DNZ-02-KHA-017: Difference between revisions

From Damngak Dzö
DNZ-02-KHA-017
No edit summary
No edit summary
 
(4 intermediate revisions by 2 users not shown)
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ།
|fulltitle=rdzogs pa chen po chos nyid rang grol
|citation=Klong chen pa. ''Rdzogs pa chen po chos nyid rang grol''. In ''Gdams ngag rin po che'i mdzod'', Vol. 2: 455-473. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|collectiontitle=gdams ngag rin po che'i mdzod
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|author=Klong chen pa
|totalvolumes=18
|compiler='jam mgon kong sprul
|author='jam mgon kong sprul
|tibgenre=Dzogchen - rdzogs pa chen po, Pith Instructions - man ngag
|authortib=འཇམ་མགོན་ཀོང་སྤྲུལ་
|terma=No
|citation=
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=02
|volumenumber=02
|volumeLetter=KHA
|volnumtib=
|volyigtib=ཁ
|totalvolumes=18
|textnuminvol=017
|textnuminvol=017
|pagenumbers=455-473
|totalpages=19
|beginfolioline=1a1
|endfolioline=10a4
|totalfolios=10
|multivolumework=No
|rectonotes=chos nyid rang grol
|versonotes=rnying ma'i skor
|colophontib=།རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སེང་གེ་སྒྲ་སྒྲོགས་ཀྱིས་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས།  གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པའོ།  །སརྦ་མངྒ་ལམ།  དགེའོ།།
|colophonwylie=/rdzogs pa chen po chos nyid rang grol zhes bya ba/_dpal o rgyan gyi slob dpon chen po seng ge sgra sgrogs kyis rjes su bzung nas byin gyis brlabs pa'i rnal 'byor pa dri med 'od zer gyis/__gangs ri thod dkar gyi mgul du bkod pa'o/__/sarba mang+ga lam/__dge'o//
|pdflink=File:DNZ-02-KHA-017.pdf
|pdflink=File:DNZ-02-KHA-017.pdf
|shechendnz=DNZ-Shechen-02-KHA-017
|practicelineage=Nyingma
|fulltitletrans=The Natural Openness and Freedom of the Dharmatā: A Teaching of the Great Perfection
|authortib=ཀློང་ཆེན་རབ་འབྱམས་
|InitCategories=Damngak Rinpoché Dzö; DNZ-Volume-02-KHA
|InitCategories=Damngak Rinpoché Dzö; DNZ-Volume-02-KHA
}}
}}
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅།  །རྫོགས་པ་ཆེན་པᨖ་ཆོས་ཉིད་རང་གྲᨖལ་ཞེས་བྱ་བ་བཞུགས་སᨖ།
{{TibP|༄༅།  །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ཞེས་བྱ་བ་བཞུགས་སོ།


རྒྱ་གར་སྐད་དུ། མ་ཧཱ་སནྡྷི་དྷརྨཱ་དྷཱ་ཏུ་ཨཱཏྨ་ཀོ་ན་མ། བᨖད་སྐད་དུ། རྫོགས་པ་ཆེན་པᨖ་ཆོས་ཉིད་རང་གྲᨖལ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པᨖ་ལ་ཕྱག་འཚལ་ལོ། གདᨖད་ནས་མ་སྐྱེས་འོད་གསལ་མཉམ་པའི་ངང༌། །སེམས་ཉིད་མི་གཡོ་འཛᨑན་མེད་ཡངས་པ་ཆེ། །སྐུ་གསུམ་ལྷུན་གྲུབ་བདེ་ཆེན་འོག་མིན་ནས། །གཞི་རྫོགས་འཕོ་འགྱུར་མེད་ལ་ཕྱག་འཚལ་ལོ། །བདག་དང་འགྲᨖ་ཀུན་སེམས་ཉིད་སངས་རྒྱས་ཀྱང༌། །མ་རིག་དབང་གིས་སྲིད་པའི་དགོན་པར་འཁྱམས། །དེ་ལས་ཐར་འདᨖད་ཤིང་རྟ་བཟང་པᨖའི་ལམ༑ ༑ངེས་དᨖན་སྙིང་པᨖའི་ཆོས་ཚུལ་འདིར་བརྗོད་བྱ། །གྲᨖགས་དག་གཏིང་མཐའ་མེད་པའི་འཁོར་བ་འདིར། །སྡུག་བསྔལ་སྣ་ཚᨖགས་རྦ་ཀློང་འཁྲུགས་པ་ནི། །བདག་འཛᨑན་འཁྲུལ་པའི་མ་རིག་ལས་བྱུང་བས། །དེ་ཡི་གཉེན་པᨖར་གནས་ལུགས་ལྟ་བ་གཅེས། །འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གདᨖད་ནས་མ་སྐྱེས་ཡེ་ནས་མཉམ་པ་ཉིད། །གྲུབ་བསལ་མེད་ཅིང་རྟག་ཆད་འགྲᨖ་འོང་མེད། །མཐའ་བྲལ་གཉིས་མེད་ཆོས་ཉིད་ནམ་མཁའི་ངང༌། །སྣ་ཚᨖགས་ཆོས་ཅན་མ་འདྲེས་ཅིར་ཡང་སྣང༌། །
༄༅།  །རྒྱ་གར་སྐད་དུ། མ་ཧཱ་སནྡྷི་དྷརྨཱ་དྷཱ་ཏུ་ཨཱཏྨ་ཀོ་ན་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། གདོད་ནས་མ་སྐྱེས་འོད་གསལ་མཉམ་པའི་ངང༌། །སེམས་ཉིད་མི་གཡོ་འཛིན་མེད་ཡངས་པ་ཆེ། །སྐུ་གསུམ་ལྷུན་གྲུབ་བདེ་ཆེན་འོག་མིན་ནས། །གཞི་རྫོགས་འཕོ་འགྱུར་མེད་ལ་ཕྱག་འཚལ་ལོ། །བདག་དང་འགྲོ་ཀུན་སེམས་ཉིད་སངས་རྒྱས་ཀྱང༌། །མ་རིག་དབང་གིས་སྲིད་པའི་དགོན་པར་འཁྱམས། །དེ་ལས་ཐར་འདོད་ཤིང་རྟ་བཟང་པོའི་ལམ༑ ༑ངེས་དོན་སྙིང་པོའི་ཆོས་ཚུལ་འདིར་བརྗོད་བྱ། །གྲོགས་དག་གཏིང་མཐའ་མེད་པའི་འཁོར་བ་འདིར། །སྡུག་བསྔལ་སྣ་ཚོགས་རྦ་ཀློང་འཁྲུགས་པ་ནི། །བདག་འཛིན་འཁྲུལ་པའི་མ་རིག་ལས་བྱུང་བས། །དེ་ཡི་གཉེན་པོར་གནས་ལུགས་ལྟ་བ་གཅེས། །འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གདོད་ནས་མ་སྐྱེས་ཡེ་ནས་མཉམ་པ་ཉིད། །གྲུབ་བསལ་མེད་ཅིང་རྟག་ཆད་འགྲོ་འོང་མེད། །མཐའ་བྲལ་གཉིས་མེད་ཆོས་ཉིད་ནམ་མཁའི་ངང༌། །སྣ་ཚོགས་ཆོས་ཅན་མ་འདྲེས་ཅིར་ཡང་སྣང༌། །སྣང་དུས་ཉིད་ནས་རང་བཞིན་སྤྲོས་དང་བྲལ། །ཕྱི་རོལ་དངོས་མིན་སེམས་ཀྱི་སྣང་ལུགས་ཏེ། །སེམས་མིན་སེམས་ལས་བྱུང་བའི་ཆོས་ཀྱང་མིན། །ཡུལ་ལྔར་སྣང་བ་རབ་རིབ་སྐྲ་ཤད་འདྲ། །མེད་བཞིན་སྣང་ལ་གཉིས་སུ་བཟུང་བས་འཁྲུལ། །ཇི་ལྟར་རྨི་ལམ་སྒྱུ་མའི་གླང་པོ་ཆེ། །དཔུང་ཚོགས་དམག་གིས་བསྐོར་བའི་ཚུལ་མཐོང་ཚེ། །རང་ལས་གཞན་དུ་བཟུང་བས་འཇིགས་ནའང༌། །དེ་ཡི་རང་བཞིན་གཞན་རྣམས་སེམས་སུ་ཡོད། །དེ་ཚེ་ཕྱི་ནང་གང་དུའང་མ་གྲུབ་པས། །རང་བཞིན་ཤེས་རྣམས་འཇིགས་སྔངས་རང་སར་གྲོལ། །དེ་བཞིན་གཉིས་མེད་གཉིས་སུ་བཟུང་བའི་ཚེ། །མི་མཁས་བདེན་པར་བཟུང་བར་སྲིད་པར་འཁྲུལ། །མཁས་པས་གཉིས་སྣང་གཉིས་སུ་མེད་ཤེས་པས། །འཁོར་བའི་རང་བཞིན་མྱ་ངན་འདས་པར་གྲོལ། །ཀྱེ་ཧོ། སྣང་འདི་གདོད་ནས་མ་སྐྱེས་ཏེ། །སྣ་ཚོགས་གཉིས་མེད་མེ་ལོང་གཟུགས་བརྙན་འདྲ། །སྟོང་པའི་རང་བཞིན་སྣང་ལས་ཐ་དད་མིན། །ཆུ་དང་རླན་བཞིན་ཟུང་འཇུག་གཉིས་མེད་ངང༌། །སྒྱུ་མ་མཐའ་བྲལ་སྤྲུལ་པའི་གྲོང་ཁྱེར་བཞིན། །སྐྱེས་ཙམ་ཉིད་ནས་མ་སྐྱེས་གདོད་མའི་ངང༌། །གནས་པར་སྣང་ཡང་མི་གནས་ཆོས་ཀྱི་སྐུ། །འགག་ཙམ་ཉིད་ནས་མི་འགག་འཕེལ་འགྲིབ་མེད། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་ཅིང༌། །གང་ལྟར་བརྟགས་པ་དེ་ལྟར་རང་བཞིན་མེད། །ཡེ་གྲོལ་ཕྱམ་གཅིག་ཀུན་ཏུ་བཟང་པོའི་ངང༌། །གཞི་རྩ་དངོས་པོ་མེད་པའི་ཆོས་རྣམས་ལ། །འདི་ཞེས་ཆེད་དུ་མི་འཛིན་ངོས་བཟུང་མེད། །མཁའ་བཞིན་བྱེད་པོ་མི་དམིགས་བྱ་བས་སྟོང༌། །གང་ཡིན་ཀུན་ཡིན་འདི་ཡིན་གཟའ་གཏད་མེད། །ཕྱོགས་འཛིན་གྲུབ་པའི་མཐས་སྦྱར་ཁས་ལེན་དང༌། །ལྟ་བསྒོམ་སྤྱོད་པའི་རྣམ་གྲངས་མང་པོས་ཀྱང༌། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་མཐོང་དཀའ། །ཉན་རང་སེམས་ཙམ་རང་རྒྱུད་དབུ་མ་ཡང༌། །གང་ཟག་ཆོས་བདག་མེད་པའི་རྣམ་དབྱེ་ཡིས། །དངོས་གཞིའི་ལྟ་སྒོམ་མཁའ་སོགས་གཞིར་གོལ་བས། །གྲངས་མེད་མང་པོའི་འགྲོ་བ་བསྒྲུབ་པར་སྣང༌། །བྱ་སྤྱོད་རྣལ་འབྱོར་བླ་ན་མེད་གྲགས་པའི། །རྒྱུད་དོན་བསྐྱེད་རྫོགས་བཅོས་བསྒྱུར་དུ་མས་ཀྱང༌། །མ་བཅོས་རང་བབས་ལྷུན་གྲུབ་གཉུག་མ་ལས། །ཉེ་བར་མ་གྱུར་སྤྲོས་པའི་དྲྭ་བས་བཅིངས། །སེམས་སངས་འདི་ཞེས་ལྟ་བསྒོམ་སྤྱོད་འབྲས་ཅན། །ཁ་ཅིག་འདུ་ཤེས་ཚོར་བ་འགོག་པ་དང༌། །ལ་ལ་དུས་གསུམ་འབྲེལ་ཐག་བཅད་ནས་ཀྱང༌། །ད་ལྟར་ཤེས་པ་ཟང་ཐལ་ཡིན་ཞེས་སྨྲ། །གཞན་དག་སྐྱེ་འགག་གྲངས་སུ་འདེབས་པ་ལ། །གཉུག་མའི་དོན་ཞེས་རྟོག་པའི་རྦ་རླབས་གཡོ། །དེ་བཞིན་རླུང་འཆིངས་གཉིས་སྦྱོར་བདེ་གསལ་ལ། །རྣལ་མའི་དོན་ཞེས་ཆགས་སྲིད་འཛིན་པས་འཆིང༌། །རེས་འཇོག་བླང་དོར་དྲྭ་བར་ཆུད་པ་ལས། །སྙིང་པོའི་དོན་ཉིད་ནམ་ཡང་མཐོང་བ་མེད། །དེ་ཀུན་བློ་བརྟགས་ཆོས་ཀྱིས་འཁྲུལ་པས་ན། །སྲིད་པ་འདིར་འཆིངས་གྲོལ་བའི་སྐབས་མེད་དོ། །ཀྱེ་མ་རིན་ཆེན་བརྟག་པ་མ་ཤེས་པས། །ཡིད་བཞིན་དོར་ནས་འཆིང་བུ་ཚོལ་བར་སྣང༌། །རང་བཞིན་སེམས་ཉིད་གཉུག་མའི་མཆོག་དོར་ནས། །བཅོས་བསྒྱུར་རེ་དོགས་སྦྲུལ་གྱིས་གསེབ་ཏུ་འཆིང་། །འབད་པའི་སེམས་ཀྱིས་ནམ་ཡང་གྲོལ་མི་འགྱུར། །བརྩལ་བྱའི་དོན་གྱིས་ཚོལ་མཁན་བྱས་པས་བསླད། །ཨེ་མ་རང་བཞིན་སེམས་ཀྱི་དོན་འདོད་ན། །བརྟགས་དང་དཔྱད་པ་མང་པོས་ཅི་བྱར་ཡོད། །གང་སྣང་དེར་ཡིན་དེར་སྣང་འཛིན་པ་མེད། །འཛིན་མེད་ཕྱོགས་བྲལ་བླང་དོར་མི་དགོས་ཀྱིས། །ཐམས་ཅད་གཏད་མེད་བཅོས་བསླད་མ་བྱེད་ཅིག །ཡུལ་སེམས་སྣང་འདི་སྟོང་པའི་ཚུལ་ཡིན་ན། །སྟོང་ཞེས་ལྟ་བས་དེ་ལ་ཅི་ཞིག་དགོས། །མེད་ན་བལྟས་ཀྱང་སྟོང་པར་མི་འགྱུར་བས། །དོན་མེད་ངལ་བས་དེ་ལ་ཅི་བྱར་ཡོད། །དེ་བཞིན་བསྐྱེད་རྫོགས་རང་བཞིན་བསྒོམ་མི་དགོས། །བླང་དོར་ཆོས་རྣམས་ཇི་ལྟར་འཛིན་ཡང་སླའི། །དེ་ཉིད་དོན་དུ་ཡོད་ན་འབད་མི་དགོས། །མེད་ན་དོན་མེད་སོལ་བ་གསེར་འགྱུར་མིན། །དེ་ཕྱིར་བློས་བཏགས་ཆོས་རྣམས་མ་གྲུབ་པ། །དེ་ལ་བཅོས་བསྒྱུར་གཉེན་པོས་མ་བསླད་ཅིག ༑འདི་ནི་བླ་མེད་རྡོ་རྗེ་སྙིང་པོའི་དོན། །སྔགས་དང་རྒྱུད་མེད་གྲུབ་མཐའི་ཁས་ལེན་མེད། །འདི་ཞེས་ངོས་བཟུང་ལྟ་བསྒོམ་སྤྱོད་འབྲས་མེད། །ཐམས་ཅད་མཉམ་རྫོགས་དལ་བ་གཅིག་གི་ངང༌། །གྲུབ་པའི་མཐའ་རྫོགས་ལྟ་བསྒོམ་སྤྱོད་འབྲས་རྫོགས། །འཁོར་འདས་མཉམ་རྫོགས་ཆོས་ཉིད་བརྡལ་བ་ཆེ། །མ་ཅིངས་མ་གྲོལ་ཡེ་ནས་བྱང་ཆུབ་པས། །བྱར་མེད་རྒྱལ་པོ་ལྷུན་རྫོགས་ཆོས་སྐུའི་ངང༌། །སྣ་ཚོགས་གཟུགས་སྐུ་སྒྱུ་མའི་རོལ་པ་ནི། །སྣང་སྲིད་སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད། །སྤང་བླང་མི་དམིགས་ཐམས་ཅད་རྣམ་དག་ངང༌། །ཡངས་པོ་ཆེའོ་ཐམས་ཅད་ལྷུན་མཐོའོ། །ཆོས་རྣམས་ལྷུན་རྫོགས་ཐམས་ཅད་མཉམ་པ་ཉིད། །མ་སྐྱེས་རྒྱལ་པོ་མཐའ་དབུས་ཕྱོགས་བྲལ་ལ། །གཟུང་འཛིན་ཞེན་པ་མེད་ན་གཉུག་མའི་དོན། །སྤང་བླང་དགག་བསྒྲུབ་མི་དགོས་ཕྱམ་གཅིག་པུ། །ལྟ་བའི་ཡང་རྩེ་རྫོགས་པ་ཆེན་པོ་ཡིན། །གཏད་མེད་རྒྱལ་པོ་འཛིན་མེད་ཤེས་པར་གྱིས། །ཆེད་དུ་དམིགས་པ་ཐམས་ཅད་འཆིང་བ་སྟེ། །དམིགས་མེད་གང་དག་ཤར་ན་ཡེ་ཤེས་དངོས། །ཡེ་བབས་རང་སྟོང་སོ་མ་གཉུག་མའི་དོན། །འཛིན་མེད་ཕྱོགས་བྲལ་ལྟ་བར་ཐག་ཆོད་ཅིག །ཀྱེ་ཧོ་སྣ་ཚོགས་སྣང་བ་འདི་དག་རྒོད་རེ་བྲོ། །མ་བརྟགས་ཉམས་དགའ་བརྟགས་ན་ངོས་བཟུང་མེད། །ཤིན་ཏུ་བརྟགས་ན་རང་བཞིན་མཐའ་ལས་འདས། །དེ་ཉིད་འབྱེད་པའི་སེམས་ལ་ཚུར་བལྟས་ན། །དུས་གསུམ་མི་དམིགས་སྐྱེ་འགག་གནས་པ་མེད། །ཁ་དོག་དབྱིབས་བྲལ་ངོ་བོ་ངོས་བཟུང་མེད། །ཤར་བར་སྣང་དུས་ཤར་ས་འཆར་མཁན་མེད། །ཕྱི་ནང་མི་དམིགས་གཟུང་འཛིན་མཐའ་ལས་འདས། །ཕྱི་རོལ་ཡུལ་ལ་འཕྲོ་བར་སྣང་མོད་ཀྱང༌། །འཕྲོས་པ་མེད་དེ་སེམས་ལ་ཤར་བ་ཙམ༑ ༑འཕྲོས་ན་དེ་ཚེ་རང་ཉིད་བེམ་པོ་ཡིས། །སྐད་ཅིག་རིག་པ་ཚན་པ་གཉིས་སུ་འགྱུར། །འཆར་གཞི་བརྟན་མེད་ཡེ་གྲོལ་ནམ་མཁའ་འདྲ། །ཤར་བ་གཉིས་མེད་མེ་ལོང་གཟུགས་བརྙན་འདྲ། །དོན་ལ་གཉིས་མེད་ཆུ་དང་རྦ་རླབས་འདྲ། །བླང་དོར་མི་དགོས་རྫོགས་པ་ཆེན་པོའི་ངང༌། །རང་བཞིན་ཡེ་ནས་དག་པའི་སངས་རྒྱས་ཡིན། །སྣང་སེམས་གདོད་ནས་རང་བཞིན་མེད་པ་ལ། །དེ་རིང་དཔལ་ལྡན་བླ་མས་བསྟན་པ་རྟོགས། །ད་ནི་ཐམས་ཅད་ཆོས་སྐུར་ཐག་ཆོད་པས། །ཡིན་མིན་ཐེ་ཚོམ་སྒྲོ་འདོགས་ཀུན་དང་བྲལ། །སུ་ལའང་མི་འདྲི་སེམས་ཉིད་རྣལ་མའི་དོན། །བྱར་མེད་གཉུག་མའི་ངོ་བོ་མཐོང་བ་ཡིན། །དེ་ཚེ་འཕྲོས་གནས་ཆོས་སྐུའི་རོལ་པ་ལས། །སྤང་བླང་མི་དགོས་གང་ཤར་རྒྱན་དུ་ཆེ། །གནས་ནའང་མི་གཡོ་ཆོས་ཉིད་གཅིག་གི་ངང༌། །ཐམས་ཅད་ལྷུན་རྫོགས་འཕོ་འགྱུར་མེད་པ་ཡིན། །ད་ནི་དུས་གསུམ་རྒྱལ་བའི་དགོངས་པར་སླེབས། །བདེ་ཆེན་ལྷུན་གྲུབ་གཞིར་རྫོགས་ཀུན་ཏུ་བཟང༌། །དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད་པས་ན། །ཐམས་ཅད་ཕྱམ་གཅིག་གདོད་མའི་སར་གྲོལ་ལོ། །ཀྱེ་མ་ཕྱོགས་རིས་འཛིན་པའི་སེམས་ཡོད་པར། །ཐར་པའི་སྐབས་མེད་འཆིང་བྱེད་དེ་རང་ཉིད། །ཇི་སྲིད་ཕྱོགས་བྲལ་མཐར་འཛིན་གྲོལ་བ་ན། །གཉིས་མེད་དོན་ཡིན་གཞན་ཞིག་མཚོན་དུ་མེད། །བལྟས་པས་མི་མཐོང་དཔྱད་པས་རྙེད་པ་མིན། །འདི་ཞེས་མི་མཚོན་ཐ་མལ་རང་བབས་ལ། །ཞེན་པའི་སེམས་ཀྱིས་འཆིང་གྲོལ་མ་བྱེད་ཅིག །གང་ལ་སྙིང་མེད་མཐའ་བྲལ་འདོད་ན་ཡང༌། །མཐའ་བྲལ་མཐའ་རུ་སྙིང་པོའི་སེམས་ཉིད་འཆིངས། །བདེན་གཉིས་འདོད་ཀྱང་དེ་ཡི་མཐར་ལྷུང་ཞིང༌། །ཟུང་འཇུག་འདོད་ཀྱང་གཉུག་མའི་གནས་ལུགས་མིན། །གང་ལྟར་བརྟགས་ཤིང་ཞེན་པའི་གཟེབ་ཏུ་འཆིངས། །ཐོག་མེད་གཟུང་འཛིན་འཁྲུལ་པ་མ་ཆོད་པས། །ད་དུང་ནན་བརྟགས་བློ་ཡི་རིས་མོས་འཆིང༌། །ཀྱེ་མ་འཁྲུལ་པའི་སེམས་ནི་སྙིང་རེ་རྗེ། །འདི་ཞེས་ངོས་བཟུང་ཡོད་ན་ལྟ་བ་མིན། །སྣ་ཚོགས་སྤྲོས་པའི་གཟེབ་ཡིན་དགོས་པ་མེད། །གང་ཤར་རྩིས་གདབ་མེད་པའི་རིག་པ་ལ། །ཡངས་དོག་མཐོ་དམན་མེད་ཀྱི་ཞེན་འཛིན་ཐོང༌། །འདི་ཡིན་གཟའ་གཏད་བྲལ་བའི་སྣང་སེམས་ལ། །སྤང་གཉེན་བཅོས་བསྒྱུར་མ་བྱེད་གང་བབས་ཞོག །འདི་ནི་ངེས་དོན་སྙིང་པོའི་མཐར་ཐུག་ཡིན། །སྣ་ཚོགས་ཆོས་ཀུན་མཉམ་པའི་རང་བཞིན་ལ། །གང་ཤར་དེ་ཡིན་གཉིས་མེད་ཡེ་ཤེས་ཡིན། །བློ་ཡིས་མ་རྟོགས་ཡིད་ཀྱིས་ཚོལ་ཁྲོ་ཞོག །བཟུང་བས་མ་འཆིངས་འཛིན་པས་མ་བསླད་ཅིག །གང་གིས་ཆོས་ཀུན་ནམ་མཁའ་འདྲར་ཤེས་ཤིང༌། །སྒྱུ་མ་མཉམ་མཐོང་ཞེན་པའི་ཡུལ་མེད་ན། །གཉིས་མེད་རང་བཞིན་ལྟ་བའི་རྒྱལ་པོ་མཆོག །མཐའ་བྲལ་རྟོགས་པའི་ཚད་ཡིན་ངོ་མཚར་ཆེ། །སྲིད་ཞི་གཉིས་མེད་རིག་པ་ཟང་ཁ་མ། །རང་ངོ་ཤེས་པ་གཞི་རྩ་དངོས་པོ་མེད། །འཆིངས་གྲོལ་གཉིས་མེད་རྫོགས་པ་ཆེན་པོའི་དོན། །འགྲོ་ཀུན་སེམས་ལ་མ་ལུས་རྒྱུན་དུ་གནས། །དེ་ཉིད་མཐོང་ཕྱིར་དཔེ་བྲལ་ཟབ་མོའི་དོན། །དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སོང༌། །སྣང་སེམས་འཛིན་མེད་སྒྱུ་མའི་རྩེད་མོ་ལ། །ཕྱོགས་བྲལ་རིག་པ་ལྟ་བས་མཁྱེན་འཚལ་ལོ། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། གཞི་རྟོགས་པས་གྲོལ་བའི་ལེའུ་སྟེ་དང་པོའོ།།   །།རྡོ་རྗེ་རྩེ་མོ་མཆོག་གི་གཉིས་མེད་ལམ། །གང་ཤར་རིག་པ་དེར་འཛིན་མེད་པའི་ངང༌། །ཆེར་གྱིས་ལྟས་ལ་ཆམ་གྱིས་བཞག་པའི་ཚེ། །ངང་དྭངས་ཤེས་པ་ཆུ་ལ་ཆུ་བཞག་བཞིན། །གཉིས་མེད་རང་གྲོལ་བདེ་གསལ་མི་རྟོག་འཆར། །ཡང་གཅིག་འཕྲོས་ཀྱང་མི་གཡོ་བརྟེན་པར་གནས། །དེ་ཚེ་སྐྱེ་མེད་སེམས་ཉིད་ཆོས་སྐུའི་ངང༌། །ཤར་གྲོལ་རིག་པ་གཟུགས་སྐུ་མྱ་ངན་འདས། །སྤང་བླང་མི་དགོས་འཕྲོ་གནས་གང་བདེར་ཐོང་། །ཤར་གནས་ཞི་ལྷག་ཐབས་ཤེས་ཟུང་འཇུག་ལ། །བློ་ཡིས་མ་བཅོས་གཟོ་རེག་མ་བྱེད་ཅིག །གལ་ཏེ་དགག་བསྒྲུབ་སྤང་བླང་འགའ་ཡོད་ན། །དེ་ཚེ་རེ་དོགས་གཉིས་འཛིན་གཟེབ་ཏུ་འཆིངས། །འདོད་སར་མི་ཕྱིན་གོལ་སར་ལྷུངས་པས་ན། །གང་ཤར་དོན་ལ་སྤང་བླང་མེད་པ་གཅེས། །གྲོགས་དག་སེམས་ནི་གོ་བཟློག་རྔ་མོ་འདྲ། །བཟུང་ན་འགྲོ་ལ་སྤྲོས་ན་བརྟེན་པར་གནས། །རང་བབས་ཀློད་ན་རང་གྲོལ་གཉུག་མའི་ངང༌། །གཟུང་འཛིན་རང་སར་གྲོལ་བས་བློ་བདེ་རྙེད། །བདེ་བས་ཆེད་དུ་དམིགས་པའི་སེམས་བཏངས་ཏེ། །དམིགས་མེད་གང་ཤར་བཅོས་བསླད་མེད་པར་བཞག །གཟུང་འཛིན་གཉིས་མེད་རང་གྲོལ་ཆེན་པོར་གནས། །འགག་མེད་རིག་པ་གསལ་སྟོང་ཡེ་ཤེས་འཆར། །སྣ་ཚོགས་འཕྲོ་བས་སྣང་བའི་ཐབས་ཡིན་ལ། །གྲོལ་བས་ལྷག་མཐོང་ཤེས་རབ་ལྷུན་གྱིས་གྲུབ། །དེ་ཉིད་ངང་གནས་ངང་དྭངས་ཞི་གནས་ལ། །བདེ་གསལ་མི་རྟོག་བསམ་གཏན་ལྷུན་གྱིས་གྲུབ། །མ་བྱས་མི་འཇིགས་རང་བབས་ཆེན་པོའོ། །འགྱུ་བ་སེང་ལས་གནས་པས་རྣམ་པར་གནོན། །རང་བབས་འཕྲོ་གནས་ཡོན་ཏན་མཐའ་ཡས་ཏེ། །འཕྲོས་པས་མ་བྱིང་སེམས་གནས་ཞེན་པ་འགོག །ལྷག་མཐོང་ཤེས་རབ་ཉོན་མོངས་རྩལ་འབྱིན་ཞིང༌། །གཟུགས་དང་གཟུགས་མེད་སེམས་ལས་རྣམ་པར་གྲོལ། །གནས་པས་མི་རྒོད་སྤྲོས་པའི་དྲྭ་བ་བགོད། །ཞི་གནས་ཡེ་ཤེས་ཉོན་མོངས་མགོ་གནོན་ཞིང༌། །འདོད་པའི་སེམས་ལས་རྣམ་པར་གྲོལ་བ་ཡིན། །དེ་འདྲའི་བསྒོམ་པ་མ་བྱས་ལྷུན་གྲུབ་ལ། །སྤང་བླང་གཉིས་མེད་སྣང་སེམས་གྲོགས་སུ་འཆར། །གཟུང་འཛིན་རང་གྲོལ་ཡོན་ཏན་ཕུན་སུམ་ཚོགས། །སེམས་སངས་བླ་མེད་མཉམ་གཞག་ཆེན་པོ་ཡིན། །དེ་ལས་ལངས་པའི་རྗེས་ཐོབ་རྒྱ་ཡན་དུ། །སྣང་བའི་རང་བཞིན་རྨི་ལམ་སྒྱུ་མ་དང༌། །སྨིག་རྒྱུ་མིག་ཡོར་གཟུགས་བརྙན་དང༌། །ཆུ་ཟླ་སྤྲུལ་པ་ལྟ་བུར་ངོ་བོས་སྟོང༌། །མེད་བཞིན་སྣང་ལས་སང་སེང་ཁྲལ་མ་ཁྲོལ། །བན་བུན་འལ་འོལ་ཡལ་ཡོལ་ཆད་མ་ཆོད། །སྣང་ལ་དེར་འཛིན་མེད་པའི་ངང་ལ་སྤྱད། །བར་འགའ་ངེས་འབྱུང་སྐྱོ་ཤས་གཏིང་ནས་བསྐྱེད། །རྟག་ཏུ་འཆི་བསམ་བློ་སྣ་བཙན་ཐབས་བཏུང་། །དག་སྣང་ཕྱོགས་མེད་མོས་གུས་རྒྱུན་ཆད་མེད། །སྐྱབས་འགྲོ་སེམས་བསྐྱེད་ཚོགས་གཉིས་ལམ་ལ་འབད། །དགེ་སྡིག་ལས་འབྲས་འཁོར་བའི་ཉེས་དམིགས་བསམ། །མདོར་ན་སེམས་ལ་དྲན་པའི་མེལ་ཚེ་ཡིས། །རྟག་ཏུ་བག་ཡོད་ཤེས་བཞིན་བརྟེན་པར་བྱ། །རེས་འགའ་སྣང་སྲིད་སྒྱུ་མའི་རྩལ་སྦྱང་གིས། །མཉམ་རྗེས་བསྲེ་ཞིང་རྐྱེན་ངན་ལམ་དུ་བླང༌། །ལྟ་བསྒོམ་དོན་ལ་སྣ་ཚོགས་བོག་འབྱིན་ཞིང༌། །ཚོགས་དྲུག་རང་གྲོལ་སྒོ་ལྔའི་གཟིགས་མོ་ལྟ། །སྐབས་སུ་ངང་དྭངས་རྩེ་གཅིག་དོན་ལ་བཞག །རྩེ་གཅིག་ཞི་གནས་ཏིང་འཛིན་འགྲུབ་པར་འགྱུར། །དེ་བཞིན་རིག་པ་དལ་དུ་མི་གཞུག་པར། །ཕྱི་ནང་ཀུན་རྟོག་དུག་ལྔ་འཕྲོར་བཅུག་ལ། །སྐད་ཅིག་རང་གྲོལ་ལྷག་མཐོང་རྩལ་སྦྱངས་བྱ༑ ༑དགག་བསྒྲུབ་རྐྱེན་ངན་སེམས་ཀྱི་གཟིགས་མོར་འཆར། །རེས་འགའ་རི་རྩེ་དུར་ཁྲོད་ལུང་སྟོང་སོགས། །དགའ་འཇིགས་མྱ་ངན་སྐྱེ་བའི་གནས་སོང་ནས། །ལུས་འདི་མཆོང་རྒྱུག་གར་དང་ཕྱག་རྒྱར་བསྒྱུར། །ངག་ནི་ཅ་ཅོ་གླུ་ལེན་འོ་དོད་འབོད། །སེམས་ནི་འགྲོ་དྲུག་བདེ་སྡུག་སྣ་ཚོགས་བསམ། །སྐད་ཅིག་མི་དལ་བརྩོན་པས་རང་གྲོལ་སྦྱངས། །ལྟ་སྒོམ་སྤྱོད་པ་ཐོག་ཏུ་ཕེབས་སམ་ལྟ། །དེ་རྗེས་སྣང་སྲིད་རྨི་ལམ་སྒྱུ་མར་སྦྱངས། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །མི་མཐུན་རྐྱེན་ངན་བར་ཆོད་མ་ལུས་སེལ། །བར་འགའ་ནད་གདོན་ཆོ་འཕྲུལ་ཆེ་བ་ན། །མཚོ་གླིང་ནགས་ཚལ་བྲག་རོང་ཤིང་ཅིག་དྲུང༌། །འདྲེ་དང་འབྱུང་པོ་རྒྱུ་བའི་གནས་སོང་ནས༑ ༑སྐྱབས་འགྲོ་སེམས་བསྐྱེད་བླ་མའི་མོས་གུས་བྱ། །དེ་རྗེས་ལུས་ནི་རི་རབ་ཙམ་སྤྲུལ་ནས། །གང་ལ་ཅི་འདོད་དུམ་བུར་ཕྱོགས་བཅུར་འཐོར། །བགེགས་རྣམས་ཚིམས་ཤིང་འགྲོ་དྲུག་ལན་ཆགས་སྦྱངས། །དེ་ནས་ནད་གདོན་འདྲེར་སྣང་འདྲེར་འཛིན་ཀུན། །སེམས་སུ་ཐག་བཅད་སེམས་ནི་སྟོང་པའི་ངང༌། །དྲན་བསམ་ཡིད་ཀྱི་ཚོལ་ཁྲོ་ཀུན་བཞག་ལ། །ཐམས་ཅད་ཕྱམ་གཅིག་སྙེམ་བྲལ་ཉལ་ལ་བསྡད། །སྣ་ཚོགས་ཆོ་འཕྲུལ་རང་བྱུང་རང་ཞིར་བཞག །དེས་ནི་ནད་གདོན་བར་ཆོད་ཞི་བ་དང༌། །སེམས་ཀྱི་བདེ་སྡུག་སྤངས་བླང་མེད་པ་དང༌། །ཐམས་ཅད་མཁའ་ལྟར་གཟུང་འཛིན་མི་རྟོགས་ཤིང༌། །གཉུག་མའི་ངང་ལ་རིག་པའི་རྩལ་དབང་ཐོབ། །གཞན་ཡང་ཉིན་མཚན་དུས་དྲུག་འདི་ལྟར་སྦྱངས། །ཐོ་རང་ངང་དྭངས་ནམ་མཁའ་ལྟ་བུ་ལ། །རྟོག་མེད་ཤེས་པ་གཟའ་སྐར་བཞིན་དུ་བཞག །སྔ་དྲོ་འཕྲོ་གནས་གཉིས་སུ་མེད་པ་ལ། །སྐད་ཅིག་རང་གྲོལ་ལྷག་མཐོང་རྗེན་པར་བཞག །གུང་ལ་དག་སྣང་མོས་གུས་ཕྱོགས་མེད་ལ། །སྣ་ཚོགས་ཆོས་ཀུན་རྨི་ལམ་སྒྱུ་མར་སྦྱངས། །ཕྱི་དྲོ་ངེས་འབྱུང་སྐྱོ་ཤས་བསྐྱེད་པ་དང༌། །སྙིང་ནས་མི་རྟག་འཆི་བ་དྲན་པར་བྱ། །སྲོད་ལ་ཕུང་པོ་ཚོགས་ཀྱི་འཁོར་ལོ་དང༌། །བྱམས་དང་སྙིང་རྗེ་བདེ་གསལ་མི་རྟོག་སྦྱངས། །གུང་ལ་སེམས་ཉིད་སྐྱེ་བ་མེད་པའི་ངང༌། །རིག་པའི་འཕྲོ་འདུ་འཇུག་པ་ཐིམ་པར་ཉལ། །གཉིད་དང་རྨི་ལམ་འོད་གསལ་ཆེན་པོར་འཆར། །དེ་ལྟར་སྤྱོད་ལམ་དུས་དྲུག་རྣམ་སྦྱངས་པས། །འཁོར་བའི་ཀུན་རྟོག་བག་ཆགས་རང་ཞི་ནས། །སེམས་ཉིད་རང་གྲོལ་མྱ་ངན་འདས་ཞིར་འགྲོ། །སྤྱན་དང་མངོན་ཤེས་ཡོན་ཏན་སྣ་ཚོགས་འགྲུབ། །དང་པོར་ངན་པའི་རྨི་ལམ་བཟང་པོར་འགྱུར། །བར་དུ་ཟིན་དང་ཐ་མ་དབྱིངས་སུ་ནུབ། །དེ་ཚེ་འཁོར་བ་མྱ་ངན་འདས་པར་གྲོལ། །ས་དང་ལམ་རྫོགས་བསྐྱེད་རྫོགས་མཐར་ཕྱིན་ནས། །ཚེ་འདི་ཉིད་ལ་སེམས་ཉིད་རྫོགས་སངས་རྒྱས། །འདི་ནི་ངེས་དོན་སྙིང་པོའི་ཐེག་པ་ཡིན། །གནད་ཀྱི་སྙིང་པོ་ཐོག་ཏུ་ཁེལ་བའི་རྟགས། །རིམ་གྱིས་སྦྱངས་པ་ལས་ནི་འདི་ལྟར་འབྱུང༌། །སྙིང་ནས་མི་རྟག་བློ་སྣ་ཐུང་བ་དང༌། །སྐྱོ་ཤས་ངེས་འབྱུང་སྙིང་རྗེ་ཚད་མེད་སྐྱེ། །དག་སྣང་མོས་གུས་རྟོགས་པ་ཕྱོགས་མེད་འཆར། །ཆགས་ཞེན་རང་གྲོལ་དངོས་འཛིན་འཁྲུལ་པ་ཞིག །དེ་ཚེ་མ་ནོར་ལམ་དུ་ཚུད་པའི་རྟགས། །ཆེས་ཆེར་གོང་དུ་འཕེལ་བའི་ས་མཆོག་འགྲུབ། །ཆོས་ཀུན་མ་སྐྱེས་སྒྱུ་མའི་རང་བཞིན་དུ༑ ༑ལྟ་སྒོམ་སྤྱོད་པས་ལེགས་པར་རྩལ་སྦྱངས་ལ། །སྙིང་པོའི་སེམས་ཉིད་ཐར་པའི་ཁང་བཟངས་སུ། །ཆོས་ཉིད་འོད་གསལ་གཏན་སྲིད་ཟིན་པར་འགྱུར། །ནམ་ཞིག་རྣལ་འབྱོར་འབྱུང་བཞིའི་ཕུང་པོ་དོར། །དེ་ཚེ་ས་ཆུ་མེ་རླུང་རྣམ་པར་ཤེས། །ནམ་མཁའ་ཆོས་སྐུ་འོད་གསལ་འཇུག་པའི་ཚེ། །ཚོགས་དྲུག་ཡུལ་དབང་ཀུན་གཞིའི་རྣམ་པར་ཤེས། །ཀུན་གཞི་ལ་ཞུགས་དེ་ཉིད་ཆོས་སྐུར་ཐིམ། །དེ་ཚེ་སྣང་མཆེད་ཐོབ་པ་ཉེར་ཐོབ་པ། །ཤིན་ཏུ་མི་རྟོག་འོད་གསལ་རྣམ་པ་བཞི། །རིམ་གྱིས་ཤར་བས་རང་བཞིན་བརྒྱད་ཅུ་ནུབ། །རང་ངོ་ཤེས་པས་ཆོས་སྐུའི་དབྱིངས་སུ་གྲོལ། །དེ་ནས་ལོངས་སྐུ་རིགས་ལྔའི་བར་དོ་ཡང༌། །བསམ་གཏན་དག་པའི་ཞག་ལྔར་རིམ་གྱིས་འཆར། །རང་ངོ་ཤེས་པས་ལོངས་སྐུར་གྲོལ་བའི་ཚེ། །སྤྲུལ་སྐུའི་བར་དོའི་སྣ་ཚོགས་རྣམ་འཕྲོ་བས། །འགྲོ་བའི་དོན་བྱས་སླར་ཡང་ལོངས་སྐུར་ཐིམ། །ལོངས་སྐུ་ཆོས་སྐུའི་ངང་དུ་རབ་ཐིམ་པས། །ཆོས་སྐུ་མི་གཡོ་བདེ་ཀློང་གཅིག་ཏུ་འཁྱིལ། །སྐུ་དང་ཡེ་ཤེས་ནང་གསལ་འདུ་འབྲལ་མེད། །འཆར་གཞིའི་རྣམ་པ་ཕྲ་བའི་ཡེ་ཤེས་སུ། །ཐམས་ཅད་མཁྱེན་ནས་འབྱེད་པ་མེད་པར་བཞུགས། །མཁའ་བཞིན་མ་སྐྱེས་འགག་མེད་ལྷུན་གྱིས་གྲུབ། །འདུལ་བྱ་ཡོད་ན་དེ་ལ་ཕྱིར་གསལ་དུ། །ལོངས་སྐུ་རིགས་ལྔ་སྤྲུལ་སྐུའི་འཆར་གཞིར་སྣང༌། །སླར་ཡང་སྔོན་བཞིན་གཞི་ཐོག་ལྷུན་གྱིས་གྲུབ། །འདི་ནི་འབྲིང་རྣམས་བར་དོར་གྲོལ་བ་ཡིན། །ཐ་མ་སྲིད་པའི་བར་དོ་རིམ་ཤར་ནས། །རྨི་ལམ་བཞིན་དུ་སྣ་ཚོགས་སྣང་བའི་ཚེ། །བདེན་མེད་ངང་དྭངས་སྒྱུ་མ་བསྐྱེད་རྫོགས་དང༌། །སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་གྱིས། །འཁོར་བའི་རྒྱུ་བཟློག་མངལ་སྒོ་དགག་དང་བསྒོམ། །དག་པའི་ཞིང་དུ་རྣམ་ཤེས་འཕོ་བར་བྱ། །ཕྱི་མར་རང་སྣང་ཆོས་ལ་སྤྱོད་པའི་ལུས། །ཡོན་ཏན་བདུན་དང་ལྡན་པ་ཐོབ་ནས་གྲོལ། །འདི་ནི་ཡང་ཟབ་གནད་ཀྱི་གདམས་པ་ཡིན། །གྲོགས་དག་ཉིན་མཚན་མི་དལ་བརྩོན་པ་ཡི། །ལྟ་བའི་རྩལ་སྦྱངས་སྒོམ་པའི་ཉམས་ལེན་དང༌། །སྤྱོད་པའི་བོགས་འབྱིན་དོན་ལ་ནན་ཏན་བྱ། །ཐ་མལ་ཕྱོགས་སུ་སྐད་ཅིག་མི་བཏང་བར། །ཇི་སྐད་བཤད་ལ་བསྒྲུབ་པའི་བརྩོན་འགྲུས་བརྩམ། །ད་ལྟའི་སེམས་ལ་རང་དབང་མ་ཐོབ་ན། །ཕྱི་མའི་སེམས་ལ་གྲོལ་བ་ཐོབ་མི་འགྱུར། །ཚེ་ནི་མྱུར་འགྲོ་འཁོར་བ་ཕ་མཐའ་མེད། །འདི་ལས་ད་རེས་ཐར་པའི་ཐབས་འཚལ་ལོ། །མདོར་ན་ཐོག་མེད་འཁོར་བར་འཁྱམས་པ་ཡང༌། །གཉིས་འཛིན་གོམས་པའི་བདག་འཛིན་ལས་བྱུང་བས། །རྟག་ཏུ་བདེན་མེད་སྟོང་པའི་རང་བཞིན་འགྲོས། །སེམས་ཉིད་རྒྱལ་པོ་བྱ་རྩོལ་མེད་པར་སྦྱངས། །ཇི་སྲིད་བདག་འཛིན་འཁྲུལ་པའི་སེམས་ཡོད་པར། །ལྟ་བསྒོམ་རྩལ་སྦྱངས་དགེ་སྡིག་བླང་དོར་གཅེས། །ནམ་ཞིག་གཉིས་འཛིན་རང་སར་གྲོལ་བ་ན། །སྤང་གཉེན་མི་དགོས་ལྟ་སྒོམ་ཆོས་ལས་འདས། །དེ་ཚེ་སྣང་སྲིད་ཆོས་སྐུར་ཤར་བ་ཡིན། །ཀྱེ་ཧོ་གྲོགས་དག་འཁོར་འདས་གཞན་མེད་དོ། །ཐམས་ཅད་དབྱིངས་གཅིག་སེམས་ཉིད་རོལ་པའི་ངང༌། །གཞི་གྲོལ་ལམ་གྲོལ་འབྲས་བུ་ཡེ་ནས་གྲོལ། །ཐམས་ཅད་རང་གྲོལ་སྒྱུ་མའི་རྩེད་མོ་ལ། །འདི་ཡིན་གཟའ་གཏད་མེད་པའི་སྣང་བ་ཤར། །ཐམས་ཅད་དེ་ཡིན་ཆེད་འཛིན་ཞེན་པ་ཐོང༌། །མཐར་ཐུག་དོན་ལ་འཁྲུལ་པ་འཁྲུལ་མཁན་མེད། །སྒོམ་དང་མི་སྒོམ་མེད་པར་ཐག་ཆོད་པས། །སྤྱོད་དང་སྤྱོད་བྱ་མང་པོས་ཅི་ཞིག་བྱ། །གང་སྣང་དོན་ལ་འཛིན་ཞེན་མེད་པ་ཡིས། །ཆགས་མེད་ཞེན་མེད་རྩིས་མེད་རིས་མེད་བྱ། །བདག་མེད་སྟོང་པ་གཉིས་མེད་ལྷུན་གྱིས་གྲུབ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །མདོ་རྒྱུད་མན་ངག་ཀུན་གྱི་དགོངས་པ་ཡིན། །འདིར་ནི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །སྙིང་པོའི་གདམས་པ་མ་ལུས་བསྟན་ནས་སོང༌༑ ༑ཕྱི་རབས་ཚེ་འདིར་གྲོལ་བ་གཉེར་འདོད་པས། །ཟབ་མོའི་དོན་འདིར་ཞུགས་ལ་བརྩོན་པར་མཛོད། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། ལམ་བསྒོམ་པས་གྲོལ་བའི་ལེའུ་སྟེ་གཉིས་པའོ།།   །།དེ་ལྟར་གཞི་ལམ་རྟོགས་པ་མཐར་ཕྱིན་ནས། །དྲི་མེད་རང་བཞིན་སེམས་ཉིད་རྣམ་དག་ཏུ། །སྣ་ཚོགས་སེམས་ཀྱི་འཇུག་པ་ཀུན་ནུབ་སྟེ། །དབྱིངས་དང་ཡེ་ཤེས་རོ་གཅིག་གྱུར་པ་ནི། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པ་ཡིན། །དེ་ཚེ་མཁའ་ལྟར་རང་བཞིན་སྤྲོས་དང་བྲལ། །རྒྱ་ཆད་ཕྱོགས་ལྷུང་ཀུན་ལས་འདས་པ་ནི། །དག་པ་གཉིས་ལྡན་ཆོས་ཉིད་འཕོ་འགྱུར་མེད། །དེ་ཉིད་ངང་ལས་ལྷུན་གྲུབ་ལོངས་སྐུ་ནི། །རང་སྣང་འོག་མིན་རྣམ་དག་སྟུག་པོ་བཀོད། །འོད་གསལ་ཡེ་ཤེས་རྣམ་ལྔའི་ཞིང་ཁམས་སུ། །ཞི་དང་ཁྲོ་ཚུལ་རིགས་ལྔའི་དཀྱིལ་འཁོར་ནི། །སྟེང་འོག་ཕྱོགས་མཚམས་ནམ་མཁའ་ཁྱབ་པར་སྣང༌། །གཙོ་འཁོར་གྲངས་མེད་རྟོགས་པ་གཅིག་གི་ངང༌། །མཚན་དང་དཔེ་བྱད་འོད་ཟེར་འབར་བ་སྟེ། །ཀུན་ཀྱང་སྐུ་ལྔ་ཡེ་ཤེས་རྣམ་པ་ལྔ། །མི་གཡོ་མི་གསུང་བརྗོད་འདས་ཆེན་པོ་ནི། །སྟོབས་སོགས་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །མཛད་པའི་ཕྲིན་ལས་སྐུ་གསུམ་ཆོ་འཕྲུལ་འགྱེད། །འདི་ནི་ཡེ་ནས་ལོངས་སྐུའི་སྟོན་པ་ཡིན། །དེ་ཉིད་ངང་ནས་གདུལ་བྱའི་འཇིག་རྟེན་དུ། །འདུལ་བྱེད་སྟོན་པ་རིགས་གསུམ་སྣང་བ་ཡིན། །མཁའ་ཟླའི་གཟུགས་བརྙན་ཆུ་ཟླར་སྣང་བ་བཞིན། །སར་གནས་འགྲོ་ལ་འོག་མིན་མངོན་དགའ་དང༌། །རིན་ཆེན་ཡོངས་གང་བདེ་བ་ཅན་དང་ནི། །ལས་རབ་གྲུབ་པར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་འོད་དཔག་དོན་གྲུབ་རིགས་ལྔ་དང་། །གཏི་མུག་ཞེ་སྡང་ང་རྒྱལ་འདོད་ཆགས་དང༌། །ཕྲག་དོག་སྦྱངས་ཕྱིར་སོ་སོའི་སྟོན་པར་སྣང༌། །གཟུགས་བཟང་མེ་ལོང་བསྟན་པས་དོན་མཛད་དེ། །རྒྱལ་བའི་སྐུ་དང་འོད་ཟེར་འཁྱིལ་བ་ཉིད། །རང་གི་ལུས་དང་མཚུངས་པར་མ་མཐོང་ནས། །དེ་ལས་ཆོས་ཉིད་རྟོགས་པ་རབ་སྦྱངས་པས། །ས་བཅུའི་དྲི་མ་རྣམ་བཅུ་རིམ་སྦྱངས་ཏེ། །ཀུན་ཏུ་འོད་ལ་འགོད་པའི་ཕྲིན་ལས་མཛད། །གདུལ་བྱ་ཇི་སྲིད་འདུལ་བྱེད་སྣང་བ་ནི། །ནམ་མཁས་གར་ཁྱབ་ཀུན་ཏུ་མཚུངས་པར་ཁྱབ། །འདི་ནི་རང་བཞིན་སྤྲུལ་པའི་སྐུ་ཞེས་བྱ། །དེ་ཉིད་ངང་ལས་འགྲོ་དྲུག་འཇིག་རྟེན་དུ། །ཐུབ་པ་དྲུག་གི་རྣམ་འཕྲུལ་མི་ཟད་པས། །འགྲོ་བའི་དོན་མཛད་ཆོས་ཚུལ་བསམ་ཡས་སྟོན། །རང་དང་སྣང་ངོར་མཐུན་པའི་སྐུ་གསུང་ཐུགས། །སྣ་ཚོགས་མི་ཟད་རྒྱན་གྱི་འཁོར་ལོ་ཉིད། །ཇི་ལྟར་སྣང་བས་དེ་ལྟར་དོན་མཛད་པ། །འདི་ནི་འགྲོ་འདུལ་སྤྲུལ་པའི་སྐུ་ཞེས་བྱ། །དེ་ཉིད་ངང་ལས་སྣ་ཚོགས་སྤྲུལ་པའི་སྐུ། །བཟོ་དང་རང་བྱོན་སྐུ་གསུང་ཐུགས་ཀྱི་རྟེན། །ལྷ་དང་རི་མོ་ཡི་གེ་ལ་སོགས་དང༌། །རྫིང་དང་ཟམ་པ་ཁང་བཟང་སྐྱེད་མོས་ཚལ། །ས་ཆུ་མེ་རླུང་པདྨ་དཔག་བསམ་ཤིང༌། །ནོར་བུ་སྒྲོན་མེ་སྨན་དང་ཁ་ཟས་མཆོག །གོས་དང་རྒྱན་སོགས་ཉེ་འཁོར་སྤྲུལ་ནས་ཀྱང༌། །གནས་སྐབས་བདེ་སྐྱིད་མཐར་ཐུག་ལེགས་པའི་ལམ། །གང་ལ་འགྲོ་ཀུན་འགོད་པའི་ཕྲིན་ལས་ཅན། །སེམས་མེད་བེམ་པོར་སྣང་བས་དོན་བྱེད་པ། །རྒྱལ་བའི་ཐུགས་རྗེ་རྨད་བྱུང་མཐའ་ཡས་ནི། །སྣ་ཚོགས་མ་ངེས་སྤྲུལ་པའི་སྐུ་ཞེས་བྱ། །དེ་ལྟར་སྐུ་གསུམ་སྟོན་པ་དཔག་མེད་ཀྱང༌། །གདུལ་བྱ་མེད་ཚེ་འདུལ་བྱེད་དབྱིངས་སུ་ནུབ། །སྔོན་བཞིན་དེ་ཡི་རང་བཞིན་རྣམ་དབྱེ་མེད། །དེ་ཡང་མས་རིམ་གཅིག་ལ་གཅིག་ཐིམ་ནས། །ལྷུན་གྲུབ་ཆོས་སྐུ་བདེ་ཀློང་གཅིག་ཏུ་འཁྱིལ། །ནང་གསལ་འཆར་གཞི་ཡེ་ཤེས་ཕྲ་མོའི་ངང༌། །ཐམས་ཅད་མཁྱེན་ཉིད་གཞི་ལ་རྟག་ཞུགས་ནས། །གདུལ་བྱ་ཡོད་ན་ཡས་རིམ་སྔོན་བཞིན་སྣང༌། །རྣམ་པ་ཐམས་ཅད་མཁྱེན་པའི་དོན་མཛད་དེ། །འདི་ནི་མཐར་ཕྱིན་ངེས་པའི་འབྲས་བུ་སྟེ། །དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སོང༌། །སྐལ་ལྡན་ངེས་པའི་ལམ་བཟང་འདོད་པ་དག །ལྷུན་གྲུབ་ས་ལ་གཏན་སྲིད་ཟིན་པར་མཛོད། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། འབྲས་བུ་མཆོག་གི་གྲོལ་བའི་ལེའུ་སྟེ་གསུམ་པའོ༑ ༑དེ་ལྟར་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་བ། །དྲི་མེད་འོད་ཟེར་ཤར་བས་སྣང་བྱས་པའི། །དགེ་བས་འགྲོ་ཀུན་སྲིད་པའི་མུན་བསལ་ཏེ། །སེམས་ཉིད་སངས་རྒྱས་པདྨ་རྒྱས་པར་ཤོག །སྙིང་པོའི་མན་ངག་སྤྲིན་གྱི་ཕྲེང་བ་འདི། །གངས་རི་ཐོད་དཀར་མགུལ་དུ་ལེགས་བཀོད་པས། །སྐལ་ལྡན་བདུད་རྩིའི་ཆར་གྱིས་ཚིམས་བྱས་ཏེ། །ལམ་བཟང་སྣང་བ་ཕྱོགས་བཅུར་རྒྱས་པར་ཤོག །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སེང་གེ་སྒྲ་སྒྲོགས་ཀྱིས་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པའོ།  །སརྦ་མངྒ་ལམ།  དགེའོ།།    །།     
སྣང་དུས་ཉིད་ནས་རང་བཞིན་སྤྲོས་དང་བྲལ། །ཕྱི་རོལ་དངོས་མིན་སེམས་ཀྱི་སྣང་ལུགས་ཏེ། །སེམས་མིན་སེམས་ལས་བྱུང་བའི་ཆོས་ཀྱང་མིན། །ཡུལ་ལྔར་སྣང་བ་རབ་རིབ་སྐྲ་ཤད་འདྲ། །མེད་བཞིན་སྣང་ལ་གཉིས་སུ་བཟུང་བས་འཁྲུལ། །ཇི་ལྟར་རྨི་ལམ་སྒྱུ་མའི་གླང་པᨖ་ཆེ། །དཔུང་ཚᨖགས་དམག་གིས་བསྐོར་བའི་ཚུལ་མཐོང་ཚེ། །རང་ལས་གཞན་དུ་བཟུང་བས་འཇིགས་ནའང༌། །དེ་ཡི་རང་བཞིན་གཞན་རྣམས་སེམས་སུ་ཡོད། །དེ་ཚེ་ཕྱི་ནང་གང་དུའང་མ་གྲུབ་པས། །རང་བཞིན་ཤེས་རྣམས་འཇིགས་སྔངས་རང་སར་གྲᨖལ། །དེ་བཞིན་གཉིས་མེད་གཉིས་སུ་བཟུང་བའི་ཚེ། །མི་མཁས་བདེན་པར་བཟུང་བར་སྲིད་པར་འཁྲུལ། །མཁས་པས་གཉིས་སྣང་གཉིས་སུ་མེད་ཤེས་པས།
