DNZ-02-KHA-007: Difference between revisions

From Damngak Dzö
DNZ-02-KHA-007
(Imported new text files with Wyckibaat for processing)
 
No edit summary
 
(5 intermediate revisions by 2 users not shown)
Line 1: Line 1:
༄༅།  །ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ་བཞུགས་སᨖ།
{{Text
|classification=Tibetan Publications
|subclass=Tibetan Texts
|fulltitletib=ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ།
|fulltitle=shin tu spros med kyi dbang chog pad+ma'i drwa ba
|citation=Klong chen pa. ''Shin tu spros med kyi dbang chog pad+ma'i drwa ba''. In ''Gdams ngag rin po che'i mdzod'', Vol. 2: 103-122. Kalimpong: Rigpe Dorje Publications, 2024.
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད།
|collectiontitle=gdams ngag rin po che'i mdzod
|author=Klong chen pa
|compiler='jam mgon kong sprul
|tibgenre=Empowerment Ritual - dbang chog - dbang skur
|terma=No
|language=Tibetan
|volumenumber=02
|volnumtib=༢
|volyigtib=ཁ
|totalvolumes=18
|textnuminvol=007
|pagenumbers=103-122
|totalpages=20
|beginfolioline=1a1
|endfolioline=10b3
|totalfolios=10
|multivolumework=No
|rectonotes=spros med dbang chog
|versonotes=rnying ma'i skor
|colophontib=གསང་བ་སྙིང་ཏིག་གི་དབང་རྣམ་པར་ཕྱེ་བ་ལས། ཤིན་ཏུ་སྤྲོས་པ་མེད་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའི་གསལ་བྱེད་པདྨའི་དྲྭ་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།།  །།དགེའོ།  །དགེའོ།  །དགེའོ།།
|colophonwylie=gsang ba snying tig gi dbang rnam par phye ba las/_shin tu spros pa med pa'i shes rab ye shes kyi dbang gi cho ga'i gsal byed pad+ma'i drwa ba zhes bya ba/_theg pa mchog gi rnal 'byor pa klong chen rab 'byams kyis gangs ri thod dkar du bkod pa rdzogs so//___//dge'o/__/dge'o/__/dge'o//
|pdflink=File:DNZ-02-KHA-007.pdf
|shechendnz=DNZ-Shechen-02-KHA-005
|practicelineage=Nyingma
|fulltitletrans=The Net of Lotuses: A Ritual for the Extremely Unelaborate Empowerment
|authortib=ཀློང་ཆེན་རབ་འབྱམས་
|InitCategories=Damngak Rinpoché Dzö; DNZ-Volume-02-KHA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ་བཞུགས་སོ།

