DNZ-06-CHA-022: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །དཔལ་རྡོ་རྗེ་ནག་པᨖ་ཆེན་པᨖ་གུར་མགོན་ལྷ་བརྒྱད་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གཟི་བརྗིད་ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=gdams ngag rin po che'i mdzod | |||
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད། | |||
|totalvolumes=18 | |||
|author='jam mgon kong sprul | |||
|authortib=འཇམ་མགོན་ཀོང་སྤྲུལ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=06 | |||
|volumeLetter=CHA | |||
|textnuminvol=022 | |||
|pdflink=File:DNZ-06-CHA-022.pdf | |||
|InitCategories=Damngak Rinpoché Dzö; DNZ-Volume-06-CHA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །དཔལ་རྡོ་རྗེ་ནག་པᨖ་ཆེན་པᨖ་གུར་མགོན་ལྷ་བརྒྱད་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གཟི་བརྗིད་ | |||
སྟོབས་འབར་ཅེས་བྱ་བ་བཞུགས་སོ། ། | སྟོབས་འབར་ཅེས་བྱ་བ་བཞུགས་སོ། ། | ||
ཧེ་རུ་ཀ་དཔལ་ཐུགས་ལས་སྤྲུལ། །བསྟན་སྲུང་རྒྱལ་པᨖ་མྱུར་མགྱོགས་ཀྱི། །ཕོ་ཉར་བཅས་པས་བདག་སྐྱོངས་ལ། །ཆོས་ལྡན་བསམ་སྦྱོར་གེགས་མེད་མཛོད། །རྡོ་རྗེ་གུར་གྱི་རྒྱུད་ཆེན་པᨖ་ལས་གསུངས་པའི་དཔལ་མགོན་པᨖ་ལྕམ་དྲལ་ལས་བྱེད་དང་བཅས་པ་ལྷ་བརྒྱད་དུ་གྲགས་པའི་གཏོར་ཆོག་དང་རྗེས་གནང་མདོར་བསྡུས་བཀོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པᨖ་ནི། བླ་མེད་ཀྱི་དབང་བསྐུར་ཐོབ་པའི་སློབ་མ་ལ། ཉེར་དགུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ། ཡོ་བྱད་ཚོགས་པར་བྱས་ནས། མདུན་དུ་མགོན་པᨖའི་བྲིས་སྐུ་བཀྲམ། རྟེན་གཏོར་གྲུ་གསུམ་ནོར་གཟུགས་མ་མཉྫིའི་སྟེང་དུ་བཀོད། དེ་ལས་ཅུང་དམའ་བར་རྟག་གཏོར་ཟུར་བརྒྱད་འབུལ་གཏོར་མདུན་དུ་བཤམ། མཆོད་པ་ཅི་བདེར་བསྒྲིགས། མཎྜལ་ཆོས་འབྱུང་གྲུ་གསུམ་དབུས་སུ་གཏོར་མ་འགོད་པའི་ལུགས་ཀྱང་ཡོད། གཏོར་ཆོག་ཁོ་ན་བྱེད་སྐབས། རང་གི་མདུན་དུ་སྟེགས་བུ་མཐོ་བ་ལ་ཡི་དམ་དང༌། མགོན་པᨖའི་གཏོར་མ་ཁ་ཟས་བཟང་དགུ་ལས་བཅོས་པ། ཤ་ཁྲག་གིས་བརྒྱན་པ་བཞག །དེའི་མདུན་དུ་སྟེགས་ཅུང་དམའ་བར་རྟག་གཏོར་ཟུར་བརྒྱད་འབུལ་གཏོར་ཤ་ཁྲག་མཆོད་པ་དང་བཅས་པ་བཀོད། སྔོན་གཏོར་སོགས་ཉེར་མཁོ་ | ཧེ་རུ་ཀ་དཔལ་ཐུགས་ལས་སྤྲུལ། །བསྟན་སྲུང་རྒྱལ་པᨖ་མྱུར་མགྱོགས་ཀྱི། །ཕོ་ཉར་བཅས་པས་བདག་སྐྱོངས་ལ། །ཆོས་ལྡན་བསམ་སྦྱོར་གེགས་མེད་མཛོད། །རྡོ་རྗེ་གུར་གྱི་རྒྱུད་ཆེན་པᨖ་ལས་གསུངས་པའི་དཔལ་མགོན་པᨖ་ལྕམ་དྲལ་ལས་བྱེད་དང་བཅས་པ་ལྷ་བརྒྱད་དུ་གྲགས་པའི་གཏོར་ཆོག་དང་རྗེས་གནང་མདོར་བསྡུས་བཀོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པᨖ་ནི། བླ་མེད་ཀྱི་དབང་བསྐུར་ཐོབ་པའི་སློབ་མ་ལ། ཉེར་དགུ་ལ་སོགས་པའི་དུས་ཁྱད་པར་ཅན་ལ། ཡོ་བྱད་ཚོགས་པར་བྱས་ནས། མདུན་དུ་མགོན་པᨖའི་བྲིས་སྐུ་བཀྲམ། རྟེན་གཏོར་གྲུ་གསུམ་ནོར་གཟུགས་མ་མཉྫིའི་སྟེང་དུ་བཀོད། དེ་ལས་ཅུང་དམའ་བར་རྟག་གཏོར་ཟུར་བརྒྱད་འབུལ་གཏོར་མདུན་དུ་བཤམ། མཆོད་པ་ཅི་བདེར་བསྒྲིགས། མཎྜལ་ཆོས་འབྱུང་གྲུ་གསུམ་དབུས་སུ་གཏོར་མ་འགོད་པའི་ལུགས་ཀྱང་ཡོད། གཏོར་ཆོག་ཁོ་ན་བྱེད་སྐབས། རང་གི་མདུན་དུ་སྟེགས་བུ་མཐོ་བ་ལ་ཡི་དམ་དང༌། མགོན་པᨖའི་གཏོར་མ་ཁ་ཟས་བཟང་དགུ་ལས་བཅོས་པ། ཤ་ཁྲག་གིས་བརྒྱན་པ་བཞག །དེའི་མདུན་དུ་སྟེགས་ཅུང་དམའ་བར་རྟག་གཏོར་ཟུར་བརྒྱད་འབུལ་གཏོར་ཤ་ཁྲག་མཆོད་པ་དང་བཅས་པ་བཀོད། སྔོན་གཏོར་སོགས་ཉེར་མཁོ་ | ||
