DNZ-05-CA-001-004: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
(3 intermediate revisions by 2 users not shown) | |||
Line 1: | Line 1: | ||
༈ ལྟ་བ་འཁོར་འདས་དབྱེར་མེད་ཀྱི་གཞུང་རིན་ཆེན་སྣང་བའི་རྩ་བ་བཞུགས་སོ། །ན་མོ་གུ་རུ་བྷ་དྲཱ་ཡ། ཐོག་མར་བླ་མའི་ཞབས་ལ་ཕྱག་འཚལ་ནས། །རྡོ་རྗེ་འཆང་ལ་གཉིས་པའི་ཚིག་གིས་འདུད། །མཐུ་སྟོབས་དབང་ཕྱུག་ཞབས་ལ་ཕྱག་འཚལ་ཏེ། །བདག་ལ་ཐུགས་རྗེ་ཆེན་པོས་བསྐྱང་དུ་གསོལ། །གང་ཞིག་ལེགས་པར་རྟོགས་ནས་སངས་རྒྱས་མཆོག །རྡོ་རྗེ་འཆང་གི་ཐུགས་དང་མཚུངས་གྱུར་པའི༑ ༑འཁོར་འདས་དབྱེར་མེད་ཚིག་དོན་བསྡུས་པ་འདི། །གཞན་ལ་བརྩེ་བའི་བསམ་པས་བྲི་བར་བྱ། །རང་བཞིན་གསལ་དང་སྟོང་པ་ཟུང་འཇུག་ལས། །ཉོན་མོངས་རླུང་དང་ཡི་གེ་རྩ་དང་ཁམས། །ནད་གདོན་རགས་པ་རེ་རེའང་གསུམ་གསུམ་སྟེ། །ཉི་ཤུ་རྩ་བདུན་རྒྱུ་ཡི་ལྷན་སྐྱེས་ཡིན། །དེ་ལྟར་ལྷུན་གྲུབ་ལེགས་པར་རྟོགས་གྱུར་ནས། །འཁོར་འདས་རྒྱུ་འབྲས་མཚན་ཉིད་ཤེས་འགྱུར་ཞིང༌། །ཕྱི་ནང་རྟེན་འབྲེལ་ཀུན་ཀྱང་ལེགས་རྟོགས་ནས། །ནད་གདོན་མ་ལུས་ཚར་གཅོད་བྱེད་པར་འགྱུར། །སྨིན་བྱེད་སྔོན་དུ་སོང་ནས་སྒྲུབ་པའི་ལམ། །བསྐྱེད་དང་རྫོགས་དང་ཡེ་ཤེས་རྣམ་གསུམ་ལ། །རང་བཞིན་གསུམ་སྟེ་དེ་དག་རེ་རེ་ལའང༌། །གསུམ་དུ་དབྱེ་བ་ལམ་གྱི་ལྷན་སྐྱེས་ཡིན། །གསལ་བ་སྤྲུལ་སྐུ་སྟོང་པ་ཆོས་ཀྱི་སྐུ། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། །རེ་རེའང་རྣམ་གསུམ་ལྷུན་གྲུབ་གནས་འགྱུར་དུ། །བརྩི་བ་འདི་ནི་འབྲས་བུའི་ལྷན་སྐྱེས་ཡིན། །ཉམས་སུ་བླང་བའི་གནད་གསུམ་ཞེས་བྱ་བ། །སེམས་དང་སྒྱུ་མ་རང་བཞིན་མེད་པ་སྟེ། །སུམ་ཅུ་རྩ་གཉིས་རྩ་བདུན་དཔེ་ཡིས་ཏེ། །ཀུན་ལ་སྦྱོར་བ་དངོས་གཞི་རྗེས་ཀྱིས་སོ། །སེམས་ལ་གཉིད་དང་ནད་གདོན་རྫས་ཀྱིས་བསླད། །མིག་ཡོར་རབ་རིབ་མགལ་མེ་མྱུར་འཁོར་བ། །གཉིས་པ་སྒྱུ་མ་སྨིག་རྒྱུ་ཆུ་ཟླ་གློག །འཕྲོག་པ་དྲི་ཟའི་གྲོང་ཁྱེར་སྤྲིན་དང་གཞའ། །གསུམ་པ་གཉིས་ཀྱི་རྟེན་སོ་རྟེན་འབྲེལ་ཏེ། །ཁ་ཏོན་མར་མེ་མེ་ལོང་རྒྱ་དང་ནི། །མེ་ཤེལ་ས་བོན་སྐྱུར་དང་བྲག་ཆ་སྟེ། །གསུམ་པའི་གཉིས་པ་བརྗོད་བྲལ་བསྟན་པར་བྱ། །གཞོན་ནུའི་དགོད་དང་ལྐུགས་པའི་རྨི་ལམ་དང༌། །གནད་ལ་འཕྲུག་དང་དབང་པོའི་བདེ་བ་དང༌། །གསུམ་པའི་ཡེ་ཤེས་གསང་བའི་སྙོམས་འཇུག་དང༌། །ལོངས་སྤྱོད་རླབས་དང་དཀྱིལ་འཁོར་འཁོར་ལོའོ། །རྒྱས་བཤད་ཐོག་མར་ཀུན་གཞིའི་རང་བཞིན་དང༌། །རྟེན་དང་བརྟེན་ཚུལ་རྒྱུ་དང་རྩ་བ་དང༌། །འབྲེལ་ཚུལ་སྣང་བ་གསུམ་པོ་དྲན་པ་ཡིས། །ལུས་དང་སེམས་ལ་འཁོར་འདས་ཚང་ཚུལ་ལོ། །ཐབས་ལ་སྨིན་བྱེད་དབང་དང་ཉམས་མྱོང་སྟེ། །དང་པོ་དཀྱིལ་འཁོར་དབང་དང་དབང་རྫས་སོགས། །རེ་རེའང་གདན་གསུམ་འཁོར་འདས་དབྱེར་མེད་དུ། །དཔལ་ལྡན་བླ་མའི་ཞལ་ལས་བླང་བར་བྱ། །བསྐྱེད་པ་སྔོན་འགྲོ་རྟེན་དང་བསྐྱེད་ཆོག་དང༌། །ཁ་དོག་ཕྱག་མཚན་རྣམ་འགྱུར་ཡན་ལག་བཅས། །རེ་རེའང་འཁོར་འདས་དབྱེར་མེད་རང་བཞིན་དུ། །ལེགས་པར་བརྩེ་བའི་བསམ་པས་བཤད་པར་བྱ། །རྫོགས་པ་ལུས་དང་ངག་ཡིད་འཁོར་བ་ལས། །འབྲས་བུ་སངས་རྒྱས་ཡེ་ཤེས་རབ་རྫོགས་པར། །ཕན་ཚུན་རྒྱུ་དང་འབྲས་བུ་རྒྱས་གདབ་ཅིང༌། །རྟོགས་པ་དཔེ་ཡི་ཡེ་ཤེས་ངོ་སྤྲོད་བྱ། །བསྐྱེད་རྫོགས་ཐུན་མོང་ཆོས་དྲུག་དྲན་བྱ་ཞིང༌། །རྟོགས་པ་གོང་ནས་གོང་དུ་འཕེལ་འདོད་ན། །དམ་ཚིག་བརྡ་སོགས་ལ་ཡང་ལེགས་སྦྱར་ཏེ། །དྲི་མ་མེད་པའི་བློ་ཡིས་སྤྱད་པར་བྱ། །འཁོར་བའི་ཉམས་ལ་བརྟེན་ནས་ལོག་ལྟ་སྤང༌། །ལམ་གྱི་ཉམས་ཀྱིས་ཐེག་པ་གཅིག་ཏུ་བསྒྲུབ། །འབྲས་བུའི་ཉམས་ཀྱིས་སྤྲོ་བ་མཆོག་ཏུ་གྱུར། །ཆོས་ཀུན་ཚད་མ་བཞི་ཡིས་གཏན་ལ་དབབ། །རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་ནི་གནས་འགྱུར་ཡིན། །དེས་ན་ལྷུན་གྲུབ་གནས་འགྱུར་མི་འགལ་ཏེ། །འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན། །ཐོག་མར་བླ་མ་དམ་པས་བསྟན་པ་ཡིན། །ལྟ་བ་འཁོར་འདས་དབྱེར་མེད་བསྡུས་པ་ལས། །བྱུང་བའི་དགེ་བ་དྲི་མེད་མཐའ་ཡས་དེས། །འགྲོ་ཀུན་ཧེ་རུ་ཀ་དཔལ་ཐོབ་པར་ཤོག །ཐོས་ན་ལྷ་ཡི་དབྱངས་ལྟར་ཡིད་འཕྲོག་ཅིང༌། །བསམ་པས་མྱོང་ན་བདུད་རྩི་ལྟར་ཚིམ་ལ། །བསྒོམ་ན་འཆི་མེད་བཅུད་ལེན་ཐོབ་འགྱུར་བའི། །དཔེ་གསུམ་ལྡན་པ་འདི་ནི་ཁྱོད་ལ་སྦྱིན། །ཡོན་ཏན་འབྱུང་གནས་དཔལ་ལྡན་ས་སྐྱ་རུ། །མེ་སྟག་སྨལ་པོའི་ཡར་ངོའི་བཅོ་ལྔ་ལ། །རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས། །རྒྱུད་ཀུན་སྙིང་པོ་རིན་ཆེན་སྣང་བ་བགྱིས། །ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཚིག་ལེའུར་བྱས་པ་རིན་ཆེན་སྣང་བ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ། །རྫོགས་སོ།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|fulltitletib=ལྟ་བ་འཁོར་འདས་དབྱེར་མེད་ཀྱི་གཞུང་རིན་ཆེན་སྣང་བའི་རྩ་བ། | |||
|fulltitle=lta ba 'khor 'das dbyer med kyi gzhung rin chen snang ba'i rtsa ba | |||
|citation=Rje btsun grags pa rgyal mtshan. ''Lta ba 'khor 'das dbyer med kyi gzhung rin chen snang ba'i rtsa ba''. In ''Gdams ngag rin po che'i mdzod'', Vol. 5: 19-22. Kalimpong: Rigpe Dorje Publications, 2024. | |||
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད། | |||
|collectiontitle=gdams ngag rin po che'i mdzod | |||
|author=rje btsun grags pa rgyal mtshan | |||
|compiler='jam mgon kong sprul | |||
|tibgenre=Root Verses - rtsa tshig - tshig rkang | |||
|terma=No | |||
|practicelineage=Sakya Lamdre | |||
|cycle=Gsung ngag rin po che lam 'bras bu dang bcas pa | |||
|cycletib=གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ | |||
|language=Tibetan | |||
|volumenumber=05 | |||
|volnumtib=༥ | |||
|volyigtib=ཅ | |||
|totalvolumes=18 | |||
|textnuminvol=001 | |||
|textsubnumber=004 | |||
|pagenumbers=19-22 | |||
|totalpages=4 | |||
|beginfolioline=10a1 | |||
|endfolioline=11b1 | |||
|totalfolios=2 | |||
|multivolumework=No | |||
|rectonotes=lam 'bras gces btus | |||
|versonotes=sa skya'i skor | |||
|colophontib=ཤཱཀྱའི་དགེ་བསྙེན་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ། །རྫོགས་སོ།། | |||
|colophonwylie=shAkya'i dge bsnyen rdo rje 'dzin pa grags pa rgyal mtshan gyis sbyar ba'o/_/rdzogs so// | |||
|pdflink=File:DNZ-05-CA-001.pdf | |||
|authortib=རྗེ་བཙུན་གྲགས་པ་རྒྱལ་མཚན་ | |||
|InitCategories=Damngak Rinpoché Dzö; DNZ-Volume-05-CA; DNZ-05-CA-001 | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༈ ལྟ་བ་འཁོར་འདས་དབྱེར་མེད་ཀྱི་གཞུང་རིན་ཆེན་སྣང་བའི་རྩ་བ་བཞུགས་སོ། །ན་མོ་གུ་རུ་བྷ་དྲཱ་ཡ། ཐོག་མར་བླ་མའི་ཞབས་ལ་ཕྱག་འཚལ་ནས། །རྡོ་རྗེ་འཆང་ལ་གཉིས་པའི་ཚིག་གིས་འདུད། །མཐུ་སྟོབས་དབང་ཕྱུག་ཞབས་ལ་ཕྱག་འཚལ་ཏེ། །བདག་ལ་ཐུགས་རྗེ་ཆེན་པོས་བསྐྱང་དུ་གསོལ། །གང་ཞིག་ལེགས་པར་རྟོགས་ནས་སངས་རྒྱས་མཆོག །རྡོ་རྗེ་འཆང་གི་ཐུགས་དང་མཚུངས་གྱུར་པའི༑ ༑འཁོར་འདས་དབྱེར་མེད་ཚིག་དོན་བསྡུས་པ་འདི། །གཞན་ལ་བརྩེ་བའི་བསམ་པས་བྲི་བར་བྱ། །རང་བཞིན་གསལ་དང་སྟོང་པ་ཟུང་འཇུག་ལས། །ཉོན་མོངས་རླུང་དང་ཡི་གེ་རྩ་དང་ཁམས། །ནད་གདོན་རགས་པ་རེ་རེའང་གསུམ་གསུམ་སྟེ། །ཉི་ཤུ་རྩ་བདུན་རྒྱུ་ཡི་ལྷན་སྐྱེས་ཡིན། །དེ་ལྟར་ལྷུན་གྲུབ་ལེགས་པར་རྟོགས་གྱུར་ནས། །འཁོར་འདས་རྒྱུ་འབྲས་མཚན་ཉིད་ཤེས་འགྱུར་ཞིང༌། །ཕྱི་ནང་རྟེན་འབྲེལ་ཀུན་ཀྱང་ལེགས་རྟོགས་ནས། །ནད་གདོན་མ་ལུས་ཚར་གཅོད་བྱེད་པར་འགྱུར། །སྨིན་བྱེད་སྔོན་དུ་སོང་ནས་སྒྲུབ་པའི་ལམ། །བསྐྱེད་དང་རྫོགས་དང་ཡེ་ཤེས་རྣམ་གསུམ་ལ། །རང་བཞིན་གསུམ་སྟེ་དེ་དག་རེ་རེ་ལའང༌། །གསུམ་དུ་དབྱེ་བ་ལམ་གྱི་ལྷན་སྐྱེས་ཡིན། །གསལ་བ་སྤྲུལ་སྐུ་སྟོང་པ་ཆོས་ཀྱི་སྐུ། །ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། །རེ་རེའང་རྣམ་གསུམ་ལྷུན་གྲུབ་གནས་འགྱུར་དུ། །བརྩི་བ་འདི་ནི་འབྲས་བུའི་ལྷན་སྐྱེས་ཡིན། །ཉམས་སུ་བླང་བའི་གནད་གསུམ་ཞེས་བྱ་བ། །སེམས་དང་སྒྱུ་མ་རང་བཞིན་མེད་པ་སྟེ། །སུམ་ཅུ་རྩ་གཉིས་རྩ་བདུན་དཔེ་ཡིས་ཏེ། །ཀུན་ལ་སྦྱོར་བ་དངོས་གཞི་རྗེས་ཀྱིས་སོ། །སེམས་ལ་གཉིད་དང་ནད་གདོན་རྫས་ཀྱིས་བསླད། །མིག་ཡོར་རབ་རིབ་མགལ་མེ་མྱུར་འཁོར་བ། །གཉིས་པ་སྒྱུ་མ་སྨིག་རྒྱུ་ཆུ་ཟླ་གློག །འཕྲོག་པ་དྲི་ཟའི་གྲོང་ཁྱེར་སྤྲིན་དང་གཞའ། །གསུམ་པ་གཉིས་ཀྱི་རྟེན་སོ་རྟེན་འབྲེལ་ཏེ། །ཁ་ཏོན་མར་མེ་མེ་ལོང་རྒྱ་དང་ནི། །མེ་ཤེལ་ས་བོན་སྐྱུར་དང་བྲག་ཆ་སྟེ། །གསུམ་པའི་གཉིས་པ་བརྗོད་བྲལ་བསྟན་པར་བྱ། །གཞོན་ནུའི་དགོད་དང་ལྐུགས་པའི་རྨི་ལམ་དང༌། །གནད་ལ་འཕྲུག་དང་དབང་པོའི་བདེ་བ་དང༌། །གསུམ་པའི་ཡེ་ཤེས་གསང་བའི་སྙོམས་འཇུག་དང༌། །ལོངས་སྤྱོད་རླབས་དང་དཀྱིལ་འཁོར་འཁོར་ལོའོ། །རྒྱས་བཤད་ཐོག་མར་ཀུན་གཞིའི་རང་བཞིན་དང༌། །རྟེན་དང་བརྟེན་ཚུལ་རྒྱུ་དང་རྩ་བ་དང༌། །འབྲེལ་ཚུལ་སྣང་བ་གསུམ་པོ་དྲན་པ་ཡིས། །ལུས་དང་སེམས་ལ་འཁོར་འདས་ཚང་ཚུལ་ལོ། །ཐབས་ལ་སྨིན་བྱེད་དབང་དང་ཉམས་མྱོང་སྟེ། །དང་པོ་དཀྱིལ་འཁོར་དབང་དང་དབང་རྫས་སོགས། །རེ་རེའང་གདན་གསུམ་འཁོར་འདས་དབྱེར་མེད་དུ། །དཔལ་ལྡན་བླ་མའི་ཞལ་ལས་བླང་བར་བྱ། །བསྐྱེད་པ་སྔོན་འགྲོ་རྟེན་དང་བསྐྱེད་ཆོག་དང༌། །ཁ་དོག་ཕྱག་མཚན་རྣམ་འགྱུར་ཡན་ལག་བཅས། །རེ་རེའང་འཁོར་འདས་དབྱེར་མེད་རང་བཞིན་དུ། །ལེགས་པར་བརྩེ་བའི་བསམ་པས་བཤད་པར་བྱ། །རྫོགས་པ་ལུས་དང་ངག་ཡིད་འཁོར་བ་ལས། །འབྲས་བུ་སངས་རྒྱས་ཡེ་ཤེས་རབ་རྫོགས་པར། །ཕན་ཚུན་རྒྱུ་དང་འབྲས་བུ་རྒྱས་གདབ་ཅིང༌། །རྟོགས་པ་དཔེ་ཡི་ཡེ་ཤེས་ངོ་སྤྲོད་བྱ། །བསྐྱེད་རྫོགས་ཐུན་མོང་ཆོས་དྲུག་དྲན་བྱ་ཞིང༌། །རྟོགས་པ་གོང་ནས་གོང་དུ་འཕེལ་འདོད་ན། །དམ་ཚིག་བརྡ་སོགས་ལ་ཡང་ལེགས་སྦྱར་ཏེ། །དྲི་མ་མེད་པའི་བློ་ཡིས་སྤྱད་པར་བྱ། །འཁོར་བའི་ཉམས་ལ་བརྟེན་ནས་ལོག་ལྟ་སྤང༌། །ལམ་གྱི་ཉམས་ཀྱིས་ཐེག་པ་གཅིག་ཏུ་བསྒྲུབ། །འབྲས་བུའི་ཉམས་ཀྱིས་སྤྲོ་བ་མཆོག་ཏུ་གྱུར། །ཆོས་ཀུན་ཚད་མ་བཞི་ཡིས་གཏན་ལ་དབབ། །རང་བཞིན་རྒྱུ་ལ་བསམ་ན་ལྷུན་གྲུབ་སྟེ། །མཐའ་ཡས་ཡོན་ཏན་ཚོགས་ནི་གནས་འགྱུར་ཡིན། །དེས་ན་ལྷུན་གྲུབ་གནས་འགྱུར་མི་འགལ་ཏེ། །འདི་ནི་འབྲས་བུའི་འཁོར་འདས་དབྱེར་མེད་ཡིན། །ཐོག་མར་བླ་མ་དམ་པས་བསྟན་པ་ཡིན། །ལྟ་བ་འཁོར་འདས་དབྱེར་མེད་བསྡུས་པ་ལས། །བྱུང་བའི་དགེ་བ་དྲི་མེད་མཐའ་ཡས་དེས། །འགྲོ་ཀུན་ཧེ་རུ་ཀ་དཔལ་ཐོབ་པར་ཤོག །ཐོས་ན་ལྷ་ཡི་དབྱངས་ལྟར་ཡིད་འཕྲོག་ཅིང༌། །བསམ་པས་མྱོང་ན་བདུད་རྩི་ལྟར་ཚིམ་ལ། །བསྒོམ་ན་འཆི་མེད་བཅུད་ལེན་ཐོབ་འགྱུར་བའི། །དཔེ་གསུམ་ལྡན་པ་འདི་ནི་ཁྱོད་ལ་སྦྱིན། །ཡོན་ཏན་འབྱུང་གནས་དཔལ་ལྡན་ས་སྐྱ་རུ། །མེ་སྟག་སྨལ་པོའི་ཡར་ངོའི་བཅོ་ལྔ་ལ། །རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས། །རྒྱུད་ཀུན་སྙིང་པོ་རིན་ཆེན་སྣང་བ་བགྱིས། །ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཚིག་ལེའུར་བྱས་པ་རིན་ཆེན་སྣང་བ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ། །རྫོགས་སོ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Latest revision as of 11:37, 2 June 2025
Wylie title | lta ba 'khor 'das dbyer med kyi gzhung rin chen snang ba'i rtsa ba | Rigpe Dorje Publications, 2024
|
---|---|---|
Location | gdams ngag rin po che'i mdzod Volume 5, Text 1, Subtext 4, Pages 19-22 (Folios 10a1 to 11b1) | |
Author | རྗེ་བཙུན་གྲགས་པ་རྒྱལ་མཚན་ | |
Citation | Rje btsun grags pa rgyal mtshan. Lta ba 'khor 'das dbyer med kyi gzhung rin chen snang ba'i rtsa ba. In Gdams ngag rin po che'i mdzod, Vol. 5: 19-22. Kalimpong: Rigpe Dorje Publications, 2024. | |
Side notes | Recto: lam 'bras gces btus Verso: sa skya'i skor | |
More details More details | ||
Genre | Root Verses - rtsa tshig - tshig rkang | |
Cycle | གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ (gsung ngag rin po che lam 'bras bu dang bcas pa) | |
Colophon |
ཤཱཀྱའི་དགེ་བསྙེན་རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ། །རྫོགས་སོ།། | |
shAkya'i dge bsnyen rdo rje 'dzin pa grags pa rgyal mtshan gyis sbyar ba'o/_/rdzogs so// |