DNZ-05-CA-009: Difference between revisions

From Damngak Dzö
DNZ-05-CA-009
(Imported new text files with Wyckibaat for processing)
 
No edit summary
 
(5 intermediate revisions by 2 users not shown)
Line 1: Line 1:
༄༅།  །ལམ་སྦས་ཏེ་བཤད་པའི་མན་ངག་གི་ཟིན་བྲིས་བཞུགས་སོ།  །
{{Text
བདག་ཆེན་རྡོ་རྗེ་འཆང་བློ་གྲᨖས་རྒྱལ་མཚན་གྱིས་མཛད།
|classification=Tibetan Publications
|subclass=Tibetan Texts
|fulltitletib=ལམ་སྦས་ཏེ་བཤད་པའི་མན་ངག་གི་ཟིན་བྲིས།
|fulltitle=lam sbas te bshad pa'i man ngag gi zin bris
|citation=Bdag chen rdo rje 'chang blo gros rgyal mtshan. ''Lam sbas te bshad pa'i man ngag gi zin bris''. In ''Gdams ngag rin po che'i mdzod'', Vol. 5: 537-545. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|author=bdag chen rdo rje 'chang blo gros rgyal mtshan
|compiler='jam mgon kong sprul
|tibgenre=Notes - zin bris, Pith Instructions - man ngag
|terma=No
|practicelineage=Sakya Lamdre
|language=Tibetan
|volumenumber=05
|volnumtib=༥
|volyigtib=ཅ
|totalvolumes=18
|textnuminvol=009
|pagenumbers=537-545
|totalpages=9
|beginfolioline=1a1
|endfolioline=5a2
|totalfolios=5
|multivolumework=No
|rectonotes=nye brgyud
|versonotes=sa skya'i skor
|colophontib=།ལམ་སྦས་ཏེ་བཤད་པའི་མན་ངག་གི་སྙིང་ཁུ་རྗེ་བཙུན་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་གསུང་ལས་ཇི་ལྟར་བྱོན་པ་བཞིན། བྱ་བཏང་བ་མ་ཏིའི་མིང་ཅན་གྱིས་རང་གི་བརྗེད་བྱང་ཙམ་དུ་ཡི་གེར་བཀོད་པ་ལ། ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛད་ནས་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་གི་ལམ་ཟབ་མོ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་བར་དུ་གཅོད་པ་ཞི་ཞིང༌། རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་གྱུར་ཅིག  །སརྦ་མངྒ་ལཾ།།
|colophonwylie=lam sbas te bshad pa'i man ngag gi snying khu rje btsun dam pa dkon mchog rgyal mtshan dpal bzang po'i gsung las ji ltar byon pa bzhin/_bya btang ba ma ti'i ming can gyis rang gi brjed byang tsam du yi ger bkod pa la/_chos bdag mkha' 'gro'i tshogs kyis bzod par mdzad nas byin gyis brlab tu gsol/_bdag cag gi lam zab mo sgrub pa'i rnal 'byor pa rnams kyi bar du gcod pa zhi zhing*/_rim gnyis kyi rnal 'byor mthar phyin nas sems can dpag tu med pa'i don byed par gyur cig__/sarba mang+ga laM//
|shechendnz=DNZ-Shechen-05-CA-009
|pdflink=File:DNZ-05-CA-009.pdf
|authortib=བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་
|InitCategories=Damngak Rinpoché Dzö; DNZ-Volume-05-CA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །ལམ་སྦས་ཏེ་བཤད་པའི་མན་ངག་གི་ཟིན་བྲིས་བཞུགས་སོ།  །
{{TibChung|བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད།}}

དཔལ་ལྡན་མཐུ་སྟོབས་དབང་ཕྱུག་དང༌། །རྗེ་བཙུན་དམ་པ་སྙིང་པᨖའི་ཞབས། །དབྱེར་མེད་དཀོན་མཆོག་མཚན་ཅན་ལ། །བཏུད་དེ་འཁྲིད་ཚུལ་མདᨖ་ཙམ་བྲི། །
༄༅།  །དཔལ་ལྡན་མཐུ་སྟོབས་དབང་ཕྱུག་དང༌། །རྗེ་བཙུན་དམ་པ་སྙིང་པོའི་ཞབས། །དབྱེར་མེད་དཀོན་མཆོག་མཚན་ཅན་ལ། །བཏུད་དེ་འཁྲིད་ཚུལ་མདོ་ཙམ་བྲི། །དེ་ཡང་རྣལ་འབྱོར་དབང་ཕྱུག་བི་པས། རྗེ་བཙུན་ས་སྐྱ་པ་ལ་དངོས་སུ་གནང་བའི་གདམས་ངག །དཔལ་ལྡན་ས་སྐྱའི་ལྕགས་རིའི་ཁང་ནས་མི་འདའ་བའི་ཟབ་ཆོས་བཞིར་གྲགས་པའི་ནང་ནས་ལམ་སྦས་ཏེ་བཤད་པ་ལ་མཆོག་སྒྲུབ་པ་དང་། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་གཉིས་ལས། འདིར་མཆོག་གི་དངོས་གྲུབ་ཚེ་འདིར་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་པའི་ཐབས་ལུས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་དབང་བཞི་གཅིག་ཆར་དུ་ཉམས་སུ་ལེན་པའི་ཚུལ་ལ། དེའང་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། སློབ་ལམ་རྒྱས་པའི་ཁྲིད་ཡོངས་སུ་རྫོགས་པའམ། མ་རྫོགས་ཀྱང་རུང་སྟེ། དབང་དང་དམ་ཚིག་དང་ལྡན་པ་ཚུལ་བཞིན་ཁྲིད་ཅིང༌། གདམས་པ་སྟོན་པ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་བསགས་སྦྱོང་གི་རྣལ་འབྱོར་ལམ་རྒྱས་པ་བཞིན་ཞག་གྲངས་ཅི་རིགས་སུ་བྱ། གཉིས་པ་ལ། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་དང༌། རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་གཉིས། ཐུན་རེའམ་ཟུང་འབྲེལ་དུ་སྒོམ་པར་མཛད་དེ། དེའང་བསམ་གཏན་གྱི་གདན་ལ་ལུས་གནད་དང་ལྡན་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། བདག་གི་སྤྱི་བོར་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའམ། རྡོ་རྗེ་འཆང་ཆེན་པོའི་རྣམ་པར་གསལ་ལ༑ གནས་གསུམ་དུ་ཡི་གེ་བསྒོམ། ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། བླ་མ་བརྒྱུད་པ། ཡི་དམ་སངས་རྒྱས་བྱང་སེམས། མཁའ་འགྲོ་སྲུང་མ་ཐམས་ཅད་སྤྱན་དྲངས་བསྟིམ་ལ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་དམིགས་ཤིང༌། གུས་འདུད་དྲག་པོ་དང་བཅས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཅེས་པ་ལ་སོགས་པའི་གསོལ་གདབ་དྲག་པོ་བྱས་པའི་མཐར། བླ་མ་ཉིད་བྱང་སེམས་བདེ་བ་ཆེན་པོའི་རྣམ་པར་ཞུ་སྟེ། སྤྱི་བོར་ཐིམ་པས་ལུས་ངག་ཡིད་གསུམ་དང༌། སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་བསམ་ལ་མཉམ་པར་བཞག །ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང༌། གཉིས་པ་བསྐྱེད་པའི་རིམ་པ་ནི། དེ་ཉིད་ཀྱི་རྗེས་སུ་བསྒོམ། འདིར་དབང་པོ་རྣོན་པོའི་ལམ་ཡིན་པས་མངོན་རྟོགས་རྒྱས་པ་སྒོམ་མི་དགོས། བདག་བླ་མས་དལ་དུ་བཅུག་པའི་དུས་སུ་དཔལ་ཀྱཻ་རྡོ་རྗེར་བསྐྱེད། དེ་ལ་ཡེ་ཤེས་པ་བཅུག །དབང་བསྐུར་ཕྱིན་ཆད་ཀྱཻ་རྡོ་རྗེ་ཡིན་སྙམ་པ་བྱས་ལ། སྐད་ཅིག་གིས་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གསལ་བཏབ་ལ། སྐུ་ཡོངས་སུ་རྫོགས་པ་ལ་དམིགས་པ་གཏད་ཅིང་བསྒོམ། ལམ་རྒྱས་པ་ལྟར་དམིགས་པ་དུམ་ཁྲིད་བྱས་ནས་སྒོམ་མི་དགོས་ཞེས་གསུངས་སོ། །དེ་དག་ནི་སྔོན་དུ་འགྲོ་བའོ། །གཉིས་པ་དངོས་གཞི་ལ། རྩ་བ་དང་ཡན་ལག་གི་དམིགས་པ་གཉིས་ཀྱི། དང་པོ་ནི། བཅའ་བ་ལུས་ཀྱི་གནད། སྒོམ་པ་དམིགས་པའི་གནད། དགང་བ་རླུང་གི་གནད་གསུམ་ལས། དང་པོ་ནི། འདི་ཉིད་ལུས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་ཉམས་སུ་ལེན་པ་ཡིན་པས་རྫའམ་ཤིང་ལས་བྱས་པའི་འཁོར་ལོ་དཔང་སོར་དྲུག་པ། སྦོམ་དུ་མཐེབ་མཛུབ་རྩེ་སྤྲད་པའི་བར་དུ་ཤོང་བ། རྩེ་མོ་ཅུང་ཟད་ཕྲ་ཞིང་ཤིན་ཏུ་འཇམ་པ་ཚགས་བྱས་ཏེ། བསམ་གཏན་གྱི་དངོས་གཞི་ལ་འཇུག་པའི་ཚེ། འབོལ་ལ་སོགས་པའི་སྟན་བདེ་བ་ལ་གནས་ནས་སྐྱབས་འགྲོ་སེམས་བསྐྱེད་ཡི་དམ་བསྒོམ་པའི་བར་སྔར་བཞིན་བྱ། དེ་ནས་གླང་པོ་ཆེའི་རྣ་བ་ལྟ་བུའི་སྐྱིལ་ཀྲུང་ཡངས་པར་བྱས། སྔར་གྱི་འཁོར་ལོ་སྲིན་བུའི་ལམ་གྱི་ཐད་ཀར་བཞག་ལ། བརླ་རེས་མོས་བཏེགས་པ་དང༌། འོག་རླུང་འདྲེན་པ་བསྟུན་ཏེ། སྲིན་བུའི་ལམ་བསྡམས་ནས། འཁོར་ལའི་སྟེང་དུ་བཞག །ཅུང་ཟད་མཐོ་བས་མི་བདེ་ན། སྨད་ཅེས་པ་སྣག་པོ་ཆེའི་འོག་ཏུ་སྟེགས་འཚམས་པར་གཞུག །ལག་པ་གཉིས་པུས་མོ་ལ་བཀབ། ཚིགས་པ་དྲང་པོར་བསྲངས་ཏེ་བཅའ་བ་ལུས་ཀྱི་གནད་དོ། །གཉིས་པ་ནི། ལུས་ལ་རང་བཞིན་གྱི་གནས་ཚུལ། གློ་བ་ཁ་ཐུར་ལ་བསྟན་ལ༑ མཆིན་པ་འདེབས་ལ་འབྱར་ཏེ་གནས་པ་ལ། དེ་གཉིས་སྒོམ་དུས་གོང་འོག་བརྗེས་ནས་འདབ་བརྒྱད་གློ་བ་དཀར་པོ་ཁ་གྱེན་ལ་བསྟན་པ། མཆིན་པ་པདྨ་དམར་སྨུག་འདབ་བརྒྱད་ཁ་ཐུར་ལ་བསྟན། དེ་གཉིས་རྩེ་ཅུང་ཟད་བསྣོལ་བ་གཞལ་ཡས་ཁང་གི་ཚུལ་དུ་བསམ། རྡོ་རྗེ་ལུས་ཀྱི་གནས་ལུགས་ལ། སྙིང་ག་ཐུར་ལ་བསྟན་ནས་གནས་ཀྱང༌། བློས་གྱེན་ལ་བསླངས་ཏེ་པདྨ་གཉིས་ཀྱི་བར་དུ་གནས་པར་བསམ། སྙིང་དེའི་དབུས་སུ་རྩ་གསུམ་འདུས་པའི་མདུད་པ་ཧཱུྃ་གི་གཟུགས་སུ་གྲུབ་པ་ལ་དམིགས་པ་གཏད། དེ་ནས་རྡོ་རྗེ་མཁའ་འགྲོ་བསྒོམ་སྟེ། སྙིང་དབུས་ཀྱི་ཧཱུྃ་དེ་ཧེ་རུ་ཀ་སྐུ་མདོག་སྔོ་ནག །སྤྱན་གསུམ་པ་དམར་ཞིང་ཟླུམ་པ། མཆེ་བ་གཙིགས་ཤིང༌། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་ཉི་སྟེང་དུ་བརྐྱངས། གཡོན་ཟླ་སྟེང་དུ་བསྐུམ་པ། དབུའི་གཙུག་ཏོར་དང་བཅས་ཤིང༌། རལ་པ་ལྔ་གཡོན་དུ་འཕྱང་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ། ཡུམ་དྲན་ཙམ་ལས་ཞལ་ཕྱག་རྒྱས་པར་གསལ་གདབ་མི་དགོས་གསུངས། དེའང་ཧཱུྃ་དེ་རང་བཞིན་གྱི་ཧེ་རུ་ཀའི་རྣམ་པར་གནས་པ་གསལ་འདེབས་པ་ཡིན་གྱི། ས་བོན་ལྟ་བུར་བསྒྱུར་ནས་བསྒོམ་པ་ནི་མ་ཡིན་ནོ། །དེ་ནི་སྒོམ་པ་དམིགས་པའི་གནད་དོ། །གསུམ་པ་དགང་བ་རླུང་གི་གནད་ནི། རླུང་རོ་ལན་གསུམ་བུས་ལ་ལྟོ་བ་ཅུང་ཟད་བཅེར། ལྕེ་རྐན་ལ་སྦྱར། མིག་ཅུང་ཟད་བགྲད། སྤྱི་བོ་ས་ལ་ཐུག་པ་སྟེ་རླུང་ཧའི་གདངས་ཀྱིས་དྲངས་ཤིང༌། རྔུབ་སྟེ་རོ་སྟོད་སྦུབ་ཅིང་སིབ་ཀྱིས་མནན། སྟེང་འོག་གི་རླུང་ཁ་སྦྱར་ལ། སེམས་ཀྱི་དམིགས་པ་ཐུགས་རྡོ་རྗེའི་གདན་གྱི་པད་འདབ་རྣམས་འདར་ཁྲི་ལི་ལི་གཡོ་བར་བསམ་མོ། །མི་ཐུབ་དལ་བུས་བཏང༌། ཡང་སྤྱི་བོ་ས་ལ་ཐུག་པར་རྔུབ་སྟེ། རླུང་ས་ལེན་མ་བྱ་བ་ཡིན་གསུངས། དེ་ལྟར་རྩ་བའི་འཁྲུལ་འཁོར་བདུན་དང་བསྲེལ་ཞིང་སྒོམ་པས་སྣང་བ་དཀར་དམར་ལམ་པ་འོང་། ཞེས་པའི་དོན་དཀར་ལམ་ལམ་བྱུང་ན་འོང་བའི་རྟགས། དམར་ལམ་ལམ་བྱུང་ན་མི་འོང་བའི་རྟགས། ཟས་བཅུད་ཅན་བཏང་ཞིང་བསྒོམ། ལྟོ་བར་དམིགས་པ་མང་པོ་སྒོམ་པས། གལ་ཏེ་རྣམ་ཤེས་འཕོ་བ་སྙམ་བྱེད༑ སྙིང་ག་ཚ་ལམ་ལམ་བྱེད་ན་བཙན་འཕྱོང་བཏང༌། འོ་དོད་འབོད། དེས་ངེས་པར་སེལ་ལོ། །གཉིས་པ་ཡན་ལག་གི་དམིགས་པ་ནི། འབར་དང་གཡོ་དང་བརྟན་པ་དང༌། །ཞེས་པའི་དོན་ཉམས་སུ་ལེན་པ་ཡིན་ཏེ། ལུས་སྐྱིལ་ཀྲུང༌། ལག་པ་མཐེ་བོས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ལ། སེམས་ཀྱི་དམིགས་པ་ལུས་ཀྱི་སྤྱི་གཙུག་ནས་གསང་གནས་ཀྱི་བར་ལ། རྩ་དབུ་མ་སྦོམ་ཕྲ་གྲོ་སོག་ཙམ་ཁ་དོག་དམར་པོ་ཡ་ཡོ་དང་ཁྱག་ཁྱོག་མེད་པ་ཐད་ལ་བི་རི་བ་གཅིག་བསམ། རྡོ་རྗེའི་རྩ་བར་བདུད་བཞིས་ཟིལ་གྱིས་མི་གནོན་པའི་ཧཱུྃ་མེ་འབར་བ་མགོ་བོ་གྱེན་བསྟན་ཅིག་བསམ། སྤྱི་གཙུག་ཏུ་བྱང་སེམས་ཀྱིས་གང་བའི་ཧཾ་མགོ་ཐུར་བསྟན་ཅིག་བསམ། མགོ་ས་ལ་བཏུད་དེ་རླུང་སྣ་བུག་གཉིས་ནས་རྔུབ་ལ་ཁ་སྦྱར་བས་ཧཱུྃ་ལས་ཧཱུྃ་མེ་འབར་བ་མང་པོ་མཆེད། དབུ་མར་ཡར་མར་ཁྲོལ་ཁྲོལ་སོང་བས་ཧཾ་གི་བྱང་སེམས་ལ་ཞུ་བས། སྤྱི་བོའི་རྩ་འདབ་སོ་གཉིས་མེར་གྱིས་གང་བར་བསྒོམས་ཏེ། དེ་ནས་ཧཱུྃ་དེ་ཐེམ་བུ་བཀག་པ་བཞིན་བསམ། མར་འཛག་པ་ལྟ་བུ་ནི་མ་ཡིན་ནོ། །སྐབས་སུ་མན་ངག་བཞིན་ཧ་རིང་བགྲང༌། དེ་ལ་གསལ་བ་དང༌། མགྲིན་པ། སྙིང་གའི་འཁོར་ལོ་རྣམས་ཀྱང་གང་བར་བསམ། མཐར་ལུས་ཐམས་ཅད་གང་བར་བསྒོམས་ཏེ། བདེ་བཞིན་དུ་སྟོང༌པ། སྟོང་བཞིན་དུ་བདེ་བ། བདེ་སྟོང་གཉིས་མེད་དུ་བསམ། དེ་ལྟ་བུའི་ལྷའི་སྐུ་འཇའ་ཚོན་ལྟ་བུ་ལ་དམིགས་པ་གཏད་དེ། ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང༌། དེ་དག་གི་སྐབས་སུ་རྔུལ་ཆེར་བྱུང་ན་ལག་པས་སྐེམ་མཉེ། སྟེང་དུ་གཅུན་དྲག་པས་སྣ་ཁྲག་བྱུང་ན་གན་རྐྱལ་དུ་ཉལ་ཏེ། ཅུང་ཟད་མིག་ལ་ལག་པ་གཉིས་ཁུ་ཚུར་མགྲིན་པར་བརྐྱང་བས་འཆད། དེས་མ་ཆད་ན་སྒྲོ་བ་འཁྱིག་པ་ལག་ལེན་བཞིན་བྱ། འཛག་པ་བྱུང་ན་དབང་བཞི་པའི་ལག་ལེན་བཞིན་ནོ། །དེ་ལྟར་རྩ་བ་དང་ཡན་ལག་གི་དམིགས་པ་རེས་མོས་སུ་བསྒོམས་ཏེ་དངོས་གཞིའོ། །གཞན་རྣམས་ནི་ཁྲིད་ཡིག་ཏུ་གསལ་ལ། འཁྲིད་ཡིག་ཏུ་གློ་བ་སྟེང་དང༌། མཆིན་པ་འོག་ཏུ་བསྒོམ་པར་གསུངས་ལ། འདིར་སྟེང་འོག་བརྗེ་བ་ནི་བླ་མའི་མན་ངག་དང༌། སྙིང་རྩ་འགྲོལ་བས་ལས་དང་པོ་པ་ལ་སྙིང་གྱེན་དུ་བསླང་བའི་དམིགས་པ་བདེ་བའི་ཕྱིར་ཡིན་གསུངས། འཁྲུལ་འཁོར་སོ་གཉིས་ནི་རྩ་བ་ནས་མ་བཤད་པས་ཅིས་ཀྱང་དགོས་པ་མ་ཡིན་ལ། བྱས་ན་འགལ་བ་མེད་ཅེས་གསུངས་སོ། །ལམ་སྦས་ཏེ་བཤད་པའི་མན་ངག་གི་སྙིང་ཁུ་རྗེ་བཙུན་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་གསུང་ལས་ཇི་ལྟར་བྱོན་པ་བཞིན། བྱ་བཏང་བ་མ་ཏིའི་མིང་ཅན་གྱིས་རང་གི་བརྗེད་བྱང་ཙམ་དུ་ཡི་གེར་བཀོད་པ་ལ། ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛད་ནས་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་གི་ལམ་ཟབ་མོ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་བར་དུ་གཅོད་པ་ཞི་ཞིང༌། རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་གྱུར་ཅིག །སརྦ་མངྒ་ལཾ།།    །།   
དེ་ཡང་རྣལ་འབྱོར་དབང་ཕྱུག་བི་པས། རྗེ་བཙུན་ས་སྐྱ་པ་ལ་དངོས་སུ་གནང་བའི་གདམས་ངག །དཔལ་ལྡན་ས་སྐྱའི་ལྕགས་རིའི་ཁང་ནས་མི་འདའ་བའི་ཟབ་ཆོས་བཞིར་གྲགས་པའི་ནང་ནས་ལམ་སྦས་ཏེ་བཤད་པ་ལ་མཆོག་སྒྲུབ་པ་དང་། ཐུན་མᨖང་གི་དངོས་གྲུབ་སྒྲུབ་པའི་ཐབས་གཉིས་ལས། འདིར་མཆོག་གི་དངོས་གྲུབ་ཚེ་འདིར་རྡོ་རྗེ་འཆང་ཆེན་པᨖ་མངོན་དུ་བྱེད་པའི་ཐབས་ལུས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་དབང་བཞི་གཅིག་ཆར་དུ་ཉམས་སུ་ལེན་པའི་ཚུལ་ལ། དེའང་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔᨖན་གྱིས། སློབ་ལམ་རྒྱས་པའི་ཁྲིད་ཡོངས་སུ་རྫོགས་པའམ། མ་རྫོགས་ཀྱང་རུང་སྟེ། དབང་དང་དམ་ཚᨑག་དང་ལྡན་པ་ཚུལ་བཞིན་ཁྲིད་ཅིང༌། གདམས་པ་སྟོན་པ་ལ། སྔོན་འགྲᨖ་དངོས་གཞི་གཉིས་ལས། དང་པᨖ་ལ་ཐུན་མᨖང་དང་། ཐུན་མᨖང་མ་ཡིན་པ་གཉིས་ལས། དང་པᨖ་སྐྱབས་འགྲᨖ་སེམས་བསྐྱེད་བསགས་སྦྱོང་གི་རྣལ་འབྱོར་ལམ་རྒྱས་པ་བཞིན་ཞག་གྲངས་ཅི་རིགས་སུ་བྱ། གཉིས་པ་ལ། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་དང༌། རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་གཉིས། ཐུན་རེའམ་ཟུང་འབྲེལ་དུ་སྒོམ་པར་མཛད་དེ། དེའང་བསམ་གཏན་གྱི་གདན་ལ་ལུས་གནད་དང་ལྡན་པས། སྐྱབས་འགྲᨖ་སེམས་བསྐྱེད་སྔོན་དུ་སོང་ནས། བདག་གི་སྤྱི་བᨖར་རིན་པᨖ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། སངས་རྒྱས་ཐམས་ཅད་ཀྱི་ངོ་བᨖ་བླ་མ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའམ། རྡོ་རྗེ་འཆང་ཆེན་པᨖའི་རྣམ་པར་གསལ་ལ༑ གནས་གསུམ་དུ་ཡི་གེ་བསྒོམ། ཐུགས་ཀའི་ས་བᨖན་ལས་འོད་འཕྲོས་པས། བླ་མ་བརྒྱུད་པ། ཡི་དམ་སངས་རྒྱས་བྱང་སེམས། མཁའ་འགྲᨖ་སྲུང་མ་ཐམས་ཅད་
}}
སྤྱན་དྲངས་བསྟིམ་ལ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བᨖར་དམིགས་ཤིང༌། གུས་འདུད་དྲག་པᨖ་དང་བཅས་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བᨖ་བླ་མ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཅེས་པ་ལ་སོགས་པའི་གསོལ་གདབ་དྲག་པᨖ་བྱས་པའི་མཐར། བླ་མ་ཉིད་བྱང་སེམས་བདེ་བ་ཆེན་པᨖའི་རྣམ་པར་ཞུ་སྟེ། སྤྱི་བᨖར་ཐིམ་པས་ལུས་ངག་ཡིད་གསུམ་དང༌། སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་བསམ་ལ་མཉམ་པར་བཞག །ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང༌། གཉིས་པ་བསྐྱེད་པའི་རིམ་པ་ནི། དེ་ཉིད་ཀྱི་རྗེས་སུ་བསྒོམ། འདིར་དབང་པᨖ་རྣོན་པᨖའི་ལམ་ཡིན་པས་མངོན་རྟོགས་རྒྱས་པ་སྒོམ་མི་དགོས། བདག་བླ་མས་དལ་དུ་བཅུག་པའི་དུས་སུ་དཔལ་ཀྱཻ་རྡོ་རྗེར་བསྐྱེད། དེ་ལ་ཡེ་ཤེས་པ་བཅུག །དབང་བསྐུར་ཕྱིན་ཆད་ཀྱཻ་རྡོ་རྗེ་ཡིན་སྙམ་པ་བྱས་ལ། སྐད་ཅིག་གིས་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གསལ་བཏབ་ལ། སྐུ་ཡོངས་སུ་རྫོགས་པ་ལ་དམིགས་པ་གཏད་ཅིང་བསྒོམ། ལམ་རྒྱས་པ་ལྟར་དམིགས་པ་དུམ་ཁྲིད་བྱས་ནས་སྒོམ་མི་དགོས་ཞེས་གསུངས་སོ། །དེ་དག་ནི་སྔོན་དུ་འགྲᨖ་བའོ། །གཉིས་པ་དངོས་གཞི་ལ། རྩ་བ་དང་ཡན་ལག་གི་དམིགས་པ་གཉིས་ཀྱི། དང་པᨖ་ནི། བཅའ་བ་ལུས་ཀྱི་གནད། སྒོམ་པ་དམིགས་པའི་གནད། དགང་བ་རླུང་གི་གནད་གསུམ་ལས། དང་པᨖ་ནི། འདི་ཉིད་ལུས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་ཉམས་སུ་
</onlyinclude>
ལེན་པ་ཡིན་པས་རྫའམ་ཤིང་ལས་བྱས་པའི་འཁོར་ལོ་དཔང་སོར་དྲུག་པ། སྦོམ་དུ་མཐེབ་མཛུབ་རྩེ་སྤྲད་པའི་བར་དུ་ཤོང་བ། རྩེ་མᨖ་ཅུང་ཟད་ཕྲ་ཞིང་ཤིན་ཏུ་འཇམ་པ་ཚགས་བྱས་ཏེ། བསམ་གཏན་གྱི་དངོས་གཞི་ལ་འཇུག་པའི་ཚེ། འབᨖལ་ལ་སོགས་པའི་སྟན་བདེ་བ་ལ་གནས་ནས་སྐྱབས་འགྲᨖ་སེམས་བསྐྱེད་ཡི་དམ་བསྒོམ་པའི་བར་སྔར་བཞིན་བྱ། དེ་ནས་གླང་པᨖ་ཆེའི་རྣ་བ་ལྟ་བུའི་སྐྱིལ་ཀྲུང་ཡངས་པར་བྱས། སྔར་གྱི་འཁོར་ལོ་སྲིན་བུའི་ལམ་གྱི་ཐད་ཀར་བཞག་ལ། བརླ་རེས་མᨖས་བཏེགས་པ་དང༌། འོག་རླུང་འདྲེན་པ་བསྟུན་ཏེ། སྲིན་བུའི་ལམ་བསྡམས་ནས། འཁོར་ལའི་སྟེང་དུ་བཞག །ཅུང་ཟད་མཐོ་བས་མི་བདེ་ན། སྨད་ཅེས་པ་སྣག་པᨖ་ཆེའི་འོག་ཏུ་སྟེགས་འཚམས་པར་གཞུག །ལག་པ་གཉིས་པུས་མᨖ་ལ་བཀབ། ཚᨑགས་པ་དྲང་པᨖར་བསྲངས་ཏེ་བཅའ་བ་ལུས་ཀྱི་གནད་དᨖ། །གཉིས་པ་ནི། ལུས་ལ་རང་བཞིན་གྱི་གནས་ཚུལ། གློ་བ་ཁ་ཐུར་ལ་བསྟན་ལ༑ མཆིན་པ་འདེབས་ལ་འབྱར་ཏེ་གནས་པ་ལ། དེ་གཉིས་སྒོམ་དུས་གོང་འོག་བརྗེས་ནས་འདབ་བརྒྱད་གློ་བ་དཀར་པᨖ་ཁ་གྱེན་ལ་བསྟན་པ། མཆིན་པ་པདྨ་དམར་སྨུག་འདབ་བརྒྱད་ཁ་ཐུར་ལ་བསྟན། དེ་གཉིས་རྩེ་ཅུང་ཟད་བསྣོལ་བ་གཞལ་ཡས་ཁང་གི་ཚུལ་དུ་བསམ། རྡོ་རྗེ་ལུས་ཀྱི་གནས་ལུགས་ལ། སྙིང་ག་ཐུར་ལ་བསྟན་ནས་གནས་ཀྱང༌། བློས་གྱེན་ལ་བསླངས་ཏེ་པདྨ་གཉིས་ཀྱི་བར་དུ་གནས་པར་བསམ། སྙིང་དེའི་དབུས་སུ་རྩ་གསུམ་འདུས་པའི་མདུད་པ་ཧཱུྃ་གི་གཟུགས་སུ་གྲུབ་པ་ལ་དམིགས་པ་གཏད། དེ་ནས་རྡོ་རྗེ་མཁའ་འགྲᨖ་བསྒོམ་སྟེ། སྙིང་དབུས་ཀྱི་ཧཱུྃ་དེ་ཧེ་རུ་ཀ་སྐུ་མདᨖག་སྔོ་ནག །སྤྱན་གསུམ་པ་དམར་ཞིང་ཟླུམ་པ། མཆེ་བ་གཙིགས་ཤིང༌། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛᨑན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་ཉི་སྟེང་དུ་བརྐྱངས། གཡོན་ཟླ་སྟེང་དུ་བསྐུམ་པ། དབུའི་གཙུག་ཏོར་དང་བཅས་ཤིང༌། རལ་པ་ལྔ་གཡོན་དུ་འཕྱང་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ། ཡུམ་དྲན་ཙམ་ལས་ཞལ་ཕྱག་རྒྱས་པར་གསལ་གདབ་མི་དགོས་གསུངས། དེའང་ཧཱུྃ་དེ་རང་བཞིན་གྱི་ཧེ་རུ་ཀའི་རྣམ་པར་གནས་པ་གསལ་འདེབས་པ་ཡིན་གྱི། ས་བᨖན་ལྟ་བུར་བསྒྱུར་ནས་བསྒོམ་པ་ནི་མ་ཡིན་ནོ། །དེ་ནི་སྒོམ་པ་དམིགས་པའི་གནད་དᨖ། །གསུམ་པ་དགང་བ་རླུང་གི་གནད་ནི། རླུང་རོ་ལན་གསུམ་བུས་ལ་ལྟོ་བ་ཅུང་ཟད་བཅེར