Line 35: | Line 54: | ||
དངོས་གྲུབ་སྩོལ་བ་དང༌། བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། ཧེ་རུ་ཀའི་ཡིག་བརྒྱ་ལན་མང་དུ་བརྗོད། མ་འབྱོར་པ་དང༌སོགས་བཟོད་པར་གསོལ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱི་མཐར། ༀ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ཡ་ཧི་གཙྪ། ཞེས་པའམ། ༀ་བཛྲ་མུཿ ས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱའོ། །འདི་ལ་ཐུན་མོང་མ་ཡིན་པ་ཕྱག་མཚན་སྦྱིན་པ་ལ་སོགས་པའི་འདོགས་དང་བཅས་པ་ནི། དམ་པ་ཀུན་དགའ་གྲགས་ཀྱི་ཡི་གེ་ལས་ཤེས་པར་བྱའོ། །གསང་ཆེན་བསྟན་པའི་རྒྱལ་མཚན་གྱི། །སྲོག་ཤིང་བརྟན་པᨖར་བཟུང་བ་དང༌། །ནག་པᨖའི་ཕྱོགས་ལས་རྣམ་རྒྱལ་བའི། །ཕྲིན་ལས་སྟོབས་སུ་འབར་གྱུར་ཅིག །ཅེས་གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་ཆེན་པᨖ་བརྒྱད་ཀྱི་སྲིད་སྲོལ་གཅེས་པར་བཏུས་པ་གདམས་ངག་རིན་པᨖ་ཆེའི་མཛོད་ལས། གསུང་ངག་ལམ་འབྲས་བུ་དང་བཅས་པའི་བཀའི་སྲུང་མ་ཁྱད་པར་དུ་འཕགས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྗེ་བཙུན་རིན་པᨖ་ཆེའི་གསུང་རབ་ལས་ཁོལ་ཕྱུང་བཀླགས་ཆོག་གི་ཚུལ་དུ་ཀརྨ་ངག་དབང་ཡོན་ཏན་ | དངོས་གྲུབ་སྩོལ་བ་དང༌། བསམ་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། ཧེ་རུ་ཀའི་ཡིག་བརྒྱ་ལན་མང་དུ་བརྗོད། མ་འབྱོར་པ་དང༌སོགས་བཟོད་པར་གསོལ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་སོགས་ཀྱི་མཐར། ༀ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་བཱ་ར་ཡ་ཧི་གཙྪ། ཞེས་པའམ། ༀ་བཛྲ་མུཿ ས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱའོ། །འདི་ལ་ཐུན་མོང་མ་ཡིན་པ་ཕྱག་མཚན་སྦྱིན་པ་ལ་སོགས་པའི་འདོགས་དང་བཅས་པ་ནི། དམ་པ་ཀུན་དགའ་གྲགས་ཀྱི་ཡི་གེ་ལས་ཤེས་པར་བྱའོ། །གསང་ཆེན་བསྟན་པའི་རྒྱལ་མཚན་གྱི། །སྲོག་ཤིང་བརྟན་པᨖར་བཟུང་བ་དང༌། །ནག་པᨖའི་ཕྱོགས་ལས་རྣམ་རྒྱལ་བའི། །ཕྲིན་ལས་སྟོབས་སུ་འབར་གྱུར་ཅིག །ཅེས་གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་ཆེན་པᨖ་བརྒྱད་ཀྱི་སྲིད་སྲོལ་གཅེས་པར་བཏུས་པ་གདམས་ངག་རིན་པᨖ་ཆེའི་མཛོད་ལས། གསུང་ངག་ལམ་འབྲས་བུ་དང་བཅས་པའི་བཀའི་སྲུང་མ་ཁྱད་པར་དུ་འཕགས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རྗེ་བཙུན་རིན་པᨖ་ཆེའི་གསུང་རབ་ལས་ཁོལ་ཕྱུང་བཀླགས་ཆོག་གི་ཚུལ་དུ་ཀརྨ་ངག་དབང་ཡོན་ཏན་ | ||
རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་སྒྲུབ་ཁང་དུ་བསྡེབས་པ་དགེ་ལེགས་འཕེལ།། །། | རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་སྒྲུབ་ཁང་དུ་བསྡེབས་པ་དགེ་ལེགས་འཕེལ།། །། | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 13:46, 31 January 2025
Wylie title | Rigpe Dorje Publications, 2024
| |
---|---|---|
Location | gdams ngag rin po che'i mdzod Volume 6, Text 22, Pages (Folios to ) | |
Author | འཇམ་མགོན་ཀོང་སྤྲུལ་ | |
Citation | ||
Side notes | ||
More details More details | ||
Genre |