DNZ-16-MA-002: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=gdams ngag rin po che'i mdzod | |||
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད། | |||
|totalvolumes=18 | |||
|author='jam mgon kong sprul | |||
|authortib=འཇམ་མགོན་ཀོང་སྤྲུལ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=16 | |||
|volumeLetter=MA | |||
|textnuminvol=002 | |||
|pdflink=File:DNZ-16-MA-002.pdf | |||
|InitCategories=Damngak Rinpoché Dzö; DNZ-Volume-16-MA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་ | |||
དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ། | དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། ། | ||
Line 6: | Line 25: | ||
ཡོངས་སུ་རྫོགས་པའི་དབུས་སུ། ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས༑ སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བཟང་ཞིང་དགེ་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ༀ་བཛྲ་ཨ?ཾ་སྭཱ་ཧཱ། ༀ་བཛྲ་པཱ་དྱཾ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ་སྭཱ་ཧཱ། ༀ་བཛྲ་དྷཱུ་པེ་ཨཱཿ ཧཱུྃ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤབྡ་ཨཱཿ ཧཱུྃ། ཞེས་རོལ་མོས་བྱིན་དབབ། སྐྱབས་འགྲོ་སེམས་བསྐྱེད་ཚིག་རྒྱས་བསྡུས་གང་རུང་སྤྱི་མཐུན་ནམ་བསྡུ་ན། སངས་རྒྱས་ཆོས་ཚོགས་ལན་གསུམ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། སྐད་ཅིག་གིས་བླ་མ་རྡོ་རྗེ་འཆང་གྲུབ་ཐོབ་ཕོ་མོའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཆུ་བྱིན་རླབས་ནི། ༀ་བཛྲ་ཨུ་ད་ཀེ་ཧཱུྃ་སྭཱ་ཧཱ། དུང་ཆོས་བླངས་ལ། ༀ་ཧྲཱིཿ སྭཱ་ཧཱ། ཁ་བཤལ་ལ། ༀ་ཝཾ་སྭཱ་ཧཱ། མགོ་དང་གདོང་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་སོགས། ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། གནས་གསུམ་དུ་རེག་ལ། ༀ་ཨཱཿ ཧཱུྃ། གདན་ལ་མེ་ཏོག་བཞག་ཅིང༌། ༀ་ཏིཥྛ་བཛྲ་ཨཱ་ས་ན་ཧཱུྃ། ༀ་བཛྲ་ | ཡོངས་སུ་རྫོགས་པའི་དབུས་སུ། ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས༑ སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བཟང་ཞིང་དགེ་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ༀ་བཛྲ་ཨ?