། ལྕེ་རྐན་ལ་སྦྱར། མིག་ཅུང་ཟད་བགྲད། སྤྱི་བᨖ་ས་ལ་ཐུག་པ་སྟེ་རླུང་ཧའི་གདངས་ཀྱིས་དྲངས་ཤིང༌། རྔུབ་སྟེ་རོ་སྟོད་སྦུབ་ཅིང་སིབ་ཀྱིས་མནན། སྟེང་འོག་གི་རླུང་ཁ་སྦྱར་ལ། སེམས་ཀྱི་དམིགས་པ་ཐུགས་རྡོ་རྗེའི་གདན་གྱི་པད་འདབ་རྣམས་འདར་ཁྲི་ལི་ལི་གཡོ་བར་བསམ་མᨖ། །མི་ཐུབ་དལ་བུས་བཏང༌། ཡང་སྤྱི་བོ་ས་ལ་ཐུག་པར་རྔུབ་སྟེ། རླུང་ས་ལེན་མ་བྱ་བ་ཡིན་གསུངས། དེ་ལྟར་རྩ་བའི་འཁྲུལ་འཁོར་བདུན་དང་བསྲེལ་ཞིང་སྒོམ་པས་སྣང་བ་དཀར་དམར་ལམ་པ་འོང་།  
{{TsagliCall}}
ཞེས་པའི་དᨖན་དཀར་ལམ་ལམ་བྱུང་ན་འོང་བའི་རྟགས། དམར་ལམ་ལམ་བྱུང་ན་མི་འོང་བའི་རྟགས། ཟས་བཅུད་ཅན་བཏང་ཞིང་བསྒོམ། ལྟོ་བར་དམིགས་པ་མང་པᨖ་སྒོམ་པས། གལ་ཏེ་རྣམ་ཤེས་འཕོ་བ་སྙམ་བྱེད༑ སྙིང་ག་ཚ་ལམ་ལམ་བྱེད་ན་བཙན་འཕྱོང་བཏང༌། འོ་དᨖད་འབᨖད། དེས་ངེས་པར་སེལ་ལོ། །གཉིས་པ་ཡན་ལག་གི་དམིགས་པ་ནི། འབར་དང་གཡོ་དང་བརྟན་པ་དང༌། །ཞེས་པའི་དᨖན་ཉམས་སུ་ལེན་པ་ཡིན་ཏེ། ལུས་སྐྱིལ་ཀྲུང༌། ལག་པ་མཐེ་བᨖས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ་ལ། སེམས་ཀྱི་དམིགས་པ་ལུས་ཀྱི་སྤྱི་གཙུག་ནས་གསང་གནས་ཀྱི་བར་ལ། རྩ་དབུ་མ་སྦོམ་ཕྲ་གྲᨖ་སོག་ཙམ་ཁ་དᨖག་དམར་པᨖ་ཡ་ཡོ་དང་ཁྱག་ཁྱོག་མེད་པ་ཐད་ལ་བི་རི་བ་གཅིག་བསམ། རྡོ་རྗེའི་རྩ་བར་བདུད་བཞིས་ཟིལ་གྱིས་མི་གནོན་པའི་ཧཱུྃ་མེ་འབར་བ་མགོ་བᨖ་གྱེན་བསྟན་ཅིག་བསམ། སྤྱི་གཙུག་ཏུ་བྱང་སེམས་ཀྱིས་གང་བའི་ཧཾ་མགོ་ཐུར་བསྟན་ཅིག་བསམ། མགོ་ས་ལ་བཏུད་དེ་རླུང་སྣ་བུག་གཉིས་ནས་རྔུབ་ལ་ཁ་སྦྱར་བས་ཧཱུྃ་ལས་ཧཱུྃ་མེ་འབར་བ་མང་པᨖ་མཆེད། དབུ་མར་ཡར་མར་ཁྲོལ་ཁྲོལ་སོང་བས་ཧཾ་གི་བྱང་སེམས་ལ་ཞུ་བས། སྤྱི་བᨖའི་རྩ་འདབ་སོ་གཉིས་མེར་གྱིས་གང་བར་བསྒོམས་ཏེ། དེ་ནས་ཧཱུྃ་དེ་ཐེམ་བུ་བཀག་པ་བཞིན་བསམ། མར་འཛག་པ་ལྟ་བུ་ནི་མ་ཡིན་ནོ། །སྐབས་སུ་མན་ངག་བཞིན་ཧ་རིང་བགྲང༌། དེ་ལ་གསལ་བ་དང༌། མགྲིན་པ། སྙིང་གའི་འཁོར་ལོ་རྣམས་ཀྱང་
<headertabs/>
གང་བར་བསམ། མཐར་ལུས་ཐམས་ཅད་གང་བར་བསྒོམས་ཏེ། བདེ་བཞིན་དུ་སྟོང༌པ། སྟོང་བཞིན་དུ་བདེ་བ། བདེ་སྟོང་གཉིས་མེད་དུ་བསམ། དེ་ལྟ་བུའི་ལྷའི་སྐུ་འཇའ་ཚོན་ལྟ་བུ་ལ་དམིགས་པ་གཏད་དེ། ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང༌། དེ་དག་གི་སྐབས་སུ་རྔུལ་ཆེར་བྱུང་ན་ལག་པས་སྐེམ་མཉེ། སྟེང་དུ་གཅུན་དྲག་པས་སྣ་ཁྲག་བྱུང་ན་གན་རྐྱལ་དུ་ཉལ་ཏེ། ཅུང་ཟད་མིག་ལ་ལག་པ་གཉིས་ཁུ་ཚུར་མགྲིན་པར་བརྐྱང་བས་འཆད། དེས་མ་ཆད་ན་སྒྲོ་བ་འཁྱིག་པ་ལག་ལེན་བཞིན་བྱ། འཛག་པ་བྱུང་ན་དབང་བཞི་པའི་ལག་ལེན་བཞིན་ནོ། །དེ་ལྟར་རྩ་བ་དང་ཡན་ལག་གི་དམིགས་པ་རེས་མᨖས་སུ་བསྒོམས་ཏེ་དངོས་གཞིའོ། །གཞན་རྣམས་ནི་ཁྲིད་ཡིག་ཏུ་གསལ་ལ། འཁྲིད་ཡིག་ཏུ་གློ་བ་སྟེང་དང༌། མཆིན་པ་འོག་ཏུ་བསྒོམ་པར་གསུངས་ལ། འདིར་སྟེང་འོག་བརྗེ་བ་ནི་བླ་མའི་མན་ངག་དང༌། སྙིང་རྩ་འགྲོལ་བས་ལས་དང་པᨖ་པ་ལ་སྙིང་གྱེན་དུ་བསླང་བའི་དམིགས་པ་བདེ་བའི་ཕྱིར་ཡིན་གསུངས། འཁྲུལ་འཁོར་སོ་གཉིས་ནི་རྩ་བ་ནས་མ་བཤད་པས་ཅིས་ཀྱང་དགོས་པ་མ་ཡིན་ལ། བྱས་ན་འགལ་བ་མེད་ཅེས་གསུངས་སོ། །ལམ་སྦས་ཏེ་བཤད་པའི་མན་ངག་གི་སྙིང་ཁུ་རྗེ་བཙུན་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པᨖའི་གསུང་ལས་ཇི་ལྟར་བྱོན་པ་བཞིན། བྱ་བཏང་བ་མ་ཏིའི་མིང་ཅན་གྱིས་རང་གི་བརྗེད་བྱང་ཙམ་དུ་ཡི་གེར་བཀོད་པ་ལ། ཆོས་བདག་མཁའ་འགྲᨖའི་ཚོགས་ཀྱིས་བཟོད་པར་མཛད་ནས་
བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་གི་ལམ་ཟབ་མᨖ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་བར་དུ་གཅོད་པ་ཞི་ཞིང༌། རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་སེམས་ཅན་དཔག་ཏུ་མེད་པའི་དᨖན་བྱེད་པར་
གྱུར་ཅིག །སརྦ་མངྒ་ལཾ།།    །།   
[[Category:Wyckibaat]]

Latest revision as of 12:30, 3 March 2025

Wylie title lam sbas te bshad pa'i man ngag gi zin bris DNZ-05-CA-009.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 5, Text 9, Pages 537-545 (Folios 1a1 to 5a2)
Author བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་
Citation Bdag chen rdo rje 'chang blo gros rgyal mtshan. Lam sbas te bshad pa'i man ngag gi zin bris. In Gdams ngag rin po che'i mdzod, Vol. 5: 537-545. Kalimpong: Rigpe Dorje Publications, 2024. DNZ-Shechen-05-CA-009.pdf
Shechen Publications, 1999
Side notes Recto: nye brgyud   Verso: sa skya'i skor
More details More details
Genre Notes - zin bris  ·  Pith Instructions - man ngag
Colophon

།ལམ་སྦས་ཏེ་བཤད་པའི་མན་ངག་གི་སྙིང་ཁུ་རྗེ་བཙུན་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་གསུང་ལས་ཇི་ལྟར་བྱོན་པ་བཞིན། བྱ་བཏང་བ་མ་ཏིའི་མིང་ཅན་གྱིས་རང་གི་བརྗེད་བྱང་ཙམ་དུ་ཡི་གེར་བཀོད་པ་ལ། ཆོས་བདག་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛད་ནས་བྱིན་གྱིས་བརླབ་ཏུ་གསོལ། བདག་ཅག་གི་ལམ་ཟབ་མོ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི་བར་དུ་གཅོད་པ་ཞི་ཞིང༌། རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་གྱུར་ཅིག །སརྦ་མངྒ་ལཾ།།

lam sbas te bshad pa'i man ngag gi snying khu rje btsun dam pa dkon mchog rgyal mtshan dpal bzang po'i gsung las ji ltar byon pa bzhin/_bya btang ba ma ti'i ming can gyis rang gi brjed byang tsam du yi ger bkod pa la/_chos bdag mkha' 'gro'i tshogs kyis bzod par mdzad nas byin gyis brlab tu gsol/_bdag cag gi lam zab mo sgrub pa'i rnal 'byor pa rnams kyi bar du gcod pa zhi zhing*/_rim gnyis kyi rnal 'byor mthar phyin nas sems can dpag tu med pa'i don byed par gyur cig__/sarba mang+ga laM//

[edit]
༄༅། །ལམ་སྦས་ཏེ་བཤད་པའི་མན་ངག་གི་ཟིན་བྲིས་བཞུགས་སོ། །

བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད།