DNZ-16-MA-005: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པའི་མངོན་རྟོགས་དབང་བསྐུར་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན། | |||
|fulltitle='phags pa spyan ras gzigs dbang phyug gi lam gyi rim pa'i mngon rtogs dbang bskur thugs rje chen po'i chu rgyun | |||
|citation='od dpag rdo rje. '''phags pa spyan ras gzigs dbang phyug gi lam gyi rim pa'i mngon rtogs dbang bskur thugs rje chen po'i chu rgyun''. In ''Gdams ngag rin po che'i mdzod'', Vol. 16: 181-212. Kalimpong: Rigpe Dorje Publications, 2024. | |||
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད། | |||
|collectiontitle=gdams ngag rin po che'i mdzod | |collectiontitle=gdams ngag rin po che'i mdzod | ||
|author='od dpag rdo rje | |author='od dpag rdo rje | ||
|compiler='jam mgon kong sprul | |compiler='jam mgon kong sprul | ||
| | |tibgenre=Empowerment Ritual - dbang chog - dbang skur | ||
|terma=No | |||
|practicelineage=Miscellaneous Instructions | |||
|deity=spyan ras gzigs | |||
|language=Tibetan | |language=Tibetan | ||
|volumenumber=16 | |volumenumber=16 | ||
|volnumtib=༡༦ | |volnumtib=༡༦ | ||
|volyigtib=མ | |volyigtib=མ | ||
| | |totalvolumes=18 | ||
|textnuminvol=005 | |||
|pagenumbers=181-212 | |||
|totalpages=32 | |||
|beginfolioline=1a1 | |||
|endfolioline=16b | |||
|totalfolios=16 | |||
|multivolumework=No | |||
|rectonotes=dbang chog | |||
|versonotes=khrid thor bu ba'i skor | |versonotes=khrid thor bu ba'i skor | ||
| | |colophontib=།འཕགས་པ་སྤྱན་རས་གཟིགས་ཀྱི་མངོན་དཀྱིལ་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི། དཔལ་ལྡན་བླ་མའི་མན་ངག་བཞིན་རྒྱུད་སྡེའི་ཆོ་ག་དང་རྗེས་སུ་མཐུན་པར། རྣལ་འབྱོར་པ་འོད་དཔག་རྡོ་རྗེ་ཞེས་བྱ་བས། འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་རི་བོ་པོ་ཏ་ལར་བཀོད་པའོ། །འདིས་ཀྱང་རྡོ་རྗེ་ཐེག་པའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེ་ལེགས་འཕེལ།། | ||
|colophonwylie='phags pa spyan ras gzigs kyi mngon dkyil thugs rje chen po'i chu rgyun zhes bya ba 'di ni/_dpal ldan bla ma'i man ngag bzhin rgyud sde'i cho ga dang rjes su mthun par/__rnal 'byor pa 'od dpag rdo rje zhes bya bas/__'phags pa spyan ras gzigs kyis byin gyis brlabs pa'i ri bo po ta lar bkod pa'o/__/'dis kyang rdo rje theg pa'i bstan pa yun ring du gnas par gyur cig__/dge legs 'phel// | |||
|shechendnz=DNZ-Shechen-16-MA-006 | |||
|pdflink=File:DNZ-16-MA-005.pdf | |pdflink=File:DNZ-16-MA-005.pdf | ||
| | |authortib=འོད་དཔག་རྡོ་རྗེ་ | ||
|InitCategories=Damngak Rinpoché Dzö; DNZ-Volume-16-MA | |InitCategories=Damngak Rinpoché Dzö; DNZ-Volume-16-MA | ||
}} | }} | ||
Line 24: | Line 38: | ||
{{TibP|༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པའི་མངོན་རྟོགས་དབང་བསྐུར་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་བཞུགས་སོ། ། | {{TibP|༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལམ་གྱི་རིམ་པའི་མངོན་རྟོགས་དབང་བསྐུར་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་བཞུགས་སོ། ། | ||
༄༅། | ༄༅། །{{TibChung|འཇིག་རྟེན་གསུམ་གྱི་འདྲེན་པ་མཆོག་གི་གཙོ། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་པར། །སྤྲུལ་པ་དུ་མས་འགྲོ་ཀུན་འདྲེན་མཛད་པ། །སྤྱན་རས་གཟིགས་དབང་དེ་ལ་ཕྱག་འཚལ་ལོ། །དེ་ཉིད་ཇི་ལྟར་དབང་བསྐུར་བྱ་བའི་ཚུལ། །སྙན་བརྒྱུད་དབང་གི་ཆུ་རྒྱུན་མ་ཆད་པ། །ཇི་ལྟར་བླ་མའི་ཞལ་གྱི་པདྨོ་ལས། །བྱུང་བ་འདི་ནི་བདག་གིས་དགོད་པར་བགྱི། །འདིར་སྤྱན་རས་གཟིགས་དབང་ཕྱུག་གི་ཏིང་ངེ་འཛིན་གྱི་དབང་བསྐུར་བ་ལ་དོན་གཉིས་ཏེ། ལྷ་སྒྲུབ་ཅིང་མཆོད་པ་དང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། བཀོད་པ་བཤམས་པ། མངོན་རྟོགས་བསྒོམ་པའོ། །དང་པོ་ནི། མཎྜལ་ཁྲུ་གང་བ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་འཁོར་ཡུག་དང་བཅས་པ་བྲིས་པའི་དབུས་སུ། པདྨ་འདབ་མ་བརྒྱད་པ་བྲིས་པའི་ལྟེ་བ་དཀར། འདབ་མ་བཞི་ཕྱོགས་མདོག །མཚམས་བཞི་མཛེས་ཚོན་བྱ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་དཀར་བའི་ཚོན་འགྱེད། ཐ་མ་ཕྱི་མཆོད། ནང་མཆོད། མཆོད་གཏོར་རྣམས་ཀྱིས་བསྐོར། དབང་བུམ་དང་ལས་བུམ་གཉིས། ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཤམས། ཀ་པཱ་ལ་བདུད་རྩིས་བཀང་བ་སིནྡྷུ་རས་བྱུགས་པ་ལ། དབུས་སུ་ཧྲཱིཿ བཾ་གཉིས་བྲི། | ||
འདབ་མ་བཞིར་ཧ་རི་ནི་ས་བྲིས་ནས་བཤམས། རྡོ་རྗེ་དྲིལ་བུ་ལ་སོགས་དབང་རྫས་རྣམས་ཀྱང་སྟ་གོན་བྱའོ། །གཉིས་པ་མངོན་རྟོགས་སྒོམ་པ་ལ་གསུམ་སྟེ། བདག་སྐྱེད། མདུན་སྐྱེད། བུམ་སྐྱེད་དོ། །དང་པོ་བདག་སྐྱེད་ལ་གསུམ། སྐྱབས་འགྲོ་སེམས་བསྐྱེད་བྱ་བ། ཡན་ལག་བདུན་པས་ཚོགས་བསགས་པ། སྐྱེད་རིམ་བསྒོམ་ཞིང་བཟླས་པ་བྱ་བ་དང་གསུམ་ལས། དང་པོ་ནི། བདག་གཞན་ཕ་མ་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། | འདབ་མ་བཞིར་ཧ་རི་ནི་ས་བྲིས་ནས་བཤམས། རྡོ་རྗེ་དྲིལ་བུ་ལ་སོགས་དབང་རྫས་རྣམས་ཀྱང་སྟ་གོན་བྱའོ། །གཉིས་པ་མངོན་རྟོགས་སྒོམ་པ་ལ་གསུམ་སྟེ། བདག་སྐྱེད། མདུན་སྐྱེད། བུམ་སྐྱེད་དོ། །དང་པོ་བདག་སྐྱེད་ལ་གསུམ། སྐྱབས་འགྲོ་སེམས་བསྐྱེད་བྱ་བ། ཡན་ལག་བདུན་པས་ཚོགས་བསགས་པ། སྐྱེད་རིམ་བསྒོམ་ཞིང་བཟླས་པ་བྱ་བ་དང་གསུམ་ལས། དང་པོ་ནི།}} བདག་གཞན་ཕ་མ་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །{{TibChung|ཞེས་ལན་གསུམ་བྱ། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཐོག་མར། ཡན་ལག་བདུན་པས་ཚོགས་བསགས་པ་ནི།}} | ||
རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་སུ་གྱུར་པའི་ཐུགས་ཀའི་ཧྲཱིཿ ལས་འོད་འཕྲོས་པས་སྤྱན་རས་གཟིགས་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས། | རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་སུ་གྱུར་པའི་ཐུགས་ཀའི་ཧྲཱིཿ ལས་འོད་འཕྲོས་པས་སྤྱན་རས་གཟིགས་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས། | ||
ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་བཛྲ་ས་མ་ཡ་ཛ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཆོད་པའི་ཚོགས་ཀྱིས་མཆོད་པར་བགྱི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བས་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་དང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྡོ་རྗེ་གུར་ལས་བྱུང་བ་བཞིན་ལན་གསུམ་བྱ། དེ་ནས་ཚོགས་ཞིང་མི་དམིགས། གསུམ་པ་ནི། ཐོག་མར་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཚད་མེད་བཞི་བསྒོམ། དེ་ནས་མངོན་བྱང་ལྔས་བསྐྱེད་རིམ་བསྒོམ་པ་ནི། ༀ་སྭ་བྷཱ་ཝ་ཤུདྷཱ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་བདག་མེད་པར་གྱུར། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལྔའི་སྟེང་དུ་རི་བོ་མཆོག་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་འབུམ་ལྡན་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་ལས་འོད་འཕྲོས། སྲུང་བའི་འཁོར་ལོ་ཡངས་པོར་གྱུར་པའི་དབུས་སུ་བྷྲཱུྃ་ཁ་དོག་ལྔ་ལྡན་འོད་དུ་ཞུ་བ་ལས། གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྩིགས་པ་རིམ་པ་ལྔ་པ། རྟ་བབས་བཞི་ཏོག་དང་བཅས་པ། རྡོ་ར་མེ་རི་དང་བཅས་པ། གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ | ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་བཛྲ་ས་མ་ཡ་ཛ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཆོད་པའི་ཚོགས་ཀྱིས་མཆོད་པར་བགྱི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བས་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་དང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྡོ་རྗེ་གུར་ལས་བྱུང་བ་བཞིན་ལན་གསུམ་བྱ། དེ་ནས་ཚོགས་ཞིང་མི་དམིགས། གསུམ་པ་ནི། ཐོག་མར་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཚད་མེད་བཞི་བསྒོམ། དེ་ནས་མངོན་བྱང་ལྔས་བསྐྱེད་རིམ་བསྒོམ་པ་ནི། ༀ་སྭ་བྷཱ་ཝ་ཤུདྷཱ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་བདག་མེད་པར་གྱུར། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལྔའི་སྟེང་དུ་རི་བོ་མཆོག་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་འབུམ་ལྡན་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་ལས་འོད་འཕྲོས། སྲུང་བའི་འཁོར་ལོ་ཡངས་པོར་གྱུར་པའི་དབུས་སུ་བྷྲཱུྃ་ཁ་དོག་ལྔ་ལྡན་འོད་དུ་ཞུ་བ་ལས། གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྩིགས་པ་རིམ་པ་ལྔ་པ། རྟ་བབས་བཞི་ཏོག་དང་བཅས་པ། རྡོ་ར་མེ་རི་དང་བཅས་པ། གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ | ||
Line 35: | Line 49: | ||
སེམས་དཔའ་ཚོན་གང་བའི་ཐུགས་ཀར་ཧྲཱིཿ གནས་པའི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་སྤྱན་རས་གཟིགས་རིགས་ལྔ་ཞིང་རྡུལ་གྱི་གྲངས་དང་མཉམ་པས་གང༌། ཕྱིར་འཕྲོས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཡབ་ཡུམ་གྱི་སྐུར་གྱུར། ཐམས་ཅད་ཀྱི་ཞལ་ནས་གསང་སྔགས་འདྲེན་པར་བསམས་ལ། སྔགས་ནི། ༀ་མ་ཎི་པདྨེ་ཧཱུྃ༑ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ། ཞེས་མ་ཡེངས་པའི་སེམས་ཀྱིས་འདྲེན་ནོ། །མཐར། ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་གི་བདེན་པས། བདག་དང་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་བོ། །འདི་ནི་བསྙེན་པ་བྱ་བ་སྟེ། དུས་ཟླ་བ་གསུམ། གྲངས་ཀྱི་བརྙེན་པ་བྱེ་བ་གསུམ། མཚན་མའི་རྟགས་རབ་མངོན་སུམ་དུ་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཞལ་མཐོང་བ་དང༌། ལུང་སྟོན་པ་འབྱུང༌། འབྲིང་ཉམས་སྣང༌། ཐ་མ་རྨི་ལམ་དུ་མི་དཀར་པོ་དང༌། བུད་མེད་དམར་མོས་དངོས་གྲུབ་སྟེར་བ་དང༌། ཁྲོམ་འདུ་བ་ལ་སོགས་པའི་རྟགས་འབྱུང་ངོ༌། ༈ །གཉིས་པ་མདུན་སྐྱེད་ནི། རྡུལ་ཚོན་ནམ། ཚོམ་བུའི་དཀྱིལ་འཁོར་ལ། ཨ་མྲ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལྔའི་སྟེང་དུ་རི་བོ་མཆོག་རབ། ཅེས་པ་ནས་སྔགས་འདྲེན་པའི་བར་བདག་བསྐྱེད་ལྟར་དུ་བསྒོམ་བཟླས་བྱའོ། །གསུམ་པ་བུམ་སྐྱེད་ནི། རྣམ་རྒྱལ་བུམ་པ་དང་ལས་བུམ་གཉིས། སྙིང་པོ་བཞུགས་པ། མགུལ་ཆིངས་ཁ་རྒྱན་རྣམས་ཚུལ་བཞིན་བཤམས་ལ། ༀ་པདྨ་ཏ་ཀྲ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ | སེམས་དཔའ་ཚོན་གང་བའི་ཐུགས་ཀར་ཧྲཱིཿ གནས་པའི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་སྤྱན་རས་གཟིགས་རིགས་ལྔ་ཞིང་རྡུལ་གྱི་གྲངས་དང་མཉམ་པས་གང༌། ཕྱིར་འཕྲོས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཡབ་ཡུམ་གྱི་སྐུར་གྱུར། ཐམས་ཅད་ཀྱི་ཞལ་ནས་གསང་སྔགས་འདྲེན་པར་བསམས་ལ། སྔགས་ནི། ༀ་མ་ཎི་པདྨེ་ཧཱུྃ༑ ཌཱ་ཀི་ནཱི་ཧ་རི་ནི་ས་ཧཱུྃ། ཞེས་མ་ཡེངས་པའི་སེམས་ཀྱིས་འདྲེན་ནོ། །མཐར། ཇོ་བོ་སྤྱན་རས་གཟིགས་དབང་ཕྱུག་གི་བདེན་པས། བདག་དང་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་བོ། །འདི་ནི་བསྙེན་པ་བྱ་བ་སྟེ། དུས་ཟླ་བ་གསུམ། གྲངས་ཀྱི་བརྙེན་པ་བྱེ་བ་གསུམ། མཚན་མའི་རྟགས་རབ་མངོན་སུམ་དུ་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཞལ་མཐོང་བ་དང༌། ལུང་སྟོན་པ་འབྱུང༌། འབྲིང་ཉམས་སྣང༌། ཐ་མ་རྨི་ལམ་དུ་མི་དཀར་པོ་དང༌། བུད་མེད་དམར་མོས་དངོས་གྲུབ་སྟེར་བ་དང༌། ཁྲོམ་འདུ་བ་ལ་སོགས་པའི་རྟགས་འབྱུང་ངོ༌། ༈ །གཉིས་པ་མདུན་སྐྱེད་ནི། རྡུལ་ཚོན་ནམ། ཚོམ་བུའི་དཀྱིལ་འཁོར་ལ། ཨ་མྲ་ཏས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལྔའི་སྟེང་དུ་རི་བོ་མཆོག་རབ། ཅེས་པ་ནས་སྔགས་འདྲེན་པའི་བར་བདག་བསྐྱེད་ལྟར་དུ་བསྒོམ་བཟླས་བྱའོ། །གསུམ་པ་བུམ་སྐྱེད་ནི། རྣམ་རྒྱལ་བུམ་པ་དང་ལས་བུམ་གཉིས། སྙིང་པོ་བཞུགས་པ། མགུལ་ཆིངས་ཁ་རྒྱན་རྣམས་ཚུལ་བཞིན་བཤམས་ལ། ༀ་པདྨ་ཏ་ཀྲ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་བ་ | ||
ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པས་བགེགས་བསྐྲད། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཞབས་ཞུམ་པ། ལྟོ་བ་ལྡིར་བ༑ མགུལ་པ་རིང་བ། མཆུ་འཕྱང་བ། ལྷའི་དར་གྱིས་མགུལ་པ་དཀྲིས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པའི་ནང་དུ་འོ་མའི་རྒྱ་མཚོ་ལས་སྐྱེས་པའི་དབུས་སུ་པཾ་ལས་པདྨའི་སྡོང་པོ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ དང་བཾ་ལས་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་དོན་བྱས། ཇོ་བོ་སྤྱན་རས་གཟིགས་ཀྱི་སར་བཀོད། འོད་ཟེར་དེ་ཚུར་འདུས་ཡོངས་སུ་གྱུར་པ་ལས། པདྨའི་སྡོང་པོ་དཀར་པོ་ལྟེ་བར་ཧྲཱིཿ དང་བཾ་གྱིས་མཚན་པ། ཞེས་པ་ནས། ཞལ་ནས་སྔགས་འདྲེན་པར་བསམ། ཞེས་པའི་བར་བདག་སྐྱེད་ལྟར་བསྐྱེད་ལ། རང་གི་སྙིང་ཁར་ཞེས་པའི་སྐབས་སུ། བུམ་སྐྱེད་ཀྱི་ལྷའི་སྙིང་ཁར་ཞེས་འདོན་པ་དང་དམིགས་པ་བསྒྱུར། ཐམས་ཅད་ཀྱི་ཞལ་ནས་སྔགས་འདྲེན་པར་བསམ་ཞིང༌། ཞལ་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། སྔགས་ནི། ༀ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཞེས་པ་བརྒྱ་རྩ་བརྒྱད་འདྲེན། ༀ་བཛྲ་ཨུཏྟ་ཀ་སྭཱ་ཧཱ། | ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་པས་བགེགས་བསྐྲད། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་བུམ་པ་ཞབས་ཞུམ་པ། ལྟོ་བ་ལྡིར་བ༑ མགུལ་པ་རིང་བ། མཆུ་འཕྱང་བ། ལྷའི་དར་གྱིས་མགུལ་པ་དཀྲིས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པའི་ནང་དུ་འོ་མའི་རྒྱ་མཚོ་ལས་སྐྱེས་པའི་དབུས་སུ་པཾ་ལས་པདྨའི་སྡོང་པོ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ དང་བཾ་ལས་འོད་ཟེར་འཕྲོས། གཞལ་དུ་མེད་པའི་སེམས་ཅན་གྱི་དོན་བྱས། ཇོ་བོ་སྤྱན་རས་གཟིགས་ཀྱི་སར་བཀོད། འོད་ཟེར་དེ་ཚུར་འདུས་ཡོངས་སུ་གྱུར་པ་ལས། པདྨའི་སྡོང་པོ་དཀར་པོ་ལྟེ་བར་ཧྲཱིཿ དང་བཾ་གྱིས་མཚན་པ། ཞེས་པ་ནས། ཞལ་ནས་སྔགས་འདྲེན་པར་བསམ། ཞེས་པའི་བར་བདག་སྐྱེད་ལྟར་བསྐྱེད་ལ། རང་གི་སྙིང་ཁར་ཞེས་པའི་སྐབས་སུ། བུམ་སྐྱེད་ཀྱི་ལྷའི་སྙིང་ཁར་ཞེས་འདོན་པ་དང་དམིགས་པ་བསྒྱུར། ཐམས་ཅད་ཀྱི་ཞལ་ནས་སྔགས་འདྲེན་པར་བསམ་ཞིང༌། ཞལ་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། སྔགས་ནི། ༀ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཞེས་པ་བརྒྱ་རྩ་བརྒྱད་འདྲེན། ༀ་བཛྲ་ཨུཏྟ་ཀ་སྭཱ་ཧཱ། | ||
ཞེས་པ་ཡང་བརྒྱ་འདྲེན་ནོ། །མཐར། ཇོ་བོ་སྤྱན་རས་གཟིགས། ཞེས་པ་ནས། མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས། | ཞེས་པ་ཡང་བརྒྱ་འདྲེན་ནོ། །མཐར། ཇོ་བོ་སྤྱན་རས་གཟིགས། ཞེས་པ་ནས། མཛད་དུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས། ཨརྒྷཾ་ལ་སོགས་པས་མཆོད་ནས། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་ | ||