འཁོར་བའི་རང་བཞིན་མྱ་ངན་འདས་པར་གྲᨖལ། །ཀྱེ་ཧོ། སྣང་འདི་གདᨖད་ནས་མ་སྐྱེས་ཏེ། །སྣ་ཚᨖགས་གཉིས་མེད་མེ་ལོང་གཟུགས་བརྙན་འདྲ། །སྟོང་པའི་རང་བཞིན་སྣང་ལས་ཐ་དད་མིན། །ཆུ་དང་རླན་བཞིན་ཟུང་འཇུག་གཉིས་མེད་ངང༌། །སྒྱུ་མ་མཐའ་བྲལ་སྤྲུལ་པའི་གྲᨖང་ཁྱེར་བཞིན། །སྐྱེས་ཙམ་ཉིད་ནས་མ་སྐྱེས་གདᨖད་མའི་ངང༌། །གནས་པར་སྣང་ཡང་མི་གནས་ཆོས་ཀྱི་སྐུ། །འགག་ཙམ་ཉིད་ནས་མི་འགག་འཕེལ་འགྲིབ་མེད། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་ཅིང༌། །གང་ལྟར་བརྟགས་པ་དེ་ལྟར་རང་བཞིན་མེད། །ཡེ་གྲᨖལ་ཕྱམ་གཅིག་ཀུན་ཏུ་བཟང་པᨖའི་ངང༌། །གཞི་རྩ་དངོས་པᨖ་མེད་པའི་ཆོས་རྣམས་ལ། །འདི་ཞེས་ཆེད་དུ་མི་འཛᨑན་ངོས་བཟུང་མེད། །མཁའ་བཞིན་བྱེད་པᨖ་མི་དམིགས་བྱ་བས་སྟོང༌། །གང་ཡིན་ཀུན་ཡིན་འདི་ཡིན་གཟའ་གཏད་མེད། །ཕྱོགས་འཛᨑན་གྲུབ་པའི་མཐས་སྦྱར་ཁས་ལེན་དང༌། །ལྟ་བསྒོམ་སྤྱོད་པའི་རྣམ་གྲངས་མང་པᨖས་ཀྱང༌། །སྙིང་པᨖའི་སེམས་ཉིད་གཉུག་མའི་དᨖན་མཐོང་དཀའ། །ཉན་རང་སེམས་ཙམ་རང་རྒྱུད་དབུ་མ་ཡང༌། །གང་ཟག་ཆོས་བདག་མེད་པའི་རྣམ་དབྱེ་ཡིས། །དངོས་གཞིའི་ལྟ་སྒོམ་མཁའ་སᨖགས་གཞིར་གོལ་བས། །གྲངས་མེད་མང་པᨖའི་འགྲᨖ་བ་བསྒྲུབ་པར་སྣང༌། །བྱ་སྤྱོད་རྣལ་འབྱོར་བླ་ན་མེད་གྲགས་པའི། །རྒྱུད་དᨖན་བསྐྱེད་རྫོགས་བཅོས་བསྒྱུར་དུ་མས་ཀྱང༌། །མ་བཅོས་རང་བབས་ལྷུན་གྲུབ་གཉུག་མ་ལས། །ཉེ་བར་མ་གྱུར་སྤྲོས་པའི་དྲྭ་བས་བཅིངས། །སེམས་སངས་འདི་ཞེས་ལྟ་བསྒོམ་སྤྱོད་འབྲས་ཅན། །ཁ་ཅིག་འདུ་ཤེས་ཚᨖར་བ་འགོག་པ་དང༌། །ལ་ལ་དུས་གསུམ་འབྲེལ་ཐག་བཅད་ནས་ཀྱང༌། །ད་ལྟར་ཤེས་པ་ཟང་ཐལ་ཡིན་ཞེས་སྨྲ། །གཞན་དག་སྐྱེ་འགག་གྲངས་སུ་འདེབས་པ་ལ། །གཉུག་མའི་དᨖན་ཞེས་རྟོག་པའི་རྦ་རླབས་གཡོ། །དེ་བཞིན་རླུང་འཆིངས་གཉིས་སྦྱོར་བདེ་གསལ་ལ། །རྣལ་མའི་དᨖན་ཞེས་ཆགས་སྲིད་འཛᨑན་པས་འཆིང༌། །རེས་འཇོག་བླང་དᨖར་དྲྭ་བར་ཆུད་པ་ལས། །སྙིང་པᨖའི་དᨖན་ཉིད་ནམ་ཡང་མཐོང་བ་མེད། །དེ་ཀུན་བླᨖ་བརྟགས་ཆོས་ཀྱིས་འཁྲུལ་པས་ན། །སྲིད་པ་འདིར་འཆིངས་གྲᨖལ་བའི་སྐབས་མེད་དᨖ། །ཀྱེ་མ་རིན་ཆེན་བརྟག་པ་མ་ཤེས་པས། །ཡིད་བཞིན་དᨖར་ནས་འཆིང་བུ་ཚᨖལ་བར་སྣང༌། །རང་བཞིན་སེམས་ཉིད་གཉུག་མའི་མཆོག་དᨖར་ནས། །བཅོས་བསྒྱུར་རེ་དᨖགས་སྦྲུལ་གྱིས་གསེབ་ཏུ་འཆིང་། །འབད་པའི་སེམས་ཀྱིས་ནམ་ཡང་གྲᨖལ་མི་འགྱུར། །བརྩལ་བྱའི་དᨖན་གྱིས་ཚᨖལ་མཁན་བྱས་པས་བསླད། །ཨེ་མ་རང་བཞིན་སེམས་ཀྱི་དᨖན་འདᨖད་ན། །བརྟགས་དང་དཔྱད་པ་མང་པᨖས་ཅི་བྱར་ཡོད། །གང་སྣང་དེར་ཡིན་དེར་སྣང་འཛᨑན་པ་མེད། །འཛᨑན་མེད་ཕྱོགས་བྲལ་བླང་དᨖར་མི་དགོས་ཀྱིས། །ཐམས་ཅད་གཏད་མེད་བཅོས་བསླད་མ་བྱེད་ཅིག །ཡུལ་སེམས་སྣང་འདི་སྟོང་པའི་ཚུལ་ཡིན་ན། །སྟོང་ཞེས་ལྟ་བས་དེ་ལ་ཅི་ཞིག་དགོས། །མེད་ན་བལྟས་ཀྱང་སྟོང་པར་མི་འགྱུར་བས། །དᨖན་མེད་ངལ་བས་དེ་ལ་ཅི་བྱར་ཡོད། །དེ་བཞིན་བསྐྱེད་རྫོགས་རང་བཞིན་བསྒོམ་མི་དགོས།
བླང་དᨖར་ཆོས་རྣམས་ཇི་ལྟར་འཛᨑན་ཡང་སླའི། །དེ་ཉིད་དᨖན་དུ་ཡོད་ན་འབད་མི་དགོས། །མེད་ན་དᨖན་མེད་སᨖལ་བ་གསེར་འགྱུར་མིན། །དེ་ཕྱིར་བླᨖས་བཏགས་ཆོས་རྣམས་མ་གྲུབ་པ། །དེ་ལ་བཅོས་བསྒྱུར་གཉེན་པᨖས་མ་བསླད་ཅིག ༑འདི་ནི་བླ་མེད་རྡོ་རྗེ་སྙིང་པᨖའི་དᨖན། །སྔགས་དང་རྒྱུད་མེད་གྲུབ་མཐའི་ཁས་ལེན་མེད། །འདི་ཞེས་ངོས་བཟུང་ལྟ་བསྒོམ་སྤྱོད་འབྲས་མེད། །ཐམས་ཅད་མཉམ་རྫོགས་དལ་བ་གཅིག་གི་ངང༌། །གྲུབ་པའི་མཐའ་རྫོགས་ལྟ་བསྒོམ་སྤྱོད་འབྲས་རྫོགས། །འཁོར་འདས་མཉམ་རྫོགས་ཆོས་ཉིད་བརྡལ་བ་ཆེ། །མ་ཅིངས་མ་གྲᨖལ་ཡེ་ནས་བྱང་ཆུབ་པས། །བྱར་མེད་རྒྱལ་པᨖ་ལྷུན་རྫོགས་ཆོས་སྐུའི་ངང༌། །སྣ་ཚᨖགས་གཟུགས་སྐུ་སྒྱུ་མའི་རོལ་པ་ནི། །
སྣང་སྲིད་སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད། །སྤང་བླང་མི་དམིགས་ཐམས་ཅད་རྣམ་དག་ངང༌། །ཡངས་པོ་ཆེའོ་ཐམས་ཅད་ལྷུན་མཐོའོ། །ཆོས་རྣམས་ལྷུན་རྫོགས་ཐམས་ཅད་མཉམ་པ་ཉིད། །མ་སྐྱེས་རྒྱལ་པᨖ་མཐའ་དབུས་ཕྱོགས་བྲལ་ལ། །གཟུང་འཛᨑན་ཞེན་པ་མེད་ན་གཉུག་མའི་དᨖན། །སྤང་བླང་དགག་བསྒྲུབ་མི་དགོས་ཕྱམ་གཅིག་པུ། །ལྟ་བའི་ཡང་རྩེ་རྫོགས་པ་ཆེན་པᨖ་ཡིན། །གཏད་མེད་རྒྱལ་པᨖ་འཛᨑན་མེད་ཤེས་པར་གྱིས། །ཆེད་དུ་དམིགས་པ་ཐམས་ཅད་འཆིང་བ་སྟེ། །དམིགས་མེད་གང་དག་ཤར་ན་ཡེ་ཤེས་དངོས། །ཡེ་བབས་རང་སྟོང་སᨖ་མ་གཉུག་མའི་དᨖན། །འཛᨑན་མེད་ཕྱོགས་བྲལ་ལྟ་བར་ཐག་ཆོད་ཅིག །ཀྱེ་ཧོ་སྣ་ཚᨖགས་སྣང་བ་འདི་དག་རྒོད་རེ་བྲོ། །མ་བརྟགས་ཉམས་དགའ་བརྟགས་ན་ངོས་བཟུང་མེད། །ཤིན་ཏུ་བརྟགས་ན་རང་བཞིན་མཐའ་ལས་འདས། །དེ་ཉིད་འབྱེད་པའི་སེམས་ལ་ཚུར་བལྟས་ན། །དུས་གསུམ་མི་དམིགས་སྐྱེ་འགག་གནས་པ་མེད། །ཁ་དᨖག་དབྱིབས་བྲལ་ངོ་བᨖ་ངོས་བཟུང་མེད། །ཤར་བར་སྣང་དུས་ཤར་ས་འཆར་མཁན་མེད། །ཕྱི་ནང་མི་དམིགས་གཟུང་འཛᨑན་མཐའ་ལས་འདས། །ཕྱི་རོལ་ཡུལ་ལ་འཕྲོ་བར་སྣང་མᨖད་ཀྱང༌། །འཕྲོས་པ་མེད་དེ་སེམས་ལ་ཤར་བ་ཙམ༑ ༑འཕྲོས་ན་དེ་ཚེ་རང་ཉིད་བེམ་པᨖ་ཡིས། །སྐད་ཅིག་རིག་པ་ཚན་པ་གཉིས་སུ་འགྱུར། །འཆར་གཞི་བརྟན་མེད་ཡེ་གྲᨖལ་ནམ་མཁའ་འདྲ། །ཤར་བ་གཉིས་མེད་མེ་ལོང་གཟུགས་བརྙན་འདྲ། །དᨖན་ལ་གཉིས་མེད་ཆུ་དང་རྦ་རླབས་འདྲ། །བླང་དᨖར་མི་དགོས་རྫོགས་པ་ཆེན་པᨖའི་ངང༌། །རང་བཞིན་ཡེ་ནས་དག་པའི་སངས་རྒྱས་ཡིན། །སྣང་སེམས་གདᨖད་ནས་རང་བཞིན་མེད་པ་ལ། །དེ་རིང་དཔལ་ལྡན་བླ་མས་བསྟན་པ་རྟོགས། །ད་ནི་ཐམས་ཅད་ཆོས་སྐུར་ཐག་ཆོད་པས། །ཡིན་མིན་ཐེ་ཚᨖམ་སྒྲོ་འདᨖགས་ཀུན་དང་བྲལ། །སུ་ལའང་མི་འདྲི་སེམས་ཉིད་རྣལ་མའི་དᨖན། །བྱར་མེད་གཉུག་མའི་ངོ་བᨖ་མཐོང་བ་ཡིན། །དེ་ཚེ་འཕྲོས་གནས་ཆོས་སྐུའི་རོལ་པ་ལས། །སྤང་བླང་མི་དགོས་གང་ཤར་རྒྱན་དུ་ཆེ། །གནས་ནའང་མི་གཡོ་ཆོས་ཉིད་གཅིག་གི་ངང༌། །ཐམས་ཅད་ལྷུན་རྫོགས་འཕོ་འགྱུར་མེད་པ་ཡིན། །ད་ནི་དུས་གསུམ་རྒྱལ་བའི་དགོངས་པར་སླེབས། །བདེ་ཆེན་ལྷུན་གྲུབ་གཞིར་རྫོགས་ཀུན་ཏུ་བཟང༌། །དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད་པས་ན། །ཐམས་ཅད་ཕྱམ་གཅིག་གདᨖད་མའི་སར་གྲᨖལ་ལོ། །ཀྱེ་མ་ཕྱོགས་རིས་འཛᨑན་པའི་སེམས་ཡོད་པར། །ཐར་པའི་སྐབས་མེད་འཆིང་བྱེད་དེ་རང་ཉིད། །ཇི་སྲིད་ཕྱོགས་བྲལ་མཐར་འཛᨑན་གྲᨖལ་བ་ན། །གཉིས་མེད་དᨖན་ཡིན་གཞན་ཞིག་མཚᨖན་དུ་མེད། །བལྟས་པས་མི་མཐོང་དཔྱད་པས་རྙེད་པ་མིན། །འདི་ཞེས་མི་མཚᨖན་ཐ་མལ་རང་བབས་ལ། །ཞེན་པའི་སེམས་ཀྱིས་འཆིང་གྲᨖལ་མ་བྱེད་ཅིག །
གང་ལ་སྙིང་མེད་མཐའ་བྲལ་འདᨖད་ན་ཡང༌། །མཐའ་བྲལ་མཐའ་རུ་སྙིང་པᨖའི་སེམས་ཉིད་འཆིངས། །བདེན་གཉིས་འདᨖད་ཀྱང་དེ་ཡི་མཐར་ལྷུང་ཞིང༌། །ཟུང་འཇུག་འདᨖད་ཀྱང་གཉུག་མའི་གནས་ལུགས་མིན། །གང་ལྟར་བརྟགས་ཤིང་ཞེན་པའི་གཟེབ་ཏུ་འཆིངས། །ཐོག་མེད་གཟུང་འཛᨑན་འཁྲུལ་པ་མ་ཆོད་པས། །ད་དུང་ནན་བརྟགས་བླᨖ་ཡི་རིས་མᨖས་འཆིང༌། །ཀྱེ་མ་འཁྲུལ་པའི་སེམས་ནི་སྙིང་རེ་རྗེ། །འདི་ཞེས་ངོས་བཟུང་ཡོད་ན་ལྟ་བ་མིན།
སྣ་ཚᨖགས་སྤྲོས་པའི་གཟེབ་ཡིན་དགོས་པ་མེད། །གང་ཤར་རྩིས་གདབ་མེད་པའི་རིག་པ་ལ། །ཡངས་དᨖག་མཐོ་དམན་མེད་ཀྱི་ཞེན་འཛᨑན་ཐོང༌། །འདི་ཡིན་གཟའ་གཏད་བྲལ་བའི་སྣང་སེམས་ལ། །སྤང་གཉེན་བཅོས་བསྒྱུར་མ་བྱེད་གང་བབས་ཞོག །འདི་ནི་ངེས་དᨖན་སྙིང་པᨖའི་མཐར་ཐུག་ཡིན། །སྣ་ཚᨖགས་ཆོས་ཀུན་མཉམ་པའི་རང་བཞིན་ལ། །གང་ཤར་དེ་ཡིན་གཉིས་མེད་ཡེ་ཤེས་ཡིན། །བླᨖ་ཡིས་མ་རྟོགས་ཡིད་ཀྱིས་ཚᨖལ་ཁྲོ་ཞོག །བཟུང་བས་མ་འཆིངས་འཛᨑན་པས་མ་བསླད་ཅིག །གང་གིས་ཆོས་ཀུན་ནམ་མཁའ་འདྲར་ཤེས་ཤིང༌། །སྒྱུ་མ་མཉམ་མཐོང་ཞེན་པའི་ཡུལ་མེད་ན། །གཉིས་མེད་རང་བཞིན་ལྟ་བའི་རྒྱལ་པᨖ་མཆོག །མཐའ་བྲལ་རྟོགས་པའི་ཚད་ཡིན་ངོ་མཚར་ཆེ། །སྲིད་ཞི་གཉིས་མེད་རིག་པ་ཟང་ཁ་མ། །རང་ངོ་ཤེས་པ་གཞི་རྩ་དངོས་པᨖ་མེད། །འཆིངས་གྲᨖལ་གཉིས་མེད་རྫོགས་པ་ཆེན་པᨖའི་དᨖན། །འགྲᨖ་ཀུན་སེམས་ལ་མ་ལུས་རྒྱུན་དུ་གནས། །དེ་ཉིད་མཐོང་ཕྱིར་དཔེ་བྲལ་ཟབ་མᨖའི་དᨖན། །དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སᨖང༌། །སྣང་སེམས་འཛᨑན་མེད་སྒྱུ་མའི་རྩེད་མᨖ་ལ། །ཕྱོགས་བྲལ་རིག་པ་ལྟ་བས་མཁྱེན་འཚལ་ལོ། །རྫོགས་པ་ཆེན་པᨖ་ཆོས་ཉིད་རང་གྲᨖལ་ལས། གཞི་རྟོགས་པས་གྲᨖལ་བའི་ལེའུ་སྟེ་དང་པᨖའོ།།   །།རྡོ་རྗེ་རྩེ་མᨖ་མཆོག་གི་གཉིས་མེད་ལམ། །གང་ཤར་རིག་པ་དེར་འཛᨑན་མེད་པའི་ངང༌། །ཆེར་གྱིས་ལྟས་ལ་ཆམ་གྱིས་བཞག་པའི་ཚེ། །ངང་དྭངས་ཤེས་པ་ཆུ་ལ་ཆུ་བཞག་བཞིན།
གཉིས་མེད་རང་གྲᨖལ་བདེ་གསལ་མི་རྟོག་འཆར། །ཡང་གཅིག་འཕྲོས་ཀྱང་མི་གཡོ་བརྟེན་པར་གནས། །དེ་ཚེ་སྐྱེ་མེད་སེམས་ཉིད་ཆོས་སྐུའི་ངང༌། །ཤར་གྲᨖལ་རིག་པ་གཟུགས་སྐུ་མྱ་ངན་འདས། །སྤང་བླང་མི་དགོས་འཕྲོ་གནས་གང་བདེར་ཐོང་། །ཤར་གནས་ཞི་ལྷག་ཐབས་ཤེས་ཟུང་འཇུག་ལ། །བླᨖ་ཡིས་མ་བཅོས་གཟོ་རེག་མ་བྱེད་ཅིག །གལ་ཏེ་དགག་བསྒྲུབ་སྤང་བླང་འགའ་ཡོད་ན། །དེ་ཚེ་རེ་དᨖགས་གཉིས་འཛᨑན་གཟེབ་ཏུ་འཆིངས། །འདᨖད་སར་མི་ཕྱིན་གོལ་སར་ལྷུངས་པས་ན། །གང་ཤར་དᨖན་ལ་སྤང་བླང་མེད་པ་གཅེས། །གྲᨖགས་དག་སེམས་ནི་གོ་བཟློག་རྔ་མᨖ་འདྲ། །བཟུང་ན་འགྲᨖ་ལ་སྤྲོས་ན་བརྟེན་པར་གནས། །རང་བབས་ཀློད་ན་རང་གྲᨖལ་གཉུག་མའི་ངང༌། །