ཾ་སྭཱ་ཧཱ། ༀ་བཛྲ་པཱ་དྱཾ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿ ཧཱུྃ་སྭཱ་ཧཱ། ༀ་བཛྲ་དྷཱུ་པེ་ཨཱཿ ཧཱུྃ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤབྡ་ཨཱཿ ཧཱུྃ། ཞེས་རོལ་མོས་བྱིན་དབབ། སྐྱབས་འགྲོ་སེམས་བསྐྱེད་ཚིག་རྒྱས་བསྡུས་གང་རུང་སྤྱི་མཐུན་ནམ་བསྡུ་ན། སངས་རྒྱས་ཆོས་ཚོགས་ལན་གསུམ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། སྐད་ཅིག་གིས་བླ་མ་རྡོ་རྗེ་འཆང་གྲུབ་ཐོབ་ཕོ་མོའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཆུ་བྱིན་རླབས་ནི། ༀ་བཛྲ་ཨུ་ད་ཀེ་ཧཱུྃ་སྭཱ་ཧཱ། དུང་ཆོས་བླངས་ལ། ༀ་ཧྲཱིཿ སྭཱ་ཧཱ། ཁ་བཤལ་ལ། ༀ་ཝཾ་སྭཱ་ཧཱ། མགོ་དང་གདོང་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་སོགས། ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། གནས་གསུམ་དུ་རེག་ལ། ༀ་ཨཱཿ ཧཱུྃ། གདན་ལ་མེ་ཏོག་བཞག་ཅིང༌། ༀ་ཏིཥྛ་བཛྲ་ཨཱ་ས་ན་ཧཱུྃ། ༀ་བཛྲ་ | ||
བ་བ་ན་བ་ན་ཡ་སྭཱ་ཧཱ། མེ་ཏོག་རྣ་ལྟག་ཏུ་གཟེར་ལ། ༀ་བཛྲ་ཨ་མྲ་ཏ་ཀུཎྜ་ལི་རཀྵ་མཱཾ། སརྦ་བིགྷྣའན་བྷྱཿ དྲི་བཟང་ཆབ་བྱིན་རླབས་ནི། ༀ་བཛྲ་ཨུ་ད་ཀེ་ཧཱུྃ་སྭཱ་ཧཱ། མེ་ཏོག་བྱིན་རླབས་ནི། ༀ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། | བ་བ་ན་བ་ན་ཡ་སྭཱ་ཧཱ། མེ་ཏོག་རྣ་ལྟག་ཏུ་གཟེར་ལ། ༀ་བཛྲ་ཨ་མྲ་ཏ་ཀུཎྜ་ལི་རཀྵ་མཱཾ། སརྦ་བིགྷྣའན་བྷྱཿ དྲི་བཟང་ཆབ་བྱིན་རླབས་ནི། ༀ་བཛྲ་ཨུ་ད་ཀེ་ཧཱུྃ་སྭཱ་ཧཱ། མེ་ཏོག་བྱིན་རླབས་ནི། ༀ་ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། | ||
ཨརྷ་ཏེ་སམྱཀ་སམྦུདྡྷའ་ཡ། ཏདྱ་ཐཱ། ༀ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། | ཨརྷ་ཏེ་སམྱཀ་སམྦུདྡྷའ་ཡ། ཏདྱ་ཐཱ། ༀ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ། སུ་པུཥྤེ་པུཥྤེ་སཾ་བྷ་ཝེ་པུཥྤེ´བྷ་ཝེ་པུཥྤེ་ཀིརྞེ་སྭཱ་ཧཱ། ལན་གསུམ་མམ་བདུན་བརྗོད། བ་བྱུང་སོགས་བྱིན་རླབས་ནི། ༀ་གོ་མ་ཡེ་སྭཱ་ཧཱ། བགེགས་སྦྱང་བ་ནི། ༀ་བཛྲ་ས་ཏྭ་བིགྷྣ་་་ན་སཱ་ར་ཡ་ཧཱུྃ་ཕཊ། མཎྜལ་རེ་ཁ་བྲི། ༀ་བཛྲ་རེ་ཁེ་སྭཱ་ཧཱ། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །གྲོགས་སྦུར་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱིས། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །འདིར་ནི་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང༌། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང༌། །ཟླ་བ་ལྟ་བུའི་གཟི་བརྗིད་ཅན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །སླར་ཡང་རེ་ཁཱ་བྱས་ལ། ༀ་བཛྲ་རེ་ཁེ་སརྦ་བུདྡྷ་ཨདྷིཥྛཱནྟུ་སྭཱ་ཧཱ། ཆུ་དེས་མཎྜལ་བཀྲུ། ༀ་ཝཾ་སྭཱ་ཧཱ། མཎྜལ་ཕྱིས་ལ། ༀ་ཙནྡྲ་ཨརྐ་བི་མ་ལེ་སྭཱ་ཧཱ། མེ་ཏོག་བཀྲམ་ལ། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། དེ་ནས་ཚོམ་བུ་ཉེར་གསུམ་པ་རིམ་བཞིན་བཀོད་པའི་དང་པོ་དབུས་སུ་ཚོམ་བུ་གཅིག་བཞག་ལ། ༀ་ཧཾ་སུ་མེ་རུ་ན་མཿ ཤར་དུ། ཡཾ་བི་དེ་ཧ་དྭཱི་པ་ན་མཿ ལྷོར། རི་ཛམྦུ་དྭཱི་པ་ན་མཿ ནུབ་ཏུ། ལཾ་གོ་ད་ནཱི་དྭཱི་པ་ན་མཿ བྱང་དུ། ཝཾ་ཀུ་རུ་དྭཱི་པ་ན་མཿ ཤར་གྱི་གཡས་གཡོན་གཉིས་སུ། ཡཿ ཡཿ ཨུ་པ་དྭཱི་པ་ན་མཿ | ||
ལྷོའི་གཡས་གཡོན། རཿ རཿ ཨུ་པ་དྭཱི་པ་ན་མཿ ནུབ་ཀྱི་གཡས་གཡོན། ལཿ ལཿ ཨུ་པ་དྭཱི་པ་ན་མཿ བྱང་གི་གཡས་གཡོན། ཝཿ ཝཿ ཨུ་པ་དྭཱི་པ་ན་མཿ ནུབ་བྱང༌། ལཿ ཏུ་རངྒ་རཏྣཱ་ཡ་ན་མཿ ལྷོ་ནུབ། རཿ ཧསྟི་རཏྣ་ཡ་ན་མཿ ཤར་ལྷོར། ཡཿ ག་ཛ་རཏྣཱ་ཡ་ན་ན་མཿ བྱང་ཤར། ཝཿ སྟྲཱི་རཏྣཱ་ཡ་ན་མཿ ཤར་དབུས། ཡཿ ཁཌྒ་རཏྣཱ་ཡ་ན་མཿ ལྷོ་དབུས། རཿ མ་ཎི་རཏྣཱ་ཡ་ན་མཿ བྱང་དབུས། ཝཿ ནི་དྷི་རཏྣཱ་ཡ་ན་མཿ ནུབ་དབུས། ལཿ ཙཀྲ་རཏྣཱ་ཡ་ན་མཿ ཤར། ༀ་ཨཾ་ཙནྡྲ། ནུབ། ༀ་ཨཱཿ སཱུ། ༀ་ༀ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞིང་འབྱོར་པ་ཚད་མེད་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བ་ལྟ་བུ་མཆོད་པའི་སྤྲིན་རབ་འབྱམས་ཀྱི་ངོ་བོ་ཉིད་ན་མཿ བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་བའི་ཚོགས། །རིན་ཆེན་ཀུན་བཟང་མཎྜལ་བཟང་པོའི་མཆོད་པ་འདི། །བློ་ཡིས་བླངས་ནས་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་ལ་མཎྜལ་སྟེགས་བུའི་དབུས་སུ་འཇོག །རྟེན་བསྐྱེད་པ་ནི། མཎྜལ་འདི་ཉིད་དག་པ་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ། རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་པ། ཕྱི་རོལ་སྲུང་བའི་འཁོར་ལོ་གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོར་ཐར་པ་ཆེན་པོའི་གཞལ་མེད་ཁང་རྒྱུ་དང་བཀོད་པའི་བྱེ་བྲག་ངོ་མཚར་རྨད་དུ་བྱུང་བ། དུར་ཁྲོད་རོལ་པའི་ཡོ་བྱད་དང་ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་ | ལྷོའི་གཡས་གཡོན། རཿ རཿ ཨུ་པ་དྭཱི་པ་ན་མཿ ནུབ་ཀྱི་གཡས་གཡོན། ལཿ ལཿ ཨུ་པ་དྭཱི་པ་ན་མཿ བྱང་གི་གཡས་གཡོན། ཝཿ ཝཿ ཨུ་པ་དྭཱི་པ་ན་མཿ ནུབ་བྱང༌། ལཿ ཏུ་རངྒ་རཏྣཱ་ཡ་ན་མཿ ལྷོ་ནུབ། རཿ ཧསྟི་རཏྣ་ཡ་ན་མཿ ཤར་ལྷོར། ཡཿ ག་ཛ་རཏྣཱ་ཡ་ན་ན་མཿ བྱང་ཤར། ཝཿ སྟྲཱི་རཏྣཱ་ཡ་ན་མཿ ཤར་དབུས། ཡཿ ཁཌྒ་རཏྣཱ་ཡ་ན་མཿ ལྷོ་དབུས། རཿ མ་ཎི་རཏྣཱ་ཡ་ན་མཿ བྱང་དབུས། ཝཿ ནི་དྷི་རཏྣཱ་ཡ་ན་མཿ ནུབ་དབུས། ལཿ ཙཀྲ་རཏྣཱ་ཡ་ན་མཿ ཤར། ༀ་ཨཾ་ཙནྡྲ། ནུབ། ༀ་ཨཱཿ སཱུ། ༀ་ༀ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཞིང་འབྱོར་པ་ཚད་མེད་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བ་ལྟ་བུ་མཆོད་པའི་སྤྲིན་རབ་འབྱམས་ཀྱི་ངོ་བོ་ཉིད་ན་མཿ བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་བའི་ཚོགས། །རིན་ཆེན་ཀུན་བཟང་མཎྜལ་བཟང་པོའི་མཆོད་པ་འདི། །བློ་ཡིས་བླངས་ནས་དཔལ་ལྡན་བླ་མའི་ཚོགས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་ལ་མཎྜལ་སྟེགས་བུའི་དབུས་སུ་འཇོག །རྟེན་བསྐྱེད་པ་ནི། མཎྜལ་འདི་ཉིད་དག་པ་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ། རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་པ། ཕྱི་རོལ་སྲུང་བའི་འཁོར་ལོ་གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོར་ཐར་པ་ཆེན་པོའི་གཞལ་མེད་ཁང་རྒྱུ་དང་བཀོད་པའི་བྱེ་བྲག་ངོ་མཚར་རྨད་དུ་བྱུང་བ། དུར་ཁྲོད་རོལ་པའི་ཡོ་བྱད་དང་ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་ | ||
དབུས་སུ་སེང་གེའི་ཁྲི་ཆེན་པོ་པདྨ་ཉི་མ་ཟླ་བའི་གདན་དང་བཅས་པ། ཕྱི་རོལ་ཕྱོགས་མཚམས་ཀུན་ཏུ་སོ་སོ་ལ་འོས་པའི་གདན་གྱི་ཁྱད་པར་རྣམས་ཀྱང་གསལ་བར་གྱུར། ཚོགས་ཞིང་སྤྱན་འདྲེན་པ་ནི། ༀ། ཁྱབ་བདག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང༌། །བདེ་ཆེན་དགྱེས་པ་དཔལ་ལྡན་ཧེ་རུ་ཀ། །གྲུབ་ཐོབ་ཕོ་མོ་རྣལ་འབྱོར་དབང་ཕྱུག་ཚོགས། །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བདག་གིས་དད་པས་དེང་འདིར་གསོལ་འདེབས་ན། །དམིགས་མེད་སྙིང་རྗེའི་དབང་གིས་འདིར་གསལ་མཛོད། །སྐྱེས་མཆོག་གཉིས་མེད་ཡེ་ཤེས་སྤྱན་ཅན་རྣམས། །ཆོས་ཀྱི་སྐུ་ལ་གཤེགས་འབྱོན་མི་མངའ་ཡང༌། །གཟུགས་སྐུ་བརྩེ་བ་ཆེན་པོའི་རྣམ་འཕྲུལ་གྱིས། །དད་ལྡན་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། །ༀ་གུ་རུ་བཛྲ་དྷ་ར་སརྦ་ཡོ་གེ་ཤྭ་ར་དེ་བ་ཌཱ་ཀི་ནཱི་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཞེས་པས་ཚོགས་ཞིང་རྣམས་སྤྲིན་གཏིབས་པ་ལྟར་བྱོན་ཏེ་སོ་སོའི་གདན་ལ་བཞུགས་པར་བསམ། དབུས་ཀྱི་ཁྲི་སྟེང་དུ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་ | དབུས་སུ་སེང་གེའི་ཁྲི་ཆེན་པོ་པདྨ་ཉི་མ་ཟླ་བའི་གདན་དང་བཅས་པ། ཕྱི་རོལ་ཕྱོགས་མཚམས་ཀུན་ཏུ་སོ་སོ་ལ་འོས་པའི་གདན་གྱི་ཁྱད་པར་རྣམས་ཀྱང་གསལ་བར་གྱུར། ཚོགས་ཞིང་སྤྱན་འདྲེན་པ་ནི། ༀ། ཁྱབ་བདག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང༌། །བདེ་ཆེན་དགྱེས་པ་དཔལ་ལྡན་ཧེ་རུ་ཀ། །གྲུབ་ཐོབ་ཕོ་མོ་རྣལ་འབྱོར་དབང་ཕྱུག་ཚོགས། །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །བདག་གིས་དད་པས་དེང་འདིར་གསོལ་འདེབས་ན། །དམིགས་མེད་སྙིང་རྗེའི་དབང་གིས་འདིར་གསལ་མཛོད། །སྐྱེས་མཆོག་གཉིས་མེད་ཡེ་ཤེས་སྤྱན་ཅན་རྣམས། །ཆོས་ཀྱི་སྐུ་ལ་གཤེགས་འབྱོན་མི་མངའ་ཡང༌། །གཟུགས་སྐུ་བརྩེ་བ་ཆེན་པོའི་རྣམ་འཕྲུལ་གྱིས། །དད་ལྡན་མཆོད་པའི་ཞིང་དུ་གཤེགས་སུ་གསོལ། །ༀ་གུ་རུ་བཛྲ་དྷ་ར་སརྦ་ཡོ་གེ་ཤྭ་ར་དེ་བ་ཌཱ་ཀི་ནཱི་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཞེས་པས་ཚོགས་ཞིང་རྣམས་སྤྲིན་གཏིབས་པ་ལྟར་བྱོན་ཏེ་སོ་སོའི་གདན་ལ་བཞུགས་པར་བསམ། དབུས་ཀྱི་ཁྲི་སྟེང་དུ་རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་ | ||
Line 66: | Line 85: | ||
འཇིག་རྟེན་སྐྱོང་བས༴ དཀར་ཕྱོགས་སྐྱོང་བས་དེང་འདིར་སྩོལ། །ཞེས་སོགས་བྱ་ཞིང་མེ་ཏོག་འཐོར། རོལ་མོའི་སྒྲ་འཇམ་ལ་སྙན་པར་བསྒྲག་གོ །གསང་སྔགས་སྟོན་པ་རྡོ་རྗེ་སློབ་དཔོན་ཉིད། །མཆོད་ལས་བསོད་ནམས་ཕུང་པོ་ཚད་མེད་པ། །རྒྱུད་རྣམས་ཀུན་ལས་ཆེད་དུ་བསྔགས་པའི་དོན། །གསལ་བར་བརྗོད་འདིར་བློ་ལྡན་ཡི་རང་བྱོས། །སྙིང་ནས་གུས་པས་མཆོད་ཅིང་གསོལ་བཏབ་ན། །གདོན་མི་ཟ་བར་བྱིན་གྱིས་རློབས་འགྱུར་བས། །རྡོ་རྗེ་ཐེག་ལ་ཞུགས་པའི་སྐལ་བཟང་རྣམས། །ཆོས་སྤྱོད་ཀུན་གྱི་མཆོག་འདིར་བརྩོན་པར་རིགས། །བསོད་ནམས་འདི་ཡིས་བདག་དང་འགྲོ་བ་ཀུན༑ ༑ཐོག་མེད་འཁྲུལ་པ་སྐད་ཅིག་ཉིད་ལ་སངས། །ལྷན་སྐྱེས་ཡེ་ཤེས་ཉི་མ་ཁོང་ནས་ཤར། །གྲུབ་མཆོག་རྣམས་དང་དབྱེར་མེད་ཉིད་གྱུར་ཅིག །ཅེས་པ་འདི་ཉིད་ཀུན་མཁྱེན་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་སྩལ་ཕེབས་པ་དང༌། རང་ཉིད་ཀྱིས་ཀྱང་འབྲེལ་འཇོག་ཚོགས་ | འཇིག་རྟེན་སྐྱོང་བས༴ དཀར་ཕྱོགས་སྐྱོང་བས་དེང་འདིར་སྩོལ། །ཞེས་སོགས་བྱ་ཞིང་མེ་ཏོག་འཐོར། རོལ་མོའི་སྒྲ་འཇམ་ལ་སྙན་པར་བསྒྲག་གོ །གསང་སྔགས་སྟོན་པ་རྡོ་རྗེ་སློབ་དཔོན་ཉིད། །མཆོད་ལས་བསོད་ནམས་ཕུང་པོ་ཚད་མེད་པ། །རྒྱུད་རྣམས་ཀུན་ལས་ཆེད་དུ་བསྔགས་པའི་དོན། །གསལ་བར་བརྗོད་འདིར་བློ་ལྡན་ཡི་རང་བྱོས། །སྙིང་ནས་གུས་པས་མཆོད་ཅིང་གསོལ་བཏབ་ན། །གདོན་མི་ཟ་བར་བྱིན་གྱིས་རློབས་འགྱུར་བས། །རྡོ་རྗེ་ཐེག་ལ་ཞུགས་པའི་སྐལ་བཟང་རྣམས། །ཆོས་སྤྱོད་ཀུན་གྱི་མཆོག་འདིར་བརྩོན་པར་རིགས། །བསོད་ནམས་འདི་ཡིས་བདག་དང་འགྲོ་བ་ཀུན༑ ༑ཐོག་མེད་འཁྲུལ་པ་སྐད་ཅིག་ཉིད་ལ་སངས། །ལྷན་སྐྱེས་ཡེ་ཤེས་ཉི་མ་ཁོང་ནས་ཤར། །གྲུབ་མཆོག་རྣམས་དང་དབྱེར་མེད་ཉིད་གྱུར་ཅིག །ཅེས་པ་འདི་ཉིད་ཀུན་མཁྱེན་བླ་མ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀའ་སྩལ་ཕེབས་པ་དང༌། རང་ཉིད་ཀྱིས་ཀྱང་འབྲེལ་འཇོག་ཚོགས་ | ||
གསོག་གི་ཆ་རྐྱེན་དུ་དམིགས་ཏེ་མཆོད་ཕྲེང་སོགས་ཀྱི་ཚིག་སྦྱོར་ཕལ་མོ་ཆེ་སྔོན་རབས་དམ་པ་རྣམས་ཀྱི་གསུང་བྱིན་རླབས་ཅན་དང་བསྡེབས་ཏེ། ཀུ་སཱ་ལི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བཀོད་པ་དགེ་ལེགས་འཕེལ།། །། | གསོག་གི་ཆ་རྐྱེན་དུ་དམིགས་ཏེ་མཆོད་ཕྲེང་སོགས་ཀྱི་ཚིག་སྦྱོར་ཕལ་མོ་ཆེ་སྔོན་རབས་དམ་པ་རྣམས་ཀྱི་གསུང་བྱིན་རླབས་ཅན་དང་བསྡེབས་ཏེ། ཀུ་སཱ་ལི་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭར་བཀོད་པ་དགེ་ལེགས་འཕེལ།། །། | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 14:12, 31 January 2025
Wylie title | Rigpe Dorje Publications, 2024
| |
---|---|---|
Location | gdams ngag rin po che'i mdzod Volume 16, Text 2, Pages (Folios to ) | |
Author | འཇམ་མགོན་ཀོང་སྤྲུལ་ | |
Citation | ||
Side notes | ||
More details More details | ||
Genre |