DNZ-17-TSA-013: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །ཀུན་མཁྱེན་བོ་དོང་བའི་བཀའ་སྲོལ་ཐུབ་པ་མདོ་གཅོད་ཀྱི་ངག་འདོན་བཀླག་པས་གྲུབ་པ་བཞུགས་སོ། ། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=gdams ngag rin po che'i mdzod | |||
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད། | |||
|totalvolumes=18 | |||
|author='jam mgon kong sprul | |||
|authortib=འཇམ་མགོན་ཀོང་སྤྲུལ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=17 | |||
|volumeLetter=TSA | |||
|textnuminvol=013 | |||
|pdflink=File:DNZ-17-TSA-013.pdf | |||
|InitCategories=Damngak Rinpoché Dzö; DNZ-Volume-17-TSA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །ཀུན་མཁྱེན་བོ་དོང་བའི་བཀའ་སྲོལ་ཐུབ་པ་མདོ་གཅོད་ཀྱི་ངག་འདོན་བཀླག་པས་གྲུབ་པ་བཞུགས་སོ། ། | |||
བླ་མེད་ཡོན་ཏན་རྫོགས་སངས་རྒྱས། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །བཀའ་དྲིན་མཚུངས་བྲལ་བླ་མ་རྗེ། །བརྒྱུད་པར་བཅས་ལ་གུས་པས་འདུད། །མཉམ་མེད་ཐུབ་པའི་དབང་པོས་རྗེ་འཇིགས་མེད་གྲགས་པ་ལ་དག་སྣང་དུ་བསྩལ་བའི་གསང་གཅོད་ཟབ་མོ་ཉམས་སུ་ལེན་པའི་ངག་འདོན་གྱི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེད། བླ་མའི་རྣལ་འབྱོར་གསོལ་འདེབས་དང་བཅས་པའོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། བདག་དང་ཁམས་གསུམ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ | བླ་མེད་ཡོན་ཏན་རྫོགས་སངས་རྒྱས། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །བཀའ་དྲིན་མཚུངས་བྲལ་བླ་མ་རྗེ། །བརྒྱུད་པར་བཅས་ལ་གུས་པས་འདུད། །མཉམ་མེད་ཐུབ་པའི་དབང་པོས་རྗེ་འཇིགས་མེད་གྲགས་པ་ལ་དག་སྣང་དུ་བསྩལ་བའི་གསང་གཅོད་ཟབ་མོ་ཉམས་སུ་ལེན་པའི་ངག་འདོན་གྱི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེད། བླ་མའི་རྣལ་འབྱོར་གསོལ་འདེབས་དང་བཅས་པའོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། བདག་དང་ཁམས་གསུམ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་ | ||
Line 15: | Line 34: | ||
ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག ༑སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ༑ ༑སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱ། དེ་ལྟ་བུས་མཚོན་ཏེ་མཉམ་རྗེས་ཐམས་ཅད་དུ། ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་ཟབ་གསལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་རྩིས་ཟིན་པར་བྱས་པས་བདག་འཛིན་གྱི་འཁྲི་བ་རྩད་ནས་ཆོད་དེ། བདག་མེད་རྣམ་གཉིས་ཀྱི་དོན་ལ་གོམས་འདྲིས་བརྟན་པ་ཐོབ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །གོང་གི་འགྱེད་དམིགས་གསུམ་པོ་དེ་གཉན་ས་སོགས་སུ་འགྲོ་བའི་ཚེ་ནུབ་གསུམ་དུ་རིམ་པར་བྱ་བ་ཡིན་ལ། རྒྱུན་ཁྱེར་གྱི་སྐབས་སུ་གསུམ་ཀ་རེས་མོས་སམ་ཐར་ཆགས་སུ་བྱ་བའམ། ཡང་ན་རང་གང་མོས་གཅིག་ལ་དྲིལ་ཀྱང་རུང་བར་གསུངས་སོ། །དེ་ལྟར་ཀུན་མཁྱེན་བོ་དོང་བ་ཆེན་པོའི་ཟབ་མོ་དག་སྣང་གི་གདམས་ངག་ཐུབ་པ་མདོ་གཅོད་དུ་ | ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག ༑སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ༑ ༑སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱ། དེ་ལྟ་བུས་མཚོན་ཏེ་མཉམ་རྗེས་ཐམས་ཅད་དུ། ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་ཟབ་གསལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་རྩིས་ཟིན་པར་བྱས་པས་བདག་འཛིན་གྱི་འཁྲི་བ་རྩད་ནས་ཆོད་དེ། བདག་མེད་རྣམ་གཉིས་ཀྱི་དོན་ལ་གོམས་འདྲིས་བརྟན་པ་ཐོབ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །གོང་གི་འགྱེད་དམིགས་གསུམ་པོ་དེ་གཉན་ས་སོགས་སུ་འགྲོ་བའི་ཚེ་ནུབ་གསུམ་དུ་རིམ་པར་བྱ་བ་ཡིན་ལ། རྒྱུན་ཁྱེར་གྱི་སྐབས་སུ་གསུམ་ཀ་རེས་མོས་སམ་ཐར་ཆགས་སུ་བྱ་བའམ། ཡང་ན་རང་གང་མོས་གཅིག་ལ་དྲིལ་ཀྱང་རུང་བར་གསུངས་སོ། །དེ་ལྟར་ཀུན་མཁྱེན་བོ་དོང་བ་ཆེན་པོའི་ཟབ་མོ་དག་སྣང་གི་གདམས་ངག་ཐུབ་པ་མདོ་གཅོད་དུ་ | ||
གྲགས་པའི་ངག་འདོན་བླ་མ་བརྒྱུད་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་དག་པར་བྲིས་པ་དགེ་ལེགས་འཕེལ།། །། | གྲགས་པའི་ངག་འདོན་བླ་མ་བརྒྱུད་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་དག་པར་བྲིས་པ་དགེ་ལེགས་འཕེལ།། །། | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 14:12, 31 January 2025
Wylie title | Rigpe Dorje Publications, 2024
| |
---|---|---|
Location | gdams ngag rin po che'i mdzod Volume 17, Text 13, Pages (Folios to ) | |
Author | འཇམ་མགོན་ཀོང་སྤྲུལ་ | |
Citation | ||
Side notes | ||
More details More details | ||
Genre |