གཟུང་འཛᨑན་རང་སར་གྲᨖལ་བས་བླᨖ་བདེ་རྙེད། །བདེ་བས་ཆེད་དུ་དམིགས་པའི་སེམས་བཏངས་ཏེ། །དམིགས་མེད་གང་ཤར་བཅོས་བསླད་མེད་པར་བཞག །གཟུང་འཛᨑན་གཉིས་མེད་རང་གྲᨖལ་ཆེན་པᨖར་གནས། །འགག་མེད་རིག་པ་གསལ་སྟོང་ཡེ་ཤེས་འཆར། །སྣ་ཚᨖགས་འཕྲོ་བས་སྣང་བའི་ཐབས་ཡིན་ལ། །གྲᨖལ་བས་ལྷག་མཐོང་ཤེས་རབ་ལྷུན་གྱིས་གྲུབ། །དེ་ཉིད་ངང་གནས་ངང་དྭངས་ཞི་གནས་ལ། །བདེ་གསལ་མི་རྟོག་བསམ་གཏན་ལྷུན་གྱིས་གྲུབ། །མ་བྱས་མི་འཇིགས་རང་བབས་ཆེན་པᨖའོ། །འགྱུ་བ་སེང་ལས་གནས་པས་རྣམ་པར་གནོན། །རང་བབས་འཕྲོ་གནས་ཡོན་ཏན་མཐའ་ཡས་ཏེ། །འཕྲོས་པས་མ་བྱིང་སེམས་གནས་ཞེན་པ་འགོག །ལྷག་མཐོང་ཤེས་རབ་ཉོན་མᨖངས་རྩལ་འབྱིན་ཞིང༌། །གཟུགས་དང་གཟུགས་མེད་སེམས་ལས་རྣམ་པར་གྲᨖལ། །གནས་པས་མི་རྒོད་སྤྲོས་པའི་དྲྭ་བ་བགོད། །ཞི་གནས་ཡེ་ཤེས་ཉོན་མᨖངས་མགོ་གནོན་ཞིང༌། །འདᨖད་པའི་སེམས་ལས་རྣམ་པར་གྲᨖལ་བ་ཡིན། །དེ་འདྲའི་བསྒོམ་པ་མ་བྱས་ལྷུན་གྲུབ་ལ། །སྤང་བླང་གཉིས་མེད་སྣང་སེམས་གྲᨖགས་སུ་འཆར། །གཟུང་འཛᨑན་རང་གྲᨖལ་ཡོན་ཏན་ཕུན་སུམ་ཚᨖགས། །སེམས་སངས་བླ་མེད་མཉམ་གཞག་ཆེན་པᨖ་ཡིན། །དེ་ལས་ལངས་པའི་རྗེས་ཐོབ་རྒྱ་ཡན་དུ། །སྣང་བའི་རང་བཞིན་རྨི་ལམ་སྒྱུ་མ་དང༌། །སྨིག་རྒྱུ་མིག་ཡོར་གཟུགས་བརྙན་དང༌། །ཆུ་ཟླ་སྤྲུལ་པ་ལྟ་བུར་ངོ་བᨖས་སྟོང༌། །མེད་བཞིན་སྣང་ལས་སང་སེང་ཁྲལ་མ་ཁྲོལ། །བན་བུན་འལ་འོལ་ཡལ་ཡོལ་ཆད་མ་ཆོད། །སྣང་ལ་དེར་འཛᨑན་མེད་པའི་ངང་ལ་སྤྱད། །བར་འགའ་ངེས་འབྱུང་སྐྱོ་ཤས་གཏིང་ནས་བསྐྱེད། །རྟག་ཏུ་འཆི་བསམ་བླᨖ་སྣ་བཙན་ཐབས་བཏུང་། །དག་སྣང་ཕྱོགས་མེད་མᨖས་གུས་རྒྱུན་ཆད་མེད། །སྐྱབས་འགྲᨖ་སེམས་བསྐྱེད་ཚᨖགས་གཉིས་ལམ་ལ་འབད། །དགེ་སྡིག་ལས་འབྲས་འཁོར་བའི་ཉེས་དམིགས་བསམ། །མདᨖར་ན་སེམས་ལ་དྲན་པའི་མེལ་ཚེ་ཡིས། །རྟག་ཏུ་བག་ཡོད་ཤེས་བཞིན་བརྟེན་པར་བྱ། །རེས་འགའ་སྣང་སྲིད་སྒྱུ་མའི་རྩལ་སྦྱང་གིས། །མཉམ་རྗེས་བསྲེ་ཞིང་རྐྱེན་ངན་ལམ་དུ་བླང༌། །ལྟ་བསྒོམ་དᨖན་ལ་སྣ་ཚᨖགས་བᨖག་འབྱིན་ཞིང༌། །ཚᨖགས་དྲུག་རང་གྲᨖལ་སྒོ་ལྔའི་གཟིགས་མᨖ་ལྟ། །སྐབས་སུ་ངང་དྭངས་རྩེ་གཅིག་དᨖན་ལ་བཞག །རྩེ་གཅིག་ཞི་གནས་ཏིང་འཛᨑན་འགྲུབ་པར་འགྱུར། །དེ་བཞིན་རིག་པ་དལ་དུ་མི་གཞུག་པར། །ཕྱི་ནང་ཀུན་རྟོག་དུག་ལྔ་འཕྲོར་བཅུག་ལ། །སྐད་ཅིག་རང་གྲᨖལ་ལྷག་མཐོང་རྩལ་སྦྱངས་བྱ༑ ༑དགག་བསྒྲུབ་རྐྱེན་ངན་སེམས་ཀྱི་གཟིགས་མᨖར་འཆར། །རེས་འགའ་རི་རྩེ་དུར་ཁྲོད་ལུང་སྟོང་སᨖགས། །དགའ་འཇིགས་མྱ་ངན་སྐྱེ་བའི་གནས་སᨖང་ནས། །ལུས་འདི་མཆོང་རྒྱུག་གར་དང་ཕྱག་རྒྱར་བསྒྱུར། །ངག་
ནི་ཅ་ཅོ་གླུ་ལེན་འོ་དᨖད་འབᨖད། །སེམས་ནི་འགྲᨖ་དྲུག་བདེ་སྡུག་སྣ་ཚᨖགས་བསམ། །སྐད་ཅིག་མི་དལ་བརྩོན་པས་རང་གྲᨖལ་སྦྱངས། །ལྟ་སྒོམ་སྤྱོད་པ་ཐོག་ཏུ་ཕེབས་སམ་ལྟ། །དེ་རྗེས་སྣང་སྲིད་རྨི་ལམ་སྒྱུ་མར་སྦྱངས། །མཆོག་དང་ཐུན་མᨖང་དངོས་གྲུབ་མྱུར་དུ་ཐོབ། །མི་མཐུན་རྐྱེན་ངན་བར་ཆོད་མ་ལུས་སེལ། །བར་འགའ་ནད་གདᨖན་ཆོ་འཕྲུལ་ཆེ་བ་ན། །མཚᨖ་གླིང་ནགས་ཚལ་བྲག་རོང་ཤིང་ཅིག་དྲུང༌། །འདྲེ་དང་འབྱུང་པᨖ་རྒྱུ་བའི་གནས་སᨖང་ནས༑ ༑སྐྱབས་འགྲᨖ་སེམས་བསྐྱེད་བླ་མའི་མᨖས་གུས་བྱ། །དེ་རྗེས་ལུས་ནི་རི་རབ་ཙམ་སྤྲུལ་ནས། །གང་ལ་ཅི་འདᨖད་དུམ་བུར་ཕྱོགས་བཅུར་འཐོར། །བགེགས་རྣམས་ཚᨑམས་ཤིང་འགྲᨖ་དྲུག་ལན་ཆགས་སྦྱངས། །དེ་ནས་ནད་གདᨖན་འདྲེར་སྣང་འདྲེར་འཛᨑན་ཀུན། །སེམས་སུ་ཐག་བཅད་སེམས་ནི་སྟོང་པའི་ངང༌། །དྲན་བསམ་ཡིད་ཀྱི་ཚᨖལ་ཁྲོ་ཀུན་བཞག་ལ། །ཐམས་ཅད་ཕྱམ་གཅིག་སྙེམ་བྲལ་ཉལ་ལ་བསྡད། །སྣ་ཚᨖགས་ཆོ་འཕྲུལ་རང་བྱུང་རང་ཞིར་བཞག །དེས་ནི་ནད་གདᨖན་བར་ཆོད་ཞི་བ་དང༌། །སེམས་ཀྱི་བདེ་སྡུག་སྤངས་བླང་མེད་པ་དང༌། །ཐམས་ཅད་མཁའ་ལྟར་གཟུང་འཛᨑན་མི་རྟོགས་ཤིང༌། །གཉུག་མའི་ངང་ལ་རིག་པའི་རྩལ་དབང་ཐོབ། །གཞན་ཡང་ཉིན་མཚན་དུས་དྲུག་འདི་ལྟར་སྦྱངས། །ཐོ་རང་ངང་དྭངས་ནམ་མཁའ་ལྟ་བུ་ལ། །རྟོག་མེད་ཤེས་པ་གཟའ་སྐར་བཞིན་དུ་བཞག །སྔ་དྲོ་འཕྲོ་གནས་གཉིས་སུ་མེད་པ་ལ། །སྐད་ཅིག་རང་གྲᨖལ་ལྷག་མཐོང་རྗེན་པར་བཞག །གུང་ལ་དག་སྣང་མᨖས་གུས་ཕྱོགས་མེད་ལ། །སྣ་ཚᨖགས་ཆོས་ཀུན་རྨི་ལམ་སྒྱུ་མར་སྦྱངས། །ཕྱི་དྲོ་ངེས་འབྱུང་སྐྱོ་ཤས་བསྐྱེད་པ་དང༌། །སྙིང་ནས་མི་རྟག་འཆི་བ་དྲན་པར་བྱ། །སྲོད་ལ་ཕུང་པᨖ་ཚᨖགས་ཀྱི་འཁོར་ལོ་དང༌། །བྱམས་དང་སྙིང་རྗེ་བདེ་གསལ་མི་རྟོག་སྦྱངས། །གུང་ལ་སེམས་ཉིད་སྐྱེ་བ་མེད་པའི་ངང༌། །རིག་པའི་འཕྲོ་འདུ་འཇུག་པ་ཐིམ་པར་ཉལ། །གཉིད་དང་རྨི་ལམ་འོད་གསལ་ཆེན་པᨖར་འཆར། །དེ་ལྟར་སྤྱོད་ལམ་དུས་དྲུག་རྣམ་སྦྱངས་པས། །འཁོར་བའི་ཀུན་རྟོག་བག་ཆགས་རང་ཞི་ནས། །སེམས་ཉིད་རང་གྲᨖལ་མྱ་ངན་འདས་ཞིར་འགྲᨖ། །སྤྱན་དང་མངོན་ཤེས་ཡོན་ཏན་སྣ་ཚᨖགས་འགྲུབ། །དང་པᨖར་ངན་པའི་རྨི་ལམ་བཟང་པᨖར་འགྱུར། །བར་དུ་ཟིན་དང་ཐ་མ་དབྱིངས་སུ་ནུབ། །དེ་ཚེ་འཁོར་བ་མྱ་ངན་འདས་པར་གྲᨖལ། །ས་དང་ལམ་རྫོགས་བསྐྱེད་རྫོགས་མཐར་ཕྱིན་ནས། །ཚེ་འདི་ཉིད་ལ་སེམས་ཉིད་རྫོགས་སངས་རྒྱས། །འདི་ནི་ངེས་དᨖན་སྙིང་པᨖའི་ཐེག་པ་ཡིན། །གནད་ཀྱི་སྙིང་པᨖ་ཐོག་ཏུ་ཁེལ་བའི་རྟགས། །རིམ་གྱིས་སྦྱངས་པ་ལས་ནི་འདི་ལྟར་འབྱུང༌། །སྙིང་ནས་མི་རྟག་བླᨖ་སྣ་ཐུང་བ་དང༌། །སྐྱོ་ཤས་ངེས་འབྱུང་སྙིང་རྗེ་ཚད་མེད་སྐྱེ། །དག་སྣང་མᨖས་གུས་རྟོགས་པ་ཕྱོགས་མེད་འཆར། །ཆགས་ཞེན་རང་གྲᨖལ་དངོས་འཛᨑན་འཁྲུལ་པ་ཞིག །དེ་ཚེ་མ་ནོར་ལམ་དུ་ཚུད་པའི་རྟགས། །ཆེས་ཆེར་གོང་དུ་འཕེལ་བའི་ས་མཆོག་འགྲུབ། །ཆོས་ཀུན་མ་སྐྱེས་སྒྱུ་མའི་རང་བཞིན་
དུ༑ ༑ལྟ་སྒོམ་སྤྱོད་པས་ལེགས་པར་རྩལ་སྦྱངས་ལ། །སྙིང་པᨖའི་སེམས་ཉིད་ཐར་པའི་ཁང་བཟངས་སུ། །ཆོས་ཉིད་འོད་གསལ་གཏན་སྲིད་ཟིན་པར་འགྱུར། །ནམ་ཞིག་རྣལ་འབྱོར་འབྱུང་བཞིའི་ཕུང་པᨖ་དᨖར། །དེ་ཚེ་ས་ཆུ་མེ་རླུང་རྣམ་པར་ཤེས། །ནམ་མཁའ་ཆོས་སྐུ་འོད་གསལ་འཇུག་པའི་ཚེ། །ཚᨖགས་དྲུག་ཡུལ་དབང་ཀུན་གཞིའི་རྣམ་པར་ཤེས། །ཀུན་གཞི་ལ་ཞུགས་དེ་ཉིད་ཆོས་སྐུར་ཐིམ། །དེ་ཚེ་སྣང་མཆེད་ཐོབ་པ་ཉེར་ཐོབ་པ། །ཤིན་ཏུ་མི་རྟོག་འོད་གསལ་རྣམ་པ་བཞི། །རིམ་གྱིས་ཤར་བས་རང་བཞིན་བརྒྱད་ཅུ་ནུབ། །རང་ངོ་ཤེས་པས་ཆོས་སྐུའི་དབྱིངས་སུ་གྲᨖལ། །དེ་ནས་ལོངས་སྐུ་རིགས་ལྔའི་བར་དᨖ་ཡང༌། །བསམ་གཏན་དག་པའི་ཞག་ལྔར་རིམ་གྱིས་འཆར།
རང་ངོ་ཤེས་པས་ལོངས་སྐུར་གྲᨖལ་བའི་ཚེ། །སྤྲུལ་སྐུའི་བར་དᨖའི་སྣ་ཚᨖགས་རྣམ་འཕྲོ་བས། །འགྲᨖ་བའི་དᨖན་བྱས་སླར་ཡང་ལོངས་སྐུར་ཐིམ། །ལོངས་སྐུ་ཆོས་སྐུའི་ངང་དུ་རབ་ཐིམ་པས། །ཆོས་སྐུ་མི་གཡོ་བདེ་ཀློང་གཅིག་ཏུ་འཁྱིལ། །སྐུ་དང་ཡེ་ཤེས་ནང་གསལ་འདུ་འབྲལ་མེད། །འཆར་གཞིའི་རྣམ་པ་ཕྲ་བའི་ཡེ་ཤེས་སུ། །ཐམས་ཅད་མཁྱེན་ནས་འབྱེད་པ་མེད་པར་བཞུགས། །མཁའ་བཞིན་མ་སྐྱེས་འགག་མེད་ལྷུན་གྱིས་གྲུབ། །འདུལ་བྱ་ཡོད་ན་དེ་ལ་ཕྱིར་གསལ་དུ། །ལོངས་སྐུ་རིགས་ལྔ་སྤྲུལ་སྐུའི་འཆར་གཞིར་སྣང༌། །སླར་ཡང་སྔོན་བཞིན་གཞི་ཐོག་ལྷུན་གྱིས་གྲུབ། །འདི་ནི་འབྲིང་རྣམས་བར་དᨖར་གྲᨖལ་བ་ཡིན། །ཐ་མ་སྲིད་པའི་བར་དᨖ་རིམ་ཤར་ནས། །རྨི་ལམ་བཞིན་དུ་སྣ་ཚᨖགས་སྣང་བའི་ཚེ། །བདེན་མེད་ངང་དྭངས་སྒྱུ་མ་བསྐྱེད་རྫོགས་དང༌། །སྐྱབས་འགྲᨖ་སེམས་བསྐྱེད་བླ་མའི་རྣལ་འབྱོར་གྱིས། །འཁོར་བའི་རྒྱུ་བཟློག་མངལ་སྒོ་དགག་དང་བསྒོམ། །དག་པའི་ཞིང་དུ་རྣམ་ཤེས་འཕོ་བར་བྱ། །ཕྱི་མར་རང་སྣང་ཆོས་ལ་སྤྱོད་པའི་ལུས། །ཡོན་ཏན་བདུན་དང་ལྡན་པ་ཐོབ་ནས་གྲᨖལ། །འདི་ནི་ཡང་ཟབ་གནད་ཀྱི་གདམས་པ་ཡིན། །གྲᨖགས་དག་ཉིན་མཚན་མི་དལ་བརྩོན་པ་ཡི། །ལྟ་བའི་རྩལ་སྦྱངས་སྒོམ་པའི་ཉམས་ལེན་དང༌། །སྤྱོད་པའི་བᨖགས་འབྱིན་དᨖན་ལ་ནན་ཏན་བྱ། །ཐ་མལ་ཕྱོགས་སུ་སྐད་ཅིག་མི་བཏང་བར། །ཇི་སྐད་བཤད་ལ་བསྒྲུབ་པའི་བརྩོན་འགྲུས་བརྩམ། །ད་ལྟའི་སེམས་ལ་རང་དབང་མ་ཐོབ་ན།
ཕྱི་མའི་སེམས་ལ་གྲᨖལ་བ་ཐོབ་མི་འགྱུར། །ཚེ་ནི་མྱུར་འགྲᨖ་འཁོར་བ་ཕ་མཐའ་མེད། །འདི་ལས་ད་རེས་ཐར་པའི་ཐབས་འཚལ་ལོ། །མདᨖར་ན་ཐོག་མེད་འཁོར་བར་འཁྱམས་པ་ཡང༌། །གཉིས་འཛᨑན་གོམས་པའི་བདག་འཛᨑན་ལས་བྱུང་བས། །རྟག་ཏུ་བདེན་མེད་སྟོང་པའི་རང་བཞིན་འགྲᨖས། །སེམས་ཉིད་རྒྱལ་པᨖ་བྱ་རྩོལ་མེད་པར་སྦྱངས། །ཇི་སྲིད་བདག་འཛᨑན་འཁྲུལ་པའི་སེམས་ཡོད་པར། །ལྟ་བསྒོམ་རྩལ་སྦྱངས་དགེ་སྡིག་བླང་དᨖར་གཅེས། །
ནམ་ཞིག་གཉིས་འཛᨑན་རང་སར་གྲᨖལ་བ་ན། །སྤང་གཉེན་མི་དགོས་ལྟ་སྒོམ་ཆོས་ལས་འདས། །དེ་ཚེ་སྣང་སྲིད་ཆོས་སྐུར་ཤར་བ་ཡིན། །ཀྱེ་ཧོ་གྲᨖགས་དག་འཁོར་འདས་གཞན་མེད་དོ། །ཐམས་ཅད་དབྱིངས་གཅིག་སེམས་ཉིད་རོལ་པའི་ངང༌། །གཞི་གྲᨖལ་ལམ་གྲᨖལ་འབྲས་བུ་ཡེ་ནས་གྲᨖལ། །ཐམས་ཅད་རང་གྲᨖལ་སྒྱུ་མའི་རྩེད་མᨖ་ལ། །འདི་ཡིན་གཟའ་གཏད་མེད་པའི་སྣང་བ་ཤར། །ཐམས་ཅད་དེ་ཡིན་ཆེད་འཛᨑན་ཞེན་པ་ཐོང༌། །མཐར་ཐུག་དᨖན་ལ་འཁྲུལ་པ་འཁྲུལ་མཁན་མེད། །སྒོམ་དང་མི་སྒོམ་མེད་པར་ཐག་ཆོད་པས། །སྤྱོད་དང་སྤྱོད་བྱ་མང་པᨖས་ཅི་ཞིག་བྱ། །གང་སྣང་དᨖན་ལ་འཛᨑན་ཞེན་མེད་པ་ཡིས། །ཆགས་མེད་ཞེན་མེད་རྩིས་མེད་རིས་མེད་བྱ། །བདག་མེད་སྟོང་པ་གཉིས་མེད་ལྷུན་གྱིས་གྲུབ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །མདᨖ་རྒྱུད་མན་ངག་ཀུན་གྱི་དགོངས་པ་ཡིན། །འདིར་ནི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །སྙིང་པᨖའི་གདམས་པ་མ་ལུས་བསྟན་ནས་སᨖང༌༑ ༑ཕྱི་རབས་ཚེ་འདིར་གྲᨖལ་བ་གཉེར་འདᨖད་པས། །ཟབ་མᨖའི་དᨖན་འདིར་ཞུགས་ལ་བརྩོན་པར་མཛོད། །རྫོགས་པ་ཆེན་པᨖ་ཆོས་ཉིད་རང་གྲᨖལ་ལས། ལམ་བསྒོམ་པས་གྲᨖལ་བའི་ལེའུ་སྟེ་གཉིས་པའོ།།   །།དེ་ལྟར་གཞི་ལམ་རྟོགས་པ་མཐར་ཕྱིན་ནས། །དྲི་མེད་རང་བཞིན་སེམས་ཉིད་རྣམ་དག་ཏུ། །སྣ་ཚᨖགས་སེམས་ཀྱི་འཇུག་པ་ཀུན་ནུབ་སྟེ། །དབྱིངས་དང་ཡེ་ཤེས་རོ་གཅིག་གྱུར་པ་ནི། །ཆོས་སྐུ་རྒྱལ་པᨖའི་གཏན་སྲིད་ཟིན་པ་ཡིན། །དེ་ཚེ་མཁའ་ལྟར་རང་བཞིན་སྤྲོས་དང་བྲལ། །རྒྱ་ཆད་ཕྱོགས་ལྷུང་ཀུན་ལས་འདས་པ་ནི། །དག་པ་གཉིས་ལྡན་ཆོས་ཉིད་འཕོ་འགྱུར་མེད། །དེ་ཉིད་ངང་ལས་ལྷུན་གྲུབ་ལོངས་སྐུ་ནི། །རང་སྣང་འོག་མིན་རྣམ་དག་སྟུག་པᨖ་བཀོད། །
