DNZ-04-NGA-021: Difference between revisions

From Damngak Dzö
DNZ-04-NGA-021
(Imported new text files with Wyckibaat for processing)
 
No edit summary
 
(7 intermediate revisions by 2 users not shown)
Line 1: Line 1:
༄༅།  །གཞན་སྟོང་དབུ་མ་ཆེན་པᨖའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར་ཞེས་བྱ་བ་བཞུགས་སᨖ།
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར།
|fulltitle=gzhan stong dbu ma chen po'i lta khrid rdo rje zla ba dri ma med pa'i 'od zer
|citation='jam mgon kong sprul. ''Gzhan stong dbu ma chen po'i lta khrid rdo rje zla ba dri ma med pa'i 'od zer''. In ''Gdams ngag rin po che'i mdzod'', Vol. 4: 711-739. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|author='jam mgon kong sprul
|compiler='jam mgon kong sprul
|tibgenre=Instructions on the View - lta khrid, Madhyamaka - dbu ma
|terma=No
|practicelineage=Kadam
|language=Tibetan
|volumenumber=04
|volnumtib=༤
|volyigtib=ང
|totalvolumes=18
|textnuminvol=021
|pagenumbers=711-739
|totalpages=29
|beginfolioline=1a1
|endfolioline=15a4
|totalfolios=15
|multivolumework=No
|rectonotes=gzhan stong lta khrid
|versonotes=bka' gdams skor
|colophontib=།ཅེས་པ་འདི་དཔལ་ལྡན་ཇོ་ནང་པའི་བསྟན་འཛིན་མཁས་གྲུབ་ངག་དབང་མཚན་ཅན་ཟུང་གི་ཐུགས་བཞེད་ལྟར། སྟོང་གཞི་བདེ་གཤེགས་སྙིང་པོ་ལ་ཤེས་ནས་དད་པ་ཐོབ་པ་སྙོམས་ལས་ཀྱི་བཙུན་པ་ཡོན་ཏན་རྒྱ་མཚོས་དཔལ་ཛཾ་ཐང་གི་ཆོས་གྲྭ་ཆེན་པོར་བྲིས་པ་སྐྱེ་བ་ཀུན་ཏུ་ངེས་དོན་སྙིང་པོའི་བསྟན་པ་ལ་ཐོས་བསམ་སྒོམ་པའི་སྐལ་བ་ཅན་དུ་གྱུར་ཅིག  །དགེ་ལེགས་འཕེལ།།
|colophonwylie=ces pa 'di dpal ldan jo nang pa'i bstan 'dzin mkhas grub ngag dbang mtshan can zung gi thugs bzhed ltar/_stong gzhi bde gshegs snying po la shes nas dad pa thob pa snyoms las kyi btsun pa yon tan rgya mtshos dpal dzaM thang gi chos grwa chen por bris pa skye ba kun tu nges don snying po'i bstan pa la thos bsam sgom pa'i skal ba can du gyur cig__/dge legs 'phel//
|shechendnz=DNZ-Shechen-04-NGA-021
|pdflink=File:DNZ-04-NGA-021.pdf
|authortib=འཇམ་མགོན་ཀོང་སྤྲུལ་
|InitCategories=Damngak Rinpoché Dzö; DNZ-Volume-04-NGA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།


མཐར་ཐུག་ཕྱིར་མི་ལྡོག་པའི་ཆོས། །སྟོན་དང་བསྟན་པ་འཛᨑན་མཛད་རྣམས། །སྙིང་གི་ཐིག་ལེར་བཀོད་ནས་འདིར། །དབུ་མའི་ལྟ་ཁྲིད་ཉུང་བསྡུས་བྲི། །དེ་ལ་གང་ནས་བྱུང་བའི་ཁུངས་དང༌། ལྟ་ཁྲིད་དངོས། ཕན་ཡོན་བཤད་པ་དང་གསུམ་མོ། །དང་པᨖ་ལའང་། སྤྱི་དང༌ཁྱད་པར་གཉིས་ཏེ། སྤྱིར་རྒྱལ་བའི་བཀའ་ལ་བསླུ་བའམ་མི་བདེན་པ་ཞིག་ཡོད་ནས་དྲང་ངེས་ཀྱི་རྣམ་པར་བཞག་པ་མ་ཡིན་ཀྱང༌། བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་མི་ནུས་པ་དང་ནུས་པའི་གང་ཟག་གི་བློ་ཁྱད་ལ་བརྟེན་ནས། བྱིས་པ་ལ་ཟས་སྙོད་པའི་ཚུལ་གྱིས་བཀའ་འཁᨖར་ལོ་དང་པᨖས་འཁᨖར་བ་ལས་ངེས་པར་འབྱིན། བར་པས་མཚན་འཛᨑན་ཟློག །མཐའ་མས་གནས་ལུགས་ཀྱི་དᨖན་ཡོད་མེད་ཡིན་མིན་སᨖགས་ལེགས་པར་ཕྱེ་བས། དང་པᨖ་དྲང་དᨖན། བར་པ་དྲང་ངེས་འདྲེས་པ། མཐའ་མ་ངེས་དᨖན་བླ་མེད་དུ་མདᨖ་སྡེ་དགོངས་པ་ངེས་འགྲེལ་ལུང་གིས་གྲུབ་པ་སᨖགས་རྒྱལ་བ་སྲས་བཅས་ཀྱིས་རྣམ་པར་གཞག་པ་ལས་འགོངས་མི་ནུས་པ་མ་ཟད། ཟབ་མᨖའི་དᨖན་རིམ་པར་གསལ་ཞིང་ཡོངས་སུ་རྫོགས་པར་མངོན་སུམ་གྱིས་ཀྱང་གྲུབ་པའི་ཕྱིར་རོ། །འོན་ཀྱང་མེད་པ་ལ་མེད་ཅེས་ཀུན་རྫོབ་ཀྱི་སྣང་ཚུལ་བར་པས་བསྟན་ཞིང༌། ཡོད་པ་ལ་ཡོད་ཅེས་དᨖན་དམ་གྱི་སྟོང་ཚུལ་ཐ་མས་བསྟན་པས། བར་ཐ་གཉིས་དང་དེ་དག་གི་སྲོལ་འབྱེད་ཤིང་རྟ་ཆེན་པᨖ་གཉིས་ཀྱང་དགོངས་པའི་འབབ་སྟེགས་གཅིག་པར་ཤནྟཱི་པ་སᨖགས་བཞེད། དེ་ལ་འཁᨖར་ལོ་ཐ་མ་ངེས་དᨖན་སྙིང་པᨖའི་མདᨖ་སྡེ་ཉི་ཤུ༑ བྱམས་ཆོས་སྡེ་ལྔ། ཀླུ་ཐོགས་ཡབ་སྲས་ཀྱི་གཞུང་ལུགས་ལ་བརྟེན། ལོ་ཙཱ་བ་གཟུ་བཙན་རྣམ་གཉིས་ནས་བཟུང་ད་ལྟའི་བར་དུ་བᨖད་ཀྱི་ཡུལ་འདིར་ཡང་གཞན་སྟོང་དབུ་མར་གྲགས་པའི་འཆད་ཉན་སྲོལ་ཀ་ཅི་རིགས་པར་བྱུང་བ་ལས། ཤིང་རྟའི་སྲོལ་འབྱེད་ཆེན་པᨖ་ནི། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་དᨖལ་པᨖ་བ། ཀུན་མཁྱེན་དྲི་མེད་འོད་ཟེར་དང་གསུམ་པᨖ་ཡིན་ལ། རྗེ་བདུན་པ། ཟི་ལུང་པཎ་ཆེན། ཏཱ་ར་ནཱ་ཐ། བསྟན་པའི་ཉིན་བྱེད་སᨖགས་འཕགས་པའི་ས་ལ་ངེས་པར་བཞུགས་ཤིང་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་ཕྱོགས་རེར་མ་ལྷུང་བའི་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་ཀྱང་ཉན་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབ་ཅིང་། དེ་དག་གི་གསུང་རབ་ཐམས་ཅད་འདིའི་རྒྱབ་རྟེན་དུ་འབྱོན་ནོ། །དེར་མ་ཟད་ཐོས་བསམ་སྒོམ་པ་ཟུང་འབྲེལ་གྱིས་གནས་ལུགས་ཕྱིན་ཅི་མ་ལོག་པར་གཟིགས་པའི་སྐྱེ་འཕགས་རྣམས་ཀྱི་མཐར་ཐུག་དགོངས་པ་ནི་འདི་ཁᨖ་ནར་འབབ་དགོས་སᨖ། །ཁྱད་པར་ཟབ་མᨖའི་ལྟ་ཁྲིད་ནི་རྒྱུད་བླ་མའི་དགོངས་དᨖན་མངའ་བདག་མཻ་ཏྲི་པས་རྩལ་དུ་བཏོན་ཏེ་དབུས་ཀྱི་ཀ་ཆེན་རིན་ཆེན་རྡོ་རྗེ་དང༌། ཁ་ཆེ་སཛྫ་ན་སᨖགས་སུ་བརྒྱུད་པ་ལྟ་ཁྲིད་ཐུན་མᨖང་བའི་ལུགས་དང༌། བྱིན་རླབས་འཕོ་བའི་དབང་བསྐུར་གྱི་ལམ་ནས་རྗེ་བཙུན་ལྷོ་བྲག་པ་ལ་སྩལ་བ་བཀའ་བརྒྱུད་ཡོངས་ལ་གྲགས་པའི་མདᨖ་སྔགས་ཟུང་འཇུག་གི་ཕྱག་ཆེན་ཐུན་མᨖང་མིན་པ་དང་གཉིས་ཡོད་པའི་སྔ་མ་ནི་འདིར་འཆད་པར་བྱ་བ་ཉིད་དᨖ། །གཉིས་པ་ལྟ་ཁྲིད་དངོས་ལའང་མདᨖ་ལུགས་རང་རྐང་དང༌། དེ་སྔགས་ལུགས་ཟབ་མᨖ་དང་འབྲེལ་བའི་ཚུལ་ལོ། །དང་པᨖ་ལའང་གོ་བར་བྱ་བ་དང༌། དེ་ཉམས་སུ་བླང་བའི་ཚུལ་གཉིས་ལས། དང་པᨖ་ནི། རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་ལྟ་བར་གསུངས་པ་དེ་གཞིར་བཞག་པའི་སྟེང༌། ཁམས་གསུམ་ལས་འདའ་བར་
༄༅།  །མཐར་ཐུག་ཕྱིར་མི་ལྡོག་པའི་ཆོས། །སྟོན་དང་བསྟན་པ་འཛིན་མཛད་རྣམས། །སྙིང་གི་ཐིག་ལེར་བཀོད་ནས་འདིར། །དབུ་མའི་ལྟ་ཁྲིད་ཉུང་བསྡུས་བྲི། །དེ་ལ་གང་ནས་བྱུང་བའི་ཁུངས་དང༌། ལྟ་ཁྲིད་དངོས། ཕན་ཡོན་བཤད་པ་དང་གསུམ་མོ། །དང་པོ་ལའང་། སྤྱི་དང༌ཁྱད་པར་གཉིས་ཏེ། སྤྱིར་རྒྱལ་བའི་བཀའ་ལ་བསླུ་བའམ་མི་བདེན་པ་ཞིག་ཡོད་ནས་དྲང་ངེས་ཀྱི་རྣམ་པར་བཞག་པ་མ་ཡིན་ཀྱང༌། བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་མི་ནུས་པ་དང་ནུས་པའི་གང་ཟག་གི་བློ་ཁྱད་ལ་བརྟེན་ནས། བྱིས་པ་ལ་ཟས་སྙོད་པའི་ཚུལ་གྱིས་བཀའ་འཁོར་ལོ་དང་པོས་འཁོར་བ་ལས་ངེས་པར་འབྱིན། བར་པས་མཚན་འཛིན་ཟློག །མཐའ་མས་གནས་ལུགས་ཀྱི་དོན་ཡོད་མེད་ཡིན་མིན་སོགས་ལེགས་པར་ཕྱེ་བས། དང་པོ་དྲང་དོན། བར་པ་དྲང་ངེས་འདྲེས་པ། མཐའ་མ་ངེས་དོན་བླ་མེད་དུ་མདོ་སྡེ་དགོངས་པ་ངེས་འགྲེལ་ལུང་གིས་གྲུབ་པ་སོགས་རྒྱལ་བ་སྲས་བཅས་ཀྱིས་རྣམ་པར་གཞག་པ་ལས་འགོངས་མི་ནུས་པ་མ་ཟད། ཟབ་མོའི་དོན་རིམ་པར་གསལ་ཞིང་ཡོངས་སུ་རྫོགས་པར་མངོན་སུམ་གྱིས་ཀྱང་གྲུབ་པའི་ཕྱིར་རོ། །འོན་ཀྱང་མེད་པ་ལ་མེད་ཅེས་ཀུན་རྫོབ་ཀྱི་སྣང་ཚུལ་བར་པས་བསྟན་ཞིང༌། ཡོད་པ་ལ་ཡོད་ཅེས་དོན་དམ་གྱི་སྟོང་ཚུལ་ཐ་མས་བསྟན་པས། བར་ཐ་གཉིས་དང་དེ་དག་གི་སྲོལ་འབྱེད་ཤིང་རྟ་ཆེན་པོ་གཉིས་ཀྱང་དགོངས་པའི་འབབ་སྟེགས་གཅིག་པར་ཤནྟཱི་པ་སོགས་བཞེད། དེ་ལ་འཁོར་ལོ་ཐ་མ་ངེས་དོན་སྙིང་པོའི་མདོ་སྡེ་ཉི་ཤུ༑ བྱམས་ཆོས་སྡེ་ལྔ། ཀླུ་ཐོགས་ཡབ་སྲས་ཀྱི་གཞུང་ལུགས་ལ་བརྟེན། ལོ་ཙཱ་བ་གཟུ་བཙན་རྣམ་གཉིས་ནས་བཟུང་ད་ལྟའི་བར་དུ་བོད་ཀྱི་ཡུལ་འདིར་ཡང་གཞན་སྟོང་དབུ་མར་གྲགས་པའི་འཆད་ཉན་སྲོལ་ཀ་ཅི་རིགས་པར་བྱུང་བ་ལས། ཤིང་རྟའི་སྲོལ་འབྱེད་ཆེན་པོ་ནི། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་དོལ་པོ་བ། ཀུན་མཁྱེན་དྲི་མེད་འོད་ཟེར་དང་གསུམ་པོ་ཡིན་ལ། རྗེ་བདུན་པ། ཟི་ལུང་པཎ་ཆེན། ཏཱ་ར་ནཱ་ཐ། བསྟན་པའི་ཉིན་བྱེད་སོགས་འཕགས་པའི་ས་ལ་ངེས་པར་བཞུགས་ཤིང་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་ཕྱོགས་རེར་མ་ལྷུང་བའི་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་ཀྱང་ཉན་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབ་ཅིང་། དེ་དག་གི་གསུང་རབ་ཐམས་ཅད་འདིའི་རྒྱབ་རྟེན་དུ་འབྱོན་ནོ། །དེར་མ་ཟད་ཐོས་བསམ་སྒོམ་པ་ཟུང་འབྲེལ་གྱིས་གནས་ལུགས་ཕྱིན་ཅི་མ་ལོག་པར་གཟིགས་པའི་སྐྱེ་འཕགས་རྣམས་ཀྱི་མཐར་ཐུག་དགོངས་པ་ནི་འདི་ཁོ་ནར་འབབ་དགོས་སོ། །ཁྱད་པར་ཟབ་མོའི་ལྟ་ཁྲིད་ནི་རྒྱུད་བླ་མའི་དགོངས་དོན་མངའ་བདག་མཻ་ཏྲི་པས་རྩལ་དུ་བཏོན་ཏེ་དབུས་ཀྱི་ཀ་ཆེན་རིན་ཆེན་རྡོ་རྗེ་དང༌། ཁ་ཆེ་སཛྫ་ན་སོགས་སུ་བརྒྱུད་པ་ལྟ་ཁྲིད་ཐུན་མོང་བའི་ལུགས་དང༌། བྱིན་རླབས་འཕོ་བའི་དབང་བསྐུར་གྱི་ལམ་ནས་རྗེ་བཙུན་ལྷོ་བྲག་པ་ལ་སྩལ་བ་བཀའ་བརྒྱུད་ཡོངས་ལ་གྲགས་པའི་མདོ་སྔགས་ཟུང་འཇུག་གི་ཕྱག་ཆེན་ཐུན་མོང་མིན་པ་དང་གཉིས་ཡོད་པའི་སྔ་མ་ནི་འདིར་འཆད་པར་བྱ་བ་ཉིད་དོ། །གཉིས་པ་ལྟ་ཁྲིད་དངོས་ལའང་མདོ་ལུགས་རང་རྐང་དང༌། དེ་སྔགས་ལུགས་ཟབ་མོ་དང་འབྲེལ་བའི་ཚུལ་ལོ། །དང་པོ་ལའང་གོ་བར་བྱ་བ་དང༌། དེ་ཉམས་སུ་བླང་བའི་ཚུལ་གཉིས་ལས། དང་པོ་ནི། རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་ལྟ་བར་གསུངས་པ་དེ་གཞིར་བཞག་པའི་སྟེང༌། ཁམས་གསུམ་ལས་འདའ་བར་བྱེད་པ་ཟབ་མོའི་ལྟ་བ་ཕྱིན་ཅི་མ་ལོག་པ་ཞིག་ལ་བརྟེན་དགོས་ཤིང༌། དེའང་ཉན་ཐོས་པས་གང་ཟག་བདག་མེད། རང་རྒྱལ་བས་གཟུང་བ་བདེན་མེད། རྣལ་འབྱོར་སྤྱོད་པས་གཉིས་སྟོང་ཡེ་ཤེས། དབུ་མ་ཐུན་མོང་བས་ཆོས་ཀུན་རང་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་པའི་དོན་བསྒོམས་པས་ཉམས་སུ་མྱོང་བ་ཡིན་ཀྱང༌། སེམས་དང༌། འདུ་ཤེས་དང༌། ལྟ་བ་ཕྱིན་ཅི་ལོག་གསུམ་གྱིས་ཀུན་ནས་དཀྲིས་པས་གཉིས་མེད་ཡེ་ཤེས་གཏན་ལ་མ་ཕེབས་པར་སངས་རྒྱས་དང་ཁ་ཐག་རིང་བའོ། །འོ་ན་གཉིས་མེད་ཡེ་ཤེས་དེ་སུ་ཞིག་གིས་ཉམས་སུ་མྱོང་ཞེ་ན། མཚན་ཉིད་པ་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་ཤིང༌། རྗེས་མཐུན་པ་སོ་སོའི་སྐྱེ་བོ་ཐོས་བསམ་སྒོམ་པ་ཐུན་མིན་གྱིས་རྒྱུད་སྦྱངས་པ་རྣམས་ཀྱིས་སོ། །ཕྱི་མ་དེ་ལའང་གཉིས་ཏེ། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱིས་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟར་གནས་ལུགས་ལ་ཅིའང་མི་དམིགས་ཤིང་གང་དུའང་མ་གྲུབ་པའི་སྟོང་ཉིད་དེ། རྟེན་འབྲེལ་དུ་སྣང་ལ་མ་འགགས་པ་ཤར་བ་དབུ་མའི་རིགས་ཆེན་ལྔས་ཐག་ཆོད་པར་བྱས་ཏེ། དངོས་གཞིའི་ཚེ་གཙུབས་ཤིང་དང་གཙུབ་གཏན་གཉིས་ཀའང་མེས་བསྲེགས་ནས་མཐར་མེ་ཉིད་རང་ཡལ་དུ་སོང་བ་ལྟར། ཞེན་རྟོག་སོར་རྟོག་གིས་གཞལ་ཟིན་ནས། སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱང་དམིགས་མེད་དུ་འཇོག་སྟེ། ཅིར་ཡང་མི་སེམས། གང་དུའང་ཡིད་ལ་མི་བྱེད། བདག་མེད་རྟོགས་པ་ནམ་མཁའ་ལྟ་བུའི་ངང་དུ་མི་བསྒོམ་པའི་ཚུལ་གྱིས་བསྒོམ་པ་ན་རིན་ཆེན་སྒྲོན་མ་ལ་སོགས་པའི་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་གྱི་སྒོ་མང་པོ་སྐྱེས་པའི་ཚེ། རྣམ་པར་དག་པའི་ལུང་དང་མན་ངག་གིས་ངོ་ལེགས་པར་འཕྲོད་ན་ཕྱིན་ཅི་ལོག་གི་འཛིན་སྟངས་དག་ནས་ཤེས་རབ་ན་འཕར་ཏེ་ཐུན་མོང་མིན་པའི་དབུ་མ་ཆེན་པོའི་ལྟ་བ་རྟོགས་པར་འགྱུར་རོ། །འོན་ཀྱང་ཏིང་ངེ་འཛིན་གྱི་ཚོགས་དམ་པའི་ལེའུ་ལས། ཏིང་ངེ་འཛིན་ཀྱང་རབ་བརྟེན་ལ། །དེ་ལ་མངོན་པར་ཞེན་བྱེད་ན། །བྱིས་པ་ཉེར་སྤྱོད་པ་ཞེས་བྱ། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པས། རྟོག་དཔྱོད་ཀྱི་སྟོང་ཉམས་ལ་ཆོས་ཉིད་དུ་རློམས་པ་ཁ་ཅིག །དབུ་མ་ཆེན་པོ་ནི་ངེད་ཁོ་ན་ལྟར་ཡིན་གྱི་གཞན་ཐམས་ཅད་ནོར་བའོ། །ཞེས་ལམ་ཤོར་དང༌། ཁ་གཅིག་རང་གི་ངོ་བོ་བློ་འདས་སུ་མ་གྲོལ་བར་སྐྱེ་འགག་གྲངས་སུ་འདེབས་པ་ལ་ཕྱག་རྒྱ་ཆེན་པོར་འཁྲུལ་ཏེ་མྱོང་བ་བརྟེན་པའི་གཤིས་ཤོར་བ་གཉིས་མིང་གི་རྣམ་དཔྱོད་ཆེ་ཆུང་མ་གཏོགས་ཁམས་གསུམ་ལས་འཕགས་མི་ནུས་པར་མཚུངས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོར་འཇུག་པ་ལ་ལུང་རིགས་མན་ངག་ཕྱིན་ཅི་མ་ལོག་པར་གོ་མྱོང་རྟོགས་པ་རྡོ་རུས་འཕྲོད་པས་ཀུན་དང་མི་འགལ། ཀུན་ལས་འཕགས་པའི་ལྟ་སྒོམ་སྤྱོད་པ་གནད་དུ་ཁེལ་བ་དགོས་སོ། །རྣལ་འབྱོར་སྤྱོད་པ་བྱམས་ཆོས་ལ་བརྟེན་པ་དག་གིས་ནི་བཀའ་འཁོར་ལོ་བར་པའི་གཞུང་ལུགས་དགོངས་འགྲེལ་བཅས་པས་ཆོས་ཅན་འཁྲུལ་སྣང་གློ་བུར་བའི་སྤྲོས་པ་གཅོད་པ་སྔོན་དུ་སོང་ན་མཆོག་ཡིན་ཞིང༌། དེ་ཙམ་སྤྲོས་པས་མི་ལྕོགས་ན། བྱམས་ཆོས་ལྔའམ། རྒྱུད་བླ་མ་ཙམ་ལ་ནི་ངེས་པར་སྦྱང་དགོས་ལ༑ དེའང་མི་ནུས་ན། ཇི་སྐད་དུ། སེམས་ལས་གཞན་དུ་མེད་པ་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་རྟོགས་ཏེ། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་ལྟར། ཐོག་མ་མེད་པ་ནས་རང་སེམས་མ་རིག་པའི་ཆ་གློ་བུར་དྲི་མ་ལ་བརྟེན་ནས་མ་བརྟགས་མ་དཔྱད་པའི་ངོར་རྨི་ལམ་གྱི་འཁྲུལ་པ་ལྟར་སྣ་ཚོགས་སུ་སྣང་ཡང༌། དཔྱད་ན་ཅིར་ཡང་མ་གྲུབ་པར་རང་རང་གི་ངོ་བོས་སྟོང་པའི་ཕྱིར། སྣང་བ་ཐམས་ཅད་ནི་སེམས་ཁོ་ནའི་ཆོ་འཕྲུལ་ཡིན་པས། ཕྱི་དོན་ལྟར་ཤར་བའི་གཟུང་བ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་ཀུན་རྫོབ་བདེན་པའི་གནས་ལུགས་དང༌། འཛིན་པའི་སེམས་ཀྱང་ཕྱི་ནང་གང་དུའང་མི་གནས་ཤིང་དབྱིབས་ཁ་དོག་དངོས་པོར་མ་གྲུབ་ལ། མེད་པ་ལ་ཡོད་པ་ལྟར་འཁྲུལ་བའི་བདག་འཛིན་གྱི་རྒྱུན་ལས་བྱུང་བའི་ཚོགས་བརྒྱད་ཆ་དང་བཅས་པ་ནམ་མཁའི་མེ་ཏོག་ལྟར་གདོད་ནས་སྟོང་ཡང༌། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་སངས་རྒྱས་ནས་སེམས་ཅན་གྱི་བར་ཐམས་ཅད་ལ་ཁྱབ་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བཞིན་གྱིས་འོད་གསལ་བ། གློ་བུར་དྲི་མས་གདོད་ནས་གོས་མ་མྱོང་བ་དོན་དམ་བདེན་པའི་གནས་ལུགས་དེ་ཉིད་ཡང་དག་པར་ངོ་ཤེས་ནས་དེའི་ངང་དུ་མཉམ་པར་འཇོག་པ་ནི་བྱམས་ཆོས་ཀྱི་དགོངས་པ་སྟེ། དཔྱད་པ་དེ་ཙམ་ནི་ངེས་པར་སྔོན་དུ་འགྲོ་དགོས་ཏེ། མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ཞེས་བྱ་བ་གནས་ལུགས་གཉུག་མ་རང་བྱུང་གི་ཡེ་ཤེས་སུ་གནས། སྟོང་ལུགས་སྤྲོས་པའི་མཐར་འཛིན་པའི་རྟོག་པས་སྟོང༌། རྟོགས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་པ་ཞེས་བྱའོ། །གཉིས་པ་ཉམས་ལེན་དངོས་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ནི། དེའང་བདེ་གཤེགས་སྙིང་པོ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རྣམས་སྦྱོང་བའི་གོ་རིམ་ལྟར། འཁོར་ལོ་དང་པོ་དང་རྗེས་སུ་མཐུན་པར་ཆོས་ཀྱི་མདོ་བཞི་བསམ་བསྒོམ་དུ་བྱ་སྟེ་འདི་ལྟར། སྐྱེས་པའི་མཐར་འཆི། འདུས་པའི་མཐར་འབྲལ། བསགས་པའི་མཐར་འཛད། བསློང་བའི་མཐར་འགྱེལ། འདུས་བྱས་ཀྱི་ཆོས་འདི་ཐམས་ཅད་ཆུ་བུར་དང་གློག་ལས་ཀྱང་མི་རྟག །ལས་དང་ཉོན་མོངས་པའི་ཉེ་བར་ལེན་པ་ལ་བརྟེན་ནས་ཁམས་གསུམ་དུ་གཟུགས་སོགས་ཕུང་པོ་ལྔ་ཡིས་འཁོར་ཞིང་ཟག་པ། བུམ་པར་ཆུད་པའི་སྦྲང་མ་ལྟ་བུ་འདི་ནི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱིས་གཡོས། སྡུག་བསྔལ་གྱི་རྒྱ་རུ་ཆུད། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་མ་གྲུབ་པས་སྟོང་ཞིང༌། གཟུང་འཛིན་གཉིས་ཀྱི་བདག་མེད་པ་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་འཁྲུལ་པ་གློ་བུར་བའི་མྱ་ངན་ལས་འདས་པ་ཡོངས་སུ་གྲུབ་པ་ཆེན་པོ་ནི་རྟག་བརྟན་ཞི་བ་དམ་པའོ། །སྙམ་དུ་བསམས་ལ། ངག་ཏུ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་ཡང་ཡང་བརྗོད། རྒྱས་པར་ལམ་རིམ་རྣམས་སུ་འབྱུང་བའི་ཐུན་མོང་གི་སྔོན་འགྲོ་རྣམས་རྒྱུད་ལ་འདྲེ་ངེས་སུ་བྱའོ། །གཉིས་པ་ལའང་གསུམ་སྟེ། དང་པོ་ཐེག་ཆེན་ཐུན་མོང་མིན་པའི་ལམ་དུ་འགྱུར་བའི་ཕྱིར། སྐྱབས་སུ་འགྲོ་བ་ནི། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་བདེ། །སེམས་ཅན་རྣམས་ཀྱི་ཉེར་ལེན་ནི། །མཐའ་དང་མཐའ་མེད་རྣམ་སྤངས་པའོ། །བྱི་དོར་བྱས་པས་གསེར་མདོག་དང༌། །ས་ལེ་སྦྲམ་དང་འཁར་བ་དག །ཇི་ལྟར་མཐོང་བ་དེ་བཞིན་དུ། །ཕུང་པོ་རྣམས་ལ་སེམས་ཅན་དང༌། །གང་ཟག་མེད་ཅིང་ཕུང་པོ་མེད། །སངས་རྒྱས་ཡེ་ཤེས་ཟག་མེད་པ། །རྟག་ཏུ་ཞི་བ་རྣམ་བསྒོམས་ཏེ། །དེ་ལ་བདག་ནི་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། སེམས་ནི་རང་བཞིན་འོད་གསལ་བ། །ཡིད་ལ་སོགས་པའི་ཉོན་མོངས་དང༌། །བདག་དང་ལྷན་ཅིག་ལྡན་པར་ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །དེ་བསལ་བྱ་ཕྱིར་ལམ་མཆོག་བསྒོམ། །ཞེས་པ་དག་དོན་དྲན་བཞིན་དུ་བརྗོད། གཉིས་པ་འཁོར་ལོ་བར་པ་དང་རྗེས་སུ་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་ཆོས་ཉིད་ཟབ་མོ་ལ་ཟློ་བ་ནི། བདེ་བའི་གདན་ལ་ལུས་གནད་དཀྱུས་མཐུན་བཅའ། མོས་གུས་དུང་བ་བསྒོམ། སྔར་ཐོས་བསམ་གྱིས་ལྟ་བ་གཏན་ལ་ཕེབས་ན། ལྟ་བ་དེ་དྲན་པར་བྱས་ལ་མཉམ་པར་བཞག །ཐོས་བསམ་ཚུལ་ལྡན་མེད་ན། རང་སེམས་འདི་ཅིའི་ངོ་བོར་ཡང་མ་གྲུབ་པར་གཏན་ལ་ཕབ་ནས་གང་ཟག་གི་བདག་མེད་དང༌། ཡུལ་སྣང་ཐམས་ཅད་རང་སེམས་ཀྱི་སྣང་ཆ་ལས་གཞན་དུ་མ་གྲུབ་པར་ཐག་བཅད་ནས་ཆོས་ཀྱི་བདག་མེད་དང༌། དེའང་སེམས་སྣང་དབྱེ་བ་མེད་པ་ཆུ་རླབས་ཆུ་ལས་གཞན་དུ་མེད་པ་ལྟར། གཟུང་འཛིན་རོ་མཉམ་དུ་གོ་བ་བསྐྱེད་ནས། ཕྱི་རུ་མི་གཡེང༌། ནང་དུ་མི་གཅུན། བར་དུ་མི་འཛིན། ལུང་མ་བསྟན་དང་བཏང་སྙོམས་སུ་མ་ཤོར་བར་ནམ་མཁའ་ལྟ་བུར་ཕྱལ་གྱིས་བཞག་པས་མི་སྡོད་པར་འགྱུ་ན། ཚོགས་དྲུག་གི་སྣང་བ་གང་ཤར་སྟོང་པ་ཉིད་ཡིན་པས། སྤང་བླང་རེ་དོགས་དགག་སྒྲུབ་གང་ཡང་མི་བྱེད་པར་རང་ཞི་རང་གྲོལ་དུ་སྐྱོང་བ་ན། སེམས་གནས་ཀྱི་རྟགས་རིམ་པར་འབྱུང༌། དེ་ནས་ཁྲིད་གཞུང་རྣམས་ལས་བྱུང་བ་ལྟར་སེམས་ཚོལ་བྱས་པས་རང་བཞིན་གདོད་ནས་སྤྲོས་པ་དང་བྲལ་བ་ལ་ཐག་ཆོད་སྐྱེ་ཞིང༌༑ གནས་ལུགས་སྤྲོས་བྲལ་དེ་ལ་ངོ་ཤེས་གཅིག་པུ་མ་གཏོགས་ལོགས་སུ་བསྒོམ་རྒྱུ་མེད་པས་འབྲལ་མེད་ཀྱི་དྲན་པ་བསྟེན། དེའང་མ་བཅོས་སོ་མ་དང་། གང་ཤར་གཉུག་མར་གསུངས་པས། རང་སེམས་གསལ་སྟོང་འཛིན་མེད་དེ་ཉིད་གནས་འགྱུ་དགའ་སྡུག་ཅི་ལྟར་ཤར་བ་དེ་ཀ་མ་བཅོས་པར་སྐྱོང་བ་ལས། སྤང་བྱ་དང་གཉེན་པོའི་རྩོལ་བས་མི་འཆིང་བར་རྟེན་མེད་རིག་པ་སྒོམ་མེད་དུ་འཇོག་པས་ཐེག་ཆེན་ཞི་ལྷག་མཐར་ཕྱིན་པ་འབྱུང་སྟེ། དེ་དག་གི་སྐབས་སུ་ཉམས་ཀྱི་འཆར་སྒོ་དང་ལམ་གྱི་ཡོན་ཏན་ཇི་ལྟར་སྐྱེས་ཀྱང་མ་ཆགས་ཤིང་མ་ཞེན་པར་རང་ངོ་ཤེས་པར་བྱ་བ་ནི་གནད་ཟབ་མོའོ། །ངག་ཏུ་ཡང༌། གཞི་སྟོང་པ་ཉིད་དོ། །ལམ་མཚན་མ་མེད་པའོ། །འབྲས་བུ་སྨོན་པ་མེད་པའོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱའོ། །གསུམ་པ་ཞི་ལྷག་གི་ཏིང་ངེ་འཛིན་ཅི་རིགས་སྐྱེས་པ་ན་འཁོར་ལོ་མཐའ་མ་དང་རྡོ་རྗེ་ཐེག་པའི་རྗེས་སུ་མཐུན་པར་ཡོད་མེད་ལ་སོགས་པའི་ཤན་ལེགས་པར་ཕྱེ་ཞིང་ངོ་སྤྲད་པ་ནི། གསུང་རབ་གཞུང་འགྲེལ་རྣམས་ལ་གོ་བ་རགས་རིམ་ཡོད་ན་དེ་ཀས་འཐུས་ལ། མེད་ན་རི་ཆོས་ངེས་དོན་རྒྱ་མཚོ་ཙམ་ཞིག་ལུང་འབོག་པ་དང༌། ལྟ་རྟོག་ཅི་ནུས་སུ་བྱས་པས། སེམས་ཀྱི་ངོ་བོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། རང་བཞིན་གྱིས་འོད་གསལ་བ། དེ་བཞིན་གཤེགས་པའི་སྙིང་པོ། དེ་བཞིན་ཉིད་དང༌། ཕྱག་རྒྱ་ཆེན་མོ་དང་། ཨ་ཧཾ་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཡང་འགལ་འདུའི་སྐྱོན་གྱིས་མ་རེག་པར་ཁོང་དུ་ཆུད་ནས། ཇི་སྐད་དུ། སངས་རྒྱས་ཀྱི་གསུང་ཐམས་ཅད་ལས་ནི་སྟོང་པ་ཉིད་དང་བདག་མེད་པ་སྟོན་ཏོ། །སྟོང་པ་ཉིད་དང་བདག་མེད་པའི་དོན་མི་ཤེས་པའི་མི་བླུན་པོ་རྣམས་ནི་ཉམས་པར་འགྱུར་རོ། །ཞེས་པའི་སྐྱོན་ལས་གྲོལ་ཏེ། བདེན་པ་གཉིས་དང་རྟོན་པ་བཞི་ལ་བརྟེན་ནས་རྒྱལ་བའི་གསུང་རབ་ངེས་དོན་མཐར་ཐུག་པ་རྣམས་དང་རང་གི་ཉམས་སུ་མྱོང་བྱའི་ཡེ་ཤེས་བརྡ་འཕྲོད་དེ་ལམ་བསྒོམ་པ་དོན་ཡོད་པར་འགྱུར་རོ། །དེ་ལྟར་ཀུན་བརྟག་གློ་བུར་བའི་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྤྲིན་གྱི་འདུ་འགོད་ལྟར་སྟོང་ཡང༌། ཆོས་ཉིད་བདེ་གཤེགས་སྙིང་པོ་གསལ་རིག་རྒྱུན་ཆད་མེད་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་ནས་ཉམས་སུ་བླང་བ་ནི། སྐྱབས་སེམས་གོང་ལྟར་བྱ། རྗེ་བཙུན་སྒྲོལ་བའི་མགོན་པོའི་གསུང་རབ་ལས་བྱུང་བ་ལྟར་བླ་མ་སངས་རྒྱས་རྗེས་དྲན་ཐུན་གཅིག་བསྒོམས་ལ་མཐར། དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ། །དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་ངག་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ༑ ༑ཞེས་དང༌། སངས་རྒྱས་ཀྱི་རང་བཞིན་ནི་འདུས་མ་བྱས་པས་རྟག་པ་ཞེས་བྱའོ། །ནམ་མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་ནི་རྟག་པའོ། །རྟག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ། །ཞེས་ཡང་ཡང་བརྗོད་ལ། དོན་དམ་གྱི་དཀོན་མཆོག་གསུམ་རྟག་ཏུ་རྗེས་སུ་དྲན་པར་བྱའོ། །དེ་ནས་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་མེད་ལ་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་ཀུན་རྫོབ་འཁྲུལ་པ་སེམས་ཙམ་དུ་རྟོགས་པ་དེ་སྣང་མེད་དབུ་མས་གཞིག་ཅིང༌། དེ་ལས་ཀྱང་འདས་ནས་སྣང་བཅས་དབུ་མས་དེ་ཁོ་ན་ཉིད་ཀྱི་ཚུལ་མ་ནོར་བ་ལ་འཇུག་དགོས། དེ་ལ་ཡང་དག་པའི་དམིགས་པ་གང་ཞེ་ན། ནམ་མཁས་མ་ཁྱབ་པའི་འབྱུང་བ་བཞི་མེད་པ་ལྟར་སངས་རྒྱས་ཆོས་ཀྱི་སྐུས་མ་ཁྱབ་པའི་ཤེས་བྱ་མེད་པ་དང༌། སངས་རྒྱས་དང༌། བདག་དང༌། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བཟང་ངན་ཆེ་ཆུང་མཐོ་དམན་ལ་སོགས་པའི་དབྱེ་བ་མེད་པ་དང༌། སངས་རྒྱས་ཀྱི་ཆོས་བསྐྱེད་པར་ནུས་པ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པ་རང་བཞིན་གནས་པའི་རིགས་སམ་ཁམས་དེ་ཉིད་སྲོག་དབུགས་ཀྱིས་བསྡུས་པའི་སྐྱེ་འགྲོ་ཐམས་ཅད་ལ་ཡོད་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསལ་གདབ་པའི་ཕྱིར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་བརྗོད། དག་པ་རྣམས་ཀྱི་ཆོས་ཀྱི་སྐུ། མ་དག་ཅིང་དག་པ་རྣམས་ཀྱི་དེ་བཞིན་ཉིད། མ་དག་དག་པ་རྣམས་ཀྱི་རིགས་དེ་ཉིད། ཚུལ་འདི་ལྟར་དུ་ཡོད་དེ། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་བརྗོད་ཅིང་དོན་བསམ། ལས་དང་རྒྱུ་དང་འབྲས་བུ་དང༌རྣམ་པར་སྨིན་པ་དང་། ཉོན་མོངས་པ་དང༌། ཕུང་ཁམས་སྐྱེ་མཆེད་རྟེན་ཅིང་འབྲེལ་བར་འབྱུང་བ་སོགས་རྣམ་པར་དབྱེ་བ་ཅན་ཐམས་ཅད་དོན་དམ་དུ་ཡོད་མ་མྱོང་བར་མ་ཟད། ཀུན་རྗོབ་ཏུའང་ལྡན་ལ་མ་གོས་པར་བཞུགས་ཤིང༌། རང་བྱུང་གི་མཚན་དཔེ་སྟོབས་དང་མི་འཇིགས་པ་དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། བྱམས་པ་དང་སྙིང་རྗེ་ཆེན་པོ་དང༌། རྡོ་རྗེ་ལྟ་བུ་ལ་སོགས་པའི་ཏིང་ངེ་འཛིན་དང༌། ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ཚད་མེད་པ་སོགས་རྣམ་པར་དབྱེར་མེད་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་ལྷག་པ་ནི་གདོད་ནས་རང་ཆས་སུ་བཞུགས་པས་མི་སྟོངས་སོ་ཞེས་དྲི་མ་འབྲལ་རུང་དང་། ཡོན་ཏན་སྐྱེ་རུང་གི་གཞི་ལ་ཡིད་ཆེས་པས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འོད་གསལ་བྱས་མིན་དབྱེར་མེད་པ། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་དང་། །ཅེས་གསལ་གདབ། དེའང་ཉན་ཐོས་དང་རང་རྒྱལ་ལ་སོགས་པས་ནི་བདེ་བ་ལ་སྡུག་བསྔལ། རྟག་པ་ལ་མི་རྟག་པ། བདག་ལ་བདག་མེད་པ། གཙང་བ་ལ་མི་གཙང་བར་ལྟ་སྟེ། རྒྱལ་བས་གསུངས་པའི་ཚིག་ཤེས་ཀྱི་དོན་ནི་མི་ཤེས་སོ། །དེ་ལ་དོན་ནི་འདི་ལྟ་སྟེ། བདག་མེད་པ་ནི་འཁོར་བ་ཞེས་བྱའོ། །བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །རྟག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ༑ ༑སྡུག་བསྔལ་བ་ནི་མུ་སྟེགས་ཅན་ཐམས་ཅད་དོ། །བདེ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །ཡོངས་སུ་མ་དག་པ་ནི་འདུས་བྱས་ཀྱི་ཆོས་སོ། །ཡོངས་སུ་དག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་ཆོས་ཏེ། རང་གི་སེམས་ཉིད་བདེ་གཤེགས་སྙིང་པོ་ནི་ཕྱིན་ཅི་ལོག་ལས་འདས་པ་ཡང་དག་པའི་ཆོས་བཞི་པོ་འདི་དང་ལྡན་ནོ་སྙམ་དུ་བསམས་ལ། དེ་ནི་རང་བཞིན་དག་ཕྱིར་དང༌། །བག་ཆགས་སྤངས་ཕྱིར་གཙང་བ་ཡིན། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །ཅེས་གསལ་གདབ། དེ་ལྟ་བུའི་ཁྱད་གཞི་བདེ་གཤེགས་སྙིང་པོ། ཁྱད་ཆོས་སངས་རྒྱས་ཀྱི་བྲལ་བའི་ཡོན་ཏན་དུ་མ་དང་བཅས་པ་ད་ལྟ་རང་རིག་པའི་ཡེ་ཤེས་གསལ་ལ་མ་འགག་པ། གཉུག་མ་ལྷན་ཅིག་སྐྱེས་པ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་མྱོང་བ་འདི་ཉིད་སྦྱང་གཞིར་བཞུགས་པ་ལ། སྦྱང་བྱ་གློ་བུར་བའི་དྲི་མ་དག་ནས། སྦྱངས་འབྲས་རང་ལ་བཞུགས་པའི་གནས་ལུགས་དེ་ཉིད་མངོན་དུ་གྱུར་པ་ནི་དྲི་བྲལ་ཆོས་སྐུ་ཞེས་བཏགས་ཏེ། འཁོར་འདས་ཀུན་གྱི་རྣམ་པ་ཐམས་ཅད་པར་འཆར་ཡང༌། ཤར་ཙམ་ཉིད་ནས་གཞི་ལས་མ་གཡོས་པ་དྲི་མ་མེད་པའི་ཤེལ་གོང་ལ་གཟུགས་བརྙན་གྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང༌། སྣང་ཙམ་ཉིད་ནས་ཤེལ་དང་གཟུགས་བརྙན་མ་འདྲེས་པ་ལྟར། རང་རིག་གསལ་སྟོང་རྗེན་པར་བུད་པ་ལ་འཁོར་འདས་ལམ་གསུམ་གྱི་སྣང་བ་ཅི་ལྟར་ཤར་ཡང༌། རང་ཤར་རང་གྲོལ་ངོ་བོ་ལ་ནམ་ཡང་གོས་པ་མེད་པས། ལྟ་བ་དང་ཉེས་པའི་བག་ཆགས་བསལ་བར་བྱ་བ་ཅིའང་མེད་ཅིང༌། སྔར་མེད་ཀྱི་ཁྱད་ཆོས་གསར་དུ་ཅིའང་བསྣན་དགོས་པའང་མེད་པས་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ལ་མཉམ་བཞག་གི་དངོས་གཞིར་བྱས་ནས་ཐུན་ཅི་རིགས་སུ་བསྒོམ་ཞིང་སྐབས་སུ་རྡོ་རྗེའི་ཚིག་གིས་གསལ་གདབ་པ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བརྗོད་པའམ་དོན་བསམ། འདི་དག་ཀྱང་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱིས། རང་བཞིན་བདེ་གཤེགས་སྙིང་པོ་བསྒོམ་པ་དང༌། །ཁྱད་ཆོས་རྒྱལ་བའི་ཡོན་ཏན་བསམ་པ་གཉིས། །རྣམ་རྟོག་བྲལ་བའི་ཡིད་ཀྱིས་མགོ་བསྡུས་ན། །དེ་ནི་ངེས་དོན་བདེ་གཤེགས་ལམ་མཆོག་ཡིན། །ཞེས་ཟབ་གནད་དུ་གདམས་པར་མཛད་པ་དེ་ཡིན་ནོ། །དེ་ལྟར་མཉམ་པར་བཞག་ནས་མཐར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར། རང་ལ་གདོད་ནས་རང་ཆས་སུ་བཞུགས་པའི་བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་བ་དེ་ཉིད། ཡང་དག་པའི་ལྟ་སྒོམ་གྱིས་གློ་བུར་དྲི་མ་བཅོམ་ནས་རང་ཞལ་མངོན་དུ་གྱུར་པ་ན། མངོན་པར་རྫོགས་པ་བྱང་ཆུབ་པ་ཞེས་བྱ་བ་འབྲས་བུའི་མིང་དུ་བཏགས་པ་སྟེ། རྒྱུ་ལམ་དེ་དང་ལྡན་པ་ལ་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་དེ། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད༑ ༑གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་རྟག་གནས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་ངེས་པའི་ཤེས་པ་བསྐྱེད་ནས་མཉམ་བཞག་ལས་ལྡང་སྟེ། གསུམ་པ་རྗེས་ཐོབ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་ན། སྙིང་པོའི་མན་ངག་ལེགས་པར་འདོམས་པའི་བླ་མ་ལ་ཆོས་སྐུའི་མོས་གུས་དང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས་གནས་སྐབས་རང་ངོ་འཕྲོད་མ་འཕྲོད་མ་གཏོགས་མཐར་ཐུག་ཡོན་ཏན་དྲུག་ཅུ་རྩ་བཞིའི་བདག་ཉིད་ཅན་དུ་ཤེས་པའི་དག་སྣང་རབ་འབྱམས་དང༌། དེ་ལྟར་མ་རྟོགས་པའི་སྐྱེ་འགྲོ་མཐའ་དག་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་འཁྲུལ་སྣང་ལུ་གུ་བརྒྱུད་དུ་འཕྱན་པས་སྡུག་བསྔལ་གྱི་འཁོར་ལོ་འབའ་ཞིག་བསྐོར་བ་ལ་མི་བཟོད་པའི་སྙིང་རྗེ་དང༌། དེ་ལྟར་ན་སེམས་ཅན་ཐམས་ཅད་རང་རང་གི་གཞི་ལ་བཞུགས་པའི་བྲལ་འབྲས་ཆོས་སྐུ་མངོན་ཏུ་ཐོབ་པའི་ཕྱིར༑ ཐེག་ཆེན་སྨོན་འཇུག་གི་སེམས་བསྐྱེད་དང་ལྡན་པས་རང་གཞན་གྱི་མི་དགེ་ཆ་དང་བཅས་པ་གདོད་ནས་སྟོང་ཉིད་དུ་རྟོགས་པའི་སྒོ་ནས་སྤང་བ་དང༌། ང་རྒྱལ་དང་རློམ་སེམས་བྲལ་བས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ཕྱོགས་སུ་གཏོགས་པ་བཅས་དགེ་བ་ཅི་འགྲུབ་ཏུ་བསྒྲུབ་པ་དང༌། བདག་དང་སེམས་ཅན་དུ་མངོན་པར་མ་ཞེན་པའི་སྒོ་ནས་དངོས་དང་བརྒྱུད་དུ་སེམས་ཅན་ལ་ཕན་ཅི་ཐོགས་ལག་ལེན་དུ་གདབ་པ་དང༌། ཀུན་བཏགས་ཀྱིས་བསྡུས་པའི་ཕྱི་ནང་རྟེན་འབྲེལ་གྱི་ཆོས་ཐམས་ཅད་སྣང་ཡང་བདེན་པའི་ངོ་བོས་སྟོང་པ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པ་དང༌། ཁྱད་པར་དུ་བསོད་ནམས་མ་བསགས་པ་ལ་ལོག་པར་ལྟ་བ་ལ་སོགས་པའི་ཉེས་དམིགས་མང་པོ་འབྱུང་ཞིང༌། ཡང་དག་པའི་ལྟ་བ་རྟོགས་པར་བྱེད་པ་ལ་ཚོགས་བསགས་དགོས་པར་གསུངས་པས། ཁ་ན་མ་ཐོ་བ་དང་བྲལ་ཞིང་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་དགེ་བའི་ལས་སུ་འགྱུར་བ་སྤྱི་དང༌། ཕྱག་བསྐོར་སཱཙྪ་མར་མེ་འབུལ་བ་ཡན་ཆད་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའི་རྒྱུ་རུ་བསྔོ་བ་དང༌། དཀོན་མཆོག་གསུམ་རྟག་པ་ལ་ཡིད་ཆེས་པས་རྟེན་བཞེང་མཆོད་བསྟོད་སོགས་མཉེས་པ་སྒྲུབ་པ་སྤྱི་དང༌། ཁྱད་པར་ཡན་ལག་བདུན་པ་གྲངས་སུ་མ་བཅད་པར་ཅི་ནུས་འབུལ། སྐབས་སྐབས་སུ་ངེས་དོན་སྙིང་པོའི་མདོ་སྡེ་ཉི་ཤུ་ལུང་འབོགས་པ་དང༌། ཁ་ཏོན་དུ་བགྱིད་པ་དང༌། དོན་བསམ་ཞིང་གཞན་ལ་འཆད། རྒྱུད་བླ་མ་དང༌། རི་ཆོས་ངེས་དོན་རྒྱ་མཚོ་སོགས་དགོངས་འགྲེལ་ཚད་ལྡན་རྣམས་ལའང་རྟོག་པ་བཅུག་སྟེ། ཐོས་བསམ་གྱིས་སྒོམ་པ་མ་འཕྲོག་ཅིང༌། སྒོམ་པས་ཐོས་བསམ་མ་བཅོམ་པར་རང་བཞིན་གནས་རིགས་མངོན་དུ་འགྱུར་བའི་ཕྱིར་མཉམ་བཞག་ཡེ་ཤེས་ཀྱི་ཚོགས་དང༌། རྒྱས་འགྱུར་གྱི་རིགས་གོང་དུ་སྤེལ་བའི་ཕྱིར་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་ཟུང་དུ་འཇུག་པར་བྱ། ཟབ་མོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཅུང་ཟད་ཅིག་སྐྱེས་ཀྱང་འདུས་བྱས་ཀྱི་དགེ་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང་ས་ཆོད་དེ་ཆེ་བས་མཉམ་བཞག་གཙོ་བོར་བཏོན། ཏིང་ངེ་འཛིན་ལྟར་སྣང་སྐྱེས་པ་ལས་ནི་རྒྱལ་བའི་གསུང་རབ་རྣམ་པར་དག་པ་ཐོས་བསམ་བྱུང་ན་ཕུགས་ཀྱི་གཞན་དོན་དེ་ཆེ་སྟབས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པས་གཅིག་གོ་གཅིག་གིས་མ་འགགས་པར་བྱ། སྤྱོད་ལམ་ཀུན་ཏུ་དྲན་པ་དང་ཤེས་བཞིན་མི་འབྲལ་བར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་ཟིན་པར་བྱ༑ ནམ་ཞིག་འཆི་བའི་ཚེ་ཀུན་མཁྱེན་དོལ་པོ་པའི་འཕོ་བའི་མན་ངག་ཁྱད་དུ་འཕགས་པ་ལྟར་རྣམ་ཤེས་གཞིའི་འོད་གསལ་ལ་འཇུག་པའི་ཚུལ་ལག་ཏུ་ཐེབས་དགོས་པས་ད་ལྟ་ནས་གོམས་འདྲིས་བྱ། དེ་ལྟར་ན་རྣལ་འབྱོར་པའི་རིག་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་འོད་གསལ་བ་ལ་ཐིམ་པས་གདོད་ནས་བཞུགས་པའི་ཆོས་ཀྱི་སྐུ་གློ་བུར་དྲི་མའི་སྦུབས་ལས་གྲོལ་ཏེ། ཤིན་ཏུ་ངོ་མཚར་རྨད་དུ་གྱུར་པའི་སྐུ་དང་ཡེ་ཤེས་ཡོན་ཏན་མཛད་པ་ཕུན་སུམ་ཚོགས་ཤིང་ཚད་མེད་གཞལ་དུ་མེད་པའི་བདག་ཉིད་ནམ་མཁའ་ལྟར་རྒྱ་ཆེ་ཞིང༌། ནོར་བུ་དཔག་བསམ་གྱི་ཤིང་ལྟར་སེམས་ཅན་རྣམས་ཀྱི་འདོད་དགུའི་འབྱུང་གནས་སུ་གྱུར་ཏེ། འཁོར་བ་ཇི་སྲིད་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་རྒྱུན་མི་ཆད་དུ་འབྱུང་བར་འགྱུར་ལ། དེ་ལྟར་མྱུར་དུ་འགྲུབ་པའི་ཕྱིར་བཟང་པོ་སྤྱོད་པ་སོགས་ཐེག་ཆེན་བསྔོ་སྨོན་སྤྱི་དང༌། འདིའང་ཐུན་མཚམས་སུ་གདབ་པར་བྱ་སྟེ། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། །ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་ཆོས་སོགས། །སེམས་ཅན་དོན་བྱེད་ཆོས་རྣམས་དང་ལྡན་ཤོག །རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དྲུག་ཅུ་རྩ་བཞི་མྱུར་ཐོབ་ཤོག །གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང༌། །དེ་འདུལ་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་རྟག་ལྷུན་གྱིས་གྲུབ་པར་འཇུག་པར་ཤོག །དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་ཕྲིན་ལས་ཏེ། །དོན་གནས་རྣམ་བདུན་ཐོས་བསམ་བསྒོམས་ལས་བདག་གིས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་འདིས་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང༌། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་རེ་དོགས་མེད་པའི་སྨོན་ལམ་དང་། འཁོར་གསུམ་མི་རྟོག་པའི་བསྔོ་བས་རྒྱས་འདེབས་པར་བྱའོ། །གཉིས་པ་ལྟ་བ་དེ་ཉིད་སྔགས་དང་འབྲེལ་བར་ཉམས་སུ་ལེན་པའི་ཚེ་ནའང་གོ་བར་བྱ་རྒྱུ་དང༌། དངོས་གཞི་གཉིས་ལས། དང་པོ། ཕྱི་འཇིག་རྟེན་སྣོད་བཅུད་སྲིད་པ་གསུམ་གྱི་རྣམ་པར་ཤར་བ་འདི་དག་བཞིན་གྱི་བྱད་མེ་ལོང་ལ་འཕོས་པ་བཞིན་དུ། ནང་རྩ་རླུང་ཐིག་ལེའི་ཆོ་འཕྲུལ་དུ་ཤར་བ་ཡིན་ཞིང་། དེ་གསུམ་ཡང་གཞན་མཆོག་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་བཞུགས་ལ། དེ་ཐམས་ཅད་ཀྱང་། དེ་ཁོ་ན་ཉིད་བདེ་གཤེགས་སྙིང་པོའི་རང་འོད་རང་མདངས་ཆོས་ཀྱི་སྐུ་ཉིད་རྣམ་པ་ཐམས་ཅད་པར་ཤར་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས། དོན་དམ་ཆོས་ཀྱི་དབྱིངས་བདེ་སྟོང་ཟུང་འཇུག་རང་བཞིན་འགྱུར་བ་མེད་ལ་རྒྱུན་མི་ཆད་པས་རྒྱུད་ཀྱི་དོན་དུ་གསུངས་ཤིང༌། དེའང་གཞིའི་གནས་སྐབས་དྲི་བཅས་དེ་བཞིན་ཉིད་ལ་རྒྱུའི་རྒྱུད་དང༌། ལམ་དུས་ཆོས་ཉིད་དོན་ནི་རིམ་པར་སྣང་བ་ལ་ལམ་ཐབས་ཀྱི་རྒྱུད་དང༌། དག་པ་གཉིས་ལྡན་མངོན་དུ་འགྱུར་བ་ན་ཤིན་ཏུ་རྣམ་དག་འབྲས་བུའི་རྒྱུད་ཅེས་བྱ་སྟེ། ལྟ་བ་ཐུན་མོང་མ་ཡིན་པ་དེ་ཉིད་ཀུན་རྫོབ་ཀྱི་སྟོང་ཚུལ་ལ་མཆོག་ཏུ་འཛིན་པ་རྣམས་ཀྱིས་ཕྱོགས་ཙམ་མི་མཐོང་བ་ལྟ་ཅི་སྨོས། གོང་སྨོས་མདོ་ལུགས་རང་རྐང་གི་ལམ་དེས་ཀྱང་ཡུན་རིང་པོར་འགོར་བ་ཡིན་པས། དབང་དང་དམ་ཚིག་གིས་ཁྱད་པར་དུ་བྱས་པའི་སྔགས་ཀྱི་ལམ་མཐའ་དག་ལས་ཁྱད་པར་དུ་འཕགས་པ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་ལ་མཉམ་པར་བཞག་པ་ན་དུས་ཐུང་ངུར་ཚེགས་ཆུང་ངུས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་དངོས་གཞི་ཉམས་སུ་ལེན་པ་ན། འགྲེལ་ཆེན་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབས་ཤིང་གཙུབས་གཏན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར། རང་བཞིན་འོད་གསལ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དེ་ཉིད། ངོ་བོའི་ཆ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། རང་བཞིན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོར་བཞུགས་ལ། དེ་ནི་རྟོག་བཅས་ཀྱི་སྒོམ་པ་སྣ་ཚོགས་པས་ཀྱང་མི་མཐོང་ལ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་བྱེད་པ་བཅིངས་པའི་ཐབས་ཁྱད་པར་ཅན་གྱིས་པྲ་ཕབ་པའི་གཟུགས་བརྙན་ལྟར་མཐོང་བར་འགྱུར་བས། ཐོག་མར་སོར་སྡུད་དང་བསམ་གཏན་ལ་བརྟེན་མུན་པའི་རྣལ་འབྱོར་གྱིས་དུ་བ་དང༌། སྨིག་རྒྱུ་དང༌༑ མཁའ་སྣང་དང༌། མར་མེའི་མཚན་མ་མཐོང་ལ། སྤྲིན་མེད་པའི་ནམ་མཁར་ཉིན་མོའི་རྣལ་འབྱོར་གྱིས་འབར་བ་དང༌། ཟླ་བ་དང༌། ཉི་མ་དང༌། རྡོ་རྗེ་སྒྲ་གཅན་དང༌། མཆོག་གི་ཆ་སྟེ་གློག་དང་། ཐིག་ལེའི་བར་དུ་རྟགས་བཅུ་ཡོངས་སུ་རྫོགས་པའི་སྟོང་གཟུགས་དེ་དག་ཡུལ་དུ་བྱས་ནས་ཉིན་དང་མཚན་དུ་མཉམ་པར་བཞག་པས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཁམས་གསུམ་པའི་རྣམ་པ་མཐའ་དག་ཅན་དུ་ཤར་བ་ཉམས་སུ་མྱོང༌། དེ་ནས་སྲོག་རྩོལ་དང་འཛིན་པའི་ཡན་ལག་ལ་བརྟེན་ཞུ་བདེ་དྲངས། རྗེས་དྲན་དང་ཏིང་ངེ་འཛིན་གྱིས་མཆོག་ཏུ་མི་འགྱུར་བའི་བདེ་བ་མཐར་ཐུག་པ་བསྒྲུབས། འཕོ་བའི་བག་ཆགས་ཀྱི་དབུགས་བཀག་པས་ཀུན་རྫོབ་ཀྱི་འཁྲུལ་སྣང་བཙན་ཐབས་སུ་འགགས་ནས། དག་པའི་སྣང་བ་གཞོམ་དུ་མེད་པ་མཐའ་དང་མུ་མེད་པར་མཆེད་དེ། གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་སོན་པ་དྲི་བྲལ་ཆོས་སྐུ་མཁའ་ཁྱབ་དང་པོའི་སངས་རྒྱས་གདོད་ནས་རང་ལ་
བྱེད་པ་ཟབ་མᨖའི་ལྟ་བ་ཕྱིན་ཅི་མ་ལོག་པ་ཞིག་ལ་བརྟེན་དགོས་ཤིང༌། དེའང་ཉན་ཐོས་པས་གང་ཟག་བདག་མེད། རང་རྒྱལ་བས་གཟུང་བ་བདེན་མེད། རྣལ་འབྱོར་སྤྱོད་པས་གཉིས་སྟོང་ཡེ་ཤེས། དབུ་མ་ཐུན་མᨖང་བས་ཆོས་ཀུན་རང་རང་གི་ངོ་བᨖས་སྟོང་པར་གཏན་ལ་ཕབ་པའི་དᨖན་བསྒོམས་པས་ཉམས་སུ་མྱོང་བ་ཡིན་ཀྱང༌། སེམས་དང༌། འདུ་ཤེས་དང༌། ལྟ་བ་ཕྱིན་ཅི་ལོག་གསུམ་གྱིས་ཀུན་ནས་དཀྲིས་པས་གཉིས་མེད་ཡེ་ཤེས་གཏན་ལ་མ་ཕེབས་པར་སངས་རྒྱས་དང་ཁ་ཐག་རིང་བའོ། །འོ་ན་གཉིས་མེད་ཡེ་ཤེས་དེ་སུ་ཞིག་གིས་ཉམས་སུ་མྱོང་ཞེ་ན། མཚན་ཉིད་པ་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་ཤིང༌། རྗེས་མཐུན་པ་སᨖ་སᨖའི་སྐྱེ་བᨖ་ཐོས་བསམ་སྒོམ་པ་ཐུན་མིན་གྱིས་རྒྱུད་སྦྱངས་པ་རྣམས་ཀྱིས་སᨖ། །ཕྱི་མ་དེ་ལའང་གཉིས་ཏེ། ངོ་བᨖ་ཉིད་མེད་པར་སྨྲ་བ་རྣམས་ཀྱིས་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རི་བᨖང་གི་རྭ་དང་མᨖ་གཤམ་གྱི་བུ་ལྟར་གནས་ལུགས་ལ་ཅིའང་མི་དམིགས་ཤིང་གང་དུའང་མ་གྲུབ་པའི་སྟོང་ཉིད་དེ། རྟེན་འབྲེལ་དུ་སྣང་ལ་མ་འགགས་པ་ཤར་བ་དབུ་མའི་རིགས་ཆེན་ལྔས་ཐག་ཆོད་པར་བྱས་ཏེ། དངོས་གཞིའི་ཚེ་གཙུབས་ཤིང་དང་གཙུབ་གཏན་གཉིས་ཀའང་མེས་བསྲེགས་ནས་མཐར་མེ་ཉིད་རང་ཡལ་དུ་སᨖང་བ་ལྟར། ཞེན་རྟོག་སᨖར་རྟོག་གིས་གཞལ་ཟིན་ནས། སᨖ་སᨖར་རྟོག་པའི་ཤེས་རབ་ཉིད་ཀྱང་དམིགས་མེད་དུ་འཇོག་སྟེ། ཅིར་ཡང་མི་སེམས། གང་དུའང་ཡིད་ལ་མི་བྱེད།  
བཞུགས་པ་དེ་ཉིད་མངོན་དུ་འགྱུར་རོ། །དེ་དག་གི་སྐབས་སུ་གྲོགས་དམ་ཚིག་དང་སྤྱོད་པ་རྣམ་པར་དག་པ་དགོས་ཤིང༌། དེའི་ཚུལ་ནི་ཆོས་རྗེ་ཡབ་སྲས་ཀྱི་གསུང་དང་། བླ་མའི་མན་ངག་ལྟར་ཁོང་དུ་ཆུད་ནས་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །གསུམ་པ་ཕན་ཡོན་ནི། དེའང་རྩོད་པའི་མཐར་སྙིགས་མ་ལྔ་བདོ་བས་ལྟ་བའི་སྙིགས་མ་ཉི་ཤུ་རྩ་བརྒྱད་འབྱུང་ལ། སེམས་ཅན་རྣམས་བསོད་ནམས་ཆུང་བས་ངེས་དོན་སྙིང་པོའི་མདོ་སྡེ་རྣམས་ལ་མི་གུས་ཤིང༌༑ དེ་དག་ལས་གསུངས་པའི་དོན་མི་བསྒོམ་པར་སྙོམས་ལས་སུ་བྱེད་པ་མ་ཟད། ཁ་ཅིག་སྙིང་པོའི་མདོ་སྡེ་རྣམས་ལ་ཡིད་མི་ཆེས་པས་ལོག་པར་ལྟ་བའི་རྒྱུ་དེས་ངན་འགྲོའི་གཡང་ས་ཆེན་པོར་ལྷུངས་ཏེ་ཐར་པའི་དཔྱངས་ཐག་ཆད་པར་གསུངས་པས། དེ་ལས་ལྡོག་པ་ནི་ཕན་ཡོན་ཡིན་ལ། སྦྱིན་པ། ཚུལ་ཁྲིམས། བསམ་གཏན་ཁྱད་པར་དུ་འཕགས་པ་བསྐལ་བ་དུ་མར་བསྒྲུབས་པ་ལས། ཟབ་མོའི་ཆོས་འདི་ཐོས་པའི་ཕན་ཡོན་ཆེ་བ་རྒྱུད་བླ་མར་གསུངས་ཤིང༌། སྤྱིར་ཐེག་ཆེན་ལ་མོས་པའི་ཕན་ཡོན་ནི། མདོ་ལས། གང་ལ་ལ་ཞིག་ཐེག་པ་ཆེན་པོ་ལ་མོས་པ་རབ་ཏུ་སྐྱེད་པར་འགྱུར་བ་དེ་ནི་བསྐལ་པ་སྟོང་ཕྲག་གཅིག་ཏུ་ངན་འགྲོར་འགྲོ་བར་མི་འགྱུར་རོ། །བསྐལ་པ་སྟོང་ཕྲག་ལྔར་བྱོལ་སོང་དང་ཡི་དྭགས་སུ་མི་སྐྱེ། བསྐལ་པ་སྟོང་ཕྲག་ཉི་ཤུ་རྩ་ལྔར་ལྷའི་འཇིག་རྟེན་དང་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་དང༌། ཡུམ་ལས། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང༌། ནམ་འཚོ་བའི་བར་དུ་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོད་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བ་དང༌། ཐོས་པ་བསྐལ་པའི་བར་དུ་བྱེད་པ་བས་ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་ཤེར་ཕྱིན་བསྒོམས་པས་བསོད་ནམས་ཆེ་བར་གསུངས། ཁྱད་པར་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། སེན་མོའི་རྡུལ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུ་ནི། ས་ཆེན་པོའི་རྡུལ་དང༌། རྒྱ་མཚོ་བཞིའི་ཆུ་དང་བསྒྲུན་ན་བརྒྱ་སྟོང་འབུམ་གྱི་ཆ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ། །དེ་བཞིན་དུ་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་སྒོམ་པའི་རྣམ་པ་ལ་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་ཀྱི་རྣམ་པ་གང་བཤད་པ་དེ་ནི། ངེས་པའི་དོན་གྱི་མདོ་སྡེ་ལ་མོས་ཤིང་སྒོམ་པའི་བསོད་ནམས་ཀྱི་ཆར་ཡང་མི་ཉེ་དཔེ་དང་རྒྱུར་ཡང་མི་བཟོད་པར་གསུངས། གཞན་ཡང་མདོ་ལས། ང་ནི་མྱ་ངན་འདས་ཕྱི་ནས། །མི་ཡི་ནང་ནས་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཡོད་དོ་ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། །ཞེས་དང༌། སོར་ཕྲེང་གི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བྱེད་པ་ནི་ཉོན་མོངས་པ་དང་བཅས་པའམ་ཉོན་མོངས་པ་མེད་པའམ་སུ་ཡང་རུང་སྟེ་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐོས་པས་དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང༌༑ མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང༌། འཚེ་བ་མེད་པ་དང༌། ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ་བརྟན་པ་གཡུང་དྲུང་ཐེར་ཟུག་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ཐོས་པས་ཐམས་ཅད་འབྱོར་ཞིང་ཡུན་རིང་དུ་སྲ་བ་དང་བརྟན་པར་འགྱུར་རོ། །ཞེས་དང༌། མྱང་འདས་ཆེན་པོ་ལས། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་པར་བྱེད་པའི་སེམས་ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་ནི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང༌། རིམས་ཀྱིས་བཏབ་པ་དང་ཟུག་རྔུ་དང་སྐུར་པ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་ཏུ་ཡིད་ཆེས་ན་གང་ཟག་དེ་ནི་མེ་ཏོག་ཨུ་དུམྺ་ར་ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ལས་འདས་ནས། གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་ལྟུང་བར་མི་འགྱུར་བར་རིག་པར་བྱའོ། །ཞེས་དང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྟག་གོ །དམ་པའི་ཆོས་ནུབ་པར་མི་འགྱུར་རོ། །དགེ་འདུན་མེད་པར་མི་འགྱུར་རོ། །སྙམ་དུ་ཤེས་པ་ལ་བརྩོན་པར་བྱས་ན། དེ་དག་ཀྱང་ང་དང་འདྲ་བར་སངས་རྒྱས་ཀྱི་གནས་སུ་བལྟ་བར་བྱའོ། །ཞེས་དང༌། དཔེར་ན་ཉི་མ་ཤར་ན་ལྷོ་བུར་མེད་པར་འགྱུར་བ་བཞིན་དུ་སྙིང་པོའི་མདོ་འདི་ཐོས་པ་ཙམ་གྱིས་ཕས་ཕམ་པ་དང༌། མཚམས་མེད་པའི་སྡིག་པའི་ཕུང་པོ་མྱུར་དུ་བྱང་བར་འགྱུར་བ་དང༌། གཞན་གྱི་འགྲན་ཟླའམ། གཞན་གྱིས་བྱེད་དུ་བཅུག་པའམ། རྙེད་བཀུར་ཚིགས་སུ་བཅད་པའི་དོན་དུ་ཡང་རུང༌། བདག་ལ་བྱང་ཆུབ་མི་དགོས་སྙམ་ནས་སེམས་མ་བསྐྱེད་ཀྱང་སྙིང་པོའི་མདོ་འདི་ཐོས་པ་ཙམ་གྱིས་དེའི་ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་དུ་བྱང་ཆུབ་ཀྱི་རྒྱུ་སོས་ཀའི་ཉི་རྡུལ་བཞིན་དུ་འཇུག་པ་དང༌། སྔོན་སངས་རྒྱས་ཀྱིས་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་ཆོས་འདི་ལ་མི་སྐུར་ཅིང་མོས་པར་འགྱུར་བ་དང༌། སངས་རྒྱས་ཀྱིས་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ལ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་མདོ་འདི་འཛིན་འཆང་ཀློག་འདོན་བྱེད་ཅིང་གཞན་ལ་ཡང་གླེགས་བམ་དུ་འབྲི་བ་དང༌། འཛིན་འཆང་ཀློག་པར་བསྐུལ་ཞིང་དོན་ཡང་སྟོན་ནུས་པ་སོགས་རྒྱ་ཆེར་གསུངས་སོ། །མདོར་ན་ཀུན་མཁྱེན་དོལ་པོ་པས། བདེ་གཤེགས་སྙིང་པོའི་མཚན་ཐོས་པ་ཙམ་གྱིས་ཀྱང་སངས་རྒྱས་ཐོབ་པར་འགྱུར་ན། དད་ཅིང་གུས་པ་དང་མངོན་དུ་བྱས་ནས་སྒོམ་པ་ལྟ་ཅི་སྨོས། དེའི་ཕྱིར་མཁས་པ་སྙིང་རྗེ་དང་ལྡན་པ་རྣམས་ཀྱིས་རང་གི་སྲོག་ལ་སོགས་པ་དོར་ནས་ཀྱང་བསྟན་པར་བྱ་བ་དང༌། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་མེའི་འོབས་ཆེན་པོ་ལས་འབོགས་ནས་ཀྱང་བཙལ་ཅིང་ཉན་པར་བྱའོ། །ཞེས་གདམས་པར་མཛད་པ་ཉིད་སྙིང་གི་ཐིག་ལེར་བཅང་བར་བྱའོ། །བརྒྱུད་པ་ནི། ཀུན་མཁྱེན་སྒྲོལ་བའི་མགོན་པོ་ཡན་ཆད་གཞན་སྟོང་བརྒྱུད་པའི་གསོལ་འདེབས་ལྟར་ལ། རྗེ་བཙུན་ནས་རྒྱལ་ཚབ་སྣར་ཐང་བ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ༑ ཚེ་དབང་ནོར་བུ། བསྟན་པའི་ཉིན་བྱེད། བདུད་འདུལ་རྡོ་རྗེ། བྱམས་མགོན་རྫོགས་པའི་སངས་རྒྱས་པདྨ་ཉིན་བྱེད་དབང་པོའི་མདུན་ནས། རྗེ་བཅུ་གསུམ་པའི་ལྟ་ཁྲིད་ཡིག་ཆའི་སྟེང་ནས་བྱིན་རླབས་ཀྱི་རྒྱུན་བཟང་དང་དུས་ཀྱི་འཁོར་ལོའི་སྨིན་གྲོལ་བསྩལ་ཞིང་བརྒྱུད་ཚུལ་རྣམ་དག་གཞན་ཡང་ཡོད་དོ། །ཟབ་མོའི་ལྟ་བ་གསུང་རབ་ཀྱི། །ངེས་དོན་ལགས་མོད་རྟོགས་པ་ཉུང༌། །རྒྱལ་ཚབ་བྱམས་པར་འཁྲུལ་མེད་པས། །ཐེག་ཆེན་རྒྱུད་བླར་འཆད་ཉན་མཛོད། །རྡོ་རྗེའི་རྣལ་འབྱོར་ཉམས་ལེན་གྱི། །མཐར་ཐུག་ཡིན་ཀྱང་སྒོམ་པ་དཀོན། །རྒྱུད་ཀྱི་རྒྱལ་པོར་ཡིད་ཆེས་པས། །དམན་ལ་འགྲམ་ཆུ་མི་ལྡང་མཛོད། །ཀུན་བཟང་སྤྱོད་པ་བགེགས་ཆུང་ལ། །ས་ཆོད་ཆེ་ཡང་ཚུལ་ལྡན་དཀའ། །གོང་མའི་རྣམ་ཐར་དཔང་བཙུགས་ཏེ། །སོ་བྱང་བསླབ་པས་ལེགས་བསྡམས་འཚལ། །ལྟ་སྒོམ་སྤྱོད་པ་རྣམ་དག་ན། །རང་གཞན་དོན་གཉིས་མྱུར་འགྲུབ་འགྱུར། །འདི་ནི་མཁས་འདོད་རང་བཟོ་མིན། །བཀའ་དང་བསྟན་བཅོས་དགོངས་པའི་བཅུད། །དགེ་བས་བདག་དང་སེམས་ཅན་ཀུན། །ཉེས་པ་ཆེན་པོ་ལྔ་སྤངས་ཤིང༌། །ཡོན་ཏན་ཆེན་པོ་ལྔ་ཐོབ་ནས། །དོན་དམ་ཆོས་དབྱིངས་མངོན་འགྱུར་ཤོག །ཅེས་པ་འདི་དཔལ་ལྡན་ཇོ་ནང་པའི་བསྟན་འཛིན་མཁས་གྲུབ་ངག་དབང་མཚན་ཅན་ཟུང་གི་ཐུགས་བཞེད་ལྟར། སྟོང་གཞི་བདེ་གཤེགས་སྙིང་པོ་ལ་ཤེས་ནས་དད་པ་ཐོབ་པ་སྙོམས་ལས་ཀྱི་བཙུན་པ་ཡོན་ཏན་རྒྱ་མཚོས་དཔལ་ཛཾ་ཐང་གི་ཆོས་གྲྭ་ཆེན་པོར་བྲིས་པ་སྐྱེ་བ་ཀུན་ཏུ་ངེས་དོན་སྙིང་པོའི་བསྟན་པ་ལ་ཐོས་བསམ་སྒོམ་པའི་སྐལ་བ་ཅན་དུ་གྱུར་ཅིག །དགེ་ལེགས་འཕེལ།།    །།  
