒོ་ནས་ཚང་ཞིང༌། སློབ་མ་ལྷར་བསྐྱེད་པར་འགྱུར་པ་ལ་གདན་གསུམ་རྣམ་དག་གི་ཚུལ་གྱིས་ཚང་བར་ཤེས་ཤིང་སྒོམ་པ་དང་ལྡན་པའི་སྒོ་ནས་དབང་ལེན་དགོས་པས་འདི་རྣམས་ལ་གོ་བ་རྙེད་པ་གལ་ཆེ། ཆོ་ག་དངོས་ལ་རང་གི་ལྷག་པའི་ལྷའི་རྟེན་ལ་དེ་བཞིན་གཤེགས་པ་རིགས་ལྔའི་དབང་བསྐུར་བ་དང༌། རྡོ་རྗེ་འཆང་ཆེན་པᨖའི་རྟེན་ལ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་དབང་གཉིས་ཀྱི་དང་པᨖ་ལ་རིག་པའི་དབང་ལྔ་པᨖ་རེ་རེའང་འཁོར་གསུམ་ཡོངས་སུ་དག་པ་བཞིས་བྱིན་གྱིས་བརླབ་པའམ། ཡང་ན་མི་བསྐྱོད་པ་ལ་འཁོར་གསུམ་ཡོངས་སུ་དག་པ་བཞིས་བྱིན་གྱིས་བརླབས་ནས་ཅོད་པཎ་གྱི་དབང་མན་ལ་སློབ་མ་དང་དབང་རྫས་ཀྱི་དམིགས་པ་འཕོ་ཞིང༌། སློབ་དཔᨖན་མི་བསྐྱོད་པའི་རྣལ་འབྱོར་ཁོ་ནས་ཀྱང་རུང་བར་བཞེད་ལ། ཕྱག་ལེན་ཕལ་ཆེར་འདི་ལ་མཛད་པས་དམིགས་པ་འདི་བཞིན་མཛོད། སློབ་དཔᨖན་གྱིས། ༀ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ཕུང་པᨖ་དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་རྡོ་རྗེ་སློབ་དཔᨖན་དང་བཅས་པ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་གསུམ་ཀའང་མི་བསྐྱོད་པ་ཀྱཻ་རྡོ་རྗེ་སྐུ་མདᨖག་སྔོན་པᨖ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་ རྣམས་ན་གླང་པᨖ་ཆེ། རྟ། བᨖང་བུ། གླང་། རྔ་མོ། མི། ཤ་ར་བྷ། བྱི་བླ། གཡོན་པ་རྣམས་ན་སའི་ལྷ། ཆུའི་ལྷ། མེའི་ལྷ། རླུང་གི་ལྷ། ཟླ་བའི་ལྷ། ཉི་མའི་ལྷ། གཤིན་རྗེ། ནོར་སྦྱིན་རྣམས་འཛᨑན་པ། སྤྱི་བᨖར་རྡོ་རྗེ་ནག་པᨖས་མཚན་པ། ཡུམ་མཱ་མ་ཀཱི་སྔོན་མᨖ་གྲི་གུག་ཐོད་པ་འཛᨑན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་གཏི་མུག་རྡོ་རྗེ་མ། རྣ་བར་ཞེ་སྡང་རྡོ་རྗེ་མ། སྣ་ལ་སེར་སྣ་རྡོ་རྗེ་མ། ཁ་ལ་འདᨖད་ཆགས་རྡོ་རྗེ་མ། ལུས་ལ་ཕྲག་དᨖག་རྡོ་རྗེ་མ། ཡིད་ལ་བདག་མེད་རྣལ་འབྱོར་མ། སྤྱི་བᨖར་སྐུ་རྡོ་རྗེ་མ། མགྲིན་པར་གསུང་རྡོ་རྗེ་མ། ཐུགས་ཀར་ཐུགས་རྡོ་རྗེ་མ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀབཛྲ་ས་མཱ་ཛཿ ཛཿ ཧཱུྃ་བྃ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿ ཧཱུྃ་བྃ་ཧོཿ དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། ཛཿ ཧཱུྃ་བྃ་ཧོཿ སློབ་དཔᨖན་ལ་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ལྷ་མᨖ་དྲུག །ཁྲོ་བᨖ་བཅུ་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་བའི་སྔགས་རྒྱས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་དང་དབང་རྫས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་སློབ་དཔᨖན་དང་དབང་རྫས་ཀྱི་ལྷའི་ སྤྱི་བᨖ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་རྣམ་རྒྱལ་བུམ་པའི་ཆུར་གྱུར༑ ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པᨖ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་རྣམས་དང་སློབ་དཔᨖན་ལྷན་ཅིག་ཏུ་མི་བསྐྱོད་པའི་རང་བཞིན་ཅན་གྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་གདན་གསུམ་ཚང་བ་རེ་ཐོགས་ཏེ་ཁྱེད་རང་རྣམས་མི་བསྐྱོད་པར་གསལ་བའི་སྤྱི་བᨖ་ནས་དབང་བསྐུར་བའི་མᨖས་པ་མཛོད། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ ཡི༑ ༑ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པᨖ་སྦྱིན། །ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བᨖ་ནས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བᨖ་རྣམས་ཀྱིས་བགེགས་བསྐྲད། ལྷ་མᨖ་རྣམས་ཀྱིས་མཆོད་པ་དང་བཅས་ཏེ་དབང་བསྐུར་བས། དབང་གི་ཆུ་རྒྱུན་དེས་སྨིན་མཚམས་ཡན་ཆད་གང༌། བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་མཆོག་ཏུ་བདེ་བ་ཆེན་པᨖ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པའི་མᨖས་པ་མཛོད། དེ་ལ་ནམ་མཁར་བཞུགས་པའི་ལྷ་མᨖ་རྣམས་ཀྱིས་མཆོད་པའི་མᨖས་པ་མཛོད། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ། ༀ་བཛྲ་དྷཱུ་པེ་ཨཱཿ ཧཱུྃ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿ ཧཱུྃ། ༀ་བཛྲ་གནྡྷེ་ཨཱཿ ཧཱུྃ། ༀ་བཛྲ་ནཻ་ཝིདྱ་ཨཱཿ ཧཱུྃ། ཞེས་པས་མཆོད་ནས། དེ་ལྟར་ན་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པᨖ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་ས་བᨖན་རྒྱུད་ལ་བཞག་པ་ཡིན་ནོ། །འོག་མ་རྣམས་ལ་སློབ་དཔᨖན་ལྷར་བསྐྱེད་པ་དང་དབང་ལྷ་སྤྱན་དྲངས་པ་དᨖར་ནས་ལྷ་དང་དབང་རྫས་གོ་བསྒྱུར་བ་མ་གཏོགས་ཆོ་གའི་འགྲᨖས་འདི་ཉིད་སྦྱར་བར་བྱ་བ་ཡིན་པས། རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་ཚོར་བའི་ཕུང་པᨖ་དང་དབང་རྫས་དབུ་རྒྱན་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཨཱྃ་ལས་རིན་པᨖ་ཆེ་ཨཱྃཿ གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་སྐུ་མདᨖག་སེར་པᨖ་ཞལ་བརྒྱད་ཕྱག་བཅུ་ དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་བྱ་ཀ་རནྡ། ངུར་པ། ལུག །བྱེའུ་ཙ་ཀོ་ར། བྱེ་ཁྲ། ཧོར་ཁྲ། འོལ་བ། ཉ་ཁྲ། གཡོན་པ་རྣམས་ན་སྟོབས་ཀྱི་རྒྱུ། དུང་སྐྱོང༌། རིགས་ལྡན། པདྨ། པདྨ་ཆེན་པᨖ། འཇོག་པᨖ། ནོར་རྒྱས། མཐའ་ཡས་རྣམས་འཛᨑན་པ། སྤྱི་བᨖར་རིན་པᨖ་ཆེ་སེར་པᨖ་ཟུར་བརྒྱད་པས་མཚན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མᨖ་གྲི་གུག་ཐོད་པ་འཛᨑན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་སོགས་ནས། ཐུགས་ཀའི་ༀ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བྃ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿ ཧཱུྃ་བྃ་ཧོཿ དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་རྫས་ལ་རྣམ་རྒྱལ་བུམ་ཆུ་འཐོར་བ་འོག་མ་ཀུན་ལ་འགྲེ༑ ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་རྫས་ཀྱི་ལྷའི་སྤྱི་བᨖ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་དབུ་རྒྱན་དུ་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་རྣམས་དང་སློབ་དཔᨖན་ལྷན་ཅིག་པས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཅན་གྱི་ཅོད་པན་གདན་གསུམ་ཚང་བ་རེ་ཐོགས་ནས་ཁྱེད་རང་རྣམས་རིན་ཆེན་འབྱུང་ལྡན་དུ་གསལ་བའི་སྤྱི་བᨖར་བཅིངས་ནས་དབང་བསྐུར་བའི་མᨖས་པ་མཛོད། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རིན་ཆེན་དབང་བསྐུར་ཆེན་པᨖ་སྦྱིན། །ༀ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི། བཛྲ་རཱ་ག་ཏ་བཛྲ་ཤ་ལི་ཧོཿ དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་སྤྱི་བᨖ་ནས་དབང་བསྐུར་བའི་མᨖས་པ་མཛོད། རྣམ་རྒྱལ་བུམ་ཆུ་སྤྱི་བᨖར་འཐོར་བ་འོག་མ་ཀུན་ལ་འགྲེ། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བᨖ་ནས་དབང་བསྐུར། སྐུ་གང་དྲི་མ་དག ༑ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པའི་མᨖས་པ་མཛོད། དེ་ལ་ནམ་མཁར་བཞུགས་པའི་ལྷ་མᨖ་རྣམས་ཀྱིས་མཆོད་པ་ནི། ༀ་བཛྲ་པུཥྤེ་སོགས་ནས། ནཻ་ཝིདྱ་ཨཱཿ ཧཱུྃ། ཞེས་པ་མཆོད་ནས། དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པᨖ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་ས་བᨖན་རྒྱུད་ལ་བཞག་པ་ཡིན་ནོ། ། འོད་དཔག་མེད་རྡོ་རྗེའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷ་ཝ་སོགས། ཁྱེད་རང་རྣམས་ཀྱི་འདུ་ཤེས་ཀྱི་ཕུང་པᨖ་དང་དབང་རྫས་རྡོ་རྗེ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཛྲཱ་ལས་པདྨ་ཛྲཱ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་འོད་དཔག་མེད་ཀྱཻ་རྡོ་རྗེ་སྐུ་མདᨖག་དམར་པᨖ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་དᨖམ། བྱ་རྒོད། བསེ། བ་མེན། སྟག །སྤྲེའུ། ཆུ་སྲིན་ན་ཀྲ། ཅེ་སྤྱང༌། གཡོན་པ་རྣམས་ན་ཁྭ། འུག་པ། བྱ་དཀར། ནེ་ཙོ། སེང་གེ། ས་ར་ས། ཀྲཥྞ་ས་རི། ཕག་རྣམས་འཛᨑན་པ། སྤྱི་བᨖར་པདྨ་དམར་པᨖས་མཚན་པ༑ ཡུམ་གོས་དཀར་མᨖ་དམར་མᨖ་གྲི་གུག་ཐོད་པ་འཛᨑན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་སོགས་ནས། ཐུགས་ཀའི་ཛྲཱ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་དཔག་མེད་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བྃ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿ ཧཱུྃ་བྃ་ཧོཿ དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་རྫས་ཀྱི་ལྷའི་སྤྱི་བᨖ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་ དཔག་མེད་ཀྱིས་དབུར་བརྒྱན། དབང་རྫས་ཀྱི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔᨖན་ལྷན་ཅིག་པས་འོད་དཔག་མེད་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་གདན་གསུམ་ཚང་བ་རེ་ཐོགས་ཏེ་ཁྱེད་རང་རྣམས་འོད་དཔག་མེད་དུ་གསལ་བའི་ཕྱག་གཡས་སུ་བྱིན་ནས་དབང་བསྐུར་བའི་མᨖས་པ་མཛོད། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱེད་ཀྱིས་ལོངས། །ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་པས་ལག་གཡས་སུ་རྡོ་རྗེ་སྦྱིན། དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་སྤྱི་བᨖར་དབང་བསྐུར་བའི་མᨖས་པ་མཛོད། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བᨖ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དེ་ལ་ནམ་མཁར་བཞུགས་པའི་ལྷ་མᨖ་རྣམས་ཀྱིས་མཆོད་པ་ནི། པུཥྤེ་སོགས། དེ་ལྟར་ན་འོད་དཔག་མེད་ཀྱི་སྒོ་ནས་རྡོ་རྗེའི་དབང་ཐོབ། འདᨖད་ཆགས་དག་འདུ་ཤེས་ཀྱི་ཕུང་པᨖ་གནས་གྱུར། སོ་སོར་ རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་ས་བᨖན་རྒྱུད་ལ་བཞག་པ་ཡིན་ནོ། །དᨖན་ཡོད་གྲུབ་པ་དྲིལ་བུའི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་འདུ་བྱེད་ཀྱི་ཕུང་པᨖ་དང་དབང་རྫས་དྲིལ་བུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་གཉིས་ཀའང་དᨖན་ཡོད་གྲུབ་པ་ཀྱཻ་རྡོ་རྗེ་སྐུ་མདᨖག་ལྗང་གུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་གཟའ་ལྷག་པ། ཕུར་བུ། མཇུག་རིངས། སྒྲ་གཅན། མིག་དམར། པ་སངས། སྤེན་པ། ཁྱབ་འཇུག །གཡོན་པ་རྣམས་ན་དབང་པᨖ། ཚངས་པ། དྲག་པᨖ། བདུད་སྡིག་ཅན། ཁྱབ་འཇུག་གི་བུ་མᨖ་གཤོལ་མདའ་འཛᨑན། ལྷ་རྒྱལ་བ་དམ་པ། ཐག་ཟངས་རིས། ལྷ་མ་ཡིན་སྟོབས་ལྡན་རྣམས་འཛᨑན་པ། སྤྱི་བᨖར་རལ་གྲི་དཀར་པᨖས་མཚན་པ། ཡུམ་དམ་ཚᨑག་སྒྲོལ་མ་ལྗང་གུ་གྲི་གུག་ཐོད་པ་འཛᨑན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས། ཐུགས་ཀའི་ཁྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་ པ་ཐམས་ཅད་དᨖན་ཡོད་གྲུབ་པ་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བྃ་ཧོཿ ཁྱེད་རང་རྣམས་ལ་ཐིམ། ཛཿ ཧཱུྃ་བྃ་ཧོཿ དབང་རྫས་ལྷར་བསྐྱེད་པ་ལ་ཐིམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་ མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དབང་རྫས་ཀྱི་ལྷའི་སྤྱི་བᨖ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དᨖན་ཡོད་གྲུབ་པས་དབུར་བརྒྱན། དབང་རྫས་ཀྱི་དᨖན་ཡོད་གྲུབ་པ་ཡབ་ཡུམ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་སླད་དུ་ནམ་མཁར་བཞུགས་པའི་དབང་གི་ལྷ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔᨖན་ལྷན་ཅིག་པས་དᨖན་ཡོད་གྲུབ་པའི་རང་བཞིན་ཅན་གྱི་དྲིལ་བུ་གདན་གསུམ་ཚང་བ་རེ་ཁྱེད་རང་རྣམས་དᨖན་ཡོད་གྲུབ་པར་གསལ་བའི་ཕྱག་གཡོན་དུ་བྱིན་ནས་དབང་བསྐུར་བའི་མᨖས་པ་མཛོད། ༀ་བཛྲཱི་ཨ་དྷི་པ་ཏི་སྟྭྃ་ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་སྟྭྃ་ཞེས་པས་དྲིལ་བུ་ལག་པ་གཡོན་དུ་སྦྱིན། དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་དབང་བསྐུར་བའི་མᨖས་པ་མཛོད། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བᨖ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དᨖན་ཡོད་གྲུབ་པས་དབུར་བརྒྱན། དེ་ལ་ནམ་མཁར་བཞུགས་པའི་ལྷ་མᨖ་རྣམས་ཀྱིས་མཆོད་པ་ནི། པུཥྤེ་སོགས། དེ་ལྟར་ན་ དᨖན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དᨖག་དག །འདུ་བྱེད་ཀྱི་ཕུང་པᨖ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དᨖན་ཡོད་གྲུབ་པའི་ས་བᨖན་རྒྱུད་ལ་བཞག་པ་ཡིན་ནོ། །རྣམ་པར་སྣང་མཛད་མིང་གི་དབང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་གཟུགས་ཀྱི་ཕུང་པᨖ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱཻ་རྡོ་རྗེ་སྐུ་མདᨖག་དཀར་པᨖ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་རྨ་བྱ། མ་ཧེ། ཆུ་སྲིན་མ་ཀ་ར། ཉ་རོ་ཧི་ཏ། རུས་སྦལ། འོག་གི་ཀླུ། ངང་སྐྱ། རི་བᨖང༌། གཡོན་པ་རྣམས་ན་སྦལ་བ་ཐུའུ། སྤྲིན་ཤུགས། སྦྲུལ་ཧ་ལ། རྩངས་པ་ནག་པᨖ། བྱི་བ། གཡག །གླ་བ། བྱ་བཞད་རྣམས་འཛᨑན་པ། སྤྱི་བᨖར་འཁོར་ལོ་དཀར་པᨖས་མཚན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མᨖ་གྲི་གུག་ཐོད་པ་འཛᨑན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས། ཐུགས་ཀའི་བྷྲཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱཻ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བྃ་ཧོཿ ཞེས་པས་ཁྱེད་རང་རྣམས་ལ་ཐིམ། འདིར་དབང་རྫས་ལྷར་བསྒྲུབ་པ་མེད་པས་ཁྱེད་རྣམས་ཡན་ལག་བཞི་པར་ བསྒྲུབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས། སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་རྣམས་དང་སློབ་དཔᨖན་ལྷན་ཅིག་པས་རྣམ་སྣང་གི་རང་བཞིན་ཅན་གྱི་མིང་གདན་གསུམ་ཚང་བ་རེ་མེ་ཏོག་གང་ལ་ཕོག་པའི་ལྷ་ལས་དྲངས་ཏེ་བཏགས་པའི་མᨖས་པ་མཛོད། ༀ་བཛྲ་སཏྭ་སྟྭྃ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་ཞེས་དྲི། གསང་མཚན་མེད་ན་གསར་དུ་བཏགས་ཏེ། དེ་ཡང་སྐྱེས་པ་ལ། བཞད་པའི་རྡོ་རྗེ་སྒེག་པའི་རྡོ་རྗེ་དང༌། །རོལ་པའི་རྡོ་རྗེ་ཨ་ལ་ལ་རྡོ་རྗེ། །ཤིན་ཏུ་དགའ་བའི་མྱུ་གུའི་རྡོ་རྗེ་དང༌། །ཞེ་སྡང་རྡོ་རྗེ་རྡོ་རྗེ་སེམས་དཔའ་དང༌། །རྣམ་སྣང་ཆེན་པᨖའི་རྡོ་རྗེ་ཀྱཻ་རྡོ་རྗེ། །ཞེས་སོགས་དང༌། བུད་མེད་ལ། རྡོ་རྗེ་སྙེམས་མ་རྡོ་རྗེ་མཚོན་ཆ་མ། །རྡོ་རྗེ་བདག་མེད་ཨེ་མ་ཧོ་བདེ་མ། །རྡོ་རྗེ་སྒེག་མ་ལ་སོགས་གང་རིགས་གདགས། །དེ་ཉིད་བརྟན་པའི་ཡན་ལག་ཏུ་བུམ་པའི་ཆུས་ཀྱང་དབང་བསྐུར་བའི་མᨖས་པ་མཛོད། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བᨖ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། དེ་ལ་ནམ་མཁར་བཞུགས་པའི་ལྷ་མᨖ་རྣམས་ཀྱིས་མཆོད་པ་ནི། པུཥྤེ་སོགས། དེ་ལྟར་ན་རྣམ་པར་སྣང་མཛད་ཀྱི་སྒོ་ནས་མིང་གི་དབང་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པᨖ་ གནས་གྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་ས་བᨖན་རྒྱུད་ལ་བཞག་པ་ཡིན་ནོ། །དབང་དེ་རྣམས་ཀྱི་དᨖན་ནི། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྙོགས་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་གསུངས་ཏེ། དེའང་དངོས་པᨖ་སྟེ་ཆོས་ཅན་གྱི་སྣང་བ་གང་དང་གང་སྣང་བ་ནི་གཙོ་དེ་རང་གི་ལྷག་པའི་ལྷ་ཡིན་ལ། ལྷ་དེའང་གློ་བུར་དུ་བྱས་པས་མ་ཡིན་གྱི་ཆོས་ཐམས་ཅད་རང་བཞིན་གྱིས་རྙོག་པ་དང་བྲལ་བའི་ཕྱིར་གདᨖད་མ་ནས་ལྷར་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་རྣམས་ཆོ་ག་འདིས་བསལ་བར་བྱེད་པས། དེང་ཕྱིན་ཆད་དེ་དག་ལ་ཐ་མལ་དུ་འཛᨑན་པའི་རྣམ་རྟོག་ཐམས་ཅད་སྤངས་ནས་སངས་རྒྱས་ཀྱི་ཡེ་ཤེས་སུ་ལྟ་བར་གྱིས་ཤིག །དེ་དག་གིས་ནི་མ་རིག་པ་ལ་སོགས་པའི་ཉོན་མᨖངས་པ་ལྔ་རིག་པ་ཡེ་ཤེས་ལྔར་སྒྱུར་བར་བྱེད་པས་རིག་པའི་དབང་ངམ། རིག་མ་སྤྱན་མ་ལ་སོགས་པའི་ཐབས་རིག་པ་ཡབ་ལྔའི་ལས་ཡིན་པས་རིག་པའི་དབང་ཞེས་བྱ་བ་ཡིན། དེ་རྣམས་ཀྱིས་ཆོས་ཅན་གྱི་སྣང་བ་ཐམས་ཅད་ལྷར་བྱིན་གྱིས་བརླབས་ནས་དེ་དག་གི་ཆོས་ཉིད་དྲུག་པ་རྡོ་རྗེ་སེམས་དཔར་ངོ་སྤྲོད་དེ་སྐུ་གསུང་ཐུགས་བྱིན་གྱིས་རློབ་པར་བྱེད་པ་བརྟུལ་ཞུགས་ཀྱི་དབང་བསྐུར་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སྭ་བྷཱ་ཝ་སོགས། ཁྱེད་རང་རྣམས་ཀྱི་ཕུང་པᨖ་ལྔའི་ཆོས་ཉིད་ལ་ཐ་མལ་དུ་འཛᨑན་པའི་ རྣམ་རྟོག་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་གི་ཕུང་པᨖ་ལྔའི་ཆོས་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདᨖག་དཀར་པᨖ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གི་གཡས་པ་རྣམས་ན་གླང་པᨖ་ཆེ། རྟ། བᨖང་བུ། གླང༌། རྔ་མᨖང༌། མི། ཤ་ར་བྷ། བྱི་ལ། གཡོན་པ་རྣམས་ན་སའི་ལྷ། ཆུའི་ལྷ༑ མེའི་ལྷ། རླུང་གི་ལྷ། ཟླ་བའི་ལྷ། ཉི་མའི་ལྷ། གཤིན་རྗེ། ནོར་སྦྱིན་རྣམས་འཛᨑན་པ། སྤྱི་བᨖར་རྡོ་རྗེ་ནག་པᨖས་མཚན་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མᨖ་གྲི་གུག་ཐོད་པ་འཛᨑན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་མིག་ཏུ་ཞེས་སོགས་ནས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བྃ་ཧོཿ ཁྱེད་རང་རྣམས་ལ་ཐིམ། སློབ་དཔᨖན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བᨖ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན། དེ་ཉིད་ལ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་ རྡོ་རྗེ་སེམས་དཔའ་ཡབ་ཡུམ། སྟེང་གི་རྭ་ལྔ་ལ་རྣམ་སྣང་ལ་སོགས་པའི་རིགས་ལྔ། དེའི་འོག་གི་པདྨ་འདབ་མ་བརྒྱད་ལ་སྤྱན་རས་གཟིགས་ལ་སོགས་པའི་བྱང་སེམས་བརྒྱད། འོག་གི་རྭ་ལྔ་ལ་ཡེ་ཤེས་མཁའ་འགྲᨖ་ལ་སོགས་པའི་མཁའ་འགྲᨖ་མ་ལྔ། དེའི་འོག་གི་པད་འདབ་བརྒྱད་ལ་ལྕགས་ཀྱུ་མ་ལ་སོགས་པའི་ལྷ་མᨖ་བརྒྱད་དེ་ལྷ་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་དུ་གྱུར་པ་ཁྱེད་རང་རྣམས་ཀྱི་ཕྱག་གཡས་པར་བརྟུལ་ཞུགས་ཀྱི་དབང་གི་སླད་དུ་བྱིན་པའི་མᨖས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧཱིཿ ཧི་ཧི་ཧི་ཧི་ཧཱུྃ། ཞེས་པའི་སྒོ་ནས་བྱིན་པའི་རྡོ་རྗེ་དེ་གསོར་ཏེ་སྙིང་གར་བཟུང་སྟེ། དེང་ཕྱིན་ཆད་ཐ་མལ་པའི་སྤྱོད་པ་ཐུལ་ལ། རྡོ་རྗེ་འཆང་ཆེན་པᨖའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ལ་ཞུགས་པར་གྱིས་ཤིག །དེ་ལྟར་ན་རིག་པའི་དབང་ལྔ་ཐོབ་པས་བྱ་སྤྱོད་ཀྱི་ཆུ་ཅོད་པན་རྡོ་རྗེ་དྲིལ་བུ་མིང་སྟེ་ལྔ་ལས། ཐོབ་བྱེད་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་རིགས་ལྔའི་སྡོམ་པ་ཐོབ་པས་བྱ་སྤྱོད་ཀྱི་རྒྱུད་འཆད་པ་དང་ཉན་པ་ལ་དབང་བའི་དབང་ཐོབ་ཅིང༌། དེའི་སྟེང་དུ་ཐ་མལ་པའི་ལུས་ངག་ཡིད་གསུམ་བརྟུལ་ནས་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་པར་བྱེད་པ་བརྟུལ་ཞུགས་ཀྱི་དབང་ཐོབ་པས་རྣལ་འབྱོར་རྒྱུད་ཀྱི་སློབ་མའི་དབང་ལས་ཐོབ་བྱེད་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་བླ་མེད་ཀྱི་རྡོ་རྗེ་སློབ་མའི་དབང་ཐོབ་པས་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚᨑག་བསྲུང་བ་ལ་དབང་བར་བྱས་ཤིང་རྣལ་འབྱོར་གྱི་རྒྱུད་འཆད་པ་ལ་མི་དབང་ཡང་ཉན་པ་ལ་དབང་བ་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནས་བཤད་པའི་ལས་ཚོགས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བ་ཡིན་ནོ། །དེ་བས་ན་ཁྱེད་རྣམས་མེ་ཏོག་གང་ལ་ཕོག་པའི་ལྷའི་བསྒོམ་བཟླས་ལ་བརྩོན་པར་གྱིས་ཤིག །དེས་སངས་རྒྱས་ཐམས་ཅད་བཟླས་པས་མཉེས་པར་འགྱུར་བས་ཁྱེད་རྣམས་ཀྱི་དམན་པ་དང་འབྲིང་གི་དངོས་གྲུབ་གང་འདᨖད་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་བསྒོམས་ལ་སྤྲོ་ན༑ རྩ་སྔགས་ཀྱི་བཟླས་ལུང་སྦྱིན་ནོ། །དེ་ལྟར་ཐུན་མᨖང་གི་དབང་དྲུག་གིས་ཁྱེད་རང་རྣམས་ཀྱི་རགས་པ་ཕུང་ཁམས་སྐྱེ་མཆེད་དེ་བཞིན་ཉིད་དང་བཅས་པ་ལྷར་བྱིན་གྱིས་བརླབས་ནས་ཕྲ་བ་དཀྱིལ་འཁོར་བཞི་སྐུ་བཞིར་བྱིན་གྱིས་རློབ་པར་བྱེད་པ་ཐུན་མᨖང་མ་ཡིན་པའི་དབང་བཞིའི་དང་པᨖ་ཕྱིར་མི་ལྡོག་པ་འཁོར་ལོའི་དབང་ལ། ཡོན་ཕུལ་གསོལ་གདབ་དབང་སྟེགས་བཞག །དམ་ཚᨑག་གསུམ་སྦྱིན་ཆུ་དབང་བསྐུར། །རབ་གནས་མཆོད་དང་རྣམ་བཞག་བསྟན། །སྒེག་སོགས་མིག་ཐུར་མེ་ལོང་དང༌། །དྲིལ་བུ་མདའ་གཞུ་ཡང་མེ་ལོང༌། །ཆོས་བཤད་སྤྲུལ་བཤད་རྟོགས་པ་བསྐྱེད། །ཅེས་པ་ལྟར་ལས། དང་པᨖ་ཕྱིར་མི་ལྡོག་པ་སློབ་དཔᨖན་གྱི་དབང་ཞུ་བའི་ཡོན་དུ་མཎྜལ་ འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་པᨖས་བདག་ལ་སྩལ་ནས་ཀྱང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔᨖན་ཕྲིན་ལས་ཡོངས་སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚᨑག་དང༌། །སྡོམ་པའང་བླ་ན་མེད་པ་སྩོལ། །ཞེས་གསོལ་བ་བཏབ་ནས། སློབ་མ་དབང་སྟེགས་ཀྱི་སྟེང་དུ་བཞག །དེ་མེད་ན་ཁྱེད་རང་རྣམས་གོང་དུ་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་ལྷར་བསྐྱེད་མ་ཐག་པའི་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་འཁོད་པའི་མᨖས་པ་མཛོད། དེའི་སྟེང་དུ་བླ་བྲེ། གཡས་སུ་གདུགས། གཡོན་དུ་རྒྱལ་མཚན། མཐའ་སྐོར་ཀུན་ཏུ་དུང་དང༌། འཕན་དང་མེ་ཏོག་གི་ཕྲེང་བ་ལ་སོགས་པའི་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་བཅས་པར་གྱུར་ཞེས་བརྗོད། དེ་ཉིད་ལ་དམ་ཚᨑག་གསུམ་རིམ་གྱིས་སྦྱིན་དགོས་པ་ལས། ཐོག་མར་རྡོ་རྗེ་ཐུགས་ཀྱི་དམ་ཚᨑག་གི་སླད་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་བཤད་མ་ཐག་པའི་ལྷ་ཉི་ཤུ་རྩ་བརྒྱད་ཀྱི་རང་བཞིན་ཅན་དེ་ཁྱེད་རང་རྣམས་ཀྱི་ཕྱག་གཡས་སུ་བྱིན་པའི་མᨖས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧཱིཿ ཧི་ཧི་ཧི་ཧི་ཧཱུྃ་ཞེས་པས་སྦྱིན་པའི་རྡོ་རྗེ་དེ་གསོར་ཏེ་སྙིང་གར་འགྱིང་བ་དང་བཅས་པས་བཟུང་ནས་རྡོ་རྗེའི་དེ་ཁོ་ན་ཉིད་ལ་ཐུགས་གཏོད་པར་ཞུ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པᨖ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པᨖའི་བདག ། བཅོམ་ལྡན་འདས་དཔལ་མཆོག་དང་པᨖའི་སྐྱེས་བུ་ལའོ། །ༀ་མ་ཧཱ་བཛྲ་ཧཱུྃ་ཞེས་གསུངས་ཏེ། དེའི་དᨖན་ནི། ཀྱཻ་རྡོ་རྗེ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་རིག་སྟོང་དབྱེར་མེད་ཀྱི་ངོ་བᨖ་མཚོན་པར་བྱེད་པ་ཡིན་ལ། རང་གི་སེམས་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ངེས་དᨖན་གྱི་རྡོ་རྗེ་ཡིན་ནོ་སྙམ་དུ་མᨖས་པ་མཛོད། དྲིལ་བུ་གསུང་གི་དམ་ཚᨑག་གི་སླད་དུ་ཨ་ལས་བྱུང་བའི་དྲིལ་བུ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བུམ་པའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡབ་དང་བཅས་པ། སྟེང་གི་རྭ་ལྔ་ལ་རིགས་ལྔ། རྭའི་འོག་གི་པད་འདབ་བརྒྱད་ལ་བྱང་སེམས་བརྒྱད། ཁོག་པའི་སྟེང་གི་ཨུཏྤལ་ལ་སྒྲོལ་མ་ལ་སོགས་པ་བརྒྱད་དང་བཅས་པའི་ལྷ་ཉི་ཤུ་རྩ་གསུམ་གྱི་རང་བཞིན་དེ་ཁྱེད་རང་རྣམས་ཀྱི་ཕྱག་གཡོན་དུ་བྱིན་པའི་མᨖས་པ་མཛོད། འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུའི་སྒྲ་ཀུན་རྗེས་འགྲᨖར་བཤད། ། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པའི་སྒོ་ནས་བྱིན་པའི་དྲིལ་བུ་དེ་ཉིད་དཀུ་གཡོན་པར་ཁ་གྱེན་དུ་བསྟན་ནས་བཟུང་སྟེ། དྲིལ་བུའི་དེ་ཁོ་ན་ཉིད་ལ་ཐུགས་གཏོད་པར་ཞུ། ཨཿ སྲིད་པ་ངོ་བᨖ་ཉིད་ཀྱིས་དག །ངོ་བᨖ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ༀ་བཛྲ་གྷཎྜེ་ཨཿ ཞེས་གསུངས་ཏེ། དེའི་དᨖན་ནི། ཀྱཻ་དྲིལ་བུ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་སྐྱེ་འགག་གནས་གསུམ་གྱིས་སྟོང་པ་མཚོན་པར་བྱེད་པ་ཡིན་ལ། རང་གི་ངག་སྲིད་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོན་པར་བྱེད་པའི་ངེས་དᨖན་གྱི་དྲིལ་བུ་ཡིན་ནོ་སྙམ་དུ་མᨖས་པ་མཛོད། ཕྱག་རྒྱ་སྐུའི་དམ་ཚᨑག་གི་སླད་དུ་ཁྱེད་རང་རྣམས་བཅོམ་ལྡན་རྡོ་རྗེ་འཆང་སྐུ་མདᨖག་དཀར་པᨖ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛᨑན་པས་ཡུམ་ལ་འཁྱུད་པ། དེའི་པང་ན་ཡུམ་རྡོ་རྗེ་སྙེམས་མ་སྐུ་མདᨖག་དཀར་མᨖ་གྲི་གུག་ཐོད་པ་འཛᨑན་པ། ལོ་གྲངས་བཅུ་དྲུག་ལོན་པ་དང་མཉམ་པར་སྦྱོར་བའི་སྐུར་གྱུར་པའི་མᨖས་པ་མཛོད། དེའི་མིག་ཏུ་སོགས་ནས། སློབ་དཔᨖན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་ཡབ་ཡུམ་གྱི་རྣམ་པར་ༀ་བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བྃ་ཧོཿ ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། དེ་ཉིད་ལ་རྡོ་རྗེ་སློབ་དཔᨖན་གྱི་དབང་གི་དངོས་གཞི་བྱིན་པའི་མᨖས་པ་མཛོད། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔᨖན་གྱི་ནི་དབང་དུ་བརྗོད། །ཅེས་དང༌། རྗེས་སུ་གནང་བ་མདᨖར་བསྡུས་པའི་སྒོ་ནས་བྱིན་པའི་མᨖས་པ་མཛོད། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔᨖན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བརྗོད་ནས། ཕྱག་རྒྱའི་དེ་ཁོ་ན་ཉིད་རྒྱས་པར་བརྗོད་པ་ནི། ཁྱེད་རང་རྣམས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བའི་ཕྱག་རྒྱས་བཟུང་སྟེ་ཤེས་རབ་མ་ལོ་གྲངས་བཅུ་དྲུག་ལོན་པ་ལྟ་བུ་དེ་དང་ནུ་མ་ལ་སོགས་པ་ཕན་ཚུན་རེག་པའི་བདེ་བ་ཉམས་སུ་མྱོང་བ་ལ་བརྟེན་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ལུས་ཐམས་ཅད་ཁྱབ་པར་གྱུར་པ་ཡིན་སྙམ་དུ་མᨖས་པ་མཛོད། སྲིད་པའི་བདེ་བ་ཤིན་ཏུ་ཆུང༌། །སྡུག་བསྔལ་ཆེན་པᨖ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚᨑག་འདི་ནི་ཁྱོད་ཀྱིས་ལོངས། །འདᨖད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདᨖད་པ་ནི་བསྟེན་བཞིན་དུ། །རང་གི་ལྷག་པའི་ལྷ་སྦྱོར་བས། །བདག་དང་གཞན་ལ་མཆོད་པར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚᨑག་ཅེས་སུ་གྲགས། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་གསུངས་ཏེ། དེའི་དᨖན་ནི། ཐ་མལ་པའི་བདེ་བ་ནི་མ་དག་པའོ། །སྲིད་པའི་སྡུག་བསྔལ་ཟད་པར་བྱ་བའི་ཕྱིར་རང་གི་ལྷག་པའི་ལྷའི་རྣལ་འབྱོར་བྱ་སྟེ་འདᨖད་པའི་ལོངས་སྤྱོད་ཐམས་ཅད་ལ་ལོངས་སྤྱོད་ཅིག །ཐམས་ཅད་ལ་མཆོད་པ་གྱིས་ཤིག །འདིས་རྡོ་རྗེ་འཆང་ཆེན་པᨖ་ཁ་སྦྱོར་གྱི་སྐུ་ཐོབ་པ་ལས་མི་འདའོ། །དེ་བས་ཏིང་ངེ་འཛᨑན་འདི་ལ་གནས་པར་གྱིས་ཤིག་ཅེས་པའི་དᨖན་ཡིན༑ འོག་ཏུ་མཆོད་པ་རྒྱས་པས་མཆོད་པ་མ་བྱུང་གི་བར་དུ་ཕྱག་རྒྱ་དང་ཏིང་ངེ་འཛᨑན་དེ་ཉིད་ལས་མ་གཡོས་པ་མཛོད། དེ་ཉིད་བརྟན་པའི་ཕྱིར་དུ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པའི་ཡོ་བྱད་སྣ་ཚོགས་པ་དང་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ཐོགས་ཏེ་དབང་བསྐུར་བའི་མᨖས་པ་མཛོད། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པᨖ་སྦྱིན། །ༀ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་གསུང་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་སྤྱི་བᨖ་ནས་དབང་བསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བᨖ་རྣམས་ཀྱིས་བགེགས་བསྐྲད། ལྷ་མᨖ་རྣམས་ཀྱིས་མཆོད་པ་དང་བཅས་ཏེ་དབང་བསྐུར་བས། དབང་གི་ཆུ་རྒྱུན་དེས་སྨིན་མཚམས་ཡན་ཆད་གང་བུམ་པའི་དབང་ཐོབ༑ མགྲིན་པ་ཡན་ཆད་གང་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལུས་ཐམས་ཅད་གང་མཆོག་ཏུ་བདེ་བ་ཆེན་པᨖ་བཞི་པའི་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བᨖར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བᨖ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པའི་མᨖས་པ་མཛོད། དེ་ཉིད་ལ་སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་དང་སློབ་དཔᨖན་ལྷན་ཅིག་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པᨖར་རབ་ཏུ་གནས་པ་བྱས་པའི་མᨖས་པ་མཛོད། ༀ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་པས་རབ་ཏུ་གནས་པར་བྱས་ཏེ། དེ་ཉིད་ལ་མངའ་དབུལ་གྱི་སླད་དུ་ནམ་མཁར་བཞུགས་པའི་ལྷ་མᨖ་རྣམས་ཀྱིས་མཆོད་པ་རྒྱས་པས་མཆོད་པའི་མᨖས་པ་མཛོད། ༀ་བཛྲ་པུཥྤེ་སོགས་ནས། ནཻ་ཝིདྱ་ཨཱཿ ཧཱུྃ། དེ་ལྟར་ན་ཁྱེད་རང་རྣམས་ལ་རྡོ་རྗེ་འཆང་ཆེན་པᨖར་དབང་བསྐུར་བ་འདིས་ཁྱོད་ཀྱི་ཕུང་པᨖ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་དྲི་མ་ཐམས་ཅད་དག་པར་བྱས་པ་ཡིན་པས་དེ་ཐམས་ཅད་རང་གི་སེམས་སུ་འདུ་ལ་སེམས་དེ་ཉིད་མི་བསྐྱོད་པའི་རང་བཞིན་རྡོ་རྗེ་སེམས་དཔའ་ཡིན་པས་རང་གི་སེམས་རྣམ་པར་དག་པ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ཏེ། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཉིད། །གཞལ་མེད་ཁང་ཞེས་བཤད་པ་ནི། །སེམས་ནི་གཞལ་མེད་ཁང་བརྩེགས་ཉིད། །དེ་ཡི་ཕྱི་རོལ་གྲུ་བཞི་ནི༑ ༑མཉམ་པ་ཉིད་ཀྱི་རང་བཞིན་ནོ། །གང་ཞིག་བྱམས་པ་ལ་སོགས་སེམས། །ཐིག་སྐུད་བཞིར་ནི་བཤད་པའོ། །རྡོ་རྗེའི་ཐིག་ཏུ་གང་བཤད་པ། །ཆོས་ནི་རྗེས་སུ་དྲན་པའོ། །ལྟ་བ་ཀུན་ལས་རྣམ་གྲᨖལ་བ། །ཡེ་ཤེས་ཐིག་ཏུ་བཤད་པ་ཡིན། །རྒྱན་གང་ཡང་དག་བཤད་པ་ནི། །ཚུལ་ཁྲིམས་སོགས་ཀྱི་སྡོམ་པའོ། །དབང་པᨖ་ལྔ་སོགས་སེམས་གང་ཡིན། །ར་བ་ལྔར་ནི་འབྱུང་བ་ཉིད། །གང་ཞིག་སྒོ་ཞེས་བཤད་པ་ནི། །རྣམ་པར་ཐར་པ་རྣམ་པ་བཞི། །རྟ་བབས་ཀ་བ་བཞི་པᨖ་ནི། །ཡང་དག་སྤོང་བ་བཞི་ཞེས་བརྗོད། །དྲན་པ་ཉེར་བཞག་བཞི་པᨖ་ནི། །ཁ་ཁྱེར་བཞིར་ནི་བརྗོད་པ་ཉིད། །སྒོ་ཁྱུད་བཞི་ནི་གང་ཡིན་པ། །རྫུ་འཕྲུལ་རྐང་པ་རྣམ་པ་བཞི། །དེ་བཞིན་མེ་ཏོག་ཕྲེང་བརྒྱན་པ། ། བྱང་ཆུབ་ཡན་ལག་བདུན་པᨖ་ཡིན། །འཕགས་ལམ་ཡན་ལག་བརྒྱད་པᨖ་ནི། །ཀ་བ་བརྒྱད་པᨖ་ཞེས་བརྗོད་དᨖ། །ལམ་གྱི་ཡེ་ཤེས་ཁྱད་པར་ནི། །རྔ་ཡབ་ཏུ་ནི་རབ་ཏུ་གྲགས། །གང་ཞིག་དᨖ་ཤལ་བཤད་པ་ནི། །ཉོན་མᨖངས་ཐམས་ཅད་གཅོད་པ་སྟེ། །ཀུན་ཏུ་གཅོད་པའི་ངོ་བᨖ་ཡིན། །ཉོན་མᨖངས་འཕྲོག་པས་དྲྭ་བ་ཉིད། །ཚོགས་གཉིས་དག་པའི་སྦྱོར་བ་ཡིས། །འཁོར་ལོ་བསྐོར་བ་གང་ཡིན་པ། །ཉོན་མᨖངས་ཕྱེད་ནི་གཅོད་པས་ན། །དᨖ་ཤལ་ཕྱེད་པ་ཉིད་དུ་བརྗོད། །དེ་བས་ན་སེམས་ཉིད་ནི་བྱང་ཕྱོགས་སོ་བདུན་གྱི་ངོ་བᨖ་གཞལ་ཡས་ཁང་པ་ཡིན་ལ། སེམས་ལ་ཕུང་པᨖ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དུ་མར་སྣང་བ་ནི་གདན་གསུམ་ཚང་བའི་ལྷ་ཡིན་ཏེ། དེ་ཡང་ཕུང་པᨖ་ལྔ་ནི་དེ་བཞིན་གཤེགས་པའི་གདན། འབྱུང་བ་བཞི་ནི་རིག་མའི་གདན། ནང་གི་སྐྱེ་མཆེད་ནི་བྱང་ཆུབ་སེམས་དཔའི་གདན། ཕྱིའི་སྐྱེ་མཆེད་ནི་ལྷ་མᨖའི་གདན། ཉོན་མᨖངས་པའི་སྒྲིབ་པ་ལ་སོགས་པ་ཟད་པར་བྱེད་པ་ནི་ཁྲོ་བᨖ་དང་ཁྲོ་མᨖའི་གདན་ཡིན་ནོ། །ཞེས་པས་དཀྱིལ་འཁོར་དང་ལྷའི་རྣམ་བཞག་བསྟན་ནས། རྣམ་བཞག་རྟོགས་པའི་སློབ་མ་ལ་རྗེས་སུ་གནང་བ་རྣམས་རིམ་པ་བཞིན་དུ་སྒྲུབ་དགོས་པ་ལས། ཐོག་མར་ལྷ་མཆོད་པའི་རྗེས་སུ་གནང་བ་ནི་སྒེག་སོགས་བརྒྱད་ཀྱི་ཕྱག་རྒྱ་རྣམས་མཛད་པར་ཞུ། གར་སྒོར་སྔོན་དུ་འགྲᨖ་བས་རྡོ་རྗེ་ཁུ་ཚུར་གཉིས་དཀུ་གཡས་གཡོན་དུ་བཞག་སྟེ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་ལ་རྣམ་རོལ་ཞིང༌། ། རྡོ་རྗེ་སྙེམས་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །ཨཱཿ དེ་བཞིན་དུ་ཁུ་ཚུར་གཉིས་ཁ་འགྲམ་གཡས་གཡོན་དུ་བཞག་སྟེ། སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ༀ། ཁུ་ཚུར་གཉིས་ཁ་ནས་ཚᨑག་འབྱིན་པ་ལྟར་བྱས་ཏེ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡི་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གཱི། རྡོ་རྗེ་ཐལ་མᨖ་སྤྱི་བᨖར་བསྐོར་བའི་གར་བྱས་ཏེ། དེ་ཉིད་ཐལ་མᨖའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་སྒྱུར་བར་གྱིས། །ཧོཿ བདུག་སྤོས་ཀྱི་ཕྱག་རྒྱ་དང༌། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པᨖས་ལེགས་ཚᨑམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚᨑམས་པར་གྱིས། །ཧཱུྃ། མེ་ཏོག་གི་ཕྱག་རྒྱ་དང༌། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུྃ། མར་མེའི་ཕྱག་རྒྱ་དང༌། ཆོས་ཀྱི་མེ་ནི་ལེགས་སྤར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ༑ ༑སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེས་གསལ་བར་གྱིས། །པྲ། གཡོན་པས་དུང་ཆོས་འཛᨑན་ཅིང་གཡས་པས་དྲི་བཟང་བྱུག་པའི་ཚུལ་དང༌། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛᨑན་ཤེས་རབ་དང༌། །རྣམ་གྲᨖལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོམ། །གཿ དེང་ཕྱིན་ཆད་ལུས་ཀྱི་སྒོ་ནས་སྒེག་པ་དང༌། ངག་གི་སྒོ་ནས་གླུ་ལེན་པ་ལ་སོགས་པ་སྤྱོད་ལམ་ཅི་བྱེད་པ་ཐམས་ཅད་མི་དགེ་བ་དང་ལུང་མ་བསྟན་མ་ཡིན་པར་ལྷ་མཆོད་པའི་བསམ་པས་ཟིན་པར་གྱིས་ཤིག །སེམས་ཅན་གྱི་དᨖན་བྱེད་པའི་རྗེས་གནང་ནི། མིག་ཐུར་རམ་རྡོ་རྗེ་ལ། ༀ་ཨཥྚཱ་ན་ནཱ་ཡ། པ་གོདྷ་ཀེ་ཤ་ཝརྟྨ་ནེ། ཙ་ཏུ་རྦིངྴ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷཱུ་ཛཱ་ཡ། ཀྲཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནཻ་ཀཱ་དྷཱ་རི་ཎི། ཨདྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེནྟུ་དཾཥྚཱི་ཎེ། མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ། གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བྷནྡྷ་བྷནྡྷ། ནཱ་གཱཥྚ་ཀཱན། གྲཧྞ་ གྲཧྞ། ཤ་ཏྲཱུ་ན། ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ ཕཊ་སྭཱ་ཧཱ། ཞེས་པའི་རྩ་སྔགས་ཀྱིས་མངོན་པར་བསྔགས་པའི་པྲཾ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་ཐུར་མའམ་ཧཱུྃ་ལས་བྱུང་བའི་ཡེ་ཤེས་ཀྱི་རྡོ་རྗེས་ཁྱེད་རང་རྣམས་ཀྱི་མིག་གི་ཐད་ཀར་བྱུགས་པས་མ་རིག་པའི་ལིང་ཏོག་བསལ་ནས་སེམས་ཅན་གྱི་དᨖན་ལ་འཇུག་པའི་མཐུ་དང་ལྡན་པར་བྱས་པ་ཡིན་སྙམ་དུ་མᨖས་པ་མཛོད། ཇི་ལྟར་མིག་མཁན་རྒྱལ་པᨖ་ཡིས། ། འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱེད་ཀྱི་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལྃ་ཧྲཱིཿ པྲཾ་ཞེས་པས་སེམས་ཅན་གྱི་དᨖན་ལ་འཇུག་པའི་མཐུ་དང་ལྡན་པར་བྱས་ནས་ཆོས་ཅན་གྱི་སྣང་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པའི་སྒོ་ནས་སེམས་ཅན་གྱི་དᨖན་གྱིས་ཤིག་ཅེས་ཤེས་པའི་སླད་དུ་ཨ་ལས་སྐྱེས་པའི་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བᨖ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དᨖན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་མེ་ལོང་དང་པᨖའི་རྗེས་གནང་སྦྱིན་ནས། དེ་ལྟར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་དུ་མར་སྣང་ཡང་དྲིལ་བུའི་སྒྲ་ཁོག་པ་དང་ལྕེ་དང་སྐྱེས་བུའི་རྩོལ་བ་གསུམ་གང་ལས་བྱུང་དཔྱད་ན་མི་རྙེད་པས་རང་བཞིན་གྱིས་སྟོང་པ་ལྟར་ཆོས་ཉིད་སྐྱེ་འགག་གནས་གསུམ་གྱིས་སྟོང་པ་ནམ་མཁའི་མཚན་ཉིད་ཅན་དེ་ཤེས་པའི་སྒོ་ནས་སེམས་ཅན་གྱི་དᨖན་གྱིས་ཤིག་ཅེས་ཤེས་པའི་སླད་དུ་དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་སྦྱིན་ཏེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། ། ཞེས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་བྱས་ནས། གནས་ལུགས་རྟོགས་པའི་ཤེས་རབ་དང་ལྡན་ཡང་ཐབས་མཁས་ཀྱི་ཁྱད་པར་དང་བྲལ་ན་ཉན་རང་གི་སར་ལྟུང་བར་འགྱུར་བས་རང་དᨖན་ཡིད་ལ་ བྱེད་པའི་བསམ་པ་བཅོམ་དགོས་སོ་ཞེས་ཤེས་པའི་སླད་དུ། ཧོཿ དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག་ཅེས་པས། ཧོཿ ལས་སྐྱེས་པའི་མདའ་གཞུ་སྦྱིན་ཏེ་ཐབས་ཀྱི་མདའ་དྲུག་ཤེས་རབ་ཀྱི་གཞུ་ལ་བཀང་ནས་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་འཕངས་པས་རང་དᨖན་ཡིད་བྱེད་ཀྱི་བསམ་པ་བཅོམ་པའི་མᨖས་པ་མཛོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱའོ་ཞེས་གསུང་ཞིག ། གནས་ལུགས་རྟོགས་པའི་ཤེས་རབ་དེའང་ཐོས་བསམ་ལས་བྱུང་བའི་ཤེས་རབ་ལྟར་དᨖན་སྤྱིའི་ཚུལ་གྱིས་རྟོགས་པ་ཙམ་མ་ཡིན་གྱི། དབང་གི་ཡེ་ཤེས་རྡོ་རྗེ་སེམས་དཔའ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྣང་ལ་རང་བཞིན་མེད་པ་རང་གི་སྙིང་ལ་ཞུགས་པ་ཡིན་ནོ་ཞེས་ཤེས་པའི་ཆེད་དུ་མེ་ལོང་རྡོ་རྗེ་དང་བཅས་པའི་རྗེས་སུ་གནང་བ་ནི། ༀ་བཛྲ་ས་ཏྭ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པᨖ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པས་ཤེས་པར་གྱིས་ཤིག་ཅེས་པ་རྣམས་སེམས་ཅན་གྱི་དᨖན་བྱེད་པའི་རྗེས་ གནང་ཡིན། ཆོས་བཤད་པའི་རྗེས་གནང་ནི། ༀ་བཛྲ་ཧེ་ཏུ་མཱཾ་ཞེས་པས་ཞབས་ཀྱི་འོག་ཏུ་འཁོར་ལོ་བྱིན་ཏེ་སེམས་ཅན་འཁོར་བ་ནས་དྲོངས་ཤིག་ཅེས་པའི་དᨖན་ཡིན། འདྲེན་ལུགས་ཇི་ལྟར་བྱེད་ན་ༀ་བཛྲ་བྷཱ་ཥ་རྃ་ཞེས་པས་ཕྱག་གཡས་སུ་དུང་བྱིན་ཏེ། དུང་བུས་ལ་སེམས་ཅན་འཁོར་དུ་སྡུས་ཤིག་ཅེས་པའི་དᨖན་ཡིན། ཚུལ་ཇི་ལྟར་ན་ༀ་བཛྲ་གྷཎྜེ་ཨཿ ཞེས་པས་ཕྱག་གཡོན་དུ་དྲིལ་བུ་བྱིན་ཏེ་ཆོས་ཀྱི་སྒྲ་སྒྲོགས་ཤིག་ཅེས་པའི་དᨖན་ཡིན། ཆོས་གང་གིས་ན་ཨཿ ཞེས་པས་རྒྱུད་ཀྱི་གླེགས་བམ་བྱིན་ཏེ་ཆོས་འདིའི་སྒྲ་སྒྲོགས་པར་གྱིས་ཤིག་ཅེས་པའི་དᨖན་ཡིན་པས་དེ་ལྟར་ངེས་པའི་སྒོ་ནས་དུང་འབུད་པ་དང་དྲིལ་བུ་འཁྲོལ་བ་དང་གླེགས་བམ་ཀློག་པའི་ཚུལ་མཛོད། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དᨖགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བᨖ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདᨖགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛᨑན་པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་སྲུང་བ་མཛད། །ཅེས་པས་སྤྱིར་བཏང་ཆོས་བཤད་པའི་རྗེས་གནང་བྱིན་ནས། ཆོས་བཤད་པ་དེའང་དེ་བཞིན་གཤེགས་པ་རིགས་ལྔ་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་ཆོས་སྟོན་དགོས་སོ་ཞེས་ཤེས་པའི་ཆེད་དུ་རིགས་ལྔའི་སྤྲུལ་བཤད་ཀྱི་རྗེས་སུ་ གནང་བ་ནི། རིགས་ལྔ་སོ་སོའི་ང་རྒྱལ་དང་ལྡན་པས་ཕྱག་རྒྱ་རྣམས་ཀྱང་སློབ་དཔᨖན་ལ་གཟིགས་ནས་མཛད་པར་ཞུ། སེམས་ཅན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་པའི་ཚེ་རྣམ་སྣང་དང༌། དེ་བཞིན་དུ་ཚᨑག་རྐང་དང་པᨖ་གསུམ་འདྲ་བ་ལས། རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང་མི་བསྐྱོད་པ། རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང་རིན་ཆེན་འབྱུང་ལྡན༑ པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང་འོད་དཔག་མེད། སྣ་ཚོགས་འཁོར་ལོ་རབ་ཏུ་བསྐོར། །ཞེས་དང་དᨖན་གྲུབ་ཀྱི་ཕྱག་རྒྱ་བྱས་ལ། དེ་ལྟར་ན་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ། རྡོ་རྗེའི་འཁོར་ལོ། རིན་ཆེན་འཁོར་ལོ། པདྨའི་འཁོར་ལོ། སྣ་ཚོགས་འཁོར་ལོ་རྣམས་བསྐོར་ལ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་དུང་བུས། སྒྲ་སྒྲོགས། བཤད་པ་གྱིས་ཤིག་ཅེས་པའི་དᨖན་ཡིན། དེ་ལྟར་ན་བསྐྱེད་པ་རྡུལ་ཚོན་ནམ། རས་བྲིས་གང་ཡིན་སྐབས་དང་སྦྱར་ལ། དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་གཙོ་བᨖར་ལུས་ཀྱི་དྲི་མ་དག །དམ་ཚᨑག་རྩ་བ་དང་ཡན་ལག་གི་དམ་ཚᨑག་ཉི་ཤུ་རྩ་གཉིས་བསྲུང་བ་ལ་དབང་བར་བྱས། བརྡ་ལྔ་བསྡུས་རྩེ་མᨖས་མནན་པ། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་པའི་སྐུའི་ས་བᨖན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱའོ། །གསང་དབང་གི་སྡོམ་ནི། མཎྜལ་བསྟོད་དང་གསོལ་བ་གདབ། །དབང་བསྐུར་ལུང་བསྟན་རྟོགས་པ་ བསྐྱེད། །ཅེས་པ་ལྟར་ལས། ཐོག་མར་གསང་དབང་ཞུ་བའི་སླད་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཞིག་ཀྱང་སློབ་དཔᨖན་ལ་ཕུལ་བའི་མᨖས་པ་བྱས་ཏེ་བསྟོད་པ་འདིའི་རྗེས་ཟློས་མཛོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། །ཁྱོད་ཀྱིས་རྒྱུ་དང་མི་རྒྱུའི་འགྲᨖ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ༑ ༑སྒྱུ་མའི་སྤྲོས་པ་རྡོ་རྗེ་བསྒྲུབ་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགེས། །ཞེས་པས་བསྟོད་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་ཞི་བ་ཆེན་པᨖ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པᨖ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་གསོལ་བ་བཏབ་ནས། སྔོན་ཆད་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་ༀ་ཨཱཿ ཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འཆིང་བར་ཞུ། དམིགས་པ་འདི་བཞིན་མཛོད། བླ་མ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཡབ་ཀྱི་ཞལ་དུ་ཞུགས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ ལམ་ནས་ཡུམ་གྱི་མཁར་བབས་པའི་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་སློབ་དཔᨖན་ཉིད་ཀྱི་མཐེབ་སྲིན་གྱིས་བླངས་ཏེ་ཁྱེད་རང་རྣམས་ཀྱི་ལྕེ་ཐོག་ཏུ་བཞག་པའི་མᨖས་པ་མཛོད། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གི་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་པས་བྱིན་པའི་བདུད་རྩི་དེ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བᨖར་མᨖས་ཏེ་ༀ་ཨཱཿ ཧཱུྃ་ཧོཿ ཞེས་གསུང་ཞིང་མྱང་བར་ཞུ། དེ་ལྟར་མྱངས་པས་མགྲིན་པ་ན་གཞིར་གནས་ཀྱི་ཡ་ར་ལ་ཝ་ཞེས་པའི་ཡི་གེ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་དམ་ཚᨑག་པའི་ཚུལ་དུ་གནས་པ་ལ། སློབ་དཔᨖན་གྱིས་བྱིན་པའི་བྱང་ཆུབ་ཀྱི་སེམས་གདན་གསུམ་ཚང་བ་དེ་ཉིད་ཡེ་ཤེས་པའི་ཚུལ་དུ་འདྲེས་པས་སྣང་མཆེད་ཐོབ་གསུམ་གྱི་འཁོར་དུ་བྱུང་བའི་རང་བཞིན་བརྒྱད་ཅུའི་རྟོག་པ་རགས་པ་རྣམས་འགགས་ནས་སྟོང་པ་དང་ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པᨖའི་ཉམས་སྐྱེས་ཏེ་སྣང་བ་གསུམ་གྱི་རང་བཞིན་སྟོང་པ་གསུམ་རོ་གཅིག་ཏུ་གྱུར་པ་གསལ་ཞིང་ཡངས་ལ་མི་རྟོག་པ་རང་བྱུང་གི་ཡེ་ཤེས་སྟོང་གསལ་མཆོག་གི་ཏིང་ངེ་འཛᨑན་རྒྱུད་ལ་སྐྱེས་པའི་མᨖས་པ་མཛོད། དེ་གསང་དབང་གི་དངོས་གཞི་ཡིན། དབང་དེ་ཐོབ་པའི་བརྡར་ༀ་ཨཱཿ ཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འགྲᨖལ་བར་ཞུ། དེའི་མཐའ་རྟེན་དུ་ལུང་བསྟན་པ་ནི། ལུང་ཕལ་ཆེར་སྤྲུལ་སྐུས་སྟོན་པ། སྐབས་འདིར་སློབ་དཔᨖན་ཤཱཀྱ་ ཐུབ་པའི་ང་རྒྱལ་དུ་བསྒྱུར་ནས་ལག་པ་གཡོན་པས་ཆོས་གོས་ཀྱི་གྲྭ་རི་དྭགས་བག་ཕེབས་པའི་རྣ་བ་ལྟར་འཛᨑན་ཅིང༌། གཡས་རྡོ་རྗེ་དྲིལ་བུ་དང་བཅས་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཁྱེད་རང་རྣམས་ཀྱི་གསང་མཚན་དང་མཐུན་པའི་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་དཀྱིལ་འཁོར་པ་དང་བཅས་པས་མགྲིན་གཅིག་ཏུ་ལུང་བསྟན་པའི་མᨖས་པ་མཛོད། ༀ་འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲᨖ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་གེ་མᨖ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ། ས་འོག་ས་སྟེང་ས་བླ་རྣམས་སུ་བྷུརྦྷུ་ཝཿ སྭཿ ཞེས་ངས་ལུང་བསྟན་པ་འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དེ་སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་པའི་སྒོ་ནས་ལུང་བསྟན་པས་དེ་ལྟར་དུ་འགྱུར་ངེས་སྙམ་པའི་དགའ་བ་བསྐྱེད་མཛོད། དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །དམ་ཚᨑག་ཤ་ལྔ་དང་བདུད་རྩི་ལྔའི་རིལ་བུ་བསྟེན་པ་ལ་དབང་བར་བྱས། བརྡ་མཐེབ་སྲིན་ཨེ་ལ་རིག་བྱེད་གཅིག །ལམ་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུའི་ས་བᨖན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྡོམ་ནི། མཎྜལ་གཏོད་གསོལ་རིག་མ་གཏད། །དྲིས་ལན་སོགས་བྱ་དབང་དངོས་བསྐུར། །དབུགས་དབྱུང་སྦྱིན་ལ་རྟོགས་པ་བསྐྱེད། །ཅེས་པ་ལྟར་ལས། ཐོག་མར་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་བསྟོད་པ་དང་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཁྱོད་ནི་སོགས་ནས་བདག་ལ་སྐྱོབས་ཞེས་པའི་བར་གསང་དབང་བཞིན། ཞེས་པས་གསོལ་བ་བཏབ་ནས། སྔོན་ཆད་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་ༀ་ཨཱཿ ཧཱུྃ་ཞེས་པས་མིག་རས་འཆིང་བར་ཞུ། དམིགས་པ་འདི་བཞིན་མཛོད། སློབ་དཔᨖན་གྱི་ཐུགས་ཀ་ནས་མཚན་ཉིད་དང་ལྡན་པའི་རིག་མ་ཡིད་དུ་འོང་བ་ལང་ཚོ་ལ་བབས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་སྤྲུལ་ཏེ་ཁྱེད་རང་རྣམས་ལ་གཏད་པའི་མᨖས་པ་མཛོད། དགའ་སྟེར་གནས་སྟེར་ལྷ་མᨖ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །ཞེས་པའི་སྒོ་ནས་བྱིན་པའི་ཕྱག་རྒྱ་དེས་ཁྱེད་རྣམས་གསང་བའི་ཀུན་ཏུ་སྤྱོད་པ་རྣམས་ཀྱི་སྣོད་དང་མི་ལྡན་པ་བརྟག་པའི་ཕྱིར་དྲི་བ་བྱས་པའི་མᨖས་པ་མཛོད། བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པར། །བུ་ཁྱོད་ཅི་དགར་སྤྲོ་གྱུར་ཏམ། ། ཞེས་དྲིས་པས་དེ་ལྟར་སྤྲོ་ཞེས་ལན་བཏབ་པའི་མᨖས་པ་བྱས་ནས་འདིའི་རྗེས་ཟློས་མཛོད། བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་ཅིས་མི་སྤྲོ། །བུད་མེད་རྣམས་ལ་རྟག་གུས་དང༌། །བྷ་གའི་པདྨར་འོ་བྱེད་པར། །བདག་ཉིད་ཅི་དགར་སྤྲོ་གྱུར་ཏོ། །ཞེས་པས་ལན་བཏབ་པས་ཕྱག་རྒྱ་དེས། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་འབྱུང་བའི་གནས། །གལ་ཏེ་ཆོ་ག་བཞིན་བསྟེན་ན། །དེ་ཡི་མདུན་ན་བདག་འདུག་སྟེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པᨖ་རང་ཉིད་དེ། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བླུན་པᨖ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད༑ ༑སྟྭྃ་པདྨ་བྷཉྫ་མᨖཀྵ་ཧོཿ ཞེས་གསུང་ཞིང་ཁྱེད་རང་རྣམས་ཀྱི་པང་དུ་བྱོན་པའི་མᨖས་པ་མཛོད། དེ་ནས་ཁྱེད་རང་རྣམས་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དང་ཕྱག་རྒྱ་བདག་མེད་མར་གསལ་བ་སྤྲུལ་སྐུ་ལམ་དུ་བྱེད་པ་ལྷའི་འདུ་ཤེས༑ ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པའི་ངང་ལས་ཨཱཿ ལས་པདྨ་དམར་པᨖ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨཱཿ ས་མཚན་པ། ༀ་པདྨ་སུ་ཁ་དྷཱ་ར། མ་ཧཱ་རཱ་ག་སུ་ཁནྡ་ད། ཙ་ཏུ་རཱ་ནནྡ་བྷ་ག་བི་ཤྭ། ཧཱུྃ་ཧཱུྃ་ཧཱུྃ། ཀཱཾ་ཀུ་རུ་ཥྭ་མེ། ཁྱེད་རང་རྣམས་ཀྱི་གསང་བའི་གནས་མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་སྔོན་པᨖ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། ༀ་བཛྲ་མ་ཧཱ་དྭེ་ཥ། ཙ་ཏུ་རཱ་ནནྡ་དཱ་ཡ་ཀཿ ཁ་ག་མུ་ཁ་ཨེ། ཀཱ་ར་སོ་ནཱ་ཐ། ཧཱུྃ་ཧཱུྃ་ཧཱུྃ། ཀཱཾ་ཀུ་རུ་ཥྭ་མེ་ཞེས་པས་མཁའ་གསང་བྱིན་གྱིས་བརླབས་པ་ལོངས་སྐུ་ལམ་དུ་བྱེད་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ལྷན་སྐྱེས་མངོན་དུ་བྱའོ་སྙམ་པ་ཆོས་སྐུ་ལམ་དུ་བྱེད་པ་ཆོས་ཀྱི་འདུ་ཤེས་ཏེ། སྐུ་གསུམ་ལམ་བྱེད་འདུ་ཤེས་གསུམ་དང་མ་བྲལ་བའི་སྒོ་ནས་ཐོག་མར་ཕྱག་རྒྱའི་གཟུགས་ལ་བལྟ་བ་དང༌། སྒྲ་ལ་མཉན་པ་དང༌། དྲི་ལ་བསྣམ་པ་དང༌། མ་མཆུའི་སྦྲང་རྩི་མྱང་བ་དང༌། འོ་དང་འཁྱུད་པ་དང་ཙུམྦ་ལ་སོགས་པ་བྱས་པའི་སྐད་ཅིག་དང་པᨖ་ལ་དགའ་བའི་ཡེ་ཤེས། བᨖལ་དང་ཀཀྐོ་ལ་སྦྱར་བའི་སྐད་ཅིག་མ་གཉིས་པ་ལ་མཆོག་དགའི་ཡེ་ཤེས། བསྲུབ་ཅིང་བསྲུབ་པའི་སྦྱོར་བ་བྱས་པའི་སྐད་ཅིག་མ་གསུམ་པ་ལ་དགའ་བྲལ་གྱི་དགའ་བའི་ཡེ་ཤེས། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་གྱི་རྩ་བཙལ་ཏེ་སྙོམས་པར་ཞུགས་པའི་སྐད་ཅིག་མ་བཞི་པ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བའི་མᨖས་པ་མཛོད། དེ་དག་ནི་ཕྱི་གོ་རིམ་ལ་ལྟོས་པའི་དགའ་བ་བཞི་ཡིན། ནང་གནས་ལ་ལྟོས་པའི་དགའ་བ་ནི། དེ་ལྟར་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས། ཁམས་དྭངས་མ་ཐམས་ཅད་ཞུ་ནས་སྤྱི་བᨖའི་ཧྃ་ལ་འདུས་ཏེ། བྱང་ཆུབ་ཀྱི་སེམས་སྤྱི་བᨖ་ནས་མགྲིན་པར་བྱོན་པས་དགའ་བའི་ཡེ་ཤེས་མངོན་དུ་བྱས། སྤང་བྱ་ཉོན་མᨖངས་པ་ཀུན་བཏགས་ཞི་བ་ཉན་ཐོས་ཀྱི་ལམ་ཆོད། མགྲིན་པ་ནས་སྙིང་གར་བྱོན་པས་མཆོག་དགའི་ཡེ་ཤེས་མངོན་དུ་བྱས། སྤང་བྱ་ཉོན་མᨖངས་པ་ལྷན་སྐྱེས་ མངོན་འགྱུར་ཞི་བ་རང་རྒྱལ་གྱི་ལམ་ཆོད། སྙིང་ག་ནས་ལྟེ་བར་བྱོན་པས་དགའ་བྲལ་གྱི་ཡེ་ཤེས་མངོན་དུ་བྱས། སྤང་བྱ་ཉོན་མᨖངས་པ་ཐམས་ཅད་ཞི་ནས་བྱང་ཆུབ་སེམས་དཔའི་ལམ་ཆོད། ལྟེ་བ་ནས་གསང་གནས་ཀྱི་བར་དུ་བྱོན་པས་ཐབས་ཀྱི་རིགས་ཀྱི་བདག་པᨖའི་རྩེ་དང་ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བᨖར་བྱང་ཆུབ་ཀྱི་སེམས་དཀར་དམར་མཇལ་བས་སྤང་བྱ་ཉོན་མᨖངས་པ་ཐམས་ཅད་ཞི་བ་བརྟན་པ་བྱང་ཆུབ་ཆེན་པᨖའི་ལམ་ཆོད་དེ་མདᨖར་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་མཚོན་པར་ནུས་པའི་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ། །དེ་ཡས་བབས་ཀྱི་དགའ་བ་བཞི་ཡིན། མས་བརྟན་གྱི་དགའ་བ་བཞི་བསྒྲུབ་པའི་སླད་དུ་བྱང་ཆུབ་ཀྱི་སེམས་མཁའ་གསང་གི་རྩེ་མᨖར་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་བཟུང་བ་དེ་སླར་ཡི་གེ་ཧཱུྃ་གི་གདངས་ཅན་གྱི་རླུང་གིས་དྲངས་པས་རྩ་དབུ་མའི་ལམ་ནས་གྱེན་དུ་བྱོན་ཏེ། ལྟེ་བའི་འཁོར་ལོ་གནས་བརྟན་པའི་མིང་ཅན་གྱི་དབུས་སུ་བརྟན་པས་དགའ་བས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང༌། རྒྱུ་མཐུན་གྱི་འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས། ལྟེ་བ་ནས་སྙིང་གའི་འཁོར་ལོ་ཐམས་ཅད་ཡོད་པར་སྨྲ་བའི་མིང་ཅན་གྱི་དབུས་སུ་བརྟན་པས་མཆོག་དགས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང༌། རྣམ་སྨིན་གྱི་འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས། སྙིང་ག་ནས་མགྲིན་པའི་འཁོར་ལོ་ཀུན་གྱིས་བཀུར་བའི་མིང་ཅན་གྱི་དབུས་སུ་བརྟན་པས་དགའ་བྲལ་གྱི་དགའ་བས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང༌། སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ། མགྲིན་པ་ནས་སྤྱི་བᨖའི་འཁོར་ལོ་ཕལ་ཆེན་པའི་མིང་ཅན་གྱི་དབུས་སུ་བརྟན་པས་ལྷན་སྐྱེས་ཀྱིས་བསྡུས་པའི་དགའ་བ་བཞི་ཉམས་སུ་མྱོང༌། དྲི་མ་མེད་པའི་འབྲས་བུ་ངོ་བᨖ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས། དེའི་ཚེ་བྱང་ཆུབ་སེམས་ཀྱིས་ལུས་ཐམས་ཅད་ལ་ཁྱབ། དེ་ཐམས་ཅད་ལ་བདེ་བས་ཁྱབ། བདེ་བ་ལ་མི་རྟོག་པས་ཁྱབ། བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛᨑན་རྒྱུད་ལ་སྐྱེས་པའི་མᨖས་པ་མཛོད། ཅེས་སམ། བསྡུ་ན་ལམ་དུས་བཞིན་ངོ་སྤྲད་དᨖ། །དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དངོས་གཞི་ཡིན༑ དབང་དེ་ཐོབ་པའི་བརྡར་ༀ་ཨཱཿ ཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འགྲᨖལ་བར་ཞུ། དེའི་མཐའ་རྟེན་དུ་དབུགས་དབྱུང་བ་ནི། སློབ་དཔᨖན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །བདག་གི་ལུས་ལ་ངེས་མི་སྨད། །ཆོས་ལ་ཡིད་གཉིས་སྤང་བྱ་ཞིང༌། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་གཟུང་མི་བྱ། །སྐལ་ལྡན་སེམས་ཅན་སྤང་མི་བྱ། །དམ་ཚᨑག་རྟག་ཏུ་བསྐྱང་བར་བྱ། །བུད་མེད་ཉིད་ལ་སྨད་མི་བྱ། །ཇི་སྲིད་བྱང་ཆུབ་སྙིང་པᨖའི་བར། ། དཀོན་མཆོག་གསུམ་ནི་སྤང་མི་བྱ། །རྟག་ཏུ་དམ་ཚᨑག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་བཅང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ༑ ༑རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པᨖ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམ་སྤང་ཞིང༌། །མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔᨖན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབ་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླ་ཞིང༌། །བསམ་གཏན་ཉིད་ཀྱང་རྣམ་པར་སྤྱད། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང༌། །རྟག་པ་རུ་ནི་བཤད་པ་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམྦྷ་ལྷ་ལ་ཆུ་སྦྱིན་ཞིང༌། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང༌། །མཁས་པས་ཆོ་ག་བཞིན་དུ་བྱ། ། ཞེས་གསུངས་ཏེ། དེའི་དᨖན་སྤང་བྱ་སྤོང་བའི་དབང་དུ་བྱས་ནས་རྩ་བའི་ལྟུང་བ་བཅུ་བཞི་དང༌། བསྟེན་བྱ་བསྟེན་པའི་དབང་དུ་བྱས་ནས་ལས་དང་པᨖ་བས་བསྒྲུབ་བྱའི་ཆོས་བདུན་དང༌། སེམས་ཅུང་ཟད་བརྟན་པས་བསླབ་བྱ་རྣམ་པ་ལྔ་དང་དེའི་ཤུགས་ཀྱིས་བརྟན་པ་ཆེར་ཐོབ་ནས་དམ་ཚᨑག་སྡོམ་ལས་རྣམ་པར་གྲᨖལ་ཞེས་པའི་ཚུལ་གྱིས་བླང་དᨖར་མེད་པར་སྤྱད་དགོས་པ་རྣམས་བསྟན་པས་ན་དེ་དག་ངོ་ཤེས་པར་བྱས་ནས་སྤང་བླང་ཚུལ་ བཞིན་དུ་གྱིས་ཤིག་ཅེས་པའི་དᨖན་ཡིན། འབྲས་བུའི་དབུགས་དབྱུང་བ་ལ་ཐོག་མར་དཀྱིལ་འཁོར་གྱི་གསང་བའི་ཡེ་ཤེས་ལ་བསླབ་པ་ནི། འདᨖད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདᨖད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུྃ་ཕཊ། ཅེས་པ་སྟེ། དེའི་དᨖན་ནི། དད་པ་ཆེན་པᨖས་ལྷ་དང་བླ་མ་ལ་ཆགས་པ། སྙིང་རྗེ་ཆེན་པᨖས་སེམས་ཅན་གྱི་དᨖན་ལ་ཆགས་པ། ཤེས་རབ་ཆེན་པᨖས་ཆོས་ཀྱི་དེ་ཁོ་ན་ཉིད་ལ་ཆགས་པ་ཞེས་བྱ་བ་འདི་གསུམ་དང་བྲལ་ན་སྡིག་ཆེ་བ་ཡིན་པས། འདི་གསུམ་དང་མ་བྲལ་བ་ལ་བསླབ་པར་བྱའོ་ཞེས་པའི་དᨖན་ཡིན། དེ་ནས་ཁྱེད་རང་རྣམས་ཧེ་རུ་ཀའི་ང་རྒྱལ་གྱིས་གདུགས་དཀར་པᨖ་གསེར་གྱི་ཡུ་བ་ཅན་རེ་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་རྗེས་སུ་གདུགས་ལོགས་སུ་བཞག་སྟེ་དཀྱིལ་འཁོར་གྱི་ཤར་སྒོ་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱས་པའི་མཐར་ཁྱེད་རང་རྣམས་སློབ་དཔᨖན་གྱིས་དཀྱིལ་འཁོར་པ་རྣམས་ལ་ཕུལ་བར་མᨖས་ཏེ་དཀྱིལ་འཁོར་གྱི་ཕྱོགས་ལ་དབུ་དུད་ཙམ་རེ་མཛོད། སྔགས་དང་རྒྱུད་རྣམས་འཛᨑན་འགྱུར་བའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་ཕུལ་བས་དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་འབྲས་བུའི་དབུགས་དབྱུང་བའི་མᨖས་པ་མཛོད། སྔགས་དང་རྒྱུད་རྣམས་འཛᨑན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པᨖ་རྣམས་སྔགས་ལ་སྦྱོར། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདᨖགས་དྲིན་དུ་གཟོ་ཞེས་བྱ། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལ་ངེས་རྒྱལ་ཏེ། །གྲᨖང་ཁྱེར་མཆོག་ཏུ་བཞུགས་པ་ཡིན། །ཞེས་གསུངས་ཏེ༑ དེའི་དᨖན་ནི། ཁྱེད་རང་རྣམས་སྔགས་དང་རྒྱུད་དང་མན་ངག་འཛᨑན་པའི་རྡོ་རྗེ་སློབ་དཔᨖན་ཆེན་པᨖར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མཐུན་པར་གསུངས་ཤིང་བུ་སྡུག་པ་ལྟར་ཡོངས་སུ་དགོངས་པའི་ཕྱིར། དེང་ཕྱིན་ཆད་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སྒོ་ནས་རྡོ་རྗེ་སློབ་དཔᨖན་གྱི་ལས་སུ་བྱ་བ་རྣམས་ཚུལ་བཞིན་དུ་བསྒྲུབས་ཏེ་སེམས་ཅན་གྱི་དᨖན་རྒྱ་ཆེན་པᨖ་གྱིས་ཤིག །ཁམས་གསུམ་གྱི་རྒྱལ་སྲིད་ཆེན་པᨖ་སངས་རྒྱས་ཀྱི་གྲᨖང་ཁྱེར་དུ་ཞུགས་པ་དང་མཚུངས་པ་ཡིན་ནོ། །དེ་ལྟར་ན་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ཀྱི་དྲི་མ་དག ༑དམ་ཚᨑག་བུད་མེད་ལ་མི་སྨོད་པ་ལ་དབང༌། བརྡ་བྱང་ཆུབ་མཆོག་གི་ཕྱག་རྒྱ། ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུའི་ས་བᨖན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་རྟོགས་བསྐྱེད་བྱ། དབང་བཞི་པའི་སྡོམ་ནི། མཎྜལ་གསོལ་གདབ་ཚᨑག་དབང་བསྐུར། །གཟེངས་བསྟོད་རྟོགས་བསྐྱེད་ལ་སོགས་བྱ། །ཞེས་པ་ལྟར་ལས། ཐོག་མར་དབང་བཞི་པ་ཞུ་བའི་ཡོན་དུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། མགོན་པᨖ་ཐུགས་རྗེ་ཆེ་ལྡན་པས། །དབང་བསྐུར་གསུམ་པᨖ་བདག་ལ་གནང༌། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །བཞི་པ་ཡང་ནི་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ནས། སྔོན་ཆད་དᨖན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་མཚོན་བྱེད་དུ་ༀ་ཨཱཿ ཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འཆིང་བར་ཞུ། དེ་ལ་དབང་བཞི་པའི་རྣམ་གྲངས་ནི་ཚᨑག་གི་བཞི་པ༑ དᨖན་གྱི་བཞི་པ། བཞི་པ་རྟེན་ཅན། ལམ་དུ་བྱེད་པའི་བཞི་པ། འབྲས་བུ་མངོན་དུ་བྱེད་པའི་བཞི་པ་སྟེ་ལྔ་ལས། ཚᨑག་གི་བཞི་པ་གང་ལ་བསྟན་པའི་ཡུལ་ནི། སམ་བུ་ཊ་ལས། ཟབ་ཅིང་རྒྱ་ཆེ་ལ་མᨖས་ན། །ཚᨑག་གི་རིན་ཆེན་བཞི་པ་སྦྱིན། །ཞེས་གསུངས་པས། སློབ་མ་བླ་མ་དང་ཤེས་རབ་ཡེ་ཤེས་ཀྱི་ཉམས་མྱོང་དང༌། ཟབ་མᨖ་སྟོང་པ་ཉིད་དང་ཐབས་རྒྱ་ཆེ་བའི་རིམ་པར་མᨖས་པ་ལ་སྦྱིན་པར་བྱ་ཡི། དེ་ལས་གཞན་ལ་ནི་མ་ཡིན་ཏེ། བླ་མ་ལ་མᨖས་པ་མེད་ན་བླ་མའི་ཚᨑག་ལ་ངེས་པ་མི་སྐྱེ། དབང་གི་ཉམས་མྱོང་ལ་མᨖས་པ་མེད་ན་ཐོས་བསམ་གྱི་ལྟ་བ་དང་ཁྱད་པར་མེད། སྤྲོས་བྲལ་ལ་མᨖས་པ་མེད་ན་ཐ་མལ་པའི་འདᨖད་ཆགས་དང་ཁྱད་པར་མེད། ཐབས་བསམ་ གྱིས་མི་ཁྱབ་པ་ལ་མᨖས་པ་མེད་ན་གཞན་རྗེས་སུ་འཛᨑན་པའི་མཐུ་མེད་པས། མཚན་ཉིད་དེ་དག་དང་ལྡན་ཞིང་བུམ་པ་ལ་སོགས་པའི་དབང་སྔ་མ་རྣམས་ཐོབ་པའི་སློབ་མ་ལ་དབང་བཞི་པ་སྦྱིན་པར་གསུངས་ལ། དེ་ཉིད་ཚᨑག་གི་སྒོ་ནས་ངོ་སྤྲད་པའི་ཚུལ་ནི་འདི་ཉིད་ཀྱི་རྩ་རྒྱུད་ལས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས་ཏེ། དེའི་དᨖན་ནི། དབང་གསུམ་པའི་གནས་སྐབས་སུ་ཉམས་སུ་མྱོང་བའི་ཡེ་ཤེས་འདི་ནི་དཔེ་དང་གཏན་ཚᨑགས་ལ་སོགས་པས་རྟོགས་པར་དཀའ་བས་ཆེས་ཕྲ་ཞིང་མཚན་མ་དང་རྣམ་པར་རྟོག་པས་མི་ཕྱེད་པས་རྡོ་རྗེ། མཐའ་དབུས་དང་བྲལ་བས་ནམ་མཁའི་དཀྱིལ་ལྟ་བུ། ཉོན་མᨖངས་པའི་རྡུལ་དང་བྲལ་བས་རྡུལ་བྲལ། སྲིད་པ་ཟད་པ་རྡོ་རྗེ་འཆང་གི་གོ་འཕང་སྦྱིན་པས་ན་མཐར་ཕྱིན། གདᨖད་མ་ནས་མ་སྐྱེས་པས་ན་ཞི་བ། འཇིག་རྟེན་ན་རང་གི་རིགས་རང་གིས་སྤེལ་དགོས་པ་ལྟར་རང་རྒྱུད་ལ་ཡེ་ཤེས་བསྐྱེད་པའང་རང་གིས་བསྒོམ་པ་ལ་རག་ལས་པས། ཁྱེད་རང་ཡང་ནི་དེའི་ཕ། །ཞེས་གསུངས་ཏེ། དེའི་དᨖན་ཉམས་སུ་བླང་བའི་ཆེད་དུ་ཁྱེད་རང་རྣམས་ལུས་བསམ་གཏན་གྱི་ཆོས་དང་ལྡན་པར་བྱས། ངག་རླུང་རྒྱུ་བ་སོར་བཞག །སེམས་དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་གཞན་ཐམས་ཅད་བཅད་ལ། བརྟན་གཡོ་སྣོད་བཅུད་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་སུ་ངེས་པའི་ ཤེས་པ་བསྐྱེད་དོ། །སེམས་ཀྱི་མཚན་ཉིད་གསལ་བ། རང་བཞིན་སྟོང་པ། ངོ་བᨖ་ཟུང་འཇུག་གསུམ་དབྱེར་མི་ཕྱེད་པ་རང་བཞིན་གྱིས་རྣམ་པར་དག་པའི་སྐུ་བཞི་རང་ཆས་སུ་གནས་པ་དེ་ཉིད། འབྲས་དུས་ཀྱི་སྐུ་བཞི་དང་ངོ་བᨖ་དབྱེར་མེད་དུ་ངེས་ཤེས་བསྐྱེད་དེ། དེ་མངོན་དུ་བྱེད་པའི་ཐབས་གཞན་གྱིས་ཚᨑག་ཏུ་བརྗོད་པ་ལ་སོགས་པས་རྟོགས་པར་མི་ནུས་པས། དཔེ་དབང་གསུམ་པའི་ཡེ་ཤེས་ཀྱི་སྟེང་དུ་ངོ་སྤྲད་དེ་རྟོགས་པར་བྱ་བ་ནི། རང་ཉིད་དབང་གསུམ་པའི་གནས་སྐབས་སུ་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྐུ་ཅན་དུ་སྣང་བ་སྤྲུལ་པའི་སྐུ་དང༌། དེའི་སེམས་རྒྱུད་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལས་བྱུང་བའི་བདེ་བ་ཆེན་པᨖའི་ཡེ་ཤེས་ཀྱི་རྣམ་པར་ཤར་བ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ལྷ་སྐུ་བདེ་བ་ཆེན་པᨖའི་རྣམ་པར་སྣང་ཙམ་དེ་ཉིད་སྐྱེ་འགག་གནས་གསུམ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་དང༌། དེ་གསུམ་ལྡོག་ཚུལ་ཐ་དད་ཀྱང་རང་བཞིན་སོ་སོར་དབྱེར་མི་ཕྱེད་པ་ངོ་བᨖ་ཉིད་ཀྱི་སྐུ་སྟེ། མདᨖར་ན་སེམས་ཀྱི་གཤིས་ཅིར་ཡང་མ་ཡིན་པ། གདངས་བདེ་ཆེན་དུ་མ་འགགས་པ། རྩལ་སྣ་ཚོགས་སུ་འཆར་བ། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པ་ནམ་མཁའ་ལྟ་བུར་ཤེས་པར་བྱས་ལ། ནམ་མཁའ་དང་ནམ་མཁའ་རོ་གཅིག་པ་ལྟར། སེམས་དང་བདེ་སྟོང་རོ་གཅིག་པའི་ངང་ལ་འཛᨑན་མེད་དུ་ཁོང་ལྷོད་ཀྱིས་གློད་དེ་མཉམ་པར་འཇོག་པར་ཞུ། དེ་དབང་བཞི་པའི་དངོས་གཞི་ཡིན། དབང་དེ་ཐོབ་པའི་བརྡར་ༀ་ཨཱཿ ཧཱུྃ་ཞེས་གསུང་ཞིང་མིག་རས་རྣམས་འགྲᨖལ་བར་ཞུ། དེའི་མཐའ་རྟེན་དུ་གཟེངས་བསྟོད་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །བཙུད་པ་དང་ནི་མཐོང་བ་ཡིས། །དེ་རིང་སྡིག་ལས་རྣམ་གྲᨖལ་འགྱུར། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །མི་ཐུབ་པ་དང་མི་འཆི་བས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲᨖ་རྣམས་ལས་བཏོན། །ཞེས་གསུངས་ཏེ། དེའི་དᨖན་ནི། སྙིང་པᨖ་བདེ་བ་ཆེན་པᨖ་ལེན་ཅིང་འཛᨑན་པར་བྱེད་པའི་མཆོག་ཏུ་གསང་བ་དམ་པའི་དཀྱིལ་འཁོར་འདིར་ཁྱེད་རྣམས་བཙུད་ཅིང་མཐོང་བ་ལ་བརྟེན་ནས་དེང་ཕྱིན་ཆད་སྡིག་པ་དང་སྡུག་བསྔལ་ལས་གྲᨖལ་ཏེ་བདེ་བ་ཆེན་པᨖ་འབྲས་བུའི་ཐེག་པ་འདིར་ཚུད་པས་ན་ལམ་འདི་ལ་དགའ་བ་ཁྱད་པར་ཅན་དང་ལྡན་པར་གྱིས་ཤིག །དེ་ལྟར་བྱས་ན་སྲིད་པ་ཤིན་ཏུ་དག་པ་སྐུ་བཞིའི་འབྱོར་པ་ཐོབ་སྟེ་སེམས་ཅན་གྱི་དᨖན་རྒྱ་ཆེན་པᨖ་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ན་དᨖན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་ཆར་གྱི་དྲི་མ་བག་ཆགས་དང་བཅས་པ་དག །དམ་ཚᨑག་དགོངས་ཏེ་གསུངས་པའི་དམ་ཚᨑག་བསྲུང་བ་ལ་དབང༌། བརྡ་མཛུབ་མᨖས་ནམ་མཁའ་མཚོན་པ། ལམ་རྡོ་རྗེའི་རྦ་རླབས་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བᨖ་ཉིད་སྐུའི་ས་བᨖན་རྒྱུད་ལ་བཞག་པ་ཡིན་ནོ། ། ཞེས་རྟོགས་བསྐྱེད་བྱ། དེ་རྣམས་ཀྱིས་དབང་བསྐུར་བ་ཡོངས་སུ་རྫོགས་པར་གྲུབ་པས་ན་གནས་སྐབས་སུ་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚᨑག་ཐམས་ཅད་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བᨖས་སོགས། ཞེས་པས་དམ་ཚᨑག་བསྡུས་ཏེ་འཛᨑན་པར་ཁས་བླངས་ནས་དབང་ཡོངས་སུ་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་ཐམས་ཅད་སློབ་དཔᨖན་ལ་དྲིན་ལན་དུ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས། ཞེས་པ་དེ་རྣམས་ཀྱིས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པᨖ་དཔལ་ལྡན་ བི་པས་བཀྲལ་ཞིང་རྡོ་རྗེ་འཆང་གཉིས་པ་དཔལ་ས་སྐྱ་པ་ཡབ་སྲས་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པའི་བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པᨖར་དབང་བསྐུར་བ་ལེགས་པར་གསན་པས་ལམ་ལ་འབད་པ་དང་དམ་ཚᨑག་དང་སྡོམ་པ་སྲུང་སྡོམ་ལ་སོགས་པའི་སྒོ་ནས་རང་གཞན་གྱི་དᨖན་རྒྱ་ཆེན་པᨖ་མཛད་པར་ཞུ། ཞེས་བརྗོད་ལ་རྗེས་ཀྱི་ཆོ་ག་རྣམས་བྱའོ། །དེ་ལྟར་དགེས་པ་རྡོ་རྗེ་ཡི། །དབང་བཤད་སྙིང་པᨖ་བསྡུས་པ་འདི། །སྦྱར་བའི་དགེ་བས་འགྲᨖ་བ་ཀུན། །རྡོ་རྗེ་འཆང་དབང་ཐོབ་པར་ཤོག །དཔལ་ཀྱཻ་རྡོ་རྗེའི་དབང་གི་ཆོ་ག་སྙིང་པᨖ་བསྡུས་པ་ཞེས་བྱ་བ་འདི་ཡང་དᨖན་གཉེར་གྱི་སློབ་མ་མང་པᨖས་བསྐུལ་བའི་ངོར་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་དབང་བཤད་ཆེན་མᨖ་ལས་མདᨖར་བསྡུས་ཏེ་དབང་ཆུ་མཛེས་རྒྱན་ལྷན་ཐབས་སུ་སྦྱར་བའི་ཡི་གེ་པ་ནི་ནཱ་ཐ་རཏྣའོ། །རྒྱས་པ་ལ་ མᨖས་ན་དབང་བཤད་ཆེན་མᨖ་མན་ངག་གི་གཏེར་མཛོད་ལས་ཤེས་པར་བྱའོ། །དེ་ལྟར་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཀྱཻ་རྡོ་རྗེའི་དབང་གི་མཚམས་སྦྱོར་འདི་ལ་སོགས་ཁོངས་རིགས་རྣམས་དཀྱུས་སུ་བཅུག་ནས་དབང་ཆོག་ཅེས་མཚན་གསོལ་ཏེ་འཇུག་བདེ་བར་བློ་གཏེར་དབང་པᨖས་ཐར་རྩེ་རྡོ་རྗེ་འཆང་གི་དགོངས་བཞེད་ལྟར་རྒྱུད་སྡེ་རབ་འབྱམས་ཀྱི་བཀའི་བསྡུ་བ་ཆེན་པᨖ་བགྱིད་སྐབས་བྲིས་པའི་ཡི་གེ་པ་ནི་རྒྱུད་གཞུང་ལ་དད་པ་ཐོབ་པ་དགེ་སློང་ཤཱཀྱ་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་བདག་སོགས་འགྲᨖ་ཀུན་དཔལ་དགེས་པ་རྡོ་རྗེའི་ གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། དགེའོ། །དགེའོ། །དགེའོ།། །།