འོད་གསལ་ཡེ་ཤེས་རྣམ་ལྔའི་ཞིང་ཁམས་སུ། །ཞི་དང་ཁྲོ་ཚུལ་རིགས་ལྔའི་དཀྱིལ་འཁོར་ནི། །སྟེང་འོག་ཕྱོགས་མཚམས་ནམ་མཁའ་ཁྱབ་པར་སྣང༌། །གཙོ་འཁོར་གྲངས་མེད་རྟོགས་པ་གཅིག་གི་ངང༌། །མཚན་དང་དཔེ་བྱད་འོད་ཟེར་འབར་བ་སྟེ། །ཀུན་ཀྱང་སྐུ་ལྔ་ཡེ་ཤེས་རྣམ་པ་ལྔ། །མི་གཡོ་མི་གསུང་བརྗོད་འདས་ཆེན་པᨖ་ནི། །སྟོབས་སᨖགས་ཡོན་ཏན་རྒྱ་མཚᨖའི་ཕ་རོལ་ཕྱིན། །མཛད་པའི་ཕྲིན་ལས་སྐུ་གསུམ་ཆོ་འཕྲུལ་འགྱེད། །འདི་ནི་ཡེ་ནས་ལོངས་སྐུའི་སྟོན་པ་ཡིན། །དེ་ཉིད་ངང་ནས་གདུལ་བྱའི་འཇིག་རྟེན་དུ། །འདུལ་བྱེད་སྟོན་པ་རིགས་གསུམ་སྣང་བ་ཡིན། །མཁའ་ཟླའི་གཟུགས་བརྙན་ཆུ་ཟླར་སྣང་བ་བཞིན། །སར་གནས་འགྲᨖ་ལ་འོག་མིན་མངོན་དགའ་དང༌། །རིན་ཆེན་ཡོངས་གང་བདེ་བ་ཅན་དང་ནི། །ལས་རབ་གྲུབ་པར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་འོད་དཔག་དᨖན་གྲུབ་རིགས་ལྔ་དང་། །གཏི་མུག་ཞེ་སྡང་ང་རྒྱལ་འདᨖད་ཆགས་དང༌། །ཕྲག་དᨖག་སྦྱངས་ཕྱིར་སᨖ་སᨖའི་སྟོན་པར་སྣང༌། །གཟུགས་བཟང་མེ་ལོང་བསྟན་པས་དᨖན་མཛད་དེ། །རྒྱལ་བའི་སྐུ་དང་འོད་ཟེར་འཁྱིལ་བ་ཉིད། །རང་གི་ལུས་དང་མཚུངས་པར་མ་མཐོང་ནས། །དེ་ལས་ཆོས་ཉིད་རྟོགས་པ་རབ་སྦྱངས་པས། །ས་བཅུའི་དྲི་མ་རྣམ་བཅུ་རིམ་སྦྱངས་ཏེ། །ཀུན་ཏུ་འོད་ལ་འགོད་པའི་ཕྲིན་ལས་མཛད། །གདུལ་བྱ་ཇི་སྲིད་འདུལ་བྱེད་སྣང་བ་ནི། །ནམ་མཁས་གར་ཁྱབ་ཀུན་ཏུ་མཚུངས་པར་ཁྱབ། །འདི་ནི་རང་བཞིན་སྤྲུལ་པའི་སྐུ་ཞེས་བྱ། །དེ་ཉིད་ངང་ལས་འགྲᨖ་དྲུག་འཇིག་རྟེན་དུ། །ཐུབ་པ་དྲུག་གི་རྣམ་འཕྲུལ་མི་ཟད་པས། །འགྲᨖ་བའི་དᨖན་མཛད་ཆོས་ཚུལ་བསམ་ཡས་སྟོན། །རང་དང་སྣང་ངོར་མཐུན་པའི་སྐུ་གསུང་ཐུགས། །སྣ་ཚᨖགས་མི་ཟད་རྒྱན་གྱི་འཁོར་ལོ་ཉིད། །
ཇི་ལྟར་སྣང་བས་དེ་ལྟར་དᨖན་མཛད་པ། །འདི་ནི་འགྲᨖ་འདུལ་སྤྲུལ་པའི་སྐུ་ཞེས་བྱ། །དེ་ཉིད་ངང་ལས་སྣ་ཚᨖགས་སྤྲུལ་པའི་སྐུ། །བཟོ་དང་རང་བྱོན་སྐུ་གསུང་ཐུགས་ཀྱི་རྟེན། །ལྷ་དང་རི་མᨖ་ཡི་གེ་ལ་སᨖགས་དང༌། །རྫིང་དང་ཟམ་པ་ཁང་བཟང་སྐྱེད་མᨖས་ཚལ། །ས་ཆུ་མེ་རླུང་པདྨ་དཔག་བསམ་ཤིང༌། །ནོར་བུ་སྒྲོན་མེ་སྨན་དང་ཁ་ཟས་མཆོག །གོས་དང་རྒྱན་སᨖགས་ཉེ་འཁོར་སྤྲུལ་ནས་ཀྱང༌། །གནས་སྐབས་བདེ་སྐྱིད་མཐར་ཐུག་ལེགས་པའི་ལམ།
གང་ལ་འགྲᨖ་ཀུན་འགོད་པའི་ཕྲིན་ལས་ཅན། །སེམས་མེད་བེམ་པᨖར་སྣང་བས་དᨖན་བྱེད་པ། །རྒྱལ་བའི་ཐུགས་རྗེ་རྨད་བྱུང་མཐའ་ཡས་ནི། །སྣ་ཚᨖགས་མ་ངེས་སྤྲུལ་པའི་སྐུ་ཞེས་བྱ། །དེ་ལྟར་སྐུ་གསུམ་སྟོན་པ་དཔག་མེད་ཀྱང༌།
གདུལ་བྱ་མེད་ཚེ་འདུལ་བྱེད་དབྱིངས་སུ་ནུབ། །སྔོན་བཞིན་དེ་ཡི་རང་བཞིན་རྣམ་དབྱེ་མེད། །དེ་ཡང་མས་རིམ་གཅིག་ལ་གཅིག་ཐིམ་ནས། །ལྷུན་གྲུབ་ཆོས་སྐུ་བདེ་ཀློང་གཅིག་ཏུ་འཁྱིལ། །ནང་གསལ་འཆར་གཞི་ཡེ་ཤེས་ཕྲ་མᨖའི་ངང༌། །ཐམས་ཅད་མཁྱེན་ཉིད་གཞི་ལ་རྟག་ཞུགས་ནས། །གདུལ་བྱ་ཡོད་ན་ཡས་རིམ་སྔོན་བཞིན་སྣང༌། །རྣམ་པ་ཐམས་ཅད་མཁྱེན་པའི་དᨖན་མཛད་དེ། །འདི་ནི་མཐར་ཕྱིན་ངེས་པའི་འབྲས་བུ་སྟེ། །དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སᨖང༌། །སྐལ་ལྡན་ངེས་པའི་ལམ་བཟང་འདᨖད་པ་དག །ལྷུན་གྲུབ་ས་ལ་གཏན་སྲིད་ཟིན་པར་མཛོད། །རྫོགས་པ་ཆེན་པᨖ་ཆོས་ཉིད་རང་གྲᨖལ་ལས། འབྲས་བུ་མཆོག་གི་གྲᨖལ་བའི་ལེའུ་སྟེ་གསུམ་
པའོ༑ ༑དེ་ལྟར་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་བ། །དྲི་མེད་འོད་ཟེར་ཤར་བས་སྣང་བྱས་པའི། །དགེ་བས་འགྲᨖ་ཀུན་སྲིད་པའི་མུན་བསལ་ཏེ། །སེམས་ཉིད་སངས་རྒྱས་པདྨ་རྒྱས་པར་ཤོག །སྙིང་པᨖའི་མན་ངག་སྤྲིན་གྱི་ཕྲེང་
བ་འདི། །གངས་རི་ཐོད་དཀར་མགུལ་དུ་ལེགས་བཀོད་པས། །སྐལ་ལྡན་བདུད་རྩིའི་ཆར་གྱིས་ཚᨑམས་བྱས་ཏེ། །ལམ་བཟང་སྣང་བ་ཕྱོགས་བཅུར་རྒྱས་པར་ཤོག །རྫོགས་པ་ཆེན་པᨖ་ཆོས་ཉིད་རང་གྲᨖལ་ཞེས་བྱ་བ། དཔལ་ཨོ་
རྒྱན་གྱི་སློབ་དཔᨖན་ཆེན་པᨖ་སེང་གེ་སྒྲ་སྒྲོགས་ཀྱིས་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པའོ།  །སརྦ་མངྒ་ལམ།  དགེའོ།།    །།     
}}
}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 18:08, 25 February 2025

Wylie title rdzogs pa chen po chos nyid rang grol DNZ-02-KHA-017.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 2, Text 17, Pages 455-473 (Folios 1a1 to 10a4)
Author ཀློང་ཆེན་རབ་འབྱམས་
Citation Klong chen pa. Rdzogs pa chen po chos nyid rang grol. In Gdams ngag rin po che'i mdzod, Vol. 2: 455-473. Kalimpong: Rigpe Dorje Publications, 2024. DNZ-Shechen-02-KHA-017.pdf
Shechen Publications, 1999
Side notes Recto: chos nyid rang grol   Verso: rnying ma'i skor
More details More details
Genre Dzogchen - rdzogs pa chen po  ·  Pith Instructions - man ngag
Colophon

།རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སེང་གེ་སྒྲ་སྒྲོགས་ཀྱིས་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པའོ། །སརྦ་མངྒ་ལམ། དགེའོ།།

/rdzogs pa chen po chos nyid rang grol zhes bya ba/_dpal o rgyan gyi slob dpon chen po seng ge sgra sgrogs kyis rjes su bzung nas byin gyis brlabs pa'i rnal 'byor pa dri med 'od zer gyis/__gangs ri thod dkar gyi mgul du bkod pa'o/__/sarba mang+ga lam/__dge'o//

[edit]
༄༅། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། མ་ཧཱ་སནྡྷི་དྷརྨཱ་དྷཱ་ཏུ་ཨཱཏྨ་ཀོ་ན་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ། གདོད་ནས་མ་སྐྱེས་འོད་གསལ་མཉམ་པའི་ངང༌། །སེམས་ཉིད་མི་གཡོ་འཛིན་མེད་ཡངས་པ་ཆེ། །སྐུ་གསུམ་ལྷུན་གྲུབ་བདེ་ཆེན་འོག་མིན་ནས། །གཞི་རྫོགས་འཕོ་འགྱུར་མེད་ལ་ཕྱག་འཚལ་ལོ། །བདག་དང་འགྲོ་ཀུན་སེམས་ཉིད་སངས་རྒྱས་ཀྱང༌། །མ་རིག་དབང་གིས་སྲིད་པའི་དགོན་པར་འཁྱམས། །དེ་ལས་ཐར་འདོད་ཤིང་རྟ་བཟང་པོའི་ལམ༑ ༑ངེས་དོན་སྙིང་པོའི་ཆོས་ཚུལ་འདིར་བརྗོད་བྱ། །གྲོགས་དག་གཏིང་མཐའ་མེད་པའི་འཁོར་བ་འདིར། །སྡུག་བསྔལ་སྣ་ཚོགས་རྦ་ཀློང་འཁྲུགས་པ་ནི། །བདག་འཛིན་འཁྲུལ་པའི་མ་རིག་ལས་བྱུང་བས། །དེ་ཡི་གཉེན་པོར་གནས་ལུགས་ལྟ་བ་གཅེས། །འདི་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གདོད་ནས་མ་སྐྱེས་ཡེ་ནས་མཉམ་པ་ཉིད། །གྲུབ་བསལ་མེད་ཅིང་རྟག་ཆད་འགྲོ་འོང་མེད། །མཐའ་བྲལ་གཉིས་མེད་ཆོས་ཉིད་ནམ་མཁའི་ངང༌། །སྣ་ཚོགས་ཆོས་ཅན་མ་འདྲེས་ཅིར་ཡང་སྣང༌། །སྣང་དུས་ཉིད་ནས་རང་བཞིན་སྤྲོས་དང་བྲལ། །ཕྱི་རོལ་དངོས་མིན་སེམས་ཀྱི་སྣང་ལུགས་ཏེ། །སེམས་མིན་སེམས་ལས་བྱུང་བའི་ཆོས་ཀྱང་མིན། །ཡུལ་ལྔར་སྣང་བ་རབ་རིབ་སྐྲ་ཤད་འདྲ། །མེད་བཞིན་སྣང་ལ་གཉིས་སུ་བཟུང་བས་འཁྲུལ། །ཇི་ལྟར་རྨི་ལམ་སྒྱུ་མའི་གླང་པོ་ཆེ། །དཔུང་ཚོགས་དམག་གིས་བསྐོར་བའི་ཚུལ་མཐོང་ཚེ། །རང་ལས་གཞན་དུ་བཟུང་བས་འཇིགས་ནའང༌། །དེ་ཡི་རང་བཞིན་གཞན་རྣམས་སེམས་སུ་ཡོད། །དེ་ཚེ་ཕྱི་ནང་གང་དུའང་མ་གྲུབ་པས། །རང་བཞིན་ཤེས་རྣམས་འཇིགས་སྔངས་རང་སར་གྲོལ། །དེ་བཞིན་གཉིས་མེད་གཉིས་སུ་བཟུང་བའི་ཚེ། །མི་མཁས་བདེན་པར་བཟུང་བར་སྲིད་པར་འཁྲུལ། །མཁས་པས་གཉིས་སྣང་གཉིས་སུ་མེད་ཤེས་པས། །འཁོར་བའི་རང་བཞིན་མྱ་ངན་འདས་པར་གྲོལ། །ཀྱེ་ཧོ། སྣང་འདི་གདོད་ནས་མ་སྐྱེས་ཏེ། །སྣ་ཚོགས་གཉིས་མེད་མེ་ལོང་གཟུགས་བརྙན་འདྲ། །སྟོང་པའི་རང་བཞིན་སྣང་ལས་ཐ་དད་མིན། །ཆུ་དང་རླན་བཞིན་ཟུང་འཇུག་གཉིས་མེད་ངང༌། །སྒྱུ་མ་མཐའ་བྲལ་སྤྲུལ་པའི་གྲོང་ཁྱེར་བཞིན། །སྐྱེས་ཙམ་ཉིད་ནས་མ་སྐྱེས་གདོད་མའི་ངང༌། །གནས་པར་སྣང་ཡང་མི་གནས་ཆོས་ཀྱི་སྐུ། །འགག་ཙམ་ཉིད་ནས་མི་འགག་འཕེལ་འགྲིབ་མེད། །ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་ཅིང༌། །གང་ལྟར་བརྟགས་པ་དེ་ལྟར་རང་བཞིན་མེད། །ཡེ་གྲོལ་ཕྱམ་གཅིག་ཀུན་ཏུ་བཟང་པོའི་ངང༌། །གཞི་རྩ་དངོས་པོ་མེད་པའི་ཆོས་རྣམས་ལ། །འདི་ཞེས་ཆེད་དུ་མི་འཛིན་ངོས་བཟུང་མེད། །མཁའ་བཞིན་བྱེད་པོ་མི་དམིགས་བྱ་བས་སྟོང༌། །གང་ཡིན་ཀུན་ཡིན་འདི་ཡིན་གཟའ་གཏད་མེད། །ཕྱོགས་འཛིན་གྲུབ་པའི་མཐས་སྦྱར་ཁས་ལེན་དང༌། །ལྟ་བསྒོམ་སྤྱོད་པའི་རྣམ་གྲངས་མང་པོས་ཀྱང༌། །སྙིང་པོའི་སེམས་ཉིད་གཉུག་མའི་དོན་མཐོང་དཀའ། །ཉན་རང་སེམས་ཙམ་རང་རྒྱུད་དབུ་མ་ཡང༌། །གང་ཟག་ཆོས་བདག་མེད་པའི་རྣམ་དབྱེ་ཡིས། །དངོས་གཞིའི་ལྟ་སྒོམ་མཁའ་སོགས་གཞིར་གོལ་བས། །གྲངས་མེད་མང་པོའི་འགྲོ་བ་བསྒྲུབ་པར་སྣང༌། །བྱ་སྤྱོད་རྣལ་འབྱོར་བླ་ན་མེད་གྲགས་པའི། །རྒྱུད་དོན་བསྐྱེད་རྫོགས་བཅོས་བསྒྱུར་དུ་མས་ཀྱང༌། །མ་བཅོས་རང་བབས་ལྷུན་གྲུབ་གཉུག་མ་ལས། །ཉེ་བར་མ་གྱུར་སྤྲོས་པའི་དྲྭ་བས་བཅིངས། །སེམས་སངས་འདི་ཞེས་ལྟ་བསྒོམ་སྤྱོད་འབྲས་ཅན། །ཁ་ཅིག་འདུ་ཤེས་ཚོར་བ་འགོག་པ་དང༌། །ལ་ལ་དུས་གསུམ་འབྲེལ་ཐག་བཅད་ནས་ཀྱང༌། །ད་ལྟར་ཤེས་པ་ཟང་ཐལ་ཡིན་ཞེས་སྨྲ། །གཞན་དག་སྐྱེ་འགག་གྲངས་སུ་འདེབས་པ་ལ། །གཉུག་མའི་དོན་ཞེས་རྟོག་པའི་རྦ་རླབས་གཡོ། །དེ་བཞིན་རླུང་འཆིངས་གཉིས་སྦྱོར་བདེ་གསལ་ལ། །རྣལ་མའི་དོན་ཞེས་ཆགས་སྲིད་འཛིན་པས་འཆིང༌། །རེས་འཇོག་བླང་དོར་དྲྭ་བར་ཆུད་པ་ལས། །སྙིང་པོའི་དོན་ཉིད་ནམ་ཡང་མཐོང་བ་མེད། །དེ་ཀུན་བློ་བརྟགས་ཆོས་ཀྱིས་འཁྲུལ་པས་ན། །སྲིད་པ་འདིར་འཆིངས་གྲོལ་བའི་སྐབས་མེད་དོ། །ཀྱེ་མ་རིན་ཆེན་བརྟག་པ་མ་ཤེས་པས། །ཡིད་བཞིན་དོར་ནས་འཆིང་བུ་ཚོལ་བར་སྣང༌། །རང་བཞིན་སེམས་ཉིད་གཉུག་མའི་མཆོག་དོར་ནས། །བཅོས་བསྒྱུར་རེ་དོགས་སྦྲུལ་གྱིས་གསེབ་ཏུ་འཆིང་། །འབད་པའི་སེམས་ཀྱིས་ནམ་ཡང་གྲོལ་མི་འགྱུར། །བརྩལ་བྱའི་དོན་གྱིས་ཚོལ་མཁན་བྱས་པས་བསླད། །ཨེ་མ་རང་བཞིན་སེམས་ཀྱི་དོན་འདོད་ན། །བརྟགས་དང་དཔྱད་པ་མང་པོས་ཅི་བྱར་ཡོད། །གང་སྣང་དེར་ཡིན་དེར་སྣང་འཛིན་པ་མེད། །འཛིན་མེད་ཕྱོགས་བྲལ་བླང་དོར་མི་དགོས་ཀྱིས། །ཐམས་ཅད་གཏད་མེད་བཅོས་བསླད་མ་བྱེད་ཅིག །ཡུལ་སེམས་སྣང་འདི་སྟོང་པའི་ཚུལ་ཡིན་ན། །སྟོང་ཞེས་ལྟ་བས་དེ་ལ་ཅི་ཞིག་དགོས། །མེད་ན་བལྟས་ཀྱང་སྟོང་པར་མི་འགྱུར་བས། །དོན་མེད་ངལ་བས་དེ་ལ་ཅི་བྱར་ཡོད། །དེ་བཞིན་བསྐྱེད་རྫོགས་རང་བཞིན་བསྒོམ་མི་དགོས། །བླང་དོར་ཆོས་རྣམས་ཇི་ལྟར་འཛིན་ཡང་སླའི། །དེ་ཉིད་དོན་དུ་ཡོད་ན་འབད་མི་དགོས། །མེད་ན་དོན་མེད་སོལ་བ་གསེར་འགྱུར་མིན། །དེ་ཕྱིར་བློས་བཏགས་ཆོས་རྣམས་མ་གྲུབ་པ། །དེ་ལ་བཅོས་བསྒྱུར་གཉེན་པོས་མ་བསླད་ཅིག ༑འདི་ནི་བླ་མེད་རྡོ་རྗེ་སྙིང་པོའི་དོན། །སྔགས་དང་རྒྱུད་མེད་གྲུབ་མཐའི་ཁས་ལེན་མེད། །འདི་ཞེས་ངོས་བཟུང་ལྟ་བསྒོམ་སྤྱོད་འབྲས་མེད། །ཐམས་ཅད་མཉམ་རྫོགས་དལ་བ་གཅིག་གི་ངང༌། །གྲུབ་པའི་མཐའ་རྫོགས་ལྟ་བསྒོམ་སྤྱོད་འབྲས་རྫོགས། །འཁོར་འདས་མཉམ་རྫོགས་ཆོས་ཉིད་བརྡལ་བ་ཆེ། །མ་ཅིངས་མ་གྲོལ་ཡེ་ནས་བྱང་ཆུབ་པས། །བྱར་མེད་རྒྱལ་པོ་ལྷུན་རྫོགས་ཆོས་སྐུའི་ངང༌། །སྣ་ཚོགས་གཟུགས་སྐུ་སྒྱུ་མའི་རོལ་པ་ནི། །སྣང་སྲིད་སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད། །སྤང་བླང་མི་དམིགས་ཐམས་ཅད་རྣམ་དག་ངང༌། །ཡངས་པོ་ཆེའོ་ཐམས་ཅད་ལྷུན་མཐོའོ། །ཆོས་རྣམས་ལྷུན་རྫོགས་ཐམས་ཅད་མཉམ་པ་ཉིད། །མ་སྐྱེས་རྒྱལ་པོ་མཐའ་དབུས་ཕྱོགས་བྲལ་ལ། །གཟུང་འཛིན་ཞེན་པ་མེད་ན་གཉུག་མའི་དོན། །སྤང་བླང་དགག་བསྒྲུབ་མི་དགོས་ཕྱམ་གཅིག་པུ། །ལྟ་བའི་ཡང་རྩེ་རྫོགས་པ་ཆེན་པོ་ཡིན། །གཏད་མེད་རྒྱལ་པོ་འཛིན་མེད་ཤེས་པར་གྱིས། །ཆེད་དུ་དམིགས་པ་ཐམས་ཅད་འཆིང་བ་སྟེ། །དམིགས་མེད་གང་དག་ཤར་ན་ཡེ་ཤེས་དངོས། །ཡེ་བབས་རང་སྟོང་སོ་མ་གཉུག་མའི་དོན། །འཛིན་མེད་ཕྱོགས་བྲལ་ལྟ་བར་ཐག་ཆོད་ཅིག །ཀྱེ་ཧོ་སྣ་ཚོགས་སྣང་བ་འདི་དག་རྒོད་རེ་བྲོ། །མ་བརྟགས་ཉམས་དགའ་བརྟགས་ན་ངོས་བཟུང་མེད། །ཤིན་ཏུ་བརྟགས་ན་རང་བཞིན་མཐའ་ལས་འདས། །དེ་ཉིད་འབྱེད་པའི་སེམས་ལ་ཚུར་བལྟས་ན། །དུས་གསུམ་མི་དམིགས་སྐྱེ་འགག་གནས་པ་མེད། །ཁ་དོག་དབྱིབས་བྲལ་ངོ་བོ་ངོས་བཟུང་མེད། །ཤར་བར་སྣང་དུས་ཤར་ས་འཆར་མཁན་མེད། །ཕྱི་ནང་མི་དམིགས་གཟུང་འཛིན་མཐའ་ལས་འདས། །ཕྱི་རོལ་ཡུལ་ལ་འཕྲོ་བར་སྣང་མོད་ཀྱང༌། །འཕྲོས་པ་མེད་དེ་སེམས་ལ་ཤར་བ་ཙམ༑ ༑འཕྲོས་ན་དེ་ཚེ་རང་ཉིད་བེམ་པོ་ཡིས། །སྐད་ཅིག་རིག་པ་ཚན་པ་གཉིས་སུ་འགྱུར། །འཆར་གཞི་བརྟན་མེད་ཡེ་གྲོལ་ནམ་མཁའ་འདྲ། །ཤར་བ་གཉིས་མེད་མེ་ལོང་གཟུགས་བརྙན་འདྲ། །དོན་ལ་གཉིས་མེད་ཆུ་དང་རྦ་རླབས་འདྲ། །བླང་དོར་མི་དགོས་རྫོགས་པ་ཆེན་པོའི་ངང༌། །རང་བཞིན་ཡེ་ནས་དག་པའི་སངས་རྒྱས་ཡིན། །སྣང་སེམས་གདོད་ནས་རང་བཞིན་མེད་པ་ལ། །དེ་རིང་དཔལ་ལྡན་བླ་མས་བསྟན་པ་རྟོགས། །ད་ནི་ཐམས་ཅད་ཆོས་སྐུར་ཐག་ཆོད་པས། །ཡིན་མིན་ཐེ་ཚོམ་སྒྲོ་འདོགས་ཀུན་དང་བྲལ། །སུ་ལའང་མི་འདྲི་སེམས་ཉིད་རྣལ་མའི་དོན། །བྱར་མེད་གཉུག་མའི་ངོ་བོ་མཐོང་བ་ཡིན། །དེ་ཚེ་འཕྲོས་གནས་ཆོས་སྐུའི་རོལ་པ་ལས། །སྤང་བླང་མི་དགོས་གང་ཤར་རྒྱན་དུ་ཆེ། །གནས་ནའང་མི་གཡོ་ཆོས་ཉིད་གཅིག་གི་ངང༌། །ཐམས་ཅད་ལྷུན་རྫོགས་འཕོ་འགྱུར་མེད་པ་ཡིན། །ད་ནི་དུས་གསུམ་རྒྱལ་བའི་དགོངས་པར་སླེབས། །བདེ་ཆེན་ལྷུན་གྲུབ་གཞིར་རྫོགས་ཀུན་ཏུ་བཟང༌། །དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད་པས་ན། །ཐམས་ཅད་ཕྱམ་གཅིག་གདོད་མའི་སར་གྲོལ་ལོ། །ཀྱེ་མ་ཕྱོགས་རིས་འཛིན་པའི་སེམས་ཡོད་པར། །ཐར་པའི་སྐབས་མེད་འཆིང་བྱེད་དེ་རང་ཉིད། །ཇི་སྲིད་ཕྱོགས་བྲལ་མཐར་འཛིན་གྲོལ་བ་ན། །གཉིས་མེད་དོན་ཡིན་གཞན་ཞིག་མཚོན་དུ་མེད། །བལྟས་པས་མི་མཐོང་དཔྱད་པས་རྙེད་པ་མིན། །འདི་ཞེས་མི་མཚོན་ཐ་མལ་རང་བབས་ལ། །ཞེན་པའི་སེམས་ཀྱིས་འཆིང་གྲོལ་མ་བྱེད་ཅིག །གང་ལ་སྙིང་མེད་མཐའ་བྲལ་འདོད་ན་ཡང༌། །མཐའ་བྲལ་མཐའ་རུ་སྙིང་པོའི་སེམས་ཉིད་འཆིངས། །བདེན་གཉིས་འདོད་ཀྱང་དེ་ཡི་མཐར་ལྷུང་ཞིང༌། །ཟུང་འཇུག་འདོད་ཀྱང་གཉུག་མའི་གནས་ལུགས་མིན། །གང་ལྟར་བརྟགས་ཤིང་ཞེན་པའི་གཟེབ་ཏུ་འཆིངས། །ཐོག་མེད་གཟུང་འཛིན་འཁྲུལ་པ་མ་ཆོད་པས། །ད་དུང་ནན་བརྟགས་བློ་ཡི་རིས་མོས་འཆིང༌། །ཀྱེ་མ་འཁྲུལ་པའི་སེམས་ནི་སྙིང་རེ་རྗེ། །འདི་ཞེས་ངོས་བཟུང་ཡོད་ན་ལྟ་བ་མིན། །སྣ་ཚོགས་སྤྲོས་པའི་གཟེབ་ཡིན་དགོས་པ་མེད། །གང་ཤར་རྩིས་གདབ་མེད་པའི་རིག་པ་ལ། །ཡངས་དོག་མཐོ་དམན་མེད་ཀྱི་ཞེན་འཛིན་ཐོང༌། །འདི་ཡིན་གཟའ་གཏད་བྲལ་བའི་སྣང་སེམས་ལ། །སྤང་གཉེན་བཅོས་བསྒྱུར་མ་བྱེད་གང་བབས་ཞོག །འདི་ནི་ངེས་དོན་སྙིང་པོའི་མཐར་ཐུག་ཡིན། །སྣ་ཚོགས་ཆོས་ཀུན་མཉམ་པའི་རང་བཞིན་ལ། །གང་ཤར་དེ་ཡིན་གཉིས་མེད་ཡེ་ཤེས་ཡིན། །བློ་ཡིས་མ་རྟོགས་ཡིད་ཀྱིས་ཚོལ་ཁྲོ་ཞོག །བཟུང་བས་མ་འཆིངས་འཛིན་པས་མ་བསླད་ཅིག །གང་གིས་ཆོས་ཀུན་ནམ་མཁའ་འདྲར་ཤེས་ཤིང༌། །སྒྱུ་མ་མཉམ་མཐོང་ཞེན་པའི་ཡུལ་མེད་ན། །གཉིས་མེད་རང་བཞིན་ལྟ་བའི་རྒྱལ་པོ་མཆོག །མཐའ་བྲལ་རྟོགས་པའི་ཚད་ཡིན་ངོ་མཚར་ཆེ། །སྲིད་ཞི་གཉིས་མེད་རིག་པ་ཟང་ཁ་མ། །རང་ངོ་ཤེས་པ་གཞི་རྩ་དངོས་པོ་མེད། །འཆིངས་གྲོལ་གཉིས་མེད་རྫོགས་པ་ཆེན་པོའི་དོན། །འགྲོ་ཀུན་སེམས་ལ་མ་ལུས་རྒྱུན་དུ་གནས། །དེ་ཉིད་མཐོང་ཕྱིར་དཔེ་བྲལ་ཟབ་མོའི་དོན། །དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སོང༌། །སྣང་སེམས་འཛིན་མེད་སྒྱུ་མའི་རྩེད་མོ་ལ། །ཕྱོགས་བྲལ་རིག་པ་ལྟ་བས་མཁྱེན་འཚལ་ལོ། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། གཞི་རྟོགས་པས་གྲོལ་བའི་ལེའུ་སྟེ་དང་པོའོ།། །།རྡོ་རྗེ་རྩེ་མོ་མཆོག་གི་གཉིས་མེད་ལམ། །གང་ཤར་རིག་པ་དེར་འཛིན་མེད་པའི་ངང༌། །ཆེར་གྱིས་ལྟས་ལ་ཆམ་གྱིས་བཞག་པའི་ཚེ། །ངང་དྭངས་ཤེས་པ་ཆུ་ལ་ཆུ་བཞག་བཞིན། །གཉིས་མེད་རང་གྲོལ་བདེ་གསལ་མི་རྟོག་འཆར། །ཡང་གཅིག་འཕྲོས་ཀྱང་མི་གཡོ་བརྟེན་པར་གནས། །དེ་ཚེ་སྐྱེ་མེད་སེམས་ཉིད་ཆོས་སྐུའི་ངང༌། །ཤར་གྲོལ་རིག་པ་གཟུགས་སྐུ་མྱ་ངན་འདས། །སྤང་བླང་མི་དགོས་འཕྲོ་གནས་གང་བདེར་ཐོང་། །ཤར་གནས་ཞི་ལྷག་ཐབས་ཤེས་ཟུང་འཇུག་ལ། །བློ་ཡིས་མ་བཅོས་གཟོ་རེག་མ་བྱེད་ཅིག །གལ་ཏེ་དགག་བསྒྲུབ་སྤང་བླང་འགའ་ཡོད་ན། །དེ་ཚེ་རེ་དོགས་གཉིས་འཛིན་གཟེབ་ཏུ་འཆིངས། །འདོད་སར་མི་ཕྱིན་གོལ་སར་ལྷུངས་པས་ན། །གང་ཤར་དོན་ལ་སྤང་བླང་མེད་པ་གཅེས། །གྲོགས་དག་སེམས་ནི་གོ་བཟློག་རྔ་མོ་འདྲ། །བཟུང་ན་འགྲོ་ལ་སྤྲོས་ན་བརྟེན་པར་གནས། །རང་བབས་ཀློད་ན་རང་གྲོལ་གཉུག་མའི་ངང༌། །གཟུང་འཛིན་རང་སར་གྲོལ་བས་བློ་བདེ་རྙེད། །བདེ་བས་ཆེད་དུ་དམིགས་པའི་སེམས་བཏངས་ཏེ། །དམིགས་མེད་གང་ཤར་བཅོས་བསླད་མེད་པར་བཞག །གཟུང་འཛིན་གཉིས་མེད་རང་གྲོལ་ཆེན་པོར་གནས། །འགག་མེད་རིག་པ་གསལ་སྟོང་ཡེ་ཤེས་འཆར། །སྣ་ཚོགས་འཕྲོ་བས་སྣང་བའི་ཐབས་ཡིན་ལ། །གྲོལ་བས་ལྷག་མཐོང་ཤེས་རབ་ལྷུན་གྱིས་གྲུབ། །དེ་ཉིད་ངང་གནས་ངང་དྭངས་ཞི་གནས་ལ། །བདེ་གསལ་མི་རྟོག་བསམ་གཏན་ལྷུན་གྱིས་གྲུབ། །མ་བྱས་མི་འཇིགས་རང་བབས་ཆེན་པོའོ། །འགྱུ་བ་སེང་ལས་གནས་པས་རྣམ་པར་གནོན། །རང་བབས་འཕྲོ་གནས་ཡོན་ཏན་མཐའ་ཡས་ཏེ། །འཕྲོས་པས་མ་བྱིང་སེམས་གནས་ཞེན་པ་འགོག །ལྷག་མཐོང་ཤེས་རབ་ཉོན་མོངས་རྩལ་འབྱིན་ཞིང༌། །གཟུགས་དང་གཟུགས་མེད་སེམས་ལས་རྣམ་པར་གྲོལ། །གནས་པས་མི་རྒོད་སྤྲོས་པའི་དྲྭ་བ་བགོད། །ཞི་གནས་ཡེ་ཤེས་ཉོན་མོངས་མགོ་གནོན་ཞིང༌། །འདོད་པའི་སེམས་ལས་རྣམ་པར་གྲོལ་བ་ཡིན། །དེ་འདྲའི་བསྒོམ་པ་མ་བྱས་ལྷུན་གྲུབ་ལ། །སྤང་བླང་གཉིས་མེད་སྣང་སེམས་གྲོགས་སུ་འཆར། །གཟུང་འཛིན་རང་གྲོལ་ཡོན་ཏན་ཕུན་སུམ་ཚོགས། །སེམས་སངས་བླ་མེད་མཉམ་གཞག་ཆེན་པོ་ཡིན། །དེ་ལས་ལངས་པའི་རྗེས་ཐོབ་རྒྱ་ཡན་དུ། །སྣང་བའི་རང་བཞིན་རྨི་ལམ་སྒྱུ་མ་དང༌། །སྨིག་རྒྱུ་མིག་ཡོར་གཟུགས་བརྙན་དང༌། །ཆུ་ཟླ་སྤྲུལ་པ་ལྟ་བུར་ངོ་བོས་སྟོང༌། །མེད་བཞིན་སྣང་ལས་སང་སེང་ཁྲལ་མ་ཁྲོལ། །བན་བུན་འལ་འོལ་ཡལ་ཡོལ་ཆད་མ་ཆོད། །སྣང་ལ་དེར་འཛིན་མེད་པའི་ངང་ལ་སྤྱད། །བར་འགའ་ངེས་འབྱུང་སྐྱོ་ཤས་གཏིང་ནས་བསྐྱེད། །རྟག་ཏུ་འཆི་བསམ་བློ་སྣ་བཙན་ཐབས་བཏུང་། །དག་སྣང་ཕྱོགས་མེད་མོས་གུས་རྒྱུན་ཆད་མེད། །སྐྱབས་འགྲོ་སེམས་བསྐྱེད་ཚོགས་གཉིས་ལམ་ལ་འབད། །དགེ་སྡིག་ལས་འབྲས་འཁོར་བའི་ཉེས་དམིགས་བསམ། །མདོར་ན་སེམས་ལ་དྲན་པའི་མེལ་ཚེ་ཡིས། །རྟག་ཏུ་བག་ཡོད་ཤེས་བཞིན་བརྟེན་པར་བྱ། །རེས་འགའ་སྣང་སྲིད་སྒྱུ་མའི་རྩལ་སྦྱང་གིས། །མཉམ་རྗེས་བསྲེ་ཞིང་རྐྱེན་ངན་ལམ་དུ་བླང༌། །ལྟ་བསྒོམ་དོན་ལ་སྣ་ཚོགས་བོག་འབྱིན་ཞིང༌། །ཚོགས་དྲུག་རང་གྲོལ་སྒོ་ལྔའི་གཟིགས་མོ་ལྟ། །སྐབས་སུ་ངང་དྭངས་རྩེ་གཅིག་དོན་ལ་བཞག །རྩེ་གཅིག་ཞི་གནས་ཏིང་འཛིན་འགྲུབ་པར་འགྱུར། །དེ་བཞིན་རིག་པ་དལ་དུ་མི་གཞུག་པར། །ཕྱི་ནང་ཀུན་རྟོག་དུག་ལྔ་འཕྲོར་བཅུག་ལ། །སྐད་ཅིག་རང་གྲོལ་ལྷག་མཐོང་རྩལ་སྦྱངས་བྱ༑ ༑དགག་བསྒྲུབ་རྐྱེན་ངན་སེམས་ཀྱི་གཟིགས་མོར་འཆར། །རེས་འགའ་རི་རྩེ་དུར་ཁྲོད་ལུང་སྟོང་སོགས། །དགའ་འཇིགས་མྱ་ངན་སྐྱེ་བའི་གནས་སོང་ནས། །ལུས་འདི་མཆོང་རྒྱུག་གར་དང་ཕྱག་རྒྱར་བསྒྱུར། །ངག་ནི་ཅ་ཅོ་གླུ་ལེན་འོ་དོད་འབོད། །སེམས་ནི་འགྲོ་དྲུག་བདེ་སྡུག་སྣ་ཚོགས་བསམ། །སྐད་ཅིག་མི་དལ་བརྩོན་པས་རང་གྲོལ་སྦྱངས། །ལྟ་སྒོམ་སྤྱོད་པ་ཐོག་ཏུ་ཕེབས་སམ་ལྟ། །དེ་རྗེས་སྣང་སྲིད་རྨི་ལམ་སྒྱུ་མར་སྦྱངས། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །མི་མཐུན་རྐྱེན་ངན་བར་ཆོད་མ་ལུས་སེལ། །བར་འགའ་ནད་གདོན་ཆོ་འཕྲུལ་ཆེ་བ་ན། །མཚོ་གླིང་ནགས་ཚལ་བྲག་རོང་ཤིང་ཅིག་དྲུང༌། །འདྲེ་དང་འབྱུང་པོ་རྒྱུ་བའི་གནས་སོང་ནས༑ ༑སྐྱབས་འགྲོ་སེམས་བསྐྱེད་བླ་མའི་མོས་གུས་བྱ། །དེ་རྗེས་ལུས་ནི་རི་རབ་ཙམ་སྤྲུལ་ནས། །གང་ལ་ཅི་འདོད་དུམ་བུར་ཕྱོགས་བཅུར་འཐོར། །བགེགས་རྣམས་ཚིམས་ཤིང་འགྲོ་དྲུག་ལན་ཆགས་སྦྱངས། །དེ་ནས་ནད་གདོན་འདྲེར་སྣང་འདྲེར་འཛིན་ཀུན། །སེམས་སུ་ཐག་བཅད་སེམས་ནི་སྟོང་པའི་ངང༌། །དྲན་བསམ་ཡིད་ཀྱི་ཚོལ་ཁྲོ་ཀུན་བཞག་ལ། །ཐམས་ཅད་ཕྱམ་གཅིག་སྙེམ་བྲལ་ཉལ་ལ་བསྡད། །སྣ་ཚོགས་ཆོ་འཕྲུལ་རང་བྱུང་རང་ཞིར་བཞག །དེས་ནི་ནད་གདོན་བར་ཆོད་ཞི་བ་དང༌། །སེམས་ཀྱི་བདེ་སྡུག་སྤངས་བླང་མེད་པ་དང༌། །ཐམས་ཅད་མཁའ་ལྟར་གཟུང་འཛིན་མི་རྟོགས་ཤིང༌། །གཉུག་མའི་ངང་ལ་རིག་པའི་རྩལ་དབང་ཐོབ། །གཞན་ཡང་ཉིན་མཚན་དུས་དྲུག་འདི་ལྟར་སྦྱངས། །ཐོ་རང་ངང་དྭངས་ནམ་མཁའ་ལྟ་བུ་ལ། །རྟོག་མེད་ཤེས་པ་གཟའ་སྐར་བཞིན་དུ་བཞག །སྔ་དྲོ་འཕྲོ་གནས་གཉིས་སུ་མེད་པ་ལ། །སྐད་ཅིག་རང་གྲོལ་ལྷག་མཐོང་རྗེན་པར་བཞག །གུང་ལ་དག་སྣང་མོས་གུས་ཕྱོགས་མེད་ལ། །སྣ་ཚོགས་ཆོས་ཀུན་རྨི་ལམ་སྒྱུ་མར་སྦྱངས། །ཕྱི་དྲོ་ངེས་འབྱུང་སྐྱོ་ཤས་བསྐྱེད་པ་དང༌། །སྙིང་ནས་མི་རྟག་འཆི་བ་དྲན་པར་བྱ། །སྲོད་ལ་ཕུང་པོ་ཚོགས་ཀྱི་འཁོར་ལོ་དང༌། །བྱམས་དང་སྙིང་རྗེ་བདེ་གསལ་མི་རྟོག་སྦྱངས། །གུང་ལ་སེམས་ཉིད་སྐྱེ་བ་མེད་པའི་ངང༌། །རིག་པའི་འཕྲོ་འདུ་འཇུག་པ་ཐིམ་པར་ཉལ། །གཉིད་དང་རྨི་ལམ་འོད་གསལ་ཆེན་པོར་འཆར། །དེ་ལྟར་སྤྱོད་ལམ་དུས་དྲུག་རྣམ་སྦྱངས་པས། །འཁོར་བའི་ཀུན་རྟོག་བག་ཆགས་རང་ཞི་ནས། །སེམས་ཉིད་རང་གྲོལ་མྱ་ངན་འདས་ཞིར་འགྲོ། །སྤྱན་དང་མངོན་ཤེས་ཡོན་ཏན་སྣ་ཚོགས་འགྲུབ། །དང་པོར་ངན་པའི་རྨི་ལམ་བཟང་པོར་འགྱུར། །བར་དུ་ཟིན་དང་ཐ་མ་དབྱིངས་སུ་ནུབ། །དེ་ཚེ་འཁོར་བ་མྱ་ངན་འདས་པར་གྲོལ། །ས་དང་ལམ་རྫོགས་བསྐྱེད་རྫོགས་མཐར་ཕྱིན་ནས། །ཚེ་འདི་ཉིད་ལ་སེམས་ཉིད་རྫོགས་སངས་རྒྱས། །འདི་ནི་ངེས་དོན་སྙིང་པོའི་ཐེག་པ་ཡིན། །གནད་ཀྱི་སྙིང་པོ་ཐོག་ཏུ་ཁེལ་བའི་རྟགས། །རིམ་གྱིས་སྦྱངས་པ་ལས་ནི་འདི་ལྟར་འབྱུང༌། །སྙིང་ནས་མི་རྟག་བློ་སྣ་ཐུང་བ་དང༌། །སྐྱོ་ཤས་ངེས་འབྱུང་སྙིང་རྗེ་ཚད་མེད་སྐྱེ། །དག་སྣང་མོས་གུས་རྟོགས་པ་ཕྱོགས་མེད་འཆར། །ཆགས་ཞེན་རང་གྲོལ་དངོས་འཛིན་འཁྲུལ་པ་ཞིག །དེ་ཚེ་མ་ནོར་ལམ་དུ་ཚུད་པའི་རྟགས། །ཆེས་ཆེར་གོང་དུ་འཕེལ་བའི་ས་མཆོག་འགྲུབ། །ཆོས་ཀུན་མ་སྐྱེས་སྒྱུ་མའི་རང་བཞིན་དུ༑ ༑ལྟ་སྒོམ་སྤྱོད་པས་ལེགས་པར་རྩལ་སྦྱངས་ལ། །སྙིང་པོའི་སེམས་ཉིད་ཐར་པའི་ཁང་བཟངས་སུ། །ཆོས་ཉིད་འོད་གསལ་གཏན་སྲིད་ཟིན་པར་འགྱུར། །ནམ་ཞིག་རྣལ་འབྱོར་འབྱུང་བཞིའི་ཕུང་པོ་དོར། །དེ་ཚེ་ས་ཆུ་མེ་རླུང་རྣམ་པར་ཤེས། །ནམ་མཁའ་ཆོས་སྐུ་འོད་གསལ་འཇུག་པའི་ཚེ། །ཚོགས་དྲུག་ཡུལ་དབང་ཀུན་གཞིའི་རྣམ་པར་ཤེས། །ཀུན་གཞི་ལ་ཞུགས་དེ་ཉིད་ཆོས་སྐུར་ཐིམ། །དེ་ཚེ་སྣང་མཆེད་ཐོབ་པ་ཉེར་ཐོབ་པ། །ཤིན་ཏུ་མི་རྟོག་འོད་གསལ་རྣམ་པ་བཞི། །རིམ་གྱིས་ཤར་བས་རང་བཞིན་བརྒྱད་ཅུ་ནུབ། །རང་ངོ་ཤེས་པས་ཆོས་སྐུའི་དབྱིངས་སུ་གྲོལ། །དེ་ནས་ལོངས་སྐུ་རིགས་ལྔའི་བར་དོ་ཡང༌། །བསམ་གཏན་དག་པའི་ཞག་ལྔར་རིམ་གྱིས་འཆར། །རང་ངོ་ཤེས་པས་ལོངས་སྐུར་གྲོལ་བའི་ཚེ། །སྤྲུལ་སྐུའི་བར་དོའི་སྣ་ཚོགས་རྣམ་འཕྲོ་བས། །འགྲོ་བའི་དོན་བྱས་སླར་ཡང་ལོངས་སྐུར་ཐིམ། །ལོངས་སྐུ་ཆོས་སྐུའི་ངང་དུ་རབ་ཐིམ་པས། །ཆོས་སྐུ་མི་གཡོ་བདེ་ཀློང་གཅིག་ཏུ་འཁྱིལ། །སྐུ་དང་ཡེ་ཤེས་ནང་གསལ་འདུ་འབྲལ་མེད། །འཆར་གཞིའི་རྣམ་པ་ཕྲ་བའི་ཡེ་ཤེས་སུ། །ཐམས་ཅད་མཁྱེན་ནས་འབྱེད་པ་མེད་པར་བཞུགས། །མཁའ་བཞིན་མ་སྐྱེས་འགག་མེད་ལྷུན་གྱིས་གྲུབ། །འདུལ་བྱ་ཡོད་ན་དེ་ལ་ཕྱིར་གསལ་དུ། །ལོངས་སྐུ་རིགས་ལྔ་སྤྲུལ་སྐུའི་འཆར་གཞིར་སྣང༌། །སླར་ཡང་སྔོན་བཞིན་གཞི་ཐོག་ལྷུན་གྱིས་གྲུབ། །འདི་ནི་འབྲིང་རྣམས་བར་དོར་གྲོལ་བ་ཡིན། །ཐ་མ་སྲིད་པའི་བར་དོ་རིམ་ཤར་ནས། །རྨི་ལམ་བཞིན་དུ་སྣ་ཚོགས་སྣང་བའི་ཚེ། །བདེན་མེད་ངང་དྭངས་སྒྱུ་མ་བསྐྱེད་རྫོགས་དང༌། །སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་གྱིས། །འཁོར་བའི་རྒྱུ་བཟློག་མངལ་སྒོ་དགག་དང་བསྒོམ། །དག་པའི་ཞིང་དུ་རྣམ་ཤེས་འཕོ་བར་བྱ། །ཕྱི་མར་རང་སྣང་ཆོས་ལ་སྤྱོད་པའི་ལུས། །ཡོན་ཏན་བདུན་དང་ལྡན་པ་ཐོབ་ནས་གྲོལ། །འདི་ནི་ཡང་ཟབ་གནད་ཀྱི་གདམས་པ་ཡིན། །གྲོགས་དག་ཉིན་མཚན་མི་དལ་བརྩོན་པ་ཡི། །ལྟ་བའི་རྩལ་སྦྱངས་སྒོམ་པའི་ཉམས་ལེན་དང༌། །སྤྱོད་པའི་བོགས་འབྱིན་དོན་ལ་ནན་ཏན་བྱ། །ཐ་མལ་ཕྱོགས་སུ་སྐད་ཅིག་མི་བཏང་བར། །ཇི་སྐད་བཤད་ལ་བསྒྲུབ་པའི་བརྩོན་འགྲུས་བརྩམ། །ད་ལྟའི་སེམས་ལ་རང་དབང་མ་ཐོབ་ན། །ཕྱི་མའི་སེམས་ལ་གྲོལ་བ་ཐོབ་མི་འགྱུར། །ཚེ་ནི་མྱུར་འགྲོ་འཁོར་བ་ཕ་མཐའ་མེད། །འདི་ལས་ད་རེས་ཐར་པའི་ཐབས་འཚལ་ལོ། །མདོར་ན་ཐོག་མེད་འཁོར་བར་འཁྱམས་པ་ཡང༌། །གཉིས་འཛིན་གོམས་པའི་བདག་འཛིན་ལས་བྱུང་བས། །རྟག་ཏུ་བདེན་མེད་སྟོང་པའི་རང་བཞིན་འགྲོས། །སེམས་ཉིད་རྒྱལ་པོ་བྱ་རྩོལ་མེད་པར་སྦྱངས། །ཇི་སྲིད་བདག་འཛིན་འཁྲུལ་པའི་སེམས་ཡོད་པར། །ལྟ་བསྒོམ་རྩལ་སྦྱངས་དགེ་སྡིག་བླང་དོར་གཅེས། །ནམ་ཞིག་གཉིས་འཛིན་རང་སར་གྲོལ་བ་ན། །སྤང་གཉེན་མི་དགོས་ལྟ་སྒོམ་ཆོས་ལས་འདས། །དེ་ཚེ་སྣང་སྲིད་ཆོས་སྐུར་ཤར་བ་ཡིན། །ཀྱེ་ཧོ་གྲོགས་དག་འཁོར་འདས་གཞན་མེད་དོ། །ཐམས་ཅད་དབྱིངས་གཅིག་སེམས་ཉིད་རོལ་པའི་ངང༌། །གཞི་གྲོལ་ལམ་གྲོལ་འབྲས་བུ་ཡེ་ནས་གྲོལ། །ཐམས་ཅད་རང་གྲོལ་སྒྱུ་མའི་རྩེད་མོ་ལ། །འདི་ཡིན་གཟའ་གཏད་མེད་པའི་སྣང་བ་ཤར། །ཐམས་ཅད་དེ་ཡིན་ཆེད་འཛིན་ཞེན་པ་ཐོང༌། །མཐར་ཐུག་དོན་ལ་འཁྲུལ་པ་འཁྲུལ་མཁན་མེད། །སྒོམ་དང་མི་སྒོམ་མེད་པར་ཐག་ཆོད་པས། །སྤྱོད་དང་སྤྱོད་བྱ་མང་པོས་ཅི་ཞིག་བྱ། །གང་སྣང་དོན་ལ་འཛིན་ཞེན་མེད་པ་ཡིས། །ཆགས་མེད་ཞེན་མེད་རྩིས་མེད་རིས་མེད་བྱ། །བདག་མེད་སྟོང་པ་གཉིས་མེད་ལྷུན་གྱིས་གྲུབ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །མདོ་རྒྱུད་མན་ངག་ཀུན་གྱི་དགོངས་པ་ཡིན། །འདིར་ནི་རྒྱལ་སྲས་དྲི་མེད་འོད་ཟེར་གྱིས། །སྙིང་པོའི་གདམས་པ་མ་ལུས་བསྟན་ནས་སོང༌༑ ༑ཕྱི་རབས་ཚེ་འདིར་གྲོལ་བ་གཉེར་འདོད་པས། །ཟབ་མོའི་དོན་འདིར་ཞུགས་ལ་བརྩོན་པར་མཛོད། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། ལམ་བསྒོམ་པས་གྲོལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ལྟར་གཞི་ལམ་རྟོགས་པ་མཐར་ཕྱིན་ནས། །དྲི་མེད་རང་བཞིན་སེམས་ཉིད་རྣམ་དག་ཏུ། །སྣ་ཚོགས་སེམས་ཀྱི་འཇུག་པ་ཀུན་ནུབ་སྟེ། །དབྱིངས་དང་ཡེ་ཤེས་རོ་གཅིག་གྱུར་པ་ནི། །ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན་པ་ཡིན། །དེ་ཚེ་མཁའ་ལྟར་རང་བཞིན་སྤྲོས་དང་བྲལ། །རྒྱ་ཆད་ཕྱོགས་ལྷུང་ཀུན་ལས་འདས་པ་ནི། །དག་པ་གཉིས་ལྡན་ཆོས་ཉིད་འཕོ་འགྱུར་མེད། །དེ་ཉིད་ངང་ལས་ལྷུན་གྲུབ་ལོངས་སྐུ་ནི། །རང་སྣང་འོག་མིན་རྣམ་དག་སྟུག་པོ་བཀོད། །འོད་གསལ་ཡེ་ཤེས་རྣམ་ལྔའི་ཞིང་ཁམས་སུ། །ཞི་དང་ཁྲོ་ཚུལ་རིགས་ལྔའི་དཀྱིལ་འཁོར་ནི། །སྟེང་འོག་ཕྱོགས་མཚམས་ནམ་མཁའ་ཁྱབ་པར་སྣང༌། །གཙོ་འཁོར་གྲངས་མེད་རྟོགས་པ་གཅིག་གི་ངང༌། །མཚན་དང་དཔེ་བྱད་འོད་ཟེར་འབར་བ་སྟེ། །ཀུན་ཀྱང་སྐུ་ལྔ་ཡེ་ཤེས་རྣམ་པ་ལྔ། །མི་གཡོ་མི་གསུང་བརྗོད་འདས་ཆེན་པོ་ནི། །སྟོབས་སོགས་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཕྱིན། །མཛད་པའི་ཕྲིན་ལས་སྐུ་གསུམ་ཆོ་འཕྲུལ་འགྱེད། །འདི་ནི་ཡེ་ནས་ལོངས་སྐུའི་སྟོན་པ་ཡིན། །དེ་ཉིད་ངང་ནས་གདུལ་བྱའི་འཇིག་རྟེན་དུ། །འདུལ་བྱེད་སྟོན་པ་རིགས་གསུམ་སྣང་བ་ཡིན། །མཁའ་ཟླའི་གཟུགས་བརྙན་ཆུ་ཟླར་སྣང་བ་བཞིན། །སར་གནས་འགྲོ་ལ་འོག་མིན་མངོན་དགའ་དང༌། །རིན་ཆེན་ཡོངས་གང་བདེ་བ་ཅན་དང་ནི། །ལས་རབ་གྲུབ་པར་རྣམ་སྣང་མི་བསྐྱོད་པ། །རིན་འབྱུང་འོད་དཔག་དོན་གྲུབ་རིགས་ལྔ་དང་། །གཏི་མུག་ཞེ་སྡང་ང་རྒྱལ་འདོད་ཆགས་དང༌། །ཕྲག་དོག་སྦྱངས་ཕྱིར་སོ་སོའི་སྟོན་པར་སྣང༌། །གཟུགས་བཟང་མེ་ལོང་བསྟན་པས་དོན་མཛད་དེ། །རྒྱལ་བའི་སྐུ་དང་འོད་ཟེར་འཁྱིལ་བ་ཉིད། །རང་གི་ལུས་དང་མཚུངས་པར་མ་མཐོང་ནས། །དེ་ལས་ཆོས་ཉིད་རྟོགས་པ་རབ་སྦྱངས་པས། །ས་བཅུའི་དྲི་མ་རྣམ་བཅུ་རིམ་སྦྱངས་ཏེ། །ཀུན་ཏུ་འོད་ལ་འགོད་པའི་ཕྲིན་ལས་མཛད། །གདུལ་བྱ་ཇི་སྲིད་འདུལ་བྱེད་སྣང་བ་ནི། །ནམ་མཁས་གར་ཁྱབ་ཀུན་ཏུ་མཚུངས་པར་ཁྱབ། །འདི་ནི་རང་བཞིན་སྤྲུལ་པའི་སྐུ་ཞེས་བྱ། །དེ་ཉིད་ངང་ལས་འགྲོ་དྲུག་འཇིག་རྟེན་དུ། །ཐུབ་པ་དྲུག་གི་རྣམ་འཕྲུལ་མི་ཟད་པས། །འགྲོ་བའི་དོན་མཛད་ཆོས་ཚུལ་བསམ་ཡས་སྟོན། །རང་དང་སྣང་ངོར་མཐུན་པའི་སྐུ་གསུང་ཐུགས། །སྣ་ཚོགས་མི་ཟད་རྒྱན་གྱི་འཁོར་ལོ་ཉིད། །ཇི་ལྟར་སྣང་བས་དེ་ལྟར་དོན་མཛད་པ། །འདི་ནི་འགྲོ་འདུལ་སྤྲུལ་པའི་སྐུ་ཞེས་བྱ། །དེ་ཉིད་ངང་ལས་སྣ་ཚོགས་སྤྲུལ་པའི་སྐུ། །བཟོ་དང་རང་བྱོན་སྐུ་གསུང་ཐུགས་ཀྱི་རྟེན། །ལྷ་དང་རི་མོ་ཡི་གེ་ལ་སོགས་དང༌། །རྫིང་དང་ཟམ་པ་ཁང་བཟང་སྐྱེད་མོས་ཚལ། །ས་ཆུ་མེ་རླུང་པདྨ་དཔག་བསམ་ཤིང༌། །ནོར་བུ་སྒྲོན་མེ་སྨན་དང་ཁ་ཟས་མཆོག །གོས་དང་རྒྱན་སོགས་ཉེ་འཁོར་སྤྲུལ་ནས་ཀྱང༌། །གནས་སྐབས་བདེ་སྐྱིད་མཐར་ཐུག་ལེགས་པའི་ལམ། །གང་ལ་འགྲོ་ཀུན་འགོད་པའི་ཕྲིན་ལས་ཅན། །སེམས་མེད་བེམ་པོར་སྣང་བས་དོན་བྱེད་པ། །རྒྱལ་བའི་ཐུགས་རྗེ་རྨད་བྱུང་མཐའ་ཡས་ནི། །སྣ་ཚོགས་མ་ངེས་སྤྲུལ་པའི་སྐུ་ཞེས་བྱ། །དེ་ལྟར་སྐུ་གསུམ་སྟོན་པ་དཔག་མེད་ཀྱང༌། །གདུལ་བྱ་མེད་ཚེ་འདུལ་བྱེད་དབྱིངས་སུ་ནུབ། །སྔོན་བཞིན་དེ་ཡི་རང་བཞིན་རྣམ་དབྱེ་མེད། །དེ་ཡང་མས་རིམ་གཅིག་ལ་གཅིག་ཐིམ་ནས། །ལྷུན་གྲུབ་ཆོས་སྐུ་བདེ་ཀློང་གཅིག་ཏུ་འཁྱིལ། །ནང་གསལ་འཆར་གཞི་ཡེ་ཤེས་ཕྲ་མོའི་ངང༌། །ཐམས་ཅད་མཁྱེན་ཉིད་གཞི་ལ་རྟག་ཞུགས་ནས། །གདུལ་བྱ་ཡོད་ན་ཡས་རིམ་སྔོན་བཞིན་སྣང༌། །རྣམ་པ་ཐམས་ཅད་མཁྱེན་པའི་དོན་མཛད་དེ། །འདི་ནི་མཐར་ཕྱིན་ངེས་པའི་འབྲས་བུ་སྟེ། །དྲི་མེད་འོད་ཟེར་ཤར་བས་བསྟན་ནས་སོང༌། །སྐལ་ལྡན་ངེས་པའི་ལམ་བཟང་འདོད་པ་དག །ལྷུན་གྲུབ་ས་ལ་གཏན་སྲིད་ཟིན་པར་མཛོད། །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ལས། འབྲས་བུ་མཆོག་གི་གྲོལ་བའི་ལེའུ་སྟེ་གསུམ་པའོ༑ ༑དེ་ལྟར་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་བ། །དྲི་མེད་འོད་ཟེར་ཤར་བས་སྣང་བྱས་པའི། །དགེ་བས་འགྲོ་ཀུན་སྲིད་པའི་མུན་བསལ་ཏེ། །སེམས་ཉིད་སངས་རྒྱས་པདྨ་རྒྱས་པར་ཤོག །སྙིང་པོའི་མན་ངག་སྤྲིན་གྱི་ཕྲེང་བ་འདི། །གངས་རི་ཐོད་དཀར་མགུལ་དུ་ལེགས་བཀོད་པས། །སྐལ་ལྡན་བདུད་རྩིའི་ཆར་གྱིས་ཚིམས་བྱས་ཏེ། །ལམ་བཟང་སྣང་བ་ཕྱོགས་བཅུར་རྒྱས་པར་ཤོག །རྫོགས་པ་ཆེན་པོ་ཆོས་ཉིད་རང་གྲོལ་ཞེས་བྱ་བ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སེང་གེ་སྒྲ་སྒྲོགས་ཀྱིས་རྗེས་སུ་བཟུང་ནས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། གངས་རི་ཐོད་དཀར་གྱི་མགུལ་དུ་བཀོད་པའོ། །སརྦ་མངྒ་ལམ། དགེའོ།། །།