ལྟ་བུར་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་པ་དང༌། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་ཀུན་གྱི་གཏེར་གྱུར་པ༑ ༑སྤྱན་རས་གཟིགས་སུ་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །ལས་བུམ། ༀ་པདྨ་ཏ་ཀྲ་ཏ་ཞེས་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ཡིག་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨའི་དབྱུག་ཏོ། གཡོན་སྡིགས་མཛུབ་མཛད་པ། གཡས་བསྐུམ་གཡོན་བརྐྱང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཁྲོ་ཞལ་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་དམར་སེར་གྱེན་ལ་བརྫེས་པ། སྤྱི་བོར་རྟ་མགོ་ལྗང་ཁུར་རྟ་སྐད་ཕྱོགས་བཅུར་སྒྲོགས་པ། རྔོག་མ་དམར་པོ་མེ་ལྟར་འབར་བ། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཿ དམར་པོ། སྙིང་གར་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོས། རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ ས་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། རིགས་ལྔས་དབང་བསྐུར། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་ | ལྟ་བུར་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་པ་དང༌། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་ཀུན་གྱི་གཏེར་གྱུར་པ༑ ༑སྤྱན་རས་གཟིགས་སུ་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །ལས་བུམ། ༀ་པདྨ་ཏ་ཀྲ་ཏ་ཞེས་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿ ཡིག་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨའི་དབྱུག་ཏོ། གཡོན་སྡིགས་མཛུབ་མཛད་པ། གཡས་བསྐུམ་གཡོན་བརྐྱང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཁྲོ་ཞལ་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་དམར་སེར་གྱེན་ལ་བརྫེས་པ། སྤྱི་བོར་རྟ་མགོ་ལྗང་ཁུར་རྟ་སྐད་ཕྱོགས་བཅུར་སྒྲོགས་པ། རྔོག་མ་དམར་པོ་མེ་ལྟར་འབར་བ། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཿ དམར་པོ། སྙིང་གར་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོས། རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ ས་དབྱེར་མེད་དུ་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། རིགས་ལྔས་དབང་བསྐུར། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་ | ||
མེད་ཀྱིས་དབུ་བརྒྱན། ཐུགས་ཀར་པད་ཉིའི་སྟེང་དུ་ཧྲཱིཿ འི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། ༀ་པདྨ་ཏ་ཀྲ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་འདྲེན། མཆོད་མཐར་མཆོད་ནས། མ་ཆགས་པདྨ་རིགས་ཀྱི་རྣམ་འཕྲུལ་ལས། །ཀླུ་རྒྱལ་ཚུལ་གྱིས་གདུག་པ་ཀུན་འདུལ་བ། །དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཁྲོ་རྒྱལ་རྟ་མགྲིན་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་བོ། ༈ །གཉིས་པ་དབང་བསྐུར་བ་ལ་དོན་གསུམ་སྟེ། སྔོན་འགྲོ། དཀྱིལ་འཁོར་དུ་གཞུག་པ། དབང་བཞི་བསྐུར་བ། མཇུག་རྗེས་གནང་སྦྱིན་པའོ། །དང་པོ་སྔོན་འགྲོ་དཀྱིལ་འཁོར་དུ་གཞུག་པ་ལ་དོན་བཅུ་གསུམ་སྟེ། གསོལ་བ་བཏབ་པ། སྡོམ་པ་བཟུང་བ། མིག་དར་བཅིངས་པ། མེ་ཏོག་སྦྱིན་པ། བསྲུང་བར་བྱ་བ། སེམས་སྐྱེད་པ། ཕྱག་བྱ་བ། དམ་ལ་བཞག་པ། ཡེ་ཤེས་ཕབ་ཅིང་གནང་བ་དྲི་བ་དང༌། མེ་ཏོག་དོར་བ་དང༌། སྤྱན་དབྱེ་བ་དང༌། ལྷ་ངོ་བསྟན་པ་དང༌། ཆེད་དུ་བརྗོད་པའོ༑ ༑དང་པོ་ནི་སློབ་མ་རྣམས་ཁྲུས་བྱ། མཎྜལ་ཕུལ། གསོལ་བ་གདབ་པ་ནི། དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་སོགས། གཉིས་པ་ནི། དང་པོ་ཐུན་མོང་གི་ | མེད་ཀྱིས་དབུ་བརྒྱན། ཐུགས་ཀར་པད་ཉིའི་སྟེང་དུ་ཧྲཱིཿ འི་མཐའ་མར་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ། ༀ་པདྨ་ཏ་ཀྲ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་འདྲེན། མཆོད་མཐར་མཆོད་ནས། མ་ཆགས་པདྨ་རིགས་ཀྱི་རྣམ་འཕྲུལ་ལས། །ཀླུ་རྒྱལ་ཚུལ་གྱིས་གདུག་པ་ཀུན་འདུལ་བ། །དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཁྲོ་རྒྱལ་རྟ་མགྲིན་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་བོ། ༈ །གཉིས་པ་དབང་བསྐུར་བ་ལ་དོན་གསུམ་སྟེ། སྔོན་འགྲོ། དཀྱིལ་འཁོར་དུ་གཞུག་པ། དབང་བཞི་བསྐུར་བ། མཇུག་རྗེས་གནང་སྦྱིན་པའོ། །དང་པོ་སྔོན་འགྲོ་དཀྱིལ་འཁོར་དུ་གཞུག་པ་ལ་དོན་བཅུ་གསུམ་སྟེ། གསོལ་བ་བཏབ་པ། སྡོམ་པ་བཟུང་བ། མིག་དར་བཅིངས་པ། མེ་ཏོག་སྦྱིན་པ། བསྲུང་བར་བྱ་བ། སེམས་སྐྱེད་པ། ཕྱག་བྱ་བ། དམ་ལ་བཞག་པ། ཡེ་ཤེས་ཕབ་ཅིང་གནང་བ་དྲི་བ་དང༌། མེ་ཏོག་དོར་བ་དང༌། སྤྱན་དབྱེ་བ་དང༌། ལྷ་ངོ་བསྟན་པ་དང༌། ཆེད་དུ་བརྗོད་པའོ༑ ༑དང་པོ་ནི་སློབ་མ་རྣམས་ཁྲུས་བྱ། མཎྜལ་ཕུལ། གསོལ་བ་གདབ་པ་ནི། དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་སོགས། གཉིས་པ་ནི། དང་པོ་ཐུན་མོང་གི་ | ||
Line 48: | Line 62: | ||
ༀ་ཨཱཿ ཧཱུྃ་ལས་འོད་འཕྲོས། རང་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ དབྱེར་མེད་དུ་གྱུར་པར་བསམ། སླར་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ | ༀ་ཨཱཿ ཧཱུྃ་ལས་འོད་འཕྲོས། རང་ལྟ་བུའི་ཡེ་ཤེས་པ་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ དབྱེར་མེད་དུ་གྱུར་པར་བསམ། སླར་འོད་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ | ||
དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱི་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར། རྡོ་རྗེ་མ་རྣམས་ཀྱིས་གླུ་ལེན་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེ་ཏོག་མངོན་པར་གཏོར་ཞིང་བཀྲ་ཤིས་བརྗོད་པར་བསམ་ལ། སངས་རྒྱས་རབ་བདུན་མའམ། ཕུན་སུམ་ཚོགས་པའི་བཀྲ་ཤིས་བརྗོད། དེ་ནས་དབང་བུམ་གྱིས་སྤྱི་བོ་ནས་དབང་བསྐུར་རོ། །རྡོ་རྗེ་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱིས་བུམ་པའི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩ་མཾ་ཞེས་དབང་བསྐུར། སླར་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཐུགས་ཀ་ནས་རྡོ་རྗེ་མཁའ་འགྲོ་སྔོན་མོ་བུམ་པ་འཛིན་པ་ཞིག་ཆད་ནས༑ བུམ་ཆུས་དབང་བསྐུར་བར་བསམ་ལ། ༀ་མ་ཎི་པདྨེ་ཧཱུྃ། བཛྲ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱིས་ཕྱག་བྱས་རིགས་ཀུན་གྱི་ནི་བདག་ནི་བདག་པོ་མཆོག །སེམས་ཅན་ཐམས་ཅད་བསྐྱེད་མཛད་བདེ་བ་ཆེན་པོ་སྟེར། །དེང་འདིར་དབང་བསྐུར་མཆོག་ཐོབ་ཁྱེད་ལ་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། སྒེག་མོ་རྣམས་ཀྱིས། ༀ་སརྦ་བཛྲ་སུ་སང་གྲ་ཧེ། བཛྲ་མ་ནུཏྟ་ར་ནི། བཛྲ་དྷརྨཱ་ཀཱ་ཡ་ནི། བཛྲ་ཀརྨ་ཀ་རོད་བྷ་ཝེ། ཞེས་རྡོ་རྗེའི་གླུ་བླངས། ཁྲོ་བོ་རྣམས་ཀྱིས། ༀ་པདྨ་ཏ་ཀྲ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བགེགས་བསྐྲད། | དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱི་བདུད་རྩིའི་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར། རྡོ་རྗེ་མ་རྣམས་ཀྱིས་གླུ་ལེན་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མེ་ཏོག་མངོན་པར་གཏོར་ཞིང་བཀྲ་ཤིས་བརྗོད་པར་བསམ་ལ། སངས་རྒྱས་རབ་བདུན་མའམ། ཕུན་སུམ་ཚོགས་པའི་བཀྲ་ཤིས་བརྗོད། དེ་ནས་དབང་བུམ་གྱིས་སྤྱི་བོ་ནས་དབང་བསྐུར་རོ། །རྡོ་རྗེ་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱིས་བུམ་པའི་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩ་མཾ་ཞེས་དབང་བསྐུར། སླར་སྤྱན་རས་གཟིགས་ཡབ་ཡུམ་གྱི་ཐུགས་ཀ་ནས་རྡོ་རྗེ་མཁའ་འགྲོ་སྔོན་མོ་བུམ་པ་འཛིན་པ་ཞིག་ཆད་ནས༑ བུམ་ཆུས་དབང་བསྐུར་བར་བསམ་ལ། ༀ་མ་ཎི་པདྨེ་ཧཱུྃ། བཛྲ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱིས་ཕྱག་བྱས་རིགས་ཀུན་གྱི་ནི་བདག་ནི་བདག་པོ་མཆོག །སེམས་ཅན་ཐམས་ཅད་བསྐྱེད་མཛད་བདེ་བ་ཆེན་པོ་སྟེར། །དེང་འདིར་དབང་བསྐུར་མཆོག་ཐོབ་ཁྱེད་ལ་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད། སྒེག་མོ་རྣམས་ཀྱིས། ༀ་སརྦ་བཛྲ་སུ་སང་གྲ་ཧེ། བཛྲ་མ་ནུཏྟ་ར་ནི། བཛྲ་དྷརྨཱ་ཀཱ་ཡ་ནི། བཛྲ་ཀརྨ་ཀ་རོད་བྷ་ཝེ། ཞེས་རྡོ་རྗེའི་གླུ་བླངས། ཁྲོ་བོ་རྣམས་ཀྱིས། ༀ་པདྨ་ཏ་ཀྲ་ཏ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བགེགས་བསྐྲད། | ||
གུ་གུལ་ལ་སོགས་མེ་ཏོག་གི་ཆར་ཕབ། རྔ་བོ་ཆེ་ལ་སོགས་པ་རོལ་མོའི་སྒྲ་བསྒྲག །བདུད་རྩིའི་རྒྱུན་དང་སྤྱན་རས་གཟིགས་ཀྱི་སྐུ་ཞིང་རྡུལ་གྱི་གྲངས་དང་མཉམ་པས་ལུས་ཀྱི་ནང་གང༌། ལྷག་མ་ཡར་འཁྱིལ་བ་ལས་མི་བསྐྱོད་པས་དབུར་བརྒྱན་ཅིང་ཁྱེད་རང་རྣམས་མི་བསྐྱོད་པ་སྤྱན་རས་གཟིགས་ཀྱི་ངོ་བོར་གྱུར་པ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ལ་ཉེར་སྤྱོད་ལྔས་མཆོད། རོལ་མོ་བྱ། ༀ་ན་མཿ | གུ་གུལ་ལ་སོགས་མེ་ཏོག་གི་ཆར་ཕབ། རྔ་བོ་ཆེ་ལ་སོགས་པ་རོལ་མོའི་སྒྲ་བསྒྲག །བདུད་རྩིའི་རྒྱུན་དང་སྤྱན་རས་གཟིགས་ཀྱི་སྐུ་ཞིང་རྡུལ་གྱི་གྲངས་དང་མཉམ་པས་ལུས་ཀྱི་ནང་གང༌། ལྷག་མ་ཡར་འཁྱིལ་བ་ལས་མི་བསྐྱོད་པས་དབུར་བརྒྱན་ཅིང་ཁྱེད་རང་རྣམས་མི་བསྐྱོད་པ་སྤྱན་རས་གཟིགས་ཀྱི་ངོ་བོར་གྱུར་པ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ལ་ཉེར་སྤྱོད་ལྔས་མཆོད། རོལ་མོ་བྱ། ༀ་ན་མཿ སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༑ པཱདྱཾ༴ བཛྲ་པུཥྤེ་པཱུ་ཛ་ཨཱཿ ཧཱུྃ། བཛྲ་དྷུ་པེ༴ བཛྲ་ཨཱ་ལོ་ཀེ༴ བཛྲ་གནྡྷེ༴ བཛྲ་ནཻ་ཝིདྱེ༴ བཛྲ་ཤབྟ་པཱུ་ཛ་ཨཱཿ ཧཱུྃ་སྭཱ་ཧཱ། ཞེས་མཆོད། དེས་མི་བསྐྱོད་པ་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོར་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། སངས་རྒྱས་མི་བསྐྱོད་པ་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་གྱུར་སྙམ་དུ་མོས་པར་མཛོད། ཅེས་དབང་གི་རྟོགས་པ་བརྗོད། ༈ གཉིས་པ་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱིས་དབང་བསྐུར་བ་ལ་གཉིས། གསོལ་བ་འདེབས་པ་དང་དབང་བསྐུར་བའོ། །དང་པོ་ནི། རིན་ཆེན་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །རིན་ཆེན་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་གདབ་བོ། །གཉིས་པ་ནི། སློབ་མ་དང་དབང་རྫས་སྭཱ་ལས་རིན་པོ་ཆེ་སྭཱས་མཚན་པ་ལས་རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་ཡབ་ཡུམ་བསྐྱེད་པའི་གནས་གསུམ་གྱི། ༀ་ཨཱཿ ཧཱུྃ་ | ||
གསུམ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ ས་དབྱེར་མེད་དུ་གྱུར། དེ་ཉིད་འོད་དུ་ཞུ་བ་ལས་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བར་མོས་ལ། དབུ་རྒྱན་གྱིས་དབང་བསྐུར་བ་ནི། རིན་ཆེན་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱིས་དབུ་རྒྱན་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏི་ཏྭཾ་ཨ་ཧཾ། བཛྲ་ཏུཥྱ་ཧོ། ༀ་ཧཱུྃ་ཏྲཱཾ་ཧྲཱིཿ ཨཱཿ ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། སླར་མདུན་སྐྱེད་སྤྱན་རས་གཟིགས་ཡབ་ཡུམ་གྱི་ལྟེ་བ་ནས། རིན་ཆེན་མཁའ་འགྲོ་མ་སེར་མོ་དབང་བུམ་འཛིན་པ་ཞིག་ཆད་ནས། བུམ་ཆུས་དབང་བསྐུར་བར་བསམ་ལ། ༀ་མ་ཎི་པདྨེ་ཧཱུྃ། རཏྣ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྔ་མ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སྒེག་མོས་གླུ་བླངས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། མེ་ཏོག་གི་ཆར་ཕབ། རོལ་མོའི་སྒྲ་བསྒྲག །དབང་གི་ཆུས་ལུས་ཀྱི་ནང་གང༌། ལྷག་མ་ཡར་འཁྱིལ་བ་ལ། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། དེས་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་ཐོབ། ཉོན་མོངས་པ་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་ | གསུམ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་སྤྱན་དྲངས། ཛཿ ཧཱུྃ་བཾ་ཧོཿ ས་དབྱེར་མེད་དུ་གྱུར། དེ་ཉིད་འོད་དུ་ཞུ་བ་ལས་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བར་མོས་ལ། དབུ་རྒྱན་གྱིས་དབང་བསྐུར་བ་ནི། རིན་ཆེན་དབང་བསྐུར་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་ཀུན་གྱིས་དབུ་རྒྱན་དབང༌། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏི་ཏྭཾ་ཨ་ཧཾ། བཛྲ་ཏུཥྱ་ཧོ། ༀ་ཧཱུྃ་ཏྲཱཾ་ཧྲཱིཿ ཨཱཿ ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར། སླར་མདུན་སྐྱེད་སྤྱན་རས་གཟིགས་ཡབ་ཡུམ་གྱི་ལྟེ་བ་ནས། རིན་ཆེན་མཁའ་འགྲོ་མ་སེར་མོ་དབང་བུམ་འཛིན་པ་ཞིག་ཆད་ནས། བུམ་ཆུས་དབང་བསྐུར་བར་བསམ་ལ། ༀ་མ་ཎི་པདྨེ་ཧཱུྃ། རཏྣ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་མཾ། ཞེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། སྔ་མ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། སྒེག་མོས་གླུ་བླངས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། མེ་ཏོག་གི་ཆར་ཕབ། རོལ་མོའི་སྒྲ་བསྒྲག །དབང་གི་ཆུས་ལུས་ཀྱི་ནང་གང༌། ལྷག་མ་ཡར་འཁྱིལ་བ་ལ། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ལ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། དེས་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་ཐོབ། ཉོན་མོངས་པ་སེར་སྣ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་ཀྱི་གོ་འཕང་མངོན་དུ་ | ||
བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་དབང་གི་རྟོགས་པ་བརྗོད་པའོ། ༈ །གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེས་དབང་བསྐུར་བ་ལ་གཉིས། དང་པོ་གསོལ་བ་འདེབས་པ་ནི། པདྨ་ཅན་གྱི་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། ། | བྱེད་པའི་སྐལ་པ་ཅན་དུ་བྱས་པའོ། །ཞེས་དབང་གི་རྟོགས་པ་བརྗོད་པའོ། ༈ །གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེས་དབང་བསྐུར་བ་ལ་གཉིས། དང་པོ་གསོལ་བ་འདེབས་པ་ནི། པདྨ་ཅན་གྱི་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། ། | ||
Line 62: | Line 76: | ||
རྐེད་པར་འཁྲིལ་བ། རུས་པའི་རྒྱན་ཆ་ལྔས་བརྒྱན་པར་བསྐྱེད་པའི་ཡབ་ཡུམ་གཉིས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་སྭཱ། གསང་བར་ཧཱ། ཡབ་ཀྱི་གསང་བ་མི་དམིགས་པ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནོར་བུའི་བུ་ག་ཕཊ་སེར་པོས་བཀག་པ། ཕྱག་རྒྱའི་གསང་བ་མི་དམིགས་པ་ལས་ཨཱཿ ལས་སྐྱེས་པའི་ཆུ་སྐྱེས་དམར་པོ་ཟེའུ་འབྲུ་ཨཱཿ དམར་པོས་མཚན་པར་བསྒོམས་ལ། ཡབ་ཡུམ་སྙོམས་པར་འཇུག་པས༑ ༀ་ཤྲི་ཤྲི་ཤྲི་ཧ་ཧ་ཧ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་བདེ་བ་ཆེན་པོའི་སྒྲས། ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་ཐམས་ཅད་བསྐུལ་ནས། རང་གི་སྤྱི་བོར་བྱོན་ནས་སྙོམས་འཇུག་མཛད། ཆགས་པ་ཆེན་པོས་འོད་དུ་ཞུ་ནས། སྤྱི་བོའི་ཧཾ་གི་བྱང་སེམས་དང་དབྱེར་མེད་པར་སྤྱི་བོ་ནས་མགྲིན་པར་བབས། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། མགྲིན་པ་ནས་སྙིང་ཁར་བབས། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། སྙིང་ཁ་ནས་ལྟེ་བར་བབས། ཁྱད་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ལྟེ་བ་ནས་གསང་བར་བབས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ། དེ་ནས་ཧཱུྃ་ཞེས་འོག་རླུང་སྟེང་དུ་དྲངས་པས། མས་བརྟན་གྱི་དགའ་བ་བཞི་མངོན་དུ་གྱུར་པར་བསྒོམ་ལ། ལྷན་སྐྱེས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ །གདོང་གཡོག་བསལ། དེ་དག་གིས་དཀྱིལ་འཁོར་བཞི་ལས་ཡི་གེ་བྷ་གའི་ | རྐེད་པར་འཁྲིལ་བ། རུས་པའི་རྒྱན་ཆ་ལྔས་བརྒྱན་པར་བསྐྱེད་པའི་ཡབ་ཡུམ་གཉིས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བར་སྭཱ། གསང་བར་ཧཱ། ཡབ་ཀྱི་གསང་བ་མི་དམིགས་པ་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནོར་བུའི་བུ་ག་ཕཊ་སེར་པོས་བཀག་པ། ཕྱག་རྒྱའི་གསང་བ་མི་དམིགས་པ་ལས་ཨཱཿ ལས་སྐྱེས་པའི་ཆུ་སྐྱེས་དམར་པོ་ཟེའུ་འབྲུ་ཨཱཿ དམར་པོས་མཚན་པར་བསྒོམས་ལ། ཡབ་ཡུམ་སྙོམས་པར་འཇུག་པས༑ ༀ་ཤྲི་ཤྲི་ཤྲི་ཧ་ཧ་ཧ་སྭཱ་ཧཱ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་བདེ་བ་ཆེན་པོའི་སྒྲས། ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་ཐམས་ཅད་བསྐུལ་ནས། རང་གི་སྤྱི་བོར་བྱོན་ནས་སྙོམས་འཇུག་མཛད། ཆགས་པ་ཆེན་པོས་འོད་དུ་ཞུ་ནས། སྤྱི་བོའི་ཧཾ་གི་བྱང་སེམས་དང་དབྱེར་མེད་པར་སྤྱི་བོ་ནས་མགྲིན་པར་བབས། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། མགྲིན་པ་ནས་སྙིང་ཁར་བབས། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། སྙིང་ཁ་ནས་ལྟེ་བར་བབས། ཁྱད་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ལྟེ་བ་ནས་གསང་བར་བབས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསྒོམ། དེ་ནས་ཧཱུྃ་ཞེས་འོག་རླུང་སྟེང་དུ་དྲངས་པས། མས་བརྟན་གྱི་དགའ་བ་བཞི་མངོན་དུ་གྱུར་པར་བསྒོམ་ལ། ལྷན་སྐྱེས་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ །གདོང་གཡོག་བསལ། དེ་དག་གིས་དཀྱིལ་འཁོར་བཞི་ལས་ཡི་གེ་བྷ་གའི་ | ||
དཀྱིལ་འཁོར་དུ། བླ་མ་བཞི་ལས་ཆོས་སྐུའི་བླ་མ་ལ། དབང་བཞི་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྒྲིབ་པ་བཞི་ལས་གཙོ་བོར་ཡིད་ཀྱི་སྒྲིབ་པ་དག །ལམ་རིམ་པ་བཞི་ལས་དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང༌། དགའ་བ་བཞི་ལས་ཁྱད་པར་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་བཞི་ལས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བརྗོད་དོ། ༈ །བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། མཎྜལ་ཕུལ་ལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་ཅིག །བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད། གདོང་གཡོགས་བཅིངས། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། འདི་སྐད་བརྗོད་དོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན། ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད། རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ལ་མཉམ་པར་བཞག་ཅིང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཐབས། །ཞེས་གསུངས་པ་དང༌། བཞི་པ་ཡང་ནི་དེ་བཞིན་ནོ། །ཞེས་གསུམ་པ་དཔེ་དང༌། བཞི་པ་དོན་དུ་བསྟན་པ་དང༌། གསུམ་པ་རྒྱུ་དང༌། བཞི་པ་འབྲས་བུ་བསྟན་པ་དང༌། གསུམ་པ་མྱུ་གུ་ལྟ་བུ། བཞི་པ་འབྲས་བུ་ལྟ་བུར་བསྟན་པ། ཡན་ལག་བདུན་ལྡན་ཕྱག་རྒྱ་ཆེན་པོའི་ | དཀྱིལ་འཁོར་དུ། བླ་མ་བཞི་ལས་ཆོས་སྐུའི་བླ་མ་ལ། དབང་བཞི་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྒྲིབ་པ་བཞི་ལས་གཙོ་བོར་ཡིད་ཀྱི་སྒྲིབ་པ་དག །ལམ་རིམ་པ་བཞི་ལས་དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང༌། དགའ་བ་བཞི་ལས་ཁྱད་པར་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། འབྲས་བུ་བཞི་ལས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས་པའོ། །ཞེས་རྟོགས་པ་བརྗོད་དོ། ༈ །བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། མཎྜལ་ཕུལ་ལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་ཅིག །བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད། གདོང་གཡོགས་བཅིངས། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། འདི་སྐད་བརྗོད་དོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན། ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད། རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ལ་མཉམ་པར་བཞག་ཅིང༌། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཐབས། །ཞེས་གསུངས་པ་དང༌། བཞི་པ་ཡང་ནི་དེ་བཞིན་ནོ། །ཞེས་གསུམ་པ་དཔེ་དང༌། བཞི་པ་དོན་དུ་བསྟན་པ་དང༌། གསུམ་པ་རྒྱུ་དང༌། བཞི་པ་འབྲས་བུ་བསྟན་པ་དང༌། གསུམ་པ་མྱུ་གུ་ལྟ་བུ། བཞི་པ་འབྲས་བུ་ལྟ་བུར་བསྟན་པ། ཡན་ལག་བདུན་ལྡན་ཕྱག་རྒྱ་ཆེན་པོའི་ | ||
དོན་བཤད་ལ་ངོ་སྤྲད་པར་བྱའོ། །དེ་ནས་གདོང་གཡོགས་བསལ། དེས་དཀྱིལ་འཁོར་བཞི་ལས་དོན་དམ་པའི་དཀྱིལ་འཁོར་དུ། བླ་མ་བཞི་ལས་ངོ་བོ་ཉིད་སྐུའི་བླ་མ་ལས། དབང་བཞི་ལས་ཚིག་དབང་རིན་པོ་ཆེ་ཐོབ༑ སྒྲིབ་པ་བཞི་ལས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །རིམ་པ་བཞི་ལས་ཟུང་འཇུག་རབ་ཏུ་མི་གནས་པར་བསྒོམ་པ་ལ་དབང༌། དགའ་བ་བཞི་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་བཞི་ལས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པའི་སྐལ་པ་ཅན་དུ་བྱས་སོ། | དོན་བཤད་ལ་ངོ་སྤྲད་པར་བྱའོ། །དེ་ནས་གདོང་གཡོགས་བསལ། དེས་དཀྱིལ་འཁོར་བཞི་ལས་དོན་དམ་པའི་དཀྱིལ་འཁོར་དུ། བླ་མ་བཞི་ལས་ངོ་བོ་ཉིད་སྐུའི་བླ་མ་ལས། དབང་བཞི་ལས་ཚིག་དབང་རིན་པོ་ཆེ་ཐོབ༑ སྒྲིབ་པ་བཞི་ལས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །རིམ་པ་བཞི་ལས་ཟུང་འཇུག་རབ་ཏུ་མི་གནས་པར་བསྒོམ་པ་ལ་དབང༌། དགའ་བ་བཞི་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་མངོན་དུ་བྱས། འབྲས་བུ་བཞི་ལས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་པའི་སྐལ་པ་ཅན་དུ་བྱས་སོ། །{{TibChung|ཞེས་རྟོགས་པ་བརྗོད། འདི་ཉིད་ཏིང་ངེ་འཛིན་གྱི་དབང་གཙོ་ཆེ་བས་ཆོ་ག་འདི་གས་འགྲུབ་བོ། །གལ་ཏེ་རྒྱས་པར་སྤྲོ་ན། གསུམ་པ་མཇུག་རྗེས་གནང་སྦྱིན་པ་ནི། བརྟུལ་ཤུགས་སྦྱིན་པ། གཞན་དོན་ཆོས་འཆད། ལུང་བསྟན་དབུགས་དབྱུང༌། གཟེངས་བསྟོད་པ་རྣམས་བྱས་ཀྱང་འགལ་བ་མེད་དོ། །བདག་འཇུག་ཀྱང་ཆོ་གའི་གོ་རིམ་འདི་ཉིད་ཀྱིས་ལེན་པར་བྱའོ། །དེ་ནས་མཎྜལ་ཕུལ་ལ།}} དེང་ནས་བཟུང་སྟེ་ཁྱོད་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །{{TibChung|ཞེས་ལན་གསུམ་བརྗོད་དོ། །དེ་དག་གིས་དབང་བསྐུར་བ་སོང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་དང་བསྟོད་པ་བྱ། ཚོགས་ལ་རོལ་ཞིང་ལྷག་གཏོར་བཏང༌། བཟོད་པར་གསོལ་ཞིང་ཡི་གེ་བརྒྱ་པས་ཁ་བསྐང༌། བསྔོ་བ་སྨོན་ལམ་བྱ། ཡེ་ཤེས་པ་རྟེན་ལ་བསྟིམ། དམ་ཚིག་པ་རང་ལ་བསྟིམ། དམིགས་མེད་ཀྱི་རྒྱས་གདབ། བཀྲ་ཤིས་བརྗོད། རྡུལ་ཚོན་རོལ་མོ་དང་བཅས་པས་འབབ་ཆུའི་གཞུང་ལ་དོར། ལས་ཀྱི་མཐའ་མི་མངོན་པར་བྱའོ། །དེ་དག་གིས་རྗེས་ཀྱི་རིམ་པ་སོང་ངོ༌། ༈ །སྤྱན་རས་གཟིགས་མགོན་བྱིན་རླབས་ཆུ་གཏེར་ལས། །བླ་མེད་རྒྱུད་ཀྱི་དབང་བཞིའི་ཆུ་ཀླུང་འབབ། །འགྲོ་ཀུན་གནས་སྐབས་དྲི་མ་བཞི་དག་ནས། །དགའ་བཞི་སྐུ་བཞིའི་རྒྱ་མཚོ་རྒྱས་གྱུར་ཅིག །འདི་ནི་ཁྲིད་ཞུ་བའི་ཐོགས་མར་མ་གཏོགས་པ། དམ་ཚིག་མི་བསྲུང་བའི་མི་དང༌། གང་བྱུང་དུ་དབང་བསྐུར་འདི་བྱས་ན་མཁའ་འགྲོའི་བཀའ་ཆད་འབྱུང་བས་མི་བྱའོ། །དབང་ཞུས་ནས་དམ་ཚིག་བསྲུངས་ན་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་ཤེས་པར་བྱའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་མངོན་དཀྱིལ་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི། དཔལ་ལྡན་བླ་མའི་མན་ངག་བཞིན་རྒྱུད་སྡེའི་ཆོ་ག་དང་རྗེས་སུ་མཐུན་པར། རྣལ་འབྱོར་པ་འོད་དཔག་རྡོ་རྗེ་ཞེས་བྱ་བས། འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་རི་བོ་པོ་ཏ་ལར་བཀོད་པའོ། །འདིས་ཀྱང་རྡོ་རྗེ་ཐེག་པའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེ་ལེགས་འཕེལ།། །།}} | ||
}} | }} |
Revision as of 12:06, 4 April 2025
Wylie title | 'phags pa spyan ras gzigs dbang phyug gi lam gyi rim pa'i mngon rtogs dbang bskur thugs rje chen po'i chu rgyun | Rigpe Dorje Publications, 2024
|
---|---|---|
Location | gdams ngag rin po che'i mdzod Volume 16, Text 5, Pages 181-212 (Folios 1a1 to 16b) | |
Author | འོད་དཔག་རྡོ་རྗེ་ | |
Citation | 'od dpag rdo rje. 'phags pa spyan ras gzigs dbang phyug gi lam gyi rim pa'i mngon rtogs dbang bskur thugs rje chen po'i chu rgyun. In Gdams ngag rin po che'i mdzod, Vol. 16: 181-212. Kalimpong: Rigpe Dorje Publications, 2024. | Shechen Publications, 1999
|
Side notes | Recto: dbang chog Verso: khrid thor bu ba'i skor | |
More details More details | ||
Genre | Empowerment Ritual - dbang chog - dbang skur | |
Deity | spyan ras gzigs | |
Colophon |
།འཕགས་པ་སྤྱན་རས་གཟིགས་ཀྱི་མངོན་དཀྱིལ་ཐུགས་རྗེ་ཆེན་པོའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི། དཔལ་ལྡན་བླ་མའི་མན་ངག་བཞིན་རྒྱུད་སྡེའི་ཆོ་ག་དང་རྗེས་སུ་མཐུན་པར། རྣལ་འབྱོར་པ་འོད་དཔག་རྡོ་རྗེ་ཞེས་བྱ་བས། འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་རི་བོ་པོ་ཏ་ལར་བཀོད་པའོ། །འདིས་ཀྱང་རྡོ་རྗེ་ཐེག་པའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེ་ལེགས་འཕེལ།། | |
'phags pa spyan ras gzigs kyi mngon dkyil thugs rje chen po'i chu rgyun zhes bya ba 'di ni/_dpal ldan bla ma'i man ngag bzhin rgyud sde'i cho ga dang rjes su mthun par/__rnal 'byor pa 'od dpag rdo rje zhes bya bas/__'phags pa spyan ras gzigs kyis byin gyis brlabs pa'i ri bo po ta lar bkod pa'o/__/'dis kyang rdo rje theg pa'i bstan pa yun ring du gnas par gyur cig__/dge legs 'phel// |