བདག་མེད་རྟོགས་པ་ནམ་མཁའ་ལྟ་བུའི་ངང་དུ་མི་བསྒོམ་པའི་ཚུལ་གྱིས་བསྒོམ་པ་ན་རིན་ཆེན་སྒྲོན་མ་ལ་སᨖགས་པའི་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛᨑན་གྱི་སྒོ་མང་པᨖ་སྐྱེས་པའི་ཚེ། རྣམ་པར་དག་པའི་ལུང་དང་མན་ངག་གིས་ངོ་ལེགས་པར་འཕྲོད་ན་ཕྱིན་ཅི་ལོག་གི་འཛᨑན་སྟངས་དག་ནས་ཤེས་རབ་ན་འཕར་ཏེ་ཐུན་མᨖང་མིན་པའི་དབུ་མ་ཆེན་པᨖའི་ལྟ་བ་རྟོགས་པར་འགྱུར་རོ། །འོན་ཀྱང་ཏིང་ངེ་འཛᨑན་གྱི་ཚོགས་དམ་པའི་ལེའུ་ལས། ཏིང་ངེ་འཛᨑན་ཀྱང་རབ་བརྟེན་ལ། །དེ་ལ་མངོན་པར་ཞེན་བྱེད་ན། །བྱིས་པ་ཉེར་སྤྱོད་པ་ཞེས་བྱ། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པས། རྟོག་དཔྱོད་ཀྱི་སྟོང་ཉམས་ལ་ཆོས་ཉིད་དུ་རློམས་པ་ཁ་ཅིག །དབུ་མ་ཆེན་པᨖ་ནི་ངེད་ཁᨖ་ན་ལྟར་ཡིན་གྱི་གཞན་ཐམས་ཅད་ནོར་བའོ། །ཞེས་ལམ་ཤོར་དང༌། ཁ་གཅིག་རང་གི་ངོ་བᨖ་བློ་འདས་སུ་མ་གྲᨖལ་བར་སྐྱེ་འགག་གྲངས་སུ་འདེབས་པ་ལ་ཕྱག་རྒྱ་ཆེན་པᨖར་འཁྲུལ་ཏེ་མྱོང་བ་བརྟེན་པའི་གཤིས་ཤོར་བ་གཉིས་མིང་གི་རྣམ་དཔྱོད་ཆེ་ཆུང་མ་གཏོགས་ཁམས་གསུམ་ལས་འཕགས་མི་ནུས་པར་མཚུངས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོར་འཇུག་པ་ལ་ལུང་རིགས་མན་ངག་ཕྱིན་ཅི་མ་ལོག་པར་གོ་མྱོང་རྟོགས་པ་རྡོ་རུས་འཕྲོད་པས་ཀུན་དང་མི་འགལ། ཀུན་ལས་འཕགས་པའི་ལྟ་སྒོམ་སྤྱོད་པ་གནད་དུ་ཁེལ་བ་དགོས་སᨖ། །རྣལ་འབྱོར་སྤྱོད་པ་བྱམས་ཆོས་ལ་བརྟེན་པ་དག་གིས་ནི་བཀའ་འཁᨖར་ལོ་བར་པའི་གཞུང་ལུགས་དགོངས་འགྲེལ་བཅས་པས་ཆོས་ཅན་འཁྲུལ་སྣང་གློ་བུར་བའི་སྤྲོས་པ་གཅོད་པ་སྔོན་དུ་སᨖང་ན་མཆོག་ཡིན་ཞིང༌། དེ་ཙམ་སྤྲོས་པས་མི་ལྕོགས་ན། བྱམས་ཆོས་ལྔའམ། རྒྱུད་བླ་མ་ཙམ་ལ་ནི་ངེས་པར་སྦྱང་དགོས་ལ༑ དེའང་མི་ནུས་ན། ཇི་སྐད་དུ། སེམས་ལས་གཞན་དུ་མེད་པ་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་རྟོགས་ཏེ། །བློ་དང་ལྡན་པས་གཉིས་པᨖ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་ལྟར། ཐོག་མ་མེད་པ་ནས་རང་སེམས་མ་རིག་པའི་ཆ་གློ་བུར་དྲི་མ་ལ་བརྟེན་ནས་མ་བརྟགས་མ་དཔྱད་པའི་ངོར་རྨི་ལམ་གྱི་འཁྲུལ་པ་ལྟར་སྣ་ཚོགས་སུ་སྣང་ཡང༌། དཔྱད་ན་ཅིར་ཡང་མ་གྲུབ་པར་རང་རང་གི་ངོ་བᨖས་སྟོང་པའི་ཕྱིར། སྣང་བ་ཐམས་ཅད་ནི་སེམས་ཁᨖ་ནའི་ཆོ་འཕྲུལ་ཡིན་པས། ཕྱི་དᨖན་ལྟར་ཤར་བའི་གཟུང་བ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་ཀུན་རྫོབ་བདེན་པའི་གནས་ལུགས་དང༌། འཛᨑན་པའི་སེམས་ཀྱང་ཕྱི་ནང་གང་དུའང་མི་གནས་ཤིང་དབྱིབས་ཁ་དᨖག་དངོས་པᨖར་མ་གྲུབ་ལ། མེད་པ་ལ་ཡོད་པ་ལྟར་འཁྲུལ་བའི་བདག་འཛᨑན་གྱི་རྒྱུན་ལས་བྱུང་བའི་ཚོགས་བརྒྱད་ཆ་དང་བཅས་པ་ནམ་མཁའི་མེ་ཏོག་ལྟར་གདᨖད་ནས་སྟོང་ཡང༌། གཟུང་འཛᨑན་གཉིས་སྟོང་གི་ཡེ་ཤེས་སངས་རྒྱས་ནས་སེམས་ཅན་གྱི་བར་ཐམས་ཅད་ལ་ཁྱབ་པའི་ཆོས་ཉིད་བདེ་གཤེགས་སྙིང་པᨖ་རང་བཞིན་གྱིས་འོད་གསལ་བ། གློ་བུར་དྲི་མས་གདᨖད་ནས་གོས་མ་མྱོང་བ་དᨖན་དམ་བདེན་པའི་གནས་ལུགས་དེ་ཉིད་ཡང་དག་པར་ངོ་ཤེས་ནས་དེའི་ངང་དུ་མཉམ་པར་འཇོག་པ་ནི་བྱམས་ཆོས་ཀྱི་དགོངས་པ་སྟེ། དཔྱད་པ་དེ་ཙམ་ནི་ངེས་པར་སྔོན་དུ་འགྲᨖ་དགོས་ཏེ། མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ཞེས་བྱ་བ་གནས་ལུགས་གཉུག་མ་རང་བྱུང་གི་ཡེ་ཤེས་སུ་གནས། སྟོང་ལུགས་སྤྲོས་པའི་མཐར་འཛᨑན་པའི་རྟོག་པས་སྟོང༌། རྟོགས་ལུགས་སᨖ་སᨖ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་པ་ཞེས་བྱའོ། །གཉིས་པ་ཉམས་ལེན་དངོས་ལ། སྔོན་འགྲᨖ། དངོས་གཞི། རྗེས་གསུམ་མᨖ། །དང་པᨖ་ནི། དེའང་བདེ་གཤེགས་སྙིང་པᨖ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རྣམས་སྦྱོང་བའི་གོ་རིམ་ལྟར། འཁᨖར་ལོ་དང་པᨖ་དང་རྗེས་སུ་མཐུན་པར་ཆོས་ཀྱི་མདᨖ་བཞི་བསམ་བསྒོམ་དུ་བྱ་སྟེ་འདི་ལྟར། སྐྱེས་པའི་མཐར་འཆི། འདུས་པའི་མཐར་འབྲལ། བསགས་པའི་མཐར་འཛད། བསློང་བའི་མཐར་འགྱེལ། འདུས་བྱས་ཀྱི་ཆོས་འདི་ཐམས་ཅད་ཆུ་བུར་དང་གློག་ལས་ཀྱང་མི་རྟག །ལས་དང་ཉོན་མᨖངས་པའི་ཉེ་བར་ལེན་པ་ལ་བརྟེན་ནས་ཁམས་གསུམ་དུ་གཟུགས་སᨖགས་ཕུང་པᨖ་ལྔ་ཡིས་འཁᨖར་ཞིང་ཟག་པ། བུམ་པར་ཆུད་པའི་སྦྲང་མ་ལྟ་བུ་འདི་ནི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱིས་གཡོས། སྡུག་བསྔལ་གྱི་རྒྱ་རུ་ཆུད། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་མ་གྲུབ་པས་སྟོང་ཞིང༌། གཟུང་འཛᨑན་གཉིས་ཀྱི་བདག་མེད་པ་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་འཁྲུལ་པ་གློ་བུར་བའི་མྱ་ངན་ལས་འདས་པ་ཡོངས་སུ་གྲུབ་པ་ཆེན་པᨖ་ནི་རྟག་བརྟན་ཞི་བ་དམ་པའོ། །སྙམ་དུ་བསམས་ལ། ངག་ཏུ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་ཡང་ཡང་བརྗོད། རྒྱས་པར་ལམ་རིམ་རྣམས་སུ་འབྱུང་བའི་ཐུན་མᨖང་གི་སྔོན་འགྲᨖ་རྣམས་རྒྱུད་ལ་འདྲེ་ངེས་སུ་བྱའོ། །གཉིས་པ་ལའང་གསུམ་སྟེ། དང་པᨖ་ཐེག་ཆེན་ཐུན་མᨖང་མིན་པའི་ལམ་དུ་འགྱུར་བའི་ཕྱིར། སྐྱབས་སུ་འགྲᨖ་བ་ནི། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པᨖ་བདེ། །སེམས་ཅན་རྣམས་ཀྱི་ཉེར་ལེན་ནི། །མཐའ་དང་མཐའ་མེད་རྣམ་སྤངས་པའོ། །བྱི་དᨖར་བྱས་པས་གསེར་མདᨖག་དང༌། །ས་ལེ་སྦྲམ་དང་འཁར་བ་དག །ཇི་ལྟར་མཐོང་བ་དེ་བཞིན་དུ། །ཕུང་པᨖ་རྣམས་ལ་སེམས་ཅན་དང༌། །གང་ཟག་མེད་ཅིང་ཕུང་པᨖ་མེད། །སངས་རྒྱས་ཡེ་ཤེས་ཟག་མེད་པ། །རྟག་ཏུ་ཞི་བ་རྣམ་བསྒོམས་ཏེ། །དེ་ལ་བདག་ནི་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། སེམས་ནི་རང་བཞིན་འོད་གསལ་བ། །ཡིད་ལ་སᨖགས་པའི་ཉོན་མᨖངས་དང༌། །བདག་དང་ལྷན་ཅིག་ལྡན་པར་ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །དེ་བསལ་བྱ་ཕྱིར་ལམ་མཆོག་བསྒོམ། །ཞེས་པ་དག་དᨖན་དྲན་བཞིན་དུ་བརྗོད། གཉིས་པ་འཁᨖར་ལོ་བར་པ་དང་རྗེས་སུ་
}}
མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་ཆོས་ཉིད་ཟབ་མᨖ་ལ་ཟློ་བ་ནི། བདེ་བའི་གདན་ལ་ལུས་གནད་དཀྱུས་མཐུན་བཅའ། མᨖས་གུས་དུང་བ་བསྒོམ། སྔར་ཐོས་བསམ་གྱིས་ལྟ་བ་གཏན་ལ་ཕེབས་ན། ལྟ་བ་དེ་དྲན་པར་བྱས་ལ་མཉམ་པར་བཞག །ཐོས་བསམ་ཚུལ་ལྡན་མེད་ན། རང་སེམས་འདི་ཅིའི་ངོ་བᨖར་ཡང་མ་གྲུབ་པར་གཏན་ལ་ཕབ་ནས་གང་ཟག་གི་བདག་མེད་དང༌། ཡུལ་སྣང་ཐམས་ཅད་རང་སེམས་ཀྱི་སྣང་ཆ་ལས་གཞན་དུ་མ་གྲུབ་པར་ཐག་བཅད་ནས་ཆོས་ཀྱི་བདག་མེད་དང༌། དེའང་སེམས་སྣང་དབྱེ་བ་མེད་པ་ཆུ་རླབས་ཆུ་ལས་གཞན་དུ་མེད་པ་ལྟར། གཟུང་འཛᨑན་རོ་མཉམ་དུ་གོ་བ་བསྐྱེད་ནས། ཕྱི་རུ་མི་གཡེང༌། ནང་དུ་མི་གཅུན། བར་དུ་མི་འཛᨑན། ལུང་མ་བསྟན་དང་བཏང་སྙོམས་སུ་མ་ཤོར་བར་ནམ་མཁའ་ལྟ་བུར་ཕྱལ་གྱིས་བཞག་པས་མི་སྡོད་པར་འགྱུ་ན། ཚོགས་དྲུག་གི་སྣང་བ་གང་ཤར་སྟོང་པ་ཉིད་ཡིན་པས། སྤང་བླང་རེ་དᨖགས་དགག་སྒྲུབ་གང་ཡང་མི་བྱེད་པར་རང་ཞི་རང་གྲᨖལ་དུ་སྐྱོང་བ་ན། སེམས་གནས་ཀྱི་རྟགས་རིམ་པར་འབྱུང༌། དེ་ནས་ཁྲིད་གཞུང་རྣམས་ལས་བྱུང་བ་ལྟར་སེམས་ཚོལ་བྱས་པས་རང་བཞིན་གདᨖད་ནས་སྤྲོས་པ་དང་བྲལ་བ་ལ་ཐག་ཆོད་སྐྱེ་ཞིང༌༑ གནས་ལུགས་སྤྲོས་བྲལ་དེ་ལ་ངོ་ཤེས་གཅིག་པུ་མ་གཏོགས་ལོགས་སུ་བསྒོམ་རྒྱུ་མེད་པས་འབྲལ་མེད་ཀྱི་དྲན་པ་བསྟེན། དེའང་མ་བཅོས་སᨖ་མ་དང་། གང་ཤར་གཉུག་མར་གསུངས་པས། རང་སེམས་གསལ་སྟོང་འཛᨑན་མེད་དེ་ཉིད་གནས་འགྱུ་དགའ་སྡུག་ཅི་ལྟར་ཤར་བ་དེ་ཀ་མ་བཅོས་པར་སྐྱོང་བ་ལས། སྤང་བྱ་དང་གཉེན་པᨖའི་རྩོལ་བས་མི་འཆིང་བར་རྟེན་མེད་རིག་པ་སྒོམ་མེད་དུ་འཇོག་པས་ཐེག་ཆེན་ཞི་ལྷག་མཐར་ཕྱིན་པ་འབྱུང་སྟེ། དེ་དག་གི་སྐབས་སུ་ཉམས་ཀྱི་འཆར་སྒོ་དང་ལམ་གྱི་ཡོན་ཏན་ཇི་ལྟར་སྐྱེས་ཀྱང་མ་ཆགས་ཤིང་མ་ཞེན་པར་རང་ངོ་ཤེས་པར་བྱ་བ་ནི་གནད་ཟབ་མᨖའོ། །ངག་ཏུ་ཡང༌། གཞི་སྟོང་པ་ཉིད་དᨖ། །ལམ་མཚན་མ་མེད་པའོ། །འབྲས་བུ་སྨོན་པ་མེད་པའོ། །ཞེས་བརྗོད་ཅིང་དᨖན་དྲན་པར་བྱའོ། །གསུམ་པ་ཞི་ལྷག་གི་ཏིང་ངེ་འཛᨑན་ཅི་རིགས་སྐྱེས་པ་ན་འཁᨖར་ལོ་མཐའ་མ་དང་རྡོ་རྗེ་ཐེག་པའི་རྗེས་སུ་མཐུན་པར་ཡོད་མེད་ལ་སᨖགས་པའི་ཤན་ལེགས་པར་ཕྱེ་ཞིང་ངོ་སྤྲད་པ་ནི། གསུང་རབ་གཞུང་འགྲེལ་རྣམས་ལ་གོ་བ་རགས་རིམ་ཡོད་ན་དེ་ཀས་འཐུས་ལ། མེད་ན་རི་ཆོས་ངེས་དᨖན་རྒྱ་མཚོ་ཙམ་ཞིག་ལུང་འབᨖག་པ་དང༌། ལྟ་རྟོག་ཅི་ནུས་སུ་བྱས་པས། སེམས་ཀྱི་ངོ་བᨖ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། རང་བཞིན་གྱིས་འོད་གསལ་བ། དེ་བཞིན་གཤེགས་པའི་སྙིང་པᨖ། དེ་བཞིན་ཉིད་དང༌། ཕྱག་རྒྱ་ཆེན་མᨖ་དང་། ཨ་ཧཾ་ལ་སᨖགས་པ་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཡང་འགལ་འདུའི་སྐྱོན་གྱིས་མ་རེག་པར་ཁᨖང་དུ་ཆུད་ནས། ཇི་སྐད་དུ། སངས་རྒྱས་ཀྱི་གསུང་ཐམས་ཅད་ལས་ནི་སྟོང་པ་ཉིད་དང་བདག་མེད་པ་སྟོན་ཏོ། །སྟོང་པ་ཉིད་དང་བདག་མེད་པའི་དᨖན་མི་ཤེས་པའི་མི་བླུན་པᨖ་རྣམས་ནི་ཉམས་
</onlyinclude>
པར་འགྱུར་རོ། །ཞེས་པའི་སྐྱོན་ལས་གྲᨖལ་ཏེ། བདེན་པ་གཉིས་དང་རྟོན་པ་བཞི་ལ་བརྟེན་ནས་རྒྱལ་བའི་གསུང་རབ་ངེས་དᨖན་མཐར་ཐུག་པ་རྣམས་དང་རང་གི་ཉམས་སུ་མྱོང་བྱའི་ཡེ་ཤེས་བརྡ་འཕྲོད་དེ་ལམ་བསྒོམ་པ་དᨖན་ཡོད་པར་འགྱུར་རོ། །དེ་ལྟར་ཀུན་བརྟག་གློ་བུར་བའི་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྤྲིན་གྱི་འདུ་འགོད་ལྟར་སྟོང་ཡང༌། ཆོས་ཉིད་བདེ་གཤེགས་སྙིང་པᨖ་གསལ་རིག་རྒྱུན་ཆད་མེད་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་ནས་ཉམས་སུ་བླང་བ་ནི། སྐྱབས་སེམས་གོང་ལྟར་བྱ། རྗེ་བཙུན་སྒྲོལ་བའི་མགོན་པᨖའི་གསུང་རབ་ལས་བྱུང་བ་ལྟར་བླ་མ་སངས་རྒྱས་རྗེས་དྲན་ཐུན་གཅིག་བསྒོམས་ལ་མཐར། དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སᨖ། །ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སᨖ། །དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་ངག་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སᨖ༑ ༑ཞེས་དང༌། སངས་རྒྱས་ཀྱི་རང་བཞིན་ནི་འདུས་མ་བྱས་པས་རྟག་པ་ཞེས་བྱའོ། །ནམ་མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་ནི་རྟག་པའོ། །རྟག་པ་ནི་ཆོས་སᨖ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ། །ཞེས་ཡང་ཡང་བརྗོད་ལ། དᨖན་དམ་གྱི་དཀོན་མཆོག་
{{TsagliCall}}
གསུམ་རྟག་ཏུ་རྗེས་སུ་དྲན་པར་བྱའོ། །དེ་ནས་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དᨖན་དུ་མི་བརྟག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་མེད་ལ་གནས་ན། །ཐེག་པ་ཆེན་པᨖ་མི་མཐོང་ངོ༌། །ཞེས་ཀུན་རྫོབ་འཁྲུལ་པ་སེམས་ཙམ་དུ་རྟོགས་པ་དེ་སྣང་མེད་དབུ་མས་གཞིག་ཅིང༌། དེ་ལས་ཀྱང་འདས་ནས་སྣང་བཅས་དབུ་མས་དེ་ཁᨖ་ན་ཉིད་ཀྱི་ཚུལ་མ་ནོར་བ་ལ་འཇུག་དགོས། དེ་ལ་ཡང་དག་པའི་དམིགས་པ་གང་ཞེ་ན། ནམ་མཁས་མ་ཁྱབ་པའི་འབྱུང་བ་བཞི་མེད་པ་ལྟར་སངས་རྒྱས་ཆོས་ཀྱི་སྐུས་མ་ཁྱབ་པའི་ཤེས་བྱ་མེད་པ་དང༌། སངས་རྒྱས་དང༌། བདག་དང༌། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བཟང་ངན་ཆེ་ཆུང་མཐོ་དམན་ལ་སᨖགས་པའི་དབྱེ་བ་མེད་པ་དང༌། སངས་རྒྱས་ཀྱི་ཆོས་བསྐྱེད་པར་ནུས་པ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པ་རང་བཞིན་གནས་པའི་རིགས་སམ་ཁམས་དེ་ཉིད་སྲོག་དབུགས་ཀྱིས་བསྡུས་པའི་སྐྱེ་འགྲᨖ་ཐམས་ཅད་ལ་ཡོད་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པᨖ་ཅན་ནོ། །ཞེས་གསལ་གདབ་པའི་ཕྱིར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པᨖ་ཅན། །ཞེས་བརྗོད། དག་པ་རྣམས་ཀྱི་
<headertabs/>
ཆོས་ཀྱི་སྐུ། མ་དག་ཅིང་དག་པ་རྣམས་ཀྱི་དེ་བཞིན་ཉིད། མ་དག་དག་པ་རྣམས་ཀྱི་རིགས་དེ་ཉིད། ཚུལ་འདི་ལྟར་དུ་ཡོད་དེ། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པᨖ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སᨖགས་འབྲས་ཆུང་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མᨖངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་བརྗོད་ཅིང་དᨖན་བསམ། ལས་དང་རྒྱུ་དང་འབྲས་བུ་དང༌རྣམ་པར་སྨིན་པ་དང་། ཉོན་མᨖངས་པ་དང༌། ཕུང་ཁམས་སྐྱེ་མཆེད་རྟེན་ཅིང་འབྲེལ་བར་འབྱུང་བ་སᨖགས་རྣམ་པར་དབྱེ་བ་ཅན་ཐམས་ཅད་དᨖན་དམ་དུ་ཡོད་མ་མྱོང་བར་མ་ཟད། ཀུན་རྗོབ་ཏུའང་ལྡན་ལ་མ་གོས་པར་བཞུགས་ཤིང༌། རང་བྱུང་གི་མཚན་དཔེ་སྟོབས་དང་མི་འཇིགས་པ་དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། བྱམས་པ་དང་སྙིང་རྗེ་ཆེན་པᨖ་དང༌། རྡོ་རྗེ་ལྟ་བུ་ལ་སᨖགས་པའི་ཏིང་ངེ་འཛᨑན་དང༌། ཆོས་ཀྱི་དབྱིངས་ལ་སᨖགས་པའི་ཡེ་ཤེས་ཚད་མེད་པ་སᨖགས་རྣམ་པར་དབྱེར་མེད་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་ལྷག་པ་ནི་གདᨖད་ནས་རང་ཆས་སུ་བཞུགས་པས་མི་སྟོངས་སོ་ཞེས་དྲི་མ་འབྲལ་རུང་དང་། ཡོན་ཏན་སྐྱེ་རུང་གི་གཞི་ལ་ཡིད་ཆེས་པས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འོད་གསལ་བྱས་མིན་དབྱེར་མེད་པ། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་དང་།
ཅེས་གསལ་གདབ། དེའང་ཉན་ཐོས་དང་རང་རྒྱལ་ལ་སᨖགས་པས་ནི་བདེ་བ་ལ་སྡུག་བསྔལ། རྟག་པ་ལ་མི་རྟག་པ། བདག་ལ་བདག་མེད་པ། གཙང་བ་ལ་མི་གཙང་བར་ལྟ་སྟེ། རྒྱལ་བས་གསུངས་པའི་ཚᨑག་ཤེས་ཀྱི་དᨖན་ནི་མི་ཤེས་སᨖ། །དེ་ལ་དᨖན་ནི་འདི་ལྟ་སྟེ། བདག་མེད་པ་ནི་འཁᨖར་བ་ཞེས་བྱའོ། །བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་སᨖ། །རྟག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ༑ ༑སྡུག་བསྔལ་བ་ནི་མུ་སྟེགས་ཅན་ཐམས་ཅད་དᨖ། །བདེ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །ཡོངས་སུ་མ་དག་པ་ནི་འདུས་བྱས་ཀྱི་ཆོས་སᨖ། །ཡོངས་སུ་དག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་ཆོས་ཏེ། རང་གི་སེམས་ཉིད་བདེ་གཤེགས་སྙིང་པᨖ་ནི་ཕྱིན་ཅི་ལོག་ལས་འདས་པ་ཡང་དག་པའི་ཆོས་བཞི་པᨖ་འདི་དང་ལྡན་ནོ་སྙམ་དུ་བསམས་ལ། དེ་ནི་རང་བཞིན་དག་ཕྱིར་དང༌། །བག་ཆགས་སྤངས་ཕྱིར་གཙང་བ་ཡིན། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཡིད་ཀྱི་རང་བཞིན་ཕུང་པᨖ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁᨖར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག
ཅེས་གསལ་གདབ། དེ་ལྟ་བུའི་ཁྱད་གཞི་བདེ་གཤེགས་སྙིང་པᨖ། ཁྱད་ཆོས་སངས་རྒྱས་ཀྱི་བྲལ་བའི་ཡོན་ཏན་དུ་མ་དང་བཅས་པ་ད་ལྟ་རང་རིག་པའི་ཡེ་ཤེས་གསལ་ལ་མ་འགག་པ། གཉུག་མ་ལྷན་ཅིག་སྐྱེས་པ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་མྱོང་བ་འདི་ཉིད་སྦྱང་གཞིར་བཞུགས་པ་ལ། སྦྱང་བྱ་གློ་བུར་བའི་དྲི་མ་དག་ནས། སྦྱངས་འབྲས་རང་ལ་བཞུགས་པའི་གནས་ལུགས་དེ་ཉིད་མངོན་དུ་གྱུར་པ་ནི་དྲི་བྲལ་ཆོས་སྐུ་ཞེས་བཏགས་ཏེ། འཁᨖར་འདས་ཀུན་གྱི་རྣམ་པ་ཐམས་ཅད་པར་འཆར་ཡང༌། ཤར་ཙམ་ཉིད་ནས་གཞི་ལས་མ་གཡོས་པ་དྲི་མ་མེད་པའི་ཤེལ་གོང་ལ་གཟུགས་བརྙན་གྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང༌། སྣང་ཙམ་ཉིད་ནས་ཤེལ་དང་གཟུགས་བརྙན་མ་འདྲེས་པ་ལྟར། རང་རིག་གསལ་སྟོང་རྗེན་པར་བུད་པ་ལ་འཁᨖར་འདས་ལམ་གསུམ་གྱི་སྣང་བ་ཅི་ལྟར་ཤར་ཡང༌། རང་ཤར་རང་གྲᨖལ་ངོ་བᨖ་ལ་ནམ་ཡང་གོས་པ་མེད་པས། ལྟ་བ་དང་ཉེས་པའི་བག་ཆགས་བསལ་བར་བྱ་བ་ཅིའང་མེད་ཅིང༌། སྔར་མེད་ཀྱི་ཁྱད་ཆོས་གསར་དུ་ཅིའང་བསྣན་དགོས་པའང་མེད་པས་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ལ་མཉམ་བཞག་གི་དངོས་གཞིར་བྱས་ནས་ཐུན་ཅི་རིགས་སུ་བསྒོམ་ཞིང་སྐབས་སུ་རྡོ་རྗེའི་ཚᨑག་གིས་གསལ་གདབ་པ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲᨖལ། །ཞེས་བརྗོད་པའམ་དᨖན་བསམ། འདི་དག་ཀྱང་རྗེ་བཙུན་
སྒྲོལ་མགོན་ཞབས་ཀྱིས། རང་བཞིན་བདེ་གཤེགས་སྙིང་པᨖ་བསྒོམ་པ་དང༌། །ཁྱད་ཆོས་རྒྱལ་བའི་ཡོན་ཏན་བསམ་པ་གཉིས། །རྣམ་རྟོག་བྲལ་བའི་ཡིད་ཀྱིས་མགོ་བསྡུས་ན། །དེ་ནི་ངེས་དᨖན་བདེ་གཤེགས་ལམ་མཆོག་ཡིན། །ཞེས་ཟབ་གནད་དུ་གདམས་པར་མཛད་པ་དེ་ཡིན་ནོ། །དེ་ལྟར་མཉམ་པར་བཞག་ནས་མཐར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དᨖ། །ཞེས་གསུངས་པ་ལྟར། རང་ལ་གདᨖད་ནས་རང་ཆས་སུ་བཞུགས་པའི་བདེ་གཤེགས་སྙིང་པᨖ་རང་བཞིན་འོད་གསལ་བ་དེ་ཉིད། ཡང་དག་པའི་ལྟ་སྒོམ་གྱིས་གློ་བུར་དྲི་མ་བཅོམ་ནས་རང་ཞལ་མངོན་དུ་གྱུར་པ་ན། མངོན་པར་རྫོགས་པ་བྱང་ཆུབ་པ་ཞེས་བྱ་བ་འབྲས་བུའི་མིང་དུ་བཏགས་པ་སྟེ། རྒྱུ་ལམ་དེ་དང་ལྡན་པ་ལ་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་དེ། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མᨖངས་ཤེས་བྱའི་སྤྲིན་ཚོགས་སྟུག་པᨖའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད༑ ༑གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་རྟག་གནས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་ངེས་པའི་ཤེས་པ་བསྐྱེད་ནས་མཉམ་བཞག་ལས་ལྡང་སྟེ།  
གསུམ་པ་རྗེས་ཐོབ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་ན། སྙིང་པᨖའི་མན་ངག་ལེགས་པར་འདᨖམས་པའི་བླ་མ་ལ་ཆོས་སྐུའི་མᨖས་གུས་དང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པᨖ་ཅན་ཡིན་པས་གནས་སྐབས་རང་ངོ་འཕྲོད་མ་འཕྲོད་མ་གཏོགས་མཐར་ཐུག་ཡོན་ཏན་དྲུག་ཅུ་རྩ་བཞིའི་བདག་ཉིད་ཅན་དུ་ཤེས་པའི་དག་སྣང་རབ་འབྱམས་དང༌། དེ་ལྟར་མ་རྟོགས་པའི་སྐྱེ་འགྲᨖ་མཐའ་དག་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་འཁྲུལ་སྣང་ལུ་གུ་བརྒྱུད་དུ་འཕྱན་པས་སྡུག་བསྔལ་གྱི་འཁᨖར་ལོ་འབའ་ཞིག་བསྐོར་བ་ལ་མི་བཟོད་པའི་སྙིང་རྗེ་དང༌། དེ་ལྟར་ན་སེམས་ཅན་ཐམས་ཅད་རང་རང་གི་གཞི་ལ་བཞུགས་པའི་བྲལ་འབྲས་ཆོས་སྐུ་མངོན་ཏུ་ཐོབ་པའི་ཕྱིར༑ ཐེག་ཆེན་སྨོན་འཇུག་གི་སེམས་བསྐྱེད་དང་ལྡན་པས་རང་གཞན་གྱི་མི་དགེ་ཆ་དང་བཅས་པ་གདᨖད་ནས་སྟོང་ཉིད་དུ་རྟོགས་པའི་སྒོ་ནས་སྤང་བ་དང༌། ང་རྒྱལ་དང་རློམ་སེམས་བྲལ་བས་སྦྱིན་སᨖགས་ཕ་རོལ་ཏུ་ཕྱིན་པ་ཕྱོགས་སུ་གཏོགས་པ་བཅས་དགེ་བ་ཅི་འགྲུབ་ཏུ་བསྒྲུབ་པ་དང༌། བདག་དང་སེམས་ཅན་དུ་མངོན་པར་མ་ཞེན་པའི་སྒོ་ནས་དངོས་དང་བརྒྱུད་དུ་སེམས་ཅན་ལ་ཕན་ཅི་ཐོགས་ལག་ལེན་དུ་གདབ་པ་དང༌། ཀུན་བཏགས་ཀྱིས་བསྡུས་པའི་ཕྱི་ནང་རྟེན་འབྲེལ་གྱི་ཆོས་ཐམས་ཅད་སྣང་ཡང་བདེན་པའི་ངོ་བᨖས་སྟོང་པ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པ་དང༌། ཁྱད་པར་དུ་བསᨖད་ནམས་མ་བསགས་པ་ལ་ལོག་པར་ལྟ་བ་ལ་སᨖགས་པའི་ཉེས་དམིགས་
མང་པᨖ་འབྱུང་ཞིང༌། ཡང་དག་པའི་ལྟ་བ་རྟོགས་པར་བྱེད་པ་ལ་ཚོགས་བསགས་དགོས་པར་གསུངས་པས། ཁ་ན་མ་ཐོ་བ་དང་བྲལ་ཞིང་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་དགེ་བའི་ལས་སུ་འགྱུར་བ་སྤྱི་དང༌། ཕྱག་བསྐོར་སཱཙྪ་མར་མེ་འབུལ་བ་ཡན་ཆད་དེ་བཞིན་གཤེགས་པའི་སྙིང་པᨖ་མཐོང་བའི་རྒྱུ་རུ་བསྔོ་བ་དང༌། དཀོན་མཆོག་གསུམ་རྟག་པ་ལ་ཡིད་ཆེས་པས་རྟེན་བཞེང་མཆོད་བསྟོད་སᨖགས་མཉེས་པ་སྒྲུབ་པ་སྤྱི་དང༌། ཁྱད་པར་ཡན་ལག་བདུན་པ་གྲངས་སུ་མ་བཅད་པར་ཅི་ནུས་འབུལ། སྐབས་སྐབས་སུ་ངེས་དᨖན་སྙིང་པᨖའི་མདᨖ་སྡེ་ཉི་ཤུ་ལུང་འབᨖགས་པ་དང༌། ཁ་ཏོན་དུ་བགྱིད་པ་དང༌། དᨖན་བསམ་ཞིང་གཞན་ལ་འཆད། རྒྱུད་བླ་མ་དང༌། རི་ཆོས་ངེས་དᨖན་རྒྱ་མཚོ་སᨖགས་དགོངས་འགྲེལ་ཚད་ལྡན་རྣམས་ལའང་རྟོག་པ་བཅུག་སྟེ། ཐོས་བསམ་གྱིས་སྒོམ་པ་མ་འཕྲོག་ཅིང༌། སྒོམ་པས་ཐོས་བསམ་མ་བཅོམ་པར་རང་བཞིན་གནས་རིགས་མངོན་དུ་འགྱུར་བའི་ཕྱིར་མཉམ་བཞག་ཡེ་ཤེས་ཀྱི་ཚོགས་དང༌། རྒྱས་འགྱུར་གྱི་རིགས་གོང་དུ་སྤེལ་བའི་ཕྱིར་རྗེས་ཐོབ་བསᨖད་ནམས་ཀྱི་ཚོགས་ཟུང་དུ་འཇུག་པར་བྱ། ཟབ་མᨖའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཅུང་ཟད་ཅིག་སྐྱེས་ཀྱང་འདུས་བྱས་ཀྱི་དགེ་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང་ས་ཆོད་དེ་ཆེ་བས་མཉམ་བཞག་གཙོ་བᨖར་བཏོན། ཏིང་ངེ་འཛᨑན་ལྟར་སྣང་སྐྱེས་པ་ལས་ནི་རྒྱལ་བའི་གསུང་རབ་རྣམ་པར་དག་པ་ཐོས་བསམ་བྱུང་ན་
ཕུགས་ཀྱི་གཞན་དᨖན་དེ་ཆེ་སྟབས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པས་གཅིག་གོ་གཅིག་གིས་མ་འགགས་པར་བྱ། སྤྱོད་ལམ་ཀུན་ཏུ་དྲན་པ་དང་ཤེས་བཞིན་མི་འབྲལ་བར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་ཟིན་པར་བྱ༑ ནམ་ཞིག་འཆི་བའི་ཚེ་ཀུན་མཁྱེན་དᨖལ་པᨖ་པའི་འཕོ་བའི་མན་ངག་ཁྱད་དུ་འཕགས་པ་ལྟར་རྣམ་ཤེས་གཞིའི་འོད་གསལ་ལ་འཇུག་པའི་ཚུལ་ལག་ཏུ་ཐེབས་དགོས་པས་ད་ལྟ་ནས་གོམས་འདྲིས་བྱ། དེ་ལྟར་ན་རྣལ་འབྱོར་པའི་རིག་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་འོད་གསལ་བ་ལ་ཐིམ་པས་གདᨖད་ནས་བཞུགས་པའི་ཆོས་ཀྱི་སྐུ་གློ་བུར་དྲི་མའི་སྦུབས་ལས་གྲᨖལ་ཏེ། ཤིན་ཏུ་ངོ་མཚར་རྨད་དུ་གྱུར་པའི་སྐུ་དང་ཡེ་ཤེས་ཡོན་ཏན་མཛད་པ་ཕུན་སུམ་ཚོགས་ཤིང་ཚད་མེད་གཞལ་དུ་མེད་པའི་བདག་ཉིད་ནམ་མཁའ་ལྟར་རྒྱ་ཆེ་ཞིང༌། ནོར་བུ་དཔག་བསམ་གྱི་ཤིང་ལྟར་སེམས་ཅན་རྣམས་ཀྱི་འདᨖད་དགུའི་འབྱུང་གནས་སུ་གྱུར་ཏེ། འཁᨖར་བ་ཇི་སྲིད་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་རྒྱུན་མི་ཆད་དུ་འབྱུང་བར་འགྱུར་ལ། དེ་ལྟར་མྱུར་དུ་འགྲུབ་པའི་ཕྱིར་བཟང་པᨖ་སྤྱོད་པ་སᨖགས་ཐེག་ཆེན་བསྔོ་སྨོན་སྤྱི་དང༌། འདིའང་ཐུན་མཚམས་སུ་གདབ་པར་བྱ་སྟེ། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པᨖ་ཡེ་ཤེས་ཁམས་ཐོབ་མཐར། །ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་ཆོས་སᨖགས། །སེམས་ཅན་དᨖན་བྱེད་ཆོས་རྣམས་དང་ལྡན་ཤོག །རང་དᨖན་གཞན་དᨖན་དᨖན་དམ་སྐུ་དང་ནི། །
དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དྲུག་ཅུ་རྩ་བཞི་མྱུར་ཐོབ་ཤོག །གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང༌། །དེ་འདུལ་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་རྟག་ལྷུན་གྱིས་གྲུབ་པར་འཇུག་པར་ཤོག །དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་ཕྲིན་ལས་ཏེ། །དᨖན་གནས་རྣམ་བདུན་ཐོས་བསམ་བསྒོམས་ལས་བདག་གིས་དགེ་བ་གང་ཐོབ་པ། །དེས་ནི་འགྲᨖ་འདིས་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང༌། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་རེ་དᨖགས་མེད་པའི་སྨོན་ལམ་དང་། འཁᨖར་གསུམ་མི་རྟོག་པའི་བསྔོ་བས་རྒྱས་འདེབས་པར་བྱའོ། །གཉིས་པ་ལྟ་བ་དེ་ཉིད་སྔགས་དང་འབྲེལ་བར་ཉམས་སུ་ལེན་པའི་ཚེ་ནའང་གོ་བར་བྱ་རྒྱུ་དང༌། དངོས་གཞི་གཉིས་ལས། དང་པᨖ། ཕྱི་འཇིག་རྟེན་སྣོད་བཅུད་སྲིད་པ་གསུམ་གྱི་རྣམ་པར་ཤར་བ་འདི་དག་བཞིན་གྱི་བྱད་མེ་ལོང་ལ་འཕོས་པ་བཞིན་དུ། ནང་རྩ་རླུང་ཐིག་ལེའི་ཆོ་འཕྲུལ་དུ་ཤར་བ་ཡིན་ཞིང་། དེ་གསུམ་ཡང་གཞན་མཆོག་དཀྱིལ་འཁᨖར་གྱི་འཁᨖར་ལོ་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་བཞུགས་ལ། དེ་ཐམས་ཅད་ཀྱང་། དེ་ཁᨖ་ན་ཉིད་བདེ་གཤེགས་སྙིང་པᨖའི་རང་འོད་རང་མདངས་ཆོས་ཀྱི་སྐུ་ཉིད་རྣམ་པ་ཐམས་ཅད་པར་ཤར་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས། དᨖན་དམ་ཆོས་ཀྱི་དབྱིངས་བདེ་སྟོང་ཟུང་འཇུག་རང་བཞིན་འགྱུར་བ་མེད་ལ་རྒྱུན་མི་ཆད་པས་རྒྱུད་ཀྱི་དᨖན་དུ་གསུངས་ཤིང༌། དེའང་གཞིའི་གནས་སྐབས་དྲི་བཅས་དེ་བཞིན་ཉིད་ལ་རྒྱུའི་རྒྱུད་དང༌། ལམ་དུས་ཆོས་ཉིད་དᨖན་ནི་རིམ་པར་སྣང་བ་ལ་ལམ་ཐབས་ཀྱི་རྒྱུད་དང༌། དག་པ་གཉིས་ལྡན་མངོན་དུ་འགྱུར་བ་ན་ཤིན་ཏུ་རྣམ་དག་འབྲས་བུའི་རྒྱུད་ཅེས་བྱ་སྟེ། ལྟ་བ་ཐུན་མᨖང་མ་ཡིན་པ་དེ་ཉིད་ཀུན་རྫོབ་ཀྱི་སྟོང་ཚུལ་ལ་མཆོག་ཏུ་འཛᨑན་པ་རྣམས་ཀྱིས་ཕྱོགས་ཙམ་མི་མཐོང་བ་ལྟ་ཅི་སྨོས། གོང་སྨོས་མདᨖ་ལུགས་རང་རྐང་གི་ལམ་དེས་ཀྱང་ཡུན་རིང་པᨖར་འགོར་བ་ཡིན་པས། དབང་དང་དམ་ཚᨑག་གིས་ཁྱད་པར་དུ་བྱས་པའི་སྔགས་ཀྱི་ལམ་མཐའ་དག་ལས་ཁྱད་པར་དུ་འཕགས་པ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་ལ་མཉམ་པར་བཞག་པ་ན་དུས་ཐུང་ངུར་ཚེགས་ཆུང་ངུས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་དངོས་གཞི་ཉམས་སུ་ལེན་པ་ན། འགྲེལ་ཆེན་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབས་ཤིང་གཙུབས་གཏན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར། རང་བཞིན་འོད་གསལ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དེ་ཉིད། ངོ་བᨖའི་ཆ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། རང་བཞིན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པᨖར་བཞུགས་ལ། དེ་ནི་རྟོག་བཅས་ཀྱི་སྒོམ་པ་སྣ་ཚོགས་པས་ཀྱང་མི་མཐོང་ལ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛᨑན་དང་བྱེད་པ་བཅིངས་པའི་ཐབས་ཁྱད་པར་ཅན་གྱིས་པྲ་ཕབ་པའི་གཟུགས་བརྙན་ལྟར་མཐོང་བར་འགྱུར་བས། ཐོག་མར་སᨖར་སྡུད་དང་བསམ་གཏན་ལ་བརྟེན་མུན་པའི་རྣལ་འབྱོར་གྱིས་དུ་བ་དང༌། སྨིག་རྒྱུ་དང༌༑ མཁའ་སྣང་དང༌། མར་མེའི་མཚན་མ་མཐོང་ལ། སྤྲིན་མེད་པའི་ནམ་མཁར་ཉིན་མᨖའི་རྣལ་འབྱོར་གྱིས་འབར་བ་དང༌། ཟླ་བ་དང༌། ཉི་མ་དང༌། རྡོ་རྗེ་སྒྲ་གཅན་དང༌། མཆོག་གི་ཆ་སྟེ་གློག་དང་། ཐིག་ལེའི་བར་དུ་རྟགས་བཅུ་ཡོངས་སུ་རྫོགས་པའི་སྟོང་གཟུགས་དེ་དག་ཡུལ་དུ་བྱས་ནས་ཉིན་དང་མཚན་དུ་མཉམ་པར་བཞག་པས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཁམས་གསུམ་པའི་རྣམ་པ་མཐའ་དག་ཅན་དུ་ཤར་བ་ཉམས་སུ་མྱོང༌། དེ་ནས་སྲོག་རྩོལ་དང་འཛᨑན་པའི་ཡན་ལག་ལ་བརྟེན་ཞུ་བདེ་དྲངས། རྗེས་དྲན་དང་ཏིང་ངེ་འཛᨑན་གྱིས་མཆོག་ཏུ་མི་འགྱུར་བའི་བདེ་བ་མཐར་ཐུག་པ་བསྒྲུབས། འཕོ་བའི་བག་ཆགས་ཀྱི་དབུགས་བཀག་པས་ཀུན་རྫོབ་ཀྱི་འཁྲུལ་སྣང་བཙན་ཐབས་སུ་འགགས་ནས། དག་པའི་སྣང་བ་གཞོམ་དུ་མེད་པ་མཐའ་དང་མུ་མེད་པར་མཆེད་དེ། གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་སᨖན་པ་དྲི་བྲལ་ཆོས་སྐུ་མཁའ་ཁྱབ་དང་པᨖའི་སངས་རྒྱས་གདᨖད་ནས་རང་ལ་
བཞུགས་པ་དེ་ཉིད་མངོན་དུ་འགྱུར་རོ། །དེ་དག་གི་སྐབས་སུ་གྲᨖགས་དམ་ཚᨑག་དང་སྤྱོད་པ་རྣམ་པར་དག་པ་དགོས་ཤིང༌། དེའི་ཚུལ་ནི་ཆོས་རྗེ་ཡབ་སྲས་ཀྱི་གསུང་དང་། བླ་མའི་མན་ངག་ལྟར་ཁᨖང་དུ་ཆུད་ནས་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །གསུམ་པ་ཕན་ཡོན་ནི། དེའང་རྩོད་པའི་མཐར་སྙིགས་མ་ལྔ་བདᨖ་བས་ལྟ་བའི་སྙིགས་མ་ཉི་ཤུ་རྩ་བརྒྱད་འབྱུང་ལ། སེམས་ཅན་རྣམས་བསᨖད་ནམས་ཆུང་བས་ངེས་དᨖན་སྙིང་པᨖའི་མདᨖ་སྡེ་རྣམས་ལ་མི་གུས་ཤིང༌༑ དེ་དག་ལས་གསུངས་པའི་དᨖན་མི་བསྒོམ་པར་སྙོམས་ལས་སུ་བྱེད་པ་མ་ཟད། ཁ་ཅིག་སྙིང་པᨖའི་མདᨖ་སྡེ་རྣམས་ལ་ཡིད་མི་ཆེས་པས་ལོག་པར་ལྟ་བའི་རྒྱུ་དེས་ངན་འགྲᨖའི་གཡང་ས་ཆེན་པᨖར་ལྷུངས་ཏེ་ཐར་པའི་དཔྱངས་ཐག་ཆད་པར་གསུངས་པས། དེ་ལས་ལྡོག་པ་ནི་ཕན་ཡོན་ཡིན་ལ། སྦྱིན་པ། ཚུལ་ཁྲིམས། བསམ་གཏན་ཁྱད་པར་དུ་འཕགས་པ་བསྐལ་བ་དུ་མར་བསྒྲུབས་པ་ལས། ཟབ་མᨖའི་ཆོས་འདི་ཐོས་པའི་ཕན་ཡོན་ཆེ་བ་རྒྱུད་བླ་མར་གསུངས་ཤིང༌། སྤྱིར་ཐེག་ཆེན་ལ་མᨖས་པའི་ཕན་ཡོན་ནི། མདᨖ་ལས། གང་ལ་ལ་ཞིག་ཐེག་པ་ཆེན་པᨖ་ལ་མᨖས་པ་རབ་ཏུ་སྐྱེད་པར་འགྱུར་བ་དེ་ནི་བསྐལ་པ་སྟོང་ཕྲག་གཅིག་ཏུ་ངན་འགྲᨖར་འགྲᨖ་བར་མི་འགྱུར་རོ། །བསྐལ་པ་སྟོང་ཕྲག་ལྔར་བྱོལ་སᨖང་དང་ཡི་དྭགས་སུ་མི་སྐྱེ། བསྐལ་པ་སྟོང་ཕྲག་ཉི་ཤུ་རྩ་ལྔར་ལྷའི་འཇིག་རྟེན་དང་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་དང༌། ཡུམ་ལས། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཐོས་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དུ་འགྲᨖ་བ་དང༌། ནམ་འཚོ་བའི་བར་དུ་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོད་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བ་དང༌། ཐོས་པ་བསྐལ་པའི་བར་དུ་བྱེད་པ་བས་ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་ཤེར་ཕྱིན་བསྒོམས་པས་བསᨖད་ནམས་ཆེ་བར་གསུངས། ཁྱད་པར་མདᨖ་སྡེ་དགོངས་པ་ངེས་འགྲེལ་ལས། སེན་མᨖའི་རྡུལ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུ་ནི། ས་ཆེན་པᨖའི་རྡུལ་དང༌། རྒྱ་མཚོ་བཞིའི་ཆུ་དང་བསྒྲུན་ན་བརྒྱ་སྟོང་འབུམ་གྱི་ཆ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དᨖ། །དེ་བཞིན་དུ་དྲང་བའི་དᨖན་གྱི་མདᨖ་སྡེ་ལ་མᨖས་པ་ནས་སྒོམ་པའི་རྣམ་པ་ལ་སྦྱོར་བར་བྱེད་པའི་བར་གྱི་བསᨖད་ནམས་ཀྱི་རྣམ་པ་གང་བཤད་པ་དེ་ནི། ངེས་པའི་དᨖན་གྱི་མདᨖ་སྡེ་ལ་མᨖས་ཤིང་སྒོམ་པའི་བསᨖད་ནམས་ཀྱི་ཆར་ཡང་མི་ཉེ་དཔེ་དང་རྒྱུར་ཡང་མི་བཟོད་པར་གསུངས། གཞན་ཡང་མདᨖ་ལས། ང་ནི་མྱ་ངན་འདས་ཕྱི་ནས། །མི་ཡི་ནང་ནས་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པᨖ་ཡོད་དᨖ་ཞེས། །མᨖས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། །ཞེས་དང༌། སᨖར་ཕྲེང་གི་མདᨖར། དེ་བཞིན་གཤེགས་པའི་སྙིང་པᨖ་ཡོད་པར་བྱེད་པ་ནི་ཉོན་མᨖངས་པ་དང་བཅས་པའམ་ཉོན་མᨖངས་པ་མེད་པའམ་སུ་ཡང་རུང་སྟེ་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པᨖ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་
འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པᨖ་རྟག་པ་ཐོས་པས་དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང༌༑ མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པᨖ་ཐོས་པའི་བསᨖད་ནམས་ཀྱི་རྒྱུས་ནད་མེད་པ་དང༌། འཚེ་བ་མེད་པ་དང༌། ཚེ་རིང་བ་དང༌། འགྲᨖ་བ་ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ་བརྟན་པ་གཡུང་དྲུང་ཐེར་ཟུག་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ཐོས་པས་ཐམས་ཅད་འབྱོར་ཞིང་ཡུན་རིང་དུ་སྲ་བ་དང་བརྟན་པར་འགྱུར་རོ། །ཞེས་དང༌། མྱང་འདས་ཆེན་པᨖ་ལས། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པᨖ་ཡོད་དᨖ་ཞེས་སྟོན་པར་བྱེད་པའི་སེམས་ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདᨖད་པའི་རིགས་ཀྱི་བུ་དེ་དག་ནི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང༌། རིམས་ཀྱིས་བཏབ་པ་དང་ཟུག་རྔུ་དང་སྐུར་པ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་ཏུ་ཡིད་ཆེས་ན་གང་ཟག་དེ་ནི་མེ་ཏོག་ཨུ་དུམྺ་ར་ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ལས་འདས་ནས། གང་གིས་ཐེག་པ་ཆེན་པᨖའི་མདᨖ་སྡེ་ཤིན་ཏུ་ཟབ་མᨖ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་ནི་
མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སᨖང་དུ་ལྟུང་བར་མི་འགྱུར་བར་རིག་པར་བྱའོ། །ཞེས་དང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མᨖ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྟག་གོ །དམ་པའི་ཆོས་ནུབ་པར་མི་འགྱུར་རོ། །དགེ་འདུན་མེད་པར་མི་འགྱུར་རོ། །སྙམ་དུ་ཤེས་པ་ལ་བརྩོན་པར་བྱས་ན། དེ་དག་ཀྱང་ང་དང་འདྲ་བར་སངས་རྒྱས་ཀྱི་གནས་སུ་བལྟ་བར་བྱའོ། །ཞེས་དང༌། དཔེར་ན་ཉི་མ་ཤར་ན་ལྷོ་བུར་མེད་པར་འགྱུར་བ་བཞིན་དུ་སྙིང་པᨖའི་མདᨖ་འདི་ཐོས་པ་ཙམ་གྱིས་ཕས་ཕམ་པ་དང༌། མཚམས་མེད་པའི་སྡིག་པའི་ཕུང་པᨖ་མྱུར་དུ་བྱང་བར་འགྱུར་བ་དང༌། གཞན་གྱི་འགྲན་ཟླའམ། གཞན་གྱིས་བྱེད་དུ་བཅུག་པའམ། རྙེད་བཀུར་ཚᨑགས་སུ་བཅད་པའི་དᨖན་དུ་ཡང་རུང༌། བདག་ལ་བྱང་ཆུབ་མི་དགོས་སྙམ་ནས་སེམས་མ་བསྐྱེད་ཀྱང་སྙིང་པᨖའི་མདᨖ་འདི་ཐོས་པ་ཙམ་གྱིས་དེའི་ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་དུ་བྱང་ཆུབ་ཀྱི་རྒྱུ་སᨖས་ཀའི་ཉི་རྡུལ་བཞིན་དུ་འཇུག་པ་དང༌། སྔོན་སངས་རྒྱས་ཀྱིས་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་ཆོས་འདི་ལ་མི་སྐུར་ཅིང་མᨖས་པར་འགྱུར་བ་དང༌། སངས་རྒྱས་ཀྱིས་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ལ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་མདᨖ་འདི་འཛᨑན་འཆང་ཀློག་འདᨖན་བྱེད་ཅིང་གཞན་ལ་ཡང་གླེགས་བམ་དུ་འབྲི་བ་དང༌། འཛᨑན་འཆང་ཀློག་པར་བསྐུལ་ཞིང་དᨖན་ཡང་སྟོན་ནུས་པ་སᨖགས་རྒྱ་ཆེར་གསུངས་སᨖ། །མདᨖར་ན་ཀུན་མཁྱེན་དᨖལ་པᨖ་པས། བདེ་གཤེགས་སྙིང་པᨖའི་མཚན་ཐོས་པ་ཙམ་གྱིས་ཀྱང་སངས་རྒྱས་ཐོབ་པར་འགྱུར་ན། དད་ཅིང་གུས་པ་དང་མངོན་དུ་བྱས་ནས་སྒོམ་པ་ལྟ་ཅི་སྨོས། དེའི་ཕྱིར་མཁས་པ་སྙིང་རྗེ་དང་ལྡན་པ་རྣམས་ཀྱིས་རང་གི་སྲོག་ལ་སᨖགས་པ་དᨖར་ནས་ཀྱང་བསྟན་པར་བྱ་བ་དང༌། ཐར་པ་དᨖན་དུ་གཉེར་བ་རྣམས་ཀྱིས་མེའི་འོབས་ཆེན་པᨖ་ལས་འབᨖགས་ནས་ཀྱང་བཙལ་ཅིང་ཉན་པར་བྱའོ། །ཞེས་གདམས་པར་མཛད་པ་ཉིད་སྙིང་གི་ཐིག་ལེར་བཅང་བར་བྱའོ། །བརྒྱུད་པ་ནི། ཀུན་མཁྱེན་སྒྲོལ་བའི་མགོན་པᨖ་ཡན་ཆད་གཞན་སྟོང་བརྒྱུད་པའི་གསᨖལ་འདེབས་ལྟར་ལ། རྗེ་བཙུན་ནས་རྒྱལ་ཚབ་སྣར་ཐང་བ། བློ་གྲᨖས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པᨖ༑ ཚེ་དབང་ནོར་བུ། བསྟན་པའི་ཉིན་བྱེད། བདུད་འདུལ་རྡོ་རྗེ། བྱམས་མགོན་རྫོགས་པའི་སངས་རྒྱས་པདྨ་ཉིན་བྱེད་དབང་པᨖའི་མདུན་ནས། རྗེ་བཅུ་གསུམ་པའི་ལྟ་ཁྲིད་ཡིག་ཆའི་སྟེང་ནས་བྱིན་རླབས་ཀྱི་རྒྱུན་བཟང་དང་དུས་ཀྱི་འཁᨖར་ལོའི་སྨིན་གྲᨖལ་བསྩལ་ཞིང་བརྒྱུད་ཚུལ་རྣམ་དག་གཞན་ཡང་ཡོད་དᨖ། །ཟབ་མᨖའི་ལྟ་བ་གསུང་རབ་ཀྱི། །ངེས་དᨖན་ལགས་མᨖད་རྟོགས་པ་ཉུང༌། །རྒྱལ་ཚབ་བྱམས་པར་འཁྲུལ་མེད་པས། །ཐེག་ཆེན་རྒྱུད་བླར་འཆད་ཉན་མཛོད། །རྡོ་རྗེའི་རྣལ་འབྱོར་ཉམས་ལེན་གྱི། །མཐར་ཐུག་ཡིན་ཀྱང་སྒོམ་པ་དཀོན། །རྒྱུད་ཀྱི་རྒྱལ་པᨖར་ཡིད་ཆེས་པས། །དམན་ལ་འགྲམ་ཆུ་མི་ལྡང་མཛོད། །ཀུན་བཟང་སྤྱོད་པ་བགེགས་ཆུང་ལ། །ས་ཆོད་ཆེ་ཡང་ཚུལ་ལྡན་དཀའ། །གོང་མའི་རྣམ་ཐར་དཔང་བཙུགས་ཏེ། །སᨖ་བྱང་བསླབ་པས་ལེགས་བསྡམས་འཚལ། །ལྟ་སྒོམ་སྤྱོད་པ་རྣམ་དག་ན། །རང་གཞན་དᨖན་གཉིས་མྱུར་འགྲུབ་འགྱུར། །འདི་ནི་མཁས་འདᨖད་རང་བཟོ་མིན། །བཀའ་དང་བསྟན་བཅོས་དགོངས་པའི་བཅུད། །དགེ་བས་བདག་དང་སེམས་ཅན་ཀུན། །ཉེས་པ་ཆེན་པᨖ་ལྔ་སྤངས་ཤིང༌། །ཡོན་ཏན་ཆེན་པᨖ་ལྔ་ཐོབ་ནས། །དᨖན་དམ་ཆོས་དབྱིངས་མངོན་འགྱུར་ཤོག །ཅེས་པ་འདི་དཔལ་ལྡན་ཇོ་ནང་པའི་བསྟན་འཛᨑན་མཁས་གྲུབ་ངག་དབང་མཚན་ཅན་ཟུང་གི་ཐུགས་བཞེད་ལྟར། སྟོང་གཞི་བདེ་གཤེགས་སྙིང་པᨖ་ལ་ཤེས་ནས་དད་པ་ཐོབ་པ་སྙོམས་ལས་ཀྱི་བཙུན་པ་ཡོན་ཏན་རྒྱ་མཚོས་དཔལ་ཛཾ་ཐང་གི་
ཆོས་གྲྭ་ཆེན་པᨖར་བྲིས་པ་སྐྱེ་བ་ཀུན་ཏུ་ངེས་དᨖན་སྙིང་པᨖའི་བསྟན་པ་ལ་ཐོས་བསམ་སྒོམ་པའི་སྐལ་བ་ཅན་དུ་གྱུར་ཅིག །དགེ་ལེགས་འཕེལ།།    །།  
[[Category:Wyckibaat]]

Latest revision as of 12:01, 18 April 2025

Wylie title gzhan stong dbu ma chen po'i lta khrid rdo rje zla ba dri ma med pa'i 'od zer DNZ-04-NGA-021.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 4, Text 21, Pages 711-739 (Folios 1a1 to 15a4)
Author འཇམ་མགོན་ཀོང་སྤྲུལ་
Citation 'jam mgon kong sprul. Gzhan stong dbu ma chen po'i lta khrid rdo rje zla ba dri ma med pa'i 'od zer. In Gdams ngag rin po che'i mdzod, Vol. 4: 711-739. Kalimpong: Rigpe Dorje Publications, 2024. DNZ-Shechen-04-NGA-021.pdf
Shechen Publications, 1999
Side notes Recto: gzhan stong lta khrid   Verso: bka' gdams skor
More details More details
Genre Instructions on the View - lta khrid  ·  Madhyamaka - dbu ma
Colophon

།ཅེས་པ་འདི་དཔལ་ལྡན་ཇོ་ནང་པའི་བསྟན་འཛིན་མཁས་གྲུབ་ངག་དབང་མཚན་ཅན་ཟུང་གི་ཐུགས་བཞེད་ལྟར། སྟོང་གཞི་བདེ་གཤེགས་སྙིང་པོ་ལ་ཤེས་ནས་དད་པ་ཐོབ་པ་སྙོམས་ལས་ཀྱི་བཙུན་པ་ཡོན་ཏན་རྒྱ་མཚོས་དཔལ་ཛཾ་ཐང་གི་ཆོས་གྲྭ་ཆེན་པོར་བྲིས་པ་སྐྱེ་བ་ཀུན་ཏུ་ངེས་དོན་སྙིང་པོའི་བསྟན་པ་ལ་ཐོས་བསམ་སྒོམ་པའི་སྐལ་བ་ཅན་དུ་གྱུར་ཅིག །དགེ་ལེགས་འཕེལ།།

ces pa 'di dpal ldan jo nang pa'i bstan 'dzin mkhas grub ngag dbang mtshan can zung gi thugs bzhed ltar/_stong gzhi bde gshegs snying po la shes nas dad pa thob pa snyoms las kyi btsun pa yon tan rgya mtshos dpal dzaM thang gi chos grwa chen por bris pa skye ba kun tu nges don snying po'i bstan pa la thos bsam sgom pa'i skal ba can du gyur cig__/dge legs 'phel//

[edit]
༄༅། །གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར་ཞེས་བྱ་བ་བཞུགས་སོ། །

༄༅། །མཐར་ཐུག་ཕྱིར་མི་ལྡོག་པའི་ཆོས། །སྟོན་དང་བསྟན་པ་འཛིན་མཛད་རྣམས། །སྙིང་གི་ཐིག་ལེར་བཀོད་ནས་འདིར། །དབུ་མའི་ལྟ་ཁྲིད་ཉུང་བསྡུས་བྲི། །དེ་ལ་གང་ནས་བྱུང་བའི་ཁུངས་དང༌། ལྟ་ཁྲིད་དངོས། ཕན་ཡོན་བཤད་པ་དང་གསུམ་མོ། །དང་པོ་ལའང་། སྤྱི་དང༌ཁྱད་པར་གཉིས་ཏེ། སྤྱིར་རྒྱལ་བའི་བཀའ་ལ་བསླུ་བའམ་མི་བདེན་པ་ཞིག་ཡོད་ནས་དྲང་ངེས་ཀྱི་རྣམ་པར་བཞག་པ་མ་ཡིན་ཀྱང༌། བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་མི་ནུས་པ་དང་ནུས་པའི་གང་ཟག་གི་བློ་ཁྱད་ལ་བརྟེན་ནས། བྱིས་པ་ལ་ཟས་སྙོད་པའི་ཚུལ་གྱིས་བཀའ་འཁོར་ལོ་དང་པོས་འཁོར་བ་ལས་ངེས་པར་འབྱིན། བར་པས་མཚན་འཛིན་ཟློག །མཐའ་མས་གནས་ལུགས་ཀྱི་དོན་ཡོད་མེད་ཡིན་མིན་སོགས་ལེགས་པར་ཕྱེ་བས། དང་པོ་དྲང་དོན། བར་པ་དྲང་ངེས་འདྲེས་པ། མཐའ་མ་ངེས་དོན་བླ་མེད་དུ་མདོ་སྡེ་དགོངས་པ་ངེས་འགྲེལ་ལུང་གིས་གྲུབ་པ་སོགས་རྒྱལ་བ་སྲས་བཅས་ཀྱིས་རྣམ་པར་གཞག་པ་ལས་འགོངས་མི་ནུས་པ་མ་ཟད། ཟབ་མོའི་དོན་རིམ་པར་གསལ་ཞིང་ཡོངས་སུ་རྫོགས་པར་མངོན་སུམ་གྱིས་ཀྱང་གྲུབ་པའི་ཕྱིར་རོ། །འོན་ཀྱང་མེད་པ་ལ་མེད་ཅེས་ཀུན་རྫོབ་ཀྱི་སྣང་ཚུལ་བར་པས་བསྟན་ཞིང༌། ཡོད་པ་ལ་ཡོད་ཅེས་དོན་དམ་གྱི་སྟོང་ཚུལ་ཐ་མས་བསྟན་པས། བར་ཐ་གཉིས་དང་དེ་དག་གི་སྲོལ་འབྱེད་ཤིང་རྟ་ཆེན་པོ་གཉིས་ཀྱང་དགོངས་པའི་འབབ་སྟེགས་གཅིག་པར་ཤནྟཱི་པ་སོགས་བཞེད། དེ་ལ་འཁོར་ལོ་ཐ་མ་ངེས་དོན་སྙིང་པོའི་མདོ་སྡེ་ཉི་ཤུ༑ བྱམས་ཆོས་སྡེ་ལྔ། ཀླུ་ཐོགས་ཡབ་སྲས་ཀྱི་གཞུང་ལུགས་ལ་བརྟེན། ལོ་ཙཱ་བ་གཟུ་བཙན་རྣམ་གཉིས་ནས་བཟུང་ད་ལྟའི་བར་དུ་བོད་ཀྱི་ཡུལ་འདིར་ཡང་གཞན་སྟོང་དབུ་མར་གྲགས་པའི་འཆད་ཉན་སྲོལ་ཀ་ཅི་རིགས་པར་བྱུང་བ་ལས། ཤིང་རྟའི་སྲོལ་འབྱེད་ཆེན་པོ་ནི། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་དོལ་པོ་བ། ཀུན་མཁྱེན་དྲི་མེད་འོད་ཟེར་དང་གསུམ་པོ་ཡིན་ལ། རྗེ་བདུན་པ། ཟི་ལུང་པཎ་ཆེན། ཏཱ་ར་ནཱ་ཐ། བསྟན་པའི་ཉིན་བྱེད་སོགས་འཕགས་པའི་ས་ལ་ངེས་པར་བཞུགས་ཤིང་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་ཕྱོགས་རེར་མ་ལྷུང་བའི་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་ཀྱང་ཉན་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབ་ཅིང་། དེ་དག་གི་གསུང་རབ་ཐམས་ཅད་འདིའི་རྒྱབ་རྟེན་དུ་འབྱོན་ནོ། །དེར་མ་ཟད་ཐོས་བསམ་སྒོམ་པ་ཟུང་འབྲེལ་གྱིས་གནས་ལུགས་ཕྱིན་ཅི་མ་ལོག་པར་གཟིགས་པའི་སྐྱེ་འཕགས་རྣམས་ཀྱི་མཐར་ཐུག་དགོངས་པ་ནི་འདི་ཁོ་ནར་འབབ་དགོས་སོ། །ཁྱད་པར་ཟབ་མོའི་ལྟ་ཁྲིད་ནི་རྒྱུད་བླ་མའི་དགོངས་དོན་མངའ་བདག་མཻ་ཏྲི་པས་རྩལ་དུ་བཏོན་ཏེ་དབུས་ཀྱི་ཀ་ཆེན་རིན་ཆེན་རྡོ་རྗེ་དང༌། ཁ་ཆེ་སཛྫ་ན་སོགས་སུ་བརྒྱུད་པ་ལྟ་ཁྲིད་ཐུན་མོང་བའི་ལུགས་དང༌། བྱིན་རླབས་འཕོ་བའི་དབང་བསྐུར་གྱི་ལམ་ནས་རྗེ་བཙུན་ལྷོ་བྲག་པ་ལ་སྩལ་བ་བཀའ་བརྒྱུད་ཡོངས་ལ་གྲགས་པའི་མདོ་སྔགས་ཟུང་འཇུག་གི་ཕྱག་ཆེན་ཐུན་མོང་མིན་པ་དང་གཉིས་ཡོད་པའི་སྔ་མ་ནི་འདིར་འཆད་པར་བྱ་བ་ཉིད་དོ། །གཉིས་པ་ལྟ་ཁྲིད་དངོས་ལའང་མདོ་ལུགས་རང་རྐང་དང༌། དེ་སྔགས་ལུགས་ཟབ་མོ་དང་འབྲེལ་བའི་ཚུལ་ལོ། །དང་པོ་ལའང་གོ་བར་བྱ་བ་དང༌། དེ་ཉམས་སུ་བླང་བའི་ཚུལ་གཉིས་ལས། དང་པོ་ནི། རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་ལྟ་བར་གསུངས་པ་དེ་གཞིར་བཞག་པའི་སྟེང༌། ཁམས་གསུམ་ལས་འདའ་བར་བྱེད་པ་ཟབ་མོའི་ལྟ་བ་ཕྱིན་ཅི་མ་ལོག་པ་ཞིག་ལ་བརྟེན་དགོས་ཤིང༌། དེའང་ཉན་ཐོས་པས་གང་ཟག་བདག་མེད། རང་རྒྱལ་བས་གཟུང་བ་བདེན་མེད། རྣལ་འབྱོར་སྤྱོད་པས་གཉིས་སྟོང་ཡེ་ཤེས། དབུ་མ་ཐུན་མོང་བས་ཆོས་ཀུན་རང་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་པའི་དོན་བསྒོམས་པས་ཉམས་སུ་མྱོང་བ་ཡིན་ཀྱང༌། སེམས་དང༌། འདུ་ཤེས་དང༌། ལྟ་བ་ཕྱིན་ཅི་ལོག་གསུམ་གྱིས་ཀུན་ནས་དཀྲིས་པས་གཉིས་མེད་ཡེ་ཤེས་གཏན་ལ་མ་ཕེབས་པར་སངས་རྒྱས་དང་ཁ་ཐག་རིང་བའོ། །འོ་ན་གཉིས་མེད་ཡེ་ཤེས་དེ་སུ་ཞིག་གིས་ཉམས་སུ་མྱོང་ཞེ་ན། མཚན་ཉིད་པ་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་ཤིང༌། རྗེས་མཐུན་པ་སོ་སོའི་སྐྱེ་བོ་ཐོས་བསམ་སྒོམ་པ་ཐུན་མིན་གྱིས་རྒྱུད་སྦྱངས་པ་རྣམས་ཀྱིས་སོ། །ཕྱི་མ་དེ་ལའང་གཉིས་ཏེ། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱིས་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟར་གནས་ལུགས་ལ་ཅིའང་མི་དམིགས་ཤིང་གང་དུའང་མ་གྲུབ་པའི་སྟོང་ཉིད་དེ། རྟེན་འབྲེལ་དུ་སྣང་ལ་མ་འགགས་པ་ཤར་བ་དབུ་མའི་རིགས་ཆེན་ལྔས་ཐག་ཆོད་པར་བྱས་ཏེ། དངོས་གཞིའི་ཚེ་གཙུབས་ཤིང་དང་གཙུབ་གཏན་གཉིས་ཀའང་མེས་བསྲེགས་ནས་མཐར་མེ་ཉིད་རང་ཡལ་དུ་སོང་བ་ལྟར། ཞེན་རྟོག་སོར་རྟོག་གིས་གཞལ་ཟིན་ནས། སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱང་དམིགས་མེད་དུ་འཇོག་སྟེ། ཅིར་ཡང་མི་སེམས། གང་དུའང་ཡིད་ལ་མི་བྱེད། བདག་མེད་རྟོགས་པ་ནམ་མཁའ་ལྟ་བུའི་ངང་དུ་མི་བསྒོམ་པའི་ཚུལ་གྱིས་བསྒོམ་པ་ན་རིན་ཆེན་སྒྲོན་མ་ལ་སོགས་པའི་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་གྱི་སྒོ་མང་པོ་སྐྱེས་པའི་ཚེ། རྣམ་པར་དག་པའི་ལུང་དང་མན་ངག་གིས་ངོ་ལེགས་པར་འཕྲོད་ན་ཕྱིན་ཅི་ལོག་གི་འཛིན་སྟངས་དག་ནས་ཤེས་རབ་ན་འཕར་ཏེ་ཐུན་མོང་མིན་པའི་དབུ་མ་ཆེན་པོའི་ལྟ་བ་རྟོགས་པར་འགྱུར་རོ། །འོན་ཀྱང་ཏིང་ངེ་འཛིན་གྱི་ཚོགས་དམ་པའི་ལེའུ་ལས། ཏིང་ངེ་འཛིན་ཀྱང་རབ་བརྟེན་ལ། །དེ་ལ་མངོན་པར་ཞེན་བྱེད་ན། །བྱིས་པ་ཉེར་སྤྱོད་པ་ཞེས་བྱ། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པས། རྟོག་དཔྱོད་ཀྱི་སྟོང་ཉམས་ལ་ཆོས་ཉིད་དུ་རློམས་པ་ཁ་ཅིག །དབུ་མ་ཆེན་པོ་ནི་ངེད་ཁོ་ན་ལྟར་ཡིན་གྱི་གཞན་ཐམས་ཅད་ནོར་བའོ། །ཞེས་ལམ་ཤོར་དང༌། ཁ་གཅིག་རང་གི་ངོ་བོ་བློ་འདས་སུ་མ་གྲོལ་བར་སྐྱེ་འགག་གྲངས་སུ་འདེབས་པ་ལ་ཕྱག་རྒྱ་ཆེན་པོར་འཁྲུལ་ཏེ་མྱོང་བ་བརྟེན་པའི་གཤིས་ཤོར་བ་གཉིས་མིང་གི་རྣམ་དཔྱོད་ཆེ་ཆུང་མ་གཏོགས་ཁམས་གསུམ་ལས་འཕགས་མི་ནུས་པར་མཚུངས་པས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒོར་འཇུག་པ་ལ་ལུང་རིགས་མན་ངག་ཕྱིན་ཅི་མ་ལོག་པར་གོ་མྱོང་རྟོགས་པ་རྡོ་རུས་འཕྲོད་པས་ཀུན་དང་མི་འགལ། ཀུན་ལས་འཕགས་པའི་ལྟ་སྒོམ་སྤྱོད་པ་གནད་དུ་ཁེལ་བ་དགོས་སོ། །རྣལ་འབྱོར་སྤྱོད་པ་བྱམས་ཆོས་ལ་བརྟེན་པ་དག་གིས་ནི་བཀའ་འཁོར་ལོ་བར་པའི་གཞུང་ལུགས་དགོངས་འགྲེལ་བཅས་པས་ཆོས་ཅན་འཁྲུལ་སྣང་གློ་བུར་བའི་སྤྲོས་པ་གཅོད་པ་སྔོན་དུ་སོང་ན་མཆོག་ཡིན་ཞིང༌། དེ་ཙམ་སྤྲོས་པས་མི་ལྕོགས་ན། བྱམས་ཆོས་ལྔའམ། རྒྱུད་བླ་མ་ཙམ་ལ་ནི་ངེས་པར་སྦྱང་དགོས་ལ༑ དེའང་མི་ནུས་ན། ཇི་སྐད་དུ། སེམས་ལས་གཞན་དུ་མེད་པ་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་རྟོགས་ཏེ། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་ལྟར། ཐོག་མ་མེད་པ་ནས་རང་སེམས་མ་རིག་པའི་ཆ་གློ་བུར་དྲི་མ་ལ་བརྟེན་ནས་མ་བརྟགས་མ་དཔྱད་པའི་ངོར་རྨི་ལམ་གྱི་འཁྲུལ་པ་ལྟར་སྣ་ཚོགས་སུ་སྣང་ཡང༌། དཔྱད་ན་ཅིར་ཡང་མ་གྲུབ་པར་རང་རང་གི་ངོ་བོས་སྟོང་པའི་ཕྱིར། སྣང་བ་ཐམས་ཅད་ནི་སེམས་ཁོ་ནའི་ཆོ་འཕྲུལ་ཡིན་པས། ཕྱི་དོན་ལྟར་ཤར་བའི་གཟུང་བ་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་ཀུན་རྫོབ་བདེན་པའི་གནས་ལུགས་དང༌། འཛིན་པའི་སེམས་ཀྱང་ཕྱི་ནང་གང་དུའང་མི་གནས་ཤིང་དབྱིབས་ཁ་དོག་དངོས་པོར་མ་གྲུབ་ལ། མེད་པ་ལ་ཡོད་པ་ལྟར་འཁྲུལ་བའི་བདག་འཛིན་གྱི་རྒྱུན་ལས་བྱུང་བའི་ཚོགས་བརྒྱད་ཆ་དང་བཅས་པ་ནམ་མཁའི་མེ་ཏོག་ལྟར་གདོད་ནས་སྟོང་ཡང༌། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་སངས་རྒྱས་ནས་སེམས་ཅན་གྱི་བར་ཐམས་ཅད་ལ་ཁྱབ་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བཞིན་གྱིས་འོད་གསལ་བ། གློ་བུར་དྲི་མས་གདོད་ནས་གོས་མ་མྱོང་བ་དོན་དམ་བདེན་པའི་གནས་ལུགས་དེ་ཉིད་ཡང་དག་པར་ངོ་ཤེས་ནས་དེའི་ངང་དུ་མཉམ་པར་འཇོག་པ་ནི་བྱམས་ཆོས་ཀྱི་དགོངས་པ་སྟེ། དཔྱད་པ་དེ་ཙམ་ནི་ངེས་པར་སྔོན་དུ་འགྲོ་དགོས་ཏེ། མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ཞེས་བྱ་བ་གནས་ལུགས་གཉུག་མ་རང་བྱུང་གི་ཡེ་ཤེས་སུ་གནས། སྟོང་ལུགས་སྤྲོས་པའི་མཐར་འཛིན་པའི་རྟོག་པས་སྟོང༌། རྟོགས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་པ་ཞེས་བྱའོ། །གཉིས་པ་ཉམས་ལེན་དངོས་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ནི། དེའང་བདེ་གཤེགས་སྙིང་པོ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དྲི་མ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་རྣམས་སྦྱོང་བའི་གོ་རིམ་ལྟར། འཁོར་ལོ་དང་པོ་དང་རྗེས་སུ་མཐུན་པར་ཆོས་ཀྱི་མདོ་བཞི་བསམ་བསྒོམ་དུ་བྱ་སྟེ་འདི་ལྟར། སྐྱེས་པའི་མཐར་འཆི། འདུས་པའི་མཐར་འབྲལ། བསགས་པའི་མཐར་འཛད། བསློང་བའི་མཐར་འགྱེལ། འདུས་བྱས་ཀྱི་ཆོས་འདི་ཐམས་ཅད་ཆུ་བུར་དང་གློག་ལས་ཀྱང་མི་རྟག །ལས་དང་ཉོན་མོངས་པའི་ཉེ་བར་ལེན་པ་ལ་བརྟེན་ནས་ཁམས་གསུམ་དུ་གཟུགས་སོགས་ཕུང་པོ་ལྔ་ཡིས་འཁོར་ཞིང་ཟག་པ། བུམ་པར་ཆུད་པའི་སྦྲང་མ་ལྟ་བུ་འདི་ནི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱིས་གཡོས། སྡུག་བསྔལ་གྱི་རྒྱ་རུ་ཆུད། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་མ་གྲུབ་པས་སྟོང་ཞིང༌། གཟུང་འཛིན་གཉིས་ཀྱི་བདག་མེད་པ་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་འཁྲུལ་པ་གློ་བུར་བའི་མྱ་ངན་ལས་འདས་པ་ཡོངས་སུ་གྲུབ་པ་ཆེན་པོ་ནི་རྟག་བརྟན་ཞི་བ་དམ་པའོ། །སྙམ་དུ་བསམས་ལ། ངག་ཏུ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་ཡང་ཡང་བརྗོད། རྒྱས་པར་ལམ་རིམ་རྣམས་སུ་འབྱུང་བའི་ཐུན་མོང་གི་སྔོན་འགྲོ་རྣམས་རྒྱུད་ལ་འདྲེ་ངེས་སུ་བྱའོ། །གཉིས་པ་ལའང་གསུམ་སྟེ། དང་པོ་ཐེག་ཆེན་ཐུན་མོང་མིན་པའི་ལམ་དུ་འགྱུར་བའི་ཕྱིར། སྐྱབས་སུ་འགྲོ་བ་ནི། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་བདེ། །སེམས་ཅན་རྣམས་ཀྱི་ཉེར་ལེན་ནི། །མཐའ་དང་མཐའ་མེད་རྣམ་སྤངས་པའོ། །བྱི་དོར་བྱས་པས་གསེར་མདོག་དང༌། །ས་ལེ་སྦྲམ་དང་འཁར་བ་དག །ཇི་ལྟར་མཐོང་བ་དེ་བཞིན་དུ། །ཕུང་པོ་རྣམས་ལ་སེམས་ཅན་དང༌། །གང་ཟག་མེད་ཅིང་ཕུང་པོ་མེད། །སངས་རྒྱས་ཡེ་ཤེས་ཟག་མེད་པ། །རྟག་ཏུ་ཞི་བ་རྣམ་བསྒོམས་ཏེ། །དེ་ལ་བདག་ནི་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། སེམས་ནི་རང་བཞིན་འོད་གསལ་བ། །ཡིད་ལ་སོགས་པའི་ཉོན་མོངས་དང༌། །བདག་དང་ལྷན་ཅིག་ལྡན་པར་ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །དེ་བསལ་བྱ་ཕྱིར་ལམ་མཆོག་བསྒོམ། །ཞེས་པ་དག་དོན་དྲན་བཞིན་དུ་བརྗོད། གཉིས་པ་འཁོར་ལོ་བར་པ་དང་རྗེས་སུ་མཐུན་པར་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་ནས་ཆོས་ཉིད་ཟབ་མོ་ལ་ཟློ་བ་ནི། བདེ་བའི་གདན་ལ་ལུས་གནད་དཀྱུས་མཐུན་བཅའ། མོས་གུས་དུང་བ་བསྒོམ། སྔར་ཐོས་བསམ་གྱིས་ལྟ་བ་གཏན་ལ་ཕེབས་ན། ལྟ་བ་དེ་དྲན་པར་བྱས་ལ་མཉམ་པར་བཞག །ཐོས་བསམ་ཚུལ་ལྡན་མེད་ན། རང་སེམས་འདི་ཅིའི་ངོ་བོར་ཡང་མ་གྲུབ་པར་གཏན་ལ་ཕབ་ནས་གང་ཟག་གི་བདག་མེད་དང༌། ཡུལ་སྣང་ཐམས་ཅད་རང་སེམས་ཀྱི་སྣང་ཆ་ལས་གཞན་དུ་མ་གྲུབ་པར་ཐག་བཅད་ནས་ཆོས་ཀྱི་བདག་མེད་དང༌། དེའང་སེམས་སྣང་དབྱེ་བ་མེད་པ་ཆུ་རླབས་ཆུ་ལས་གཞན་དུ་མེད་པ་ལྟར། གཟུང་འཛིན་རོ་མཉམ་དུ་གོ་བ་བསྐྱེད་ནས། ཕྱི་རུ་མི་གཡེང༌། ནང་དུ་མི་གཅུན། བར་དུ་མི་འཛིན། ལུང་མ་བསྟན་དང་བཏང་སྙོམས་སུ་མ་ཤོར་བར་ནམ་མཁའ་ལྟ་བུར་ཕྱལ་གྱིས་བཞག་པས་མི་སྡོད་པར་འགྱུ་ན། ཚོགས་དྲུག་གི་སྣང་བ་གང་ཤར་སྟོང་པ་ཉིད་ཡིན་པས། སྤང་བླང་རེ་དོགས་དགག་སྒྲུབ་གང་ཡང་མི་བྱེད་པར་རང་ཞི་རང་གྲོལ་དུ་སྐྱོང་བ་ན། སེམས་གནས་ཀྱི་རྟགས་རིམ་པར་འབྱུང༌། དེ་ནས་ཁྲིད་གཞུང་རྣམས་ལས་བྱུང་བ་ལྟར་སེམས་ཚོལ་བྱས་པས་རང་བཞིན་གདོད་ནས་སྤྲོས་པ་དང་བྲལ་བ་ལ་ཐག་ཆོད་སྐྱེ་ཞིང༌༑ གནས་ལུགས་སྤྲོས་བྲལ་དེ་ལ་ངོ་ཤེས་གཅིག་པུ་མ་གཏོགས་ལོགས་སུ་བསྒོམ་རྒྱུ་མེད་པས་འབྲལ་མེད་ཀྱི་དྲན་པ་བསྟེན། དེའང་མ་བཅོས་སོ་མ་དང་། གང་ཤར་གཉུག་མར་གསུངས་པས། རང་སེམས་གསལ་སྟོང་འཛིན་མེད་དེ་ཉིད་གནས་འགྱུ་དགའ་སྡུག་ཅི་ལྟར་ཤར་བ་དེ་ཀ་མ་བཅོས་པར་སྐྱོང་བ་ལས། སྤང་བྱ་དང་གཉེན་པོའི་རྩོལ་བས་མི་འཆིང་བར་རྟེན་མེད་རིག་པ་སྒོམ་མེད་དུ་འཇོག་པས་ཐེག་ཆེན་ཞི་ལྷག་མཐར་ཕྱིན་པ་འབྱུང་སྟེ། དེ་དག་གི་སྐབས་སུ་ཉམས་ཀྱི་འཆར་སྒོ་དང་ལམ་གྱི་ཡོན་ཏན་ཇི་ལྟར་སྐྱེས་ཀྱང་མ་ཆགས་ཤིང་མ་ཞེན་པར་རང་ངོ་ཤེས་པར་བྱ་བ་ནི་གནད་ཟབ་མོའོ། །ངག་ཏུ་ཡང༌། གཞི་སྟོང་པ་ཉིད་དོ། །ལམ་མཚན་མ་མེད་པའོ། །འབྲས་བུ་སྨོན་པ་མེད་པའོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱའོ། །གསུམ་པ་ཞི་ལྷག་གི་ཏིང་ངེ་འཛིན་ཅི་རིགས་སྐྱེས་པ་ན་འཁོར་ལོ་མཐའ་མ་དང་རྡོ་རྗེ་ཐེག་པའི་རྗེས་སུ་མཐུན་པར་ཡོད་མེད་ལ་སོགས་པའི་ཤན་ལེགས་པར་ཕྱེ་ཞིང་ངོ་སྤྲད་པ་ནི། གསུང་རབ་གཞུང་འགྲེལ་རྣམས་ལ་གོ་བ་རགས་རིམ་ཡོད་ན་དེ་ཀས་འཐུས་ལ། མེད་ན་རི་ཆོས་ངེས་དོན་རྒྱ་མཚོ་ཙམ་ཞིག་ལུང་འབོག་པ་དང༌། ལྟ་རྟོག་ཅི་ནུས་སུ་བྱས་པས། སེམས་ཀྱི་ངོ་བོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། རང་བཞིན་གྱིས་འོད་གསལ་བ། དེ་བཞིན་གཤེགས་པའི་སྙིང་པོ། དེ་བཞིན་ཉིད་དང༌། ཕྱག་རྒྱ་ཆེན་མོ་དང་། ཨ་ཧཾ་ལ་སོགས་པ་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཡང་འགལ་འདུའི་སྐྱོན་གྱིས་མ་རེག་པར་ཁོང་དུ་ཆུད་ནས། ཇི་སྐད་དུ། སངས་རྒྱས་ཀྱི་གསུང་ཐམས་ཅད་ལས་ནི་སྟོང་པ་ཉིད་དང་བདག་མེད་པ་སྟོན་ཏོ། །སྟོང་པ་ཉིད་དང་བདག་མེད་པའི་དོན་མི་ཤེས་པའི་མི་བླུན་པོ་རྣམས་ནི་ཉམས་པར་འགྱུར་རོ། །ཞེས་པའི་སྐྱོན་ལས་གྲོལ་ཏེ། བདེན་པ་གཉིས་དང་རྟོན་པ་བཞི་ལ་བརྟེན་ནས་རྒྱལ་བའི་གསུང་རབ་ངེས་དོན་མཐར་ཐུག་པ་རྣམས་དང་རང་གི་ཉམས་སུ་མྱོང་བྱའི་ཡེ་ཤེས་བརྡ་འཕྲོད་དེ་ལམ་བསྒོམ་པ་དོན་ཡོད་པར་འགྱུར་རོ། །དེ་ལྟར་ཀུན་བརྟག་གློ་བུར་བའི་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྤྲིན་གྱི་འདུ་འགོད་ལྟར་སྟོང་ཡང༌། ཆོས་ཉིད་བདེ་གཤེགས་སྙིང་པོ་གསལ་རིག་རྒྱུན་ཆད་མེད་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་ངོ་སྤྲོད་ནས་ཉམས་སུ་བླང་བ་ནི། སྐྱབས་སེམས་གོང་ལྟར་བྱ། རྗེ་བཙུན་སྒྲོལ་བའི་མགོན་པོའི་གསུང་རབ་ལས་བྱུང་བ་ལྟར་བླ་མ་སངས་རྒྱས་རྗེས་དྲན་ཐུན་གཅིག་བསྒོམས་ལ་མཐར། དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཆོས་ནི་བརྗོད་དུ་མེད་པ་སྟེ། དེ་ནི་རྣ་བས་མཉན་པར་མི་ནུས་སོ། །དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་ངག་དང་སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ༑ ༑ཞེས་དང༌། སངས་རྒྱས་ཀྱི་རང་བཞིན་ནི་འདུས་མ་བྱས་པས་རྟག་པ་ཞེས་བྱའོ། །ནམ་མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་ནི་རྟག་པའོ། །རྟག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ། །ཞེས་ཡང་ཡང་བརྗོད་ལ། དོན་དམ་གྱི་དཀོན་མཆོག་གསུམ་རྟག་ཏུ་རྗེས་སུ་དྲན་པར་བྱའོ། །དེ་ནས་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་མེད་ལ་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་ཀུན་རྫོབ་འཁྲུལ་པ་སེམས་ཙམ་དུ་རྟོགས་པ་དེ་སྣང་མེད་དབུ་མས་གཞིག་ཅིང༌། དེ་ལས་ཀྱང་འདས་ནས་སྣང་བཅས་དབུ་མས་དེ་ཁོ་ན་ཉིད་ཀྱི་ཚུལ་མ་ནོར་བ་ལ་འཇུག་དགོས། དེ་ལ་ཡང་དག་པའི་དམིགས་པ་གང་ཞེ་ན། ནམ་མཁས་མ་ཁྱབ་པའི་འབྱུང་བ་བཞི་མེད་པ་ལྟར་སངས་རྒྱས་ཆོས་ཀྱི་སྐུས་མ་ཁྱབ་པའི་ཤེས་བྱ་མེད་པ་དང༌། སངས་རྒྱས་དང༌། བདག་དང༌། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བཟང་ངན་ཆེ་ཆུང་མཐོ་དམན་ལ་སོགས་པའི་དབྱེ་བ་མེད་པ་དང༌། སངས་རྒྱས་ཀྱི་ཆོས་བསྐྱེད་པར་ནུས་པ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པ་རང་བཞིན་གནས་པའི་རིགས་སམ་ཁམས་དེ་ཉིད་སྲོག་དབུགས་ཀྱིས་བསྡུས་པའི་སྐྱེ་འགྲོ་ཐམས་ཅད་ལ་ཡོད་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསལ་གདབ་པའི་ཕྱིར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་བརྗོད། དག་པ་རྣམས་ཀྱི་ཆོས་ཀྱི་སྐུ། མ་དག་ཅིང་དག་པ་རྣམས་ཀྱི་དེ་བཞིན་ཉིད། མ་དག་དག་པ་རྣམས་ཀྱི་རིགས་དེ་ཉིད། ཚུལ་འདི་ལྟར་དུ་ཡོད་དེ། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང༌། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང༌། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་བརྗོད་ཅིང་དོན་བསམ། ལས་དང་རྒྱུ་དང་འབྲས་བུ་དང༌རྣམ་པར་སྨིན་པ་དང་། ཉོན་མོངས་པ་དང༌། ཕུང་ཁམས་སྐྱེ་མཆེད་རྟེན་ཅིང་འབྲེལ་བར་འབྱུང་བ་སོགས་རྣམ་པར་དབྱེ་བ་ཅན་ཐམས་ཅད་དོན་དམ་དུ་ཡོད་མ་མྱོང་བར་མ་ཟད། ཀུན་རྗོབ་ཏུའང་ལྡན་ལ་མ་གོས་པར་བཞུགས་ཤིང༌། རང་བྱུང་གི་མཚན་དཔེ་སྟོབས་དང་མི་འཇིགས་པ་དང༌། དྲན་པ་ཉེ་བར་བཞག་པ་གསུམ་དང༌། བྱམས་པ་དང་སྙིང་རྗེ་ཆེན་པོ་དང༌། རྡོ་རྗེ་ལྟ་བུ་ལ་སོགས་པའི་ཏིང་ངེ་འཛིན་དང༌། ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ཚད་མེད་པ་སོགས་རྣམ་པར་དབྱེར་མེད་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་ལྷག་པ་ནི་གདོད་ནས་རང་ཆས་སུ་བཞུགས་པས་མི་སྟོངས་སོ་ཞེས་དྲི་མ་འབྲལ་རུང་དང་། ཡོན་ཏན་སྐྱེ་རུང་གི་གཞི་ལ་ཡིད་ཆེས་པས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འོད་གསལ་བྱས་མིན་དབྱེར་མེད་པ། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་དང་། །ཅེས་གསལ་གདབ། དེའང་ཉན་ཐོས་དང་རང་རྒྱལ་ལ་སོགས་པས་ནི་བདེ་བ་ལ་སྡུག་བསྔལ། རྟག་པ་ལ་མི་རྟག་པ། བདག་ལ་བདག་མེད་པ། གཙང་བ་ལ་མི་གཙང་བར་ལྟ་སྟེ། རྒྱལ་བས་གསུངས་པའི་ཚིག་ཤེས་ཀྱི་དོན་ནི་མི་ཤེས་སོ། །དེ་ལ་དོན་ནི་འདི་ལྟ་སྟེ། བདག་མེད་པ་ནི་འཁོར་བ་ཞེས་བྱའོ། །བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །རྟག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ༑ ༑སྡུག་བསྔལ་བ་ནི་མུ་སྟེགས་ཅན་ཐམས་ཅད་དོ། །བདེ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །ཡོངས་སུ་མ་དག་པ་ནི་འདུས་བྱས་ཀྱི་ཆོས་སོ། །ཡོངས་སུ་དག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་ཆོས་ཏེ། རང་གི་སེམས་ཉིད་བདེ་གཤེགས་སྙིང་པོ་ནི་ཕྱིན་ཅི་ལོག་ལས་འདས་པ་ཡང་དག་པའི་ཆོས་བཞི་པོ་འདི་དང་ལྡན་ནོ་སྙམ་དུ་བསམས་ལ། དེ་ནི་རང་བཞིན་དག་ཕྱིར་དང༌། །བག་ཆགས་སྤངས་ཕྱིར་གཙང་བ་ཡིན། །བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཡིད་ཀྱི་རང་བཞིན་ཕུང་པོ་དང༌། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །འཁོར་བ་དང་ནི་མྱ་ངན་འདས། །མཉམ་པ་ཉིད་དུ་རྟོགས་ཕྱིར་རྟག །ཅེས་གསལ་གདབ། དེ་ལྟ་བུའི་ཁྱད་གཞི་བདེ་གཤེགས་སྙིང་པོ། ཁྱད་ཆོས་སངས་རྒྱས་ཀྱི་བྲལ་བའི་ཡོན་ཏན་དུ་མ་དང་བཅས་པ་ད་ལྟ་རང་རིག་པའི་ཡེ་ཤེས་གསལ་ལ་མ་འགག་པ། གཉུག་མ་ལྷན་ཅིག་སྐྱེས་པ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་མྱོང་བ་འདི་ཉིད་སྦྱང་གཞིར་བཞུགས་པ་ལ། སྦྱང་བྱ་གློ་བུར་བའི་དྲི་མ་དག་ནས། སྦྱངས་འབྲས་རང་ལ་བཞུགས་པའི་གནས་ལུགས་དེ་ཉིད་མངོན་དུ་གྱུར་པ་ནི་དྲི་བྲལ་ཆོས་སྐུ་ཞེས་བཏགས་ཏེ། འཁོར་འདས་ཀུན་གྱི་རྣམ་པ་ཐམས་ཅད་པར་འཆར་ཡང༌། ཤར་ཙམ་ཉིད་ནས་གཞི་ལས་མ་གཡོས་པ་དྲི་མ་མེད་པའི་ཤེལ་གོང་ལ་གཟུགས་བརྙན་གྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང༌། སྣང་ཙམ་ཉིད་ནས་ཤེལ་དང་གཟུགས་བརྙན་མ་འདྲེས་པ་ལྟར། རང་རིག་གསལ་སྟོང་རྗེན་པར་བུད་པ་ལ་འཁོར་འདས་ལམ་གསུམ་གྱི་སྣང་བ་ཅི་ལྟར་ཤར་ཡང༌། རང་ཤར་རང་གྲོལ་ངོ་བོ་ལ་ནམ་ཡང་གོས་པ་མེད་པས། ལྟ་བ་དང་ཉེས་པའི་བག་ཆགས་བསལ་བར་བྱ་བ་ཅིའང་མེད་ཅིང༌། སྔར་མེད་ཀྱི་ཁྱད་ཆོས་གསར་དུ་ཅིའང་བསྣན་དགོས་པའང་མེད་པས་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ལ་མཉམ་བཞག་གི་དངོས་གཞིར་བྱས་ནས་ཐུན་ཅི་རིགས་སུ་བསྒོམ་ཞིང་སྐབས་སུ་རྡོ་རྗེའི་ཚིག་གིས་གསལ་གདབ་པ་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བརྗོད་པའམ་དོན་བསམ། འདི་དག་ཀྱང་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱིས། རང་བཞིན་བདེ་གཤེགས་སྙིང་པོ་བསྒོམ་པ་དང༌། །ཁྱད་ཆོས་རྒྱལ་བའི་ཡོན་ཏན་བསམ་པ་གཉིས། །རྣམ་རྟོག་བྲལ་བའི་ཡིད་ཀྱིས་མགོ་བསྡུས་ན། །དེ་ནི་ངེས་དོན་བདེ་གཤེགས་ལམ་མཆོག་ཡིན། །ཞེས་ཟབ་གནད་དུ་གདམས་པར་མཛད་པ་དེ་ཡིན་ནོ། །དེ་ལྟར་མཉམ་པར་བཞག་ནས་མཐར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར། རང་ལ་གདོད་ནས་རང་ཆས་སུ་བཞུགས་པའི་བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་བ་དེ་ཉིད། ཡང་དག་པའི་ལྟ་སྒོམ་གྱིས་གློ་བུར་དྲི་མ་བཅོམ་ནས་རང་ཞལ་མངོན་དུ་གྱུར་པ་ན། མངོན་པར་རྫོགས་པ་བྱང་ཆུབ་པ་ཞེས་བྱ་བ་འབྲས་བུའི་མིང་དུ་བཏགས་པ་སྟེ། རྒྱུ་ལམ་དེ་དང་ལྡན་པ་ལ་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་དེ། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ཡིས་ནི་བསྒྲིབས་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་ནས་འཐོབ། །ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད༑ ༑གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་རྟག་གནས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་ངེས་པའི་ཤེས་པ་བསྐྱེད་ནས་མཉམ་བཞག་ལས་ལྡང་སྟེ། གསུམ་པ་རྗེས་ཐོབ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་པ་ན། སྙིང་པོའི་མན་ངག་ལེགས་པར་འདོམས་པའི་བླ་མ་ལ་ཆོས་སྐུའི་མོས་གུས་དང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས་གནས་སྐབས་རང་ངོ་འཕྲོད་མ་འཕྲོད་མ་གཏོགས་མཐར་ཐུག་ཡོན་ཏན་དྲུག་ཅུ་རྩ་བཞིའི་བདག་ཉིད་ཅན་དུ་ཤེས་པའི་དག་སྣང་རབ་འབྱམས་དང༌། དེ་ལྟར་མ་རྟོགས་པའི་སྐྱེ་འགྲོ་མཐའ་དག་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་འཁྲུལ་སྣང་ལུ་གུ་བརྒྱུད་དུ་འཕྱན་པས་སྡུག་བསྔལ་གྱི་འཁོར་ལོ་འབའ་ཞིག་བསྐོར་བ་ལ་མི་བཟོད་པའི་སྙིང་རྗེ་དང༌། དེ་ལྟར་ན་སེམས་ཅན་ཐམས་ཅད་རང་རང་གི་གཞི་ལ་བཞུགས་པའི་བྲལ་འབྲས་ཆོས་སྐུ་མངོན་ཏུ་ཐོབ་པའི་ཕྱིར༑ ཐེག་ཆེན་སྨོན་འཇུག་གི་སེམས་བསྐྱེད་དང་ལྡན་པས་རང་གཞན་གྱི་མི་དགེ་ཆ་དང་བཅས་པ་གདོད་ནས་སྟོང་ཉིད་དུ་རྟོགས་པའི་སྒོ་ནས་སྤང་བ་དང༌། ང་རྒྱལ་དང་རློམ་སེམས་བྲལ་བས་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ཕྱོགས་སུ་གཏོགས་པ་བཅས་དགེ་བ་ཅི་འགྲུབ་ཏུ་བསྒྲུབ་པ་དང༌། བདག་དང་སེམས་ཅན་དུ་མངོན་པར་མ་ཞེན་པའི་སྒོ་ནས་དངོས་དང་བརྒྱུད་དུ་སེམས་ཅན་ལ་ཕན་ཅི་ཐོགས་ལག་ལེན་དུ་གདབ་པ་དང༌། ཀུན་བཏགས་ཀྱིས་བསྡུས་པའི་ཕྱི་ནང་རྟེན་འབྲེལ་གྱི་ཆོས་ཐམས་ཅད་སྣང་ཡང་བདེན་པའི་ངོ་བོས་སྟོང་པ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པ་དང༌། ཁྱད་པར་དུ་བསོད་ནམས་མ་བསགས་པ་ལ་ལོག་པར་ལྟ་བ་ལ་སོགས་པའི་ཉེས་དམིགས་མང་པོ་འབྱུང་ཞིང༌། ཡང་དག་པའི་ལྟ་བ་རྟོགས་པར་བྱེད་པ་ལ་ཚོགས་བསགས་དགོས་པར་གསུངས་པས། ཁ་ན་མ་ཐོ་བ་དང་བྲལ་ཞིང་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་དགེ་བའི་ལས་སུ་འགྱུར་བ་སྤྱི་དང༌། ཕྱག་བསྐོར་སཱཙྪ་མར་མེ་འབུལ་བ་ཡན་ཆད་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའི་རྒྱུ་རུ་བསྔོ་བ་དང༌། དཀོན་མཆོག་གསུམ་རྟག་པ་ལ་ཡིད་ཆེས་པས་རྟེན་བཞེང་མཆོད་བསྟོད་སོགས་མཉེས་པ་སྒྲུབ་པ་སྤྱི་དང༌། ཁྱད་པར་ཡན་ལག་བདུན་པ་གྲངས་སུ་མ་བཅད་པར་ཅི་ནུས་འབུལ། སྐབས་སྐབས་སུ་ངེས་དོན་སྙིང་པོའི་མདོ་སྡེ་ཉི་ཤུ་ལུང་འབོགས་པ་དང༌། ཁ་ཏོན་དུ་བགྱིད་པ་དང༌། དོན་བསམ་ཞིང་གཞན་ལ་འཆད། རྒྱུད་བླ་མ་དང༌། རི་ཆོས་ངེས་དོན་རྒྱ་མཚོ་སོགས་དགོངས་འགྲེལ་ཚད་ལྡན་རྣམས་ལའང་རྟོག་པ་བཅུག་སྟེ། ཐོས་བསམ་གྱིས་སྒོམ་པ་མ་འཕྲོག་ཅིང༌། སྒོམ་པས་ཐོས་བསམ་མ་བཅོམ་པར་རང་བཞིན་གནས་རིགས་མངོན་དུ་འགྱུར་བའི་ཕྱིར་མཉམ་བཞག་ཡེ་ཤེས་ཀྱི་ཚོགས་དང༌། རྒྱས་འགྱུར་གྱི་རིགས་གོང་དུ་སྤེལ་བའི་ཕྱིར་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་ཟུང་དུ་འཇུག་པར་བྱ། ཟབ་མོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཅུང་ཟད་ཅིག་སྐྱེས་ཀྱང་འདུས་བྱས་ཀྱི་དགེ་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང་ས་ཆོད་དེ་ཆེ་བས་མཉམ་བཞག་གཙོ་བོར་བཏོན། ཏིང་ངེ་འཛིན་ལྟར་སྣང་སྐྱེས་པ་ལས་ནི་རྒྱལ་བའི་གསུང་རབ་རྣམ་པར་དག་པ་ཐོས་བསམ་བྱུང་ན་ཕུགས་ཀྱི་གཞན་དོན་དེ་ཆེ་སྟབས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པས་གཅིག་གོ་གཅིག་གིས་མ་འགགས་པར་བྱ། སྤྱོད་ལམ་ཀུན་ཏུ་དྲན་པ་དང་ཤེས་བཞིན་མི་འབྲལ་བར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་ཟིན་པར་བྱ༑ ནམ་ཞིག་འཆི་བའི་ཚེ་ཀུན་མཁྱེན་དོལ་པོ་པའི་འཕོ་བའི་མན་ངག་ཁྱད་དུ་འཕགས་པ་ལྟར་རྣམ་ཤེས་གཞིའི་འོད་གསལ་ལ་འཇུག་པའི་ཚུལ་ལག་ཏུ་ཐེབས་དགོས་པས་ད་ལྟ་ནས་གོམས་འདྲིས་བྱ། དེ་ལྟར་ན་རྣལ་འབྱོར་པའི་རིག་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་འོད་གསལ་བ་ལ་ཐིམ་པས་གདོད་ནས་བཞུགས་པའི་ཆོས་ཀྱི་སྐུ་གློ་བུར་དྲི་མའི་སྦུབས་ལས་གྲོལ་ཏེ། ཤིན་ཏུ་ངོ་མཚར་རྨད་དུ་གྱུར་པའི་སྐུ་དང་ཡེ་ཤེས་ཡོན་ཏན་མཛད་པ་ཕུན་སུམ་ཚོགས་ཤིང་ཚད་མེད་གཞལ་དུ་མེད་པའི་བདག་ཉིད་ནམ་མཁའ་ལྟར་རྒྱ་ཆེ་ཞིང༌། ནོར་བུ་དཔག་བསམ་གྱི་ཤིང་ལྟར་སེམས་ཅན་རྣམས་ཀྱི་འདོད་དགུའི་འབྱུང་གནས་སུ་གྱུར་ཏེ། འཁོར་བ་ཇི་སྲིད་རྟག་ཁྱབ་ལྷུན་གྲུབ་ཀྱི་མཛད་པ་རྒྱུན་མི་ཆད་དུ་འབྱུང་བར་འགྱུར་ལ། དེ་ལྟར་མྱུར་དུ་འགྲུབ་པའི་ཕྱིར་བཟང་པོ་སྤྱོད་པ་སོགས་ཐེག་ཆེན་བསྔོ་སྨོན་སྤྱི་དང༌། འདིའང་ཐུན་མཚམས་སུ་གདབ་པར་བྱ་སྟེ། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཚོགས་ལས་སྙིང་པོ་ཡེ་ཤེས་ཁམས་ཐོབ་མཐར། །ཡེ་ཤེས་དེ་ཐོབ་བྱང་ཆུབ་མཆོག་ཆོས་སོགས། །སེམས་ཅན་དོན་བྱེད་ཆོས་རྣམས་དང་ལྡན་ཤོག །རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དྲུག་ཅུ་རྩ་བཞི་མྱུར་ཐོབ་ཤོག །གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང༌། །དེ་འདུལ་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་རྟག་ལྷུན་གྱིས་གྲུབ་པར་འཇུག་པར་ཤོག །དཀོན་མཆོག་རྣམ་པར་བྱང་ཁམས་དྲི་མེད་བྱང་ཆུབ་ཡོན་ཏན་ཕྲིན་ལས་ཏེ། །དོན་གནས་རྣམ་བདུན་ཐོས་བསམ་བསྒོམས་ལས་བདག་གིས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་འདིས་མཐའ་ཡས་འོད་མངའ་དྲང་སྲོང་ཚེ་དཔག་མེད་མཐོང་ཞིང༌། །མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་རེ་དོགས་མེད་པའི་སྨོན་ལམ་དང་། འཁོར་གསུམ་མི་རྟོག་པའི་བསྔོ་བས་རྒྱས་འདེབས་པར་བྱའོ། །གཉིས་པ་ལྟ་བ་དེ་ཉིད་སྔགས་དང་འབྲེལ་བར་ཉམས་སུ་ལེན་པའི་ཚེ་ནའང་གོ་བར་བྱ་རྒྱུ་དང༌། དངོས་གཞི་གཉིས་ལས། དང་པོ། ཕྱི་འཇིག་རྟེན་སྣོད་བཅུད་སྲིད་པ་གསུམ་གྱི་རྣམ་པར་ཤར་བ་འདི་དག་བཞིན་གྱི་བྱད་མེ་ལོང་ལ་འཕོས་པ་བཞིན་དུ། ནང་རྩ་རླུང་ཐིག་ལེའི་ཆོ་འཕྲུལ་དུ་ཤར་བ་ཡིན་ཞིང་། དེ་གསུམ་ཡང་གཞན་མཆོག་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་བཞུགས་ལ། དེ་ཐམས་ཅད་ཀྱང་། དེ་ཁོ་ན་ཉིད་བདེ་གཤེགས་སྙིང་པོའི་རང་འོད་རང་མདངས་ཆོས་ཀྱི་སྐུ་ཉིད་རྣམ་པ་ཐམས་ཅད་པར་ཤར་བ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས། དོན་དམ་ཆོས་ཀྱི་དབྱིངས་བདེ་སྟོང་ཟུང་འཇུག་རང་བཞིན་འགྱུར་བ་མེད་ལ་རྒྱུན་མི་ཆད་པས་རྒྱུད་ཀྱི་དོན་དུ་གསུངས་ཤིང༌། དེའང་གཞིའི་གནས་སྐབས་དྲི་བཅས་དེ་བཞིན་ཉིད་ལ་རྒྱུའི་རྒྱུད་དང༌། ལམ་དུས་ཆོས་ཉིད་དོན་ནི་རིམ་པར་སྣང་བ་ལ་ལམ་ཐབས་ཀྱི་རྒྱུད་དང༌། དག་པ་གཉིས་ལྡན་མངོན་དུ་འགྱུར་བ་ན་ཤིན་ཏུ་རྣམ་དག་འབྲས་བུའི་རྒྱུད་ཅེས་བྱ་སྟེ། ལྟ་བ་ཐུན་མོང་མ་ཡིན་པ་དེ་ཉིད་ཀུན་རྫོབ་ཀྱི་སྟོང་ཚུལ་ལ་མཆོག་ཏུ་འཛིན་པ་རྣམས་ཀྱིས་ཕྱོགས་ཙམ་མི་མཐོང་བ་ལྟ་ཅི་སྨོས། གོང་སྨོས་མདོ་ལུགས་རང་རྐང་གི་ལམ་དེས་ཀྱང་ཡུན་རིང་པོར་འགོར་བ་ཡིན་པས། དབང་དང་དམ་ཚིག་གིས་ཁྱད་པར་དུ་བྱས་པའི་སྔགས་ཀྱི་ལམ་མཐའ་དག་ལས་ཁྱད་པར་དུ་འཕགས་པ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་ལ་མཉམ་པར་བཞག་པ་ན་དུས་ཐུང་ངུར་ཚེགས་ཆུང་ངུས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་དངོས་གཞི་ཉམས་སུ་ལེན་པ་ན། འགྲེལ་ཆེན་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང༌། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབས་ཤིང་གཙུབས་གཏན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར། རང་བཞིན་འོད་གསལ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དེ་ཉིད། ངོ་བོའི་ཆ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། རང་བཞིན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོར་བཞུགས་ལ། དེ་ནི་རྟོག་བཅས་ཀྱི་སྒོམ་པ་སྣ་ཚོགས་པས་ཀྱང་མི་མཐོང་ལ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་བྱེད་པ་བཅིངས་པའི་ཐབས་ཁྱད་པར་ཅན་གྱིས་པྲ་ཕབ་པའི་གཟུགས་བརྙན་ལྟར་མཐོང་བར་འགྱུར་བས། ཐོག་མར་སོར་སྡུད་དང་བསམ་གཏན་ལ་བརྟེན་མུན་པའི་རྣལ་འབྱོར་གྱིས་དུ་བ་དང༌། སྨིག་རྒྱུ་དང༌༑ མཁའ་སྣང་དང༌། མར་མེའི་མཚན་མ་མཐོང་ལ། སྤྲིན་མེད་པའི་ནམ་མཁར་ཉིན་མོའི་རྣལ་འབྱོར་གྱིས་འབར་བ་དང༌། ཟླ་བ་དང༌། ཉི་མ་དང༌། རྡོ་རྗེ་སྒྲ་གཅན་དང༌། མཆོག་གི་ཆ་སྟེ་གློག་དང་། ཐིག་ལེའི་བར་དུ་རྟགས་བཅུ་ཡོངས་སུ་རྫོགས་པའི་སྟོང་གཟུགས་དེ་དག་ཡུལ་དུ་བྱས་ནས་ཉིན་དང་མཚན་དུ་མཉམ་པར་བཞག་པས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཁམས་གསུམ་པའི་རྣམ་པ་མཐའ་དག་ཅན་དུ་ཤར་བ་ཉམས་སུ་མྱོང༌། དེ་ནས་སྲོག་རྩོལ་དང་འཛིན་པའི་ཡན་ལག་ལ་བརྟེན་ཞུ་བདེ་དྲངས། རྗེས་དྲན་དང་ཏིང་ངེ་འཛིན་གྱིས་མཆོག་ཏུ་མི་འགྱུར་བའི་བདེ་བ་མཐར་ཐུག་པ་བསྒྲུབས། འཕོ་བའི་བག་ཆགས་ཀྱི་དབུགས་བཀག་པས་ཀུན་རྫོབ་ཀྱི་འཁྲུལ་སྣང་བཙན་ཐབས་སུ་འགགས་ནས། དག་པའི་སྣང་བ་གཞོམ་དུ་མེད་པ་མཐའ་དང་མུ་མེད་པར་མཆེད་དེ། གཙང་བདག་བདེ་དང་རྟག་པའི་ཕ་རོལ་ཏུ་སོན་པ་དྲི་བྲལ་ཆོས་སྐུ་མཁའ་ཁྱབ་དང་པོའི་སངས་རྒྱས་གདོད་ནས་རང་ལ་ བཞུགས་པ་དེ་ཉིད་མངོན་དུ་འགྱུར་རོ། །དེ་དག་གི་སྐབས་སུ་གྲོགས་དམ་ཚིག་དང་སྤྱོད་པ་རྣམ་པར་དག་པ་དགོས་ཤིང༌། དེའི་ཚུལ་ནི་ཆོས་རྗེ་ཡབ་སྲས་ཀྱི་གསུང་དང་། བླ་མའི་མན་ངག་ལྟར་ཁོང་དུ་ཆུད་ནས་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །གསུམ་པ་ཕན་ཡོན་ནི། དེའང་རྩོད་པའི་མཐར་སྙིགས་མ་ལྔ་བདོ་བས་ལྟ་བའི་སྙིགས་མ་ཉི་ཤུ་རྩ་བརྒྱད་འབྱུང་ལ། སེམས་ཅན་རྣམས་བསོད་ནམས་ཆུང་བས་ངེས་དོན་སྙིང་པོའི་མདོ་སྡེ་རྣམས་ལ་མི་གུས་ཤིང༌༑ དེ་དག་ལས་གསུངས་པའི་དོན་མི་བསྒོམ་པར་སྙོམས་ལས་སུ་བྱེད་པ་མ་ཟད། ཁ་ཅིག་སྙིང་པོའི་མདོ་སྡེ་རྣམས་ལ་ཡིད་མི་ཆེས་པས་ལོག་པར་ལྟ་བའི་རྒྱུ་དེས་ངན་འགྲོའི་གཡང་ས་ཆེན་པོར་ལྷུངས་ཏེ་ཐར་པའི་དཔྱངས་ཐག་ཆད་པར་གསུངས་པས། དེ་ལས་ལྡོག་པ་ནི་ཕན་ཡོན་ཡིན་ལ། སྦྱིན་པ། ཚུལ་ཁྲིམས། བསམ་གཏན་ཁྱད་པར་དུ་འཕགས་པ་བསྐལ་བ་དུ་མར་བསྒྲུབས་པ་ལས། ཟབ་མོའི་ཆོས་འདི་ཐོས་པའི་ཕན་ཡོན་ཆེ་བ་རྒྱུད་བླ་མར་གསུངས་ཤིང༌། སྤྱིར་ཐེག་ཆེན་ལ་མོས་པའི་ཕན་ཡོན་ནི། མདོ་ལས། གང་ལ་ལ་ཞིག་ཐེག་པ་ཆེན་པོ་ལ་མོས་པ་རབ་ཏུ་སྐྱེད་པར་འགྱུར་བ་དེ་ནི་བསྐལ་པ་སྟོང་ཕྲག་གཅིག་ཏུ་ངན་འགྲོར་འགྲོ་བར་མི་འགྱུར་རོ། །བསྐལ་པ་སྟོང་ཕྲག་ལྔར་བྱོལ་སོང་དང་ཡི་དྭགས་སུ་མི་སྐྱེ། བསྐལ་པ་སྟོང་ཕྲག་ཉི་ཤུ་རྩ་ལྔར་ལྷའི་འཇིག་རྟེན་དང་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་དང༌། ཡུམ་ལས། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང༌། ནམ་འཚོ་བའི་བར་དུ་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོད་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བ་དང༌། ཐོས་པ་བསྐལ་པའི་བར་དུ་བྱེད་པ་བས་ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་ཤེར་ཕྱིན་བསྒོམས་པས་བསོད་ནམས་ཆེ་བར་གསུངས། ཁྱད་པར་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། སེན་མོའི་རྡུལ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུ་ནི། ས་ཆེན་པོའི་རྡུལ་དང༌། རྒྱ་མཚོ་བཞིའི་ཆུ་དང་བསྒྲུན་ན་བརྒྱ་སྟོང་འབུམ་གྱི་ཆ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ། །དེ་བཞིན་དུ་དྲང་བའི་དོན་གྱི་མདོ་སྡེ་ལ་མོས་པ་ནས་སྒོམ་པའི་རྣམ་པ་ལ་སྦྱོར་བར་བྱེད་པའི་བར་གྱི་བསོད་ནམས་ཀྱི་རྣམ་པ་གང་བཤད་པ་དེ་ནི། ངེས་པའི་དོན་གྱི་མདོ་སྡེ་ལ་མོས་ཤིང་སྒོམ་པའི་བསོད་ནམས་ཀྱི་ཆར་ཡང་མི་ཉེ་དཔེ་དང་རྒྱུར་ཡང་མི་བཟོད་པར་གསུངས། གཞན་ཡང་མདོ་ལས། ང་ནི་མྱ་ངན་འདས་ཕྱི་ནས། །མི་ཡི་ནང་ནས་ལ་ལ་ཞིག །སེམས་ཅན་རྣམ་པ་ཐམས་ཅད་ལ། །བདེ་གཤེགས་སྙིང་པོ་ཡོད་དོ་ཞེས། །མོས་པ་རྣམ་དག་བྱེད་ནུས་ན། །སངས་རྒྱས་བཀའ་དྲིན་འཚོབ་པ་ཡིན། །ཞེས་དང༌། སོར་ཕྲེང་གི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བྱེད་པ་ནི་ཉོན་མོངས་པ་དང་བཅས་པའམ་ཉོན་མོངས་པ་མེད་པའམ་སུ་ཡང་རུང་སྟེ་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐོས་པས་དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང༌༑ མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང༌། འཚེ་བ་མེད་པ་དང༌། ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ་བརྟན་པ་གཡུང་དྲུང་ཐེར་ཟུག་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ཐོས་པས་ཐམས་ཅད་འབྱོར་ཞིང་ཡུན་རིང་དུ་སྲ་བ་དང་བརྟན་པར་འགྱུར་རོ། །ཞེས་དང༌། མྱང་འདས་ཆེན་པོ་ལས། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་པར་བྱེད་པའི་སེམས་ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་ནི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང༌། རིམས་ཀྱིས་བཏབ་པ་དང་ཟུག་རྔུ་དང་སྐུར་པ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་ཏུ་ཡིད་ཆེས་ན་གང་ཟག་དེ་ནི་མེ་ཏོག་ཨུ་དུམྺ་ར་ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ལས་འདས་ནས། གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་ལྟུང་བར་མི་འགྱུར་བར་རིག་པར་བྱའོ། །ཞེས་དང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྟག་གོ །དམ་པའི་ཆོས་ནུབ་པར་མི་འགྱུར་རོ། །དགེ་འདུན་མེད་པར་མི་འགྱུར་རོ། །སྙམ་དུ་ཤེས་པ་ལ་བརྩོན་པར་བྱས་ན། དེ་དག་ཀྱང་ང་དང་འདྲ་བར་སངས་རྒྱས་ཀྱི་གནས་སུ་བལྟ་བར་བྱའོ། །ཞེས་དང༌། དཔེར་ན་ཉི་མ་ཤར་ན་ལྷོ་བུར་མེད་པར་འགྱུར་བ་བཞིན་དུ་སྙིང་པོའི་མདོ་འདི་ཐོས་པ་ཙམ་གྱིས་ཕས་ཕམ་པ་དང༌། མཚམས་མེད་པའི་སྡིག་པའི་ཕུང་པོ་མྱུར་དུ་བྱང་བར་འགྱུར་བ་དང༌། གཞན་གྱི་འགྲན་ཟླའམ། གཞན་གྱིས་བྱེད་དུ་བཅུག་པའམ། རྙེད་བཀུར་ཚིགས་སུ་བཅད་པའི་དོན་དུ་ཡང་རུང༌། བདག་ལ་བྱང་ཆུབ་མི་དགོས་སྙམ་ནས་སེམས་མ་བསྐྱེད་ཀྱང་སྙིང་པོའི་མདོ་འདི་ཐོས་པ་ཙམ་གྱིས་དེའི་ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་དུ་བྱང་ཆུབ་ཀྱི་རྒྱུ་སོས་ཀའི་ཉི་རྡུལ་བཞིན་དུ་འཇུག་པ་དང༌། སྔོན་སངས་རྒྱས་ཀྱིས་གངྒཱའི་ཀླུང་གཅིག་གི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་ཆོས་འདི་ལ་མི་སྐུར་ཅིང་མོས་པར་འགྱུར་བ་དང༌། སངས་རྒྱས་ཀྱིས་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ལ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་མདོ་འདི་འཛིན་འཆང་ཀློག་འདོན་བྱེད་ཅིང་གཞན་ལ་ཡང་གླེགས་བམ་དུ་འབྲི་བ་དང༌། འཛིན་འཆང་ཀློག་པར་བསྐུལ་ཞིང་དོན་ཡང་སྟོན་ནུས་པ་སོགས་རྒྱ་ཆེར་གསུངས་སོ། །མདོར་ན་ཀུན་མཁྱེན་དོལ་པོ་པས། བདེ་གཤེགས་སྙིང་པོའི་མཚན་ཐོས་པ་ཙམ་གྱིས་ཀྱང་སངས་རྒྱས་ཐོབ་པར་འགྱུར་ན། དད་ཅིང་གུས་པ་དང་མངོན་དུ་བྱས་ནས་སྒོམ་པ་ལྟ་ཅི་སྨོས། དེའི་ཕྱིར་མཁས་པ་སྙིང་རྗེ་དང་ལྡན་པ་རྣམས་ཀྱིས་རང་གི་སྲོག་ལ་སོགས་པ་དོར་ནས་ཀྱང་བསྟན་པར་བྱ་བ་དང༌། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་མེའི་འོབས་ཆེན་པོ་ལས་འབོགས་ནས་ཀྱང་བཙལ་ཅིང་ཉན་པར་བྱའོ། །ཞེས་གདམས་པར་མཛད་པ་ཉིད་སྙིང་གི་ཐིག་ལེར་བཅང་བར་བྱའོ། །བརྒྱུད་པ་ནི། ཀུན་མཁྱེན་སྒྲོལ་བའི་མགོན་པོ་ཡན་ཆད་གཞན་སྟོང་བརྒྱུད་པའི་གསོལ་འདེབས་ལྟར་ལ། རྗེ་བཙུན་ནས་རྒྱལ་ཚབ་སྣར་ཐང་བ། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ༑ ཚེ་དབང་ནོར་བུ། བསྟན་པའི་ཉིན་བྱེད། བདུད་འདུལ་རྡོ་རྗེ། བྱམས་མགོན་རྫོགས་པའི་སངས་རྒྱས་པདྨ་ཉིན་བྱེད་དབང་པོའི་མདུན་ནས། རྗེ་བཅུ་གསུམ་པའི་ལྟ་ཁྲིད་ཡིག་ཆའི་སྟེང་ནས་བྱིན་རླབས་ཀྱི་རྒྱུན་བཟང་དང་དུས་ཀྱི་འཁོར་ལོའི་སྨིན་གྲོལ་བསྩལ་ཞིང་བརྒྱུད་ཚུལ་རྣམ་དག་གཞན་ཡང་ཡོད་དོ། །ཟབ་མོའི་ལྟ་བ་གསུང་རབ་ཀྱི། །ངེས་དོན་ལགས་མོད་རྟོགས་པ་ཉུང༌། །རྒྱལ་ཚབ་བྱམས་པར་འཁྲུལ་མེད་པས། །ཐེག་ཆེན་རྒྱུད་བླར་འཆད་ཉན་མཛོད། །རྡོ་རྗེའི་རྣལ་འབྱོར་ཉམས་ལེན་གྱི། །མཐར་ཐུག་ཡིན་ཀྱང་སྒོམ་པ་དཀོན། །རྒྱུད་ཀྱི་རྒྱལ་པོར་ཡིད་ཆེས་པས། །དམན་ལ་འགྲམ་ཆུ་མི་ལྡང་མཛོད། །ཀུན་བཟང་སྤྱོད་པ་བགེགས་ཆུང་ལ། །ས་ཆོད་ཆེ་ཡང་ཚུལ་ལྡན་དཀའ། །གོང་མའི་རྣམ་ཐར་དཔང་བཙུགས་ཏེ། །སོ་བྱང་བསླབ་པས་ལེགས་བསྡམས་འཚལ། །ལྟ་སྒོམ་སྤྱོད་པ་རྣམ་དག་ན། །རང་གཞན་དོན་གཉིས་མྱུར་འགྲུབ་འགྱུར། །འདི་ནི་མཁས་འདོད་རང་བཟོ་མིན། །བཀའ་དང་བསྟན་བཅོས་དགོངས་པའི་བཅུད། །དགེ་བས་བདག་དང་སེམས་ཅན་ཀུན། །ཉེས་པ་ཆེན་པོ་ལྔ་སྤངས་ཤིང༌། །ཡོན་ཏན་ཆེན་པོ་ལྔ་ཐོབ་ནས། །དོན་དམ་ཆོས་དབྱིངས་མངོན་འགྱུར་ཤོག །ཅེས་པ་འདི་དཔལ་ལྡན་ཇོ་ནང་པའི་བསྟན་འཛིན་མཁས་གྲུབ་ངག་དབང་མཚན་ཅན་ཟུང་གི་ཐུགས་བཞེད་ལྟར། སྟོང་གཞི་བདེ་གཤེགས་སྙིང་པོ་ལ་ཤེས་ནས་དད་པ་ཐོབ་པ་སྙོམས་ལས་ཀྱི་བཙུན་པ་ཡོན་ཏན་རྒྱ་མཚོས་དཔལ་ཛཾ་ཐང་གི་ཆོས་གྲྭ་ཆེན་པོར་བྲིས་པ་སྐྱེ་བ་ཀུན་ཏུ་ངེས་དོན་སྙིང་པོའི་བསྟན་པ་ལ་ཐོས་བསམ་སྒོམ་པའི་སྐལ་བ་ཅན་དུ་གྱུར་ཅིག །དགེ་ལེགས་འཕེལ།། །།