བླ་མ་སངས་རྒྱས་ཀུན་དངོས་ལ། །དངོས་གྲུབ་དᨖན་དུ་ཕྱག་འཚལ་ཏེ། །དཀྱིལ་འཁོར་ཤིན་ཏུ་སྤྲོས་མེད་ཀྱི། །དབང་ཆོག་གསལ་བར་བདག་གིས་བཀོད། །འདི་ལ་གཉིས་ཏེ། སྔོན་འགྲᨖ་སྤྱོད་པ་བརྩམ་པ་དང༌། དངོས་གཞི་དབང་བསྐུར་བའོ། །དང་པᨖ་ནི། དཔᨖན་སློབ་ཀུན་རབ་ཏུ་དབེན་པའི་ལུང་སྟོང་ལ་སᨖགས་པར་སᨖང་ལ། ཚᨖགས་དང་གཏོར་མ་དང་གསེར་གྱི་མཎྜལ་ལ་སᨖགས་པ་སྟ་གོན་དུ་བྱ་ཞིང༌། བླ་མ་དང་མཁའ་འགྲᨖ་མཉེས་པར་བྱས་ནས་རིག་པར་སྒྲིབ་གཡོག་མེད་པར་མཚᨖན་པའི་ཕྱིར་དུ། གཅེར་བུའམ་སྟོད་གཡོགས་ཙམ་ཕུད་ལ། རྣམ་པར་ཤེས་པའི་ཚᨖགས་བརྒྱད་གནས་སུ་དག་པ་དང༌། བར་ཆད་ཞི་བར་བྱ་བའི་ཕྱིར་དུ་གོ་བགོ་བ་ནི། སློབ་མ་དེ་དག་བླ་མའི་སྐུ་སྔོ་ནག་རབ་ཏུ་འཇིགས་ཤིང་སྐྲ་བརྫེས་པ། མཆེ་བ་གཙིགས་ཤིང་ལྗགས་འགྱུར་བར་བསམས་པའི་སྤྱི་བᨖར་ལཾ་སེར་པᨖ། དཔྲལ་བར་ཨེ་མཐིང་ག །ལྐོག་མར་སུ་སེར་པᨖ། མགྲིན་པར་ཁམ་དུད་ཁ། ནུ་མ་གཉིས་ལ་ཧ་དཀར་པᨖ། ལྟེ་བར་རཾ་དམར་པᨖ། རྐང་མཐིལ་གཉིས་སུ་ཡཾ་ལྗང་གུ་རེ་བསམ་དུ་བཅུག་ལ། བླ་མའི་ཐུགས་ཀ་
༄༅།  །བླ་མ་སངས་རྒྱས་ཀུན་དངོས་ལ། །དངོས་གྲུབ་དོན་དུ་ཕྱག་འཚལ་ཏེ། །དཀྱིལ་འཁོར་ཤིན་ཏུ་སྤྲོས་མེད་ཀྱི། །དབང་ཆོག་གསལ་བར་བདག་གིས་བཀོད། །འདི་ལ་གཉིས་ཏེ། སྔོན་འགྲོ་སྤྱོད་པ་བརྩམ་པ་དང༌། དངོས་གཞི་དབང་བསྐུར་བའོ། །དང་པོ་ནི། དཔོན་སློབ་ཀུན་རབ་ཏུ་དབེན་པའི་ལུང་སྟོང་ལ་སོགས་པར་སོང་ལ། ཚོགས་དང་གཏོར་མ་དང་གསེར་གྱི་མཎྜལ་ལ་སོགས་པ་སྟ་གོན་དུ་བྱ་ཞིང༌། བླ་མ་དང་མཁའ་འགྲོ་མཉེས་པར་བྱས་ནས་རིག་པར་སྒྲིབ་གཡོག་མེད་པར་མཚོན་པའི་ཕྱིར་དུ། གཅེར་བུའམ་སྟོད་གཡོགས་ཙམ་ཕུད་ལ། རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་སུ་དག་པ་དང༌། བར་ཆད་ཞི་བར་བྱ་བའི་ཕྱིར་དུ་གོ་བགོ་བ་ནི། སློབ་མ་དེ་དག་བླ་མའི་སྐུ་སྔོ་ནག་རབ་ཏུ་འཇིགས་ཤིང་སྐྲ་བརྫེས་པ། མཆེ་བ་གཙིགས་ཤིང་ལྗགས་འགྱུར་བར་བསམས་པའི་སྤྱི་བོར་ལཾ་སེར་པོ། དཔྲལ་བར་ཨེ་མཐིང་ག །ལྐོག་མར་སུ་སེར་པོ། མགྲིན་པར་ཁམ་དུད་ཁ། ནུ་མ་གཉིས་ལ་ཧ་དཀར་པོ། ལྟེ་བར་རཾ་དམར་པོ། རྐང་མཐིལ་གཉིས་སུ་ཡཾ་ལྗང་གུ་རེ་བསམ་དུ་བཅུག་ལ། བླ་མའི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་འཕྲོས་པས་སློབ་མའི་སྙིང་ནང་དུ་སོང་བས་ཧཱུྃ་དུ་གྱུར་པར་བསྒོམ་ཞིང༌། བླ་མས་ཧ་ཧ་ཞེས་ངར་བསྐྱེད་ལ་ལན་གསུམ་བརྗོད་ནས། སློབ་མ་ཀུན་དམིགས་པ་གསལ་པོས་གཏོར་མ་རེ་ཁྱེར་ནས་སོང་སྟེ་གཞི་བདག་དང་མཁའ་འགྲོ་རྣམས་ལ་བྱིན་ལ། བདག་ལུང་པ་འདིར་སྤྱོད་པ་ཞག་གསུམ་བྱེད་པས་བར་དུ་གཅོད་པ་མ་བཏང་ཞིག ༑ཅེས་བཀའ་བསྒོས་ལ། དང་པོ་ལུས་ཀྱི་སྤྱད་པ་བརྩམས་པ་ནི། གཅེར་བུར་བྱས་ཏེ་ཌཱ་མ་རུ་དཀྲོལ་ཞིང་ཁ་ཊྭཱྃ་ག་ཐོགས་ནས་སྐྲ་བརྫེས་ལ་ལངས་ནས་རྒྱུག་པ་དང༌། སྒུར་ནས་འགྲོ་བ་དང༌། མཆོངས་པ་དང༌། འཁྲབ་པ་དང༌། ལུས་བསིག་པ་དང༌། སྤྱིའུ་ཚུགས་དང༌། རྒྱབ་འགྲོས་དང༌། ཉལ་བ་དང༌། འཕྲས་པ་དང༌། གར་བསྒྱུར་བ་དང་ཕྱག་རྒྱ་དང་ཡན་ལག་སྤྲུགས་པ་དང༌། མགོ་བསྒྲིལ་བ་དང༌། ཨཾ་གཙིགས་དང་མཆེ་བ་གཉེར་བ་དང༌། རྐང་ལག་ཡ་རེ་བཙུགས་ནས་འགྲོ་བ་དང༌། འབུ་སྲིན་གྱི་ནུར་འགྲོས་དང༌། སྟག་མོའི་མཆོངས་སྟངས་ལ་སོགས་པ་ལུས་ཀྱི་རྣམ་འགྱུར་དྲན་དགུ་ཅོག་བྱས་པའི་མཐར་ཕྱག་འཚལ་བ་དང༌། བསྐོར་བ་དང༌། ལྷའི་སྟངས་སྟབས་དང་ཕྱག་རྒྱ་བྱས་ལ་འཕྲོ་བཅད་ནས། མཚན་མོ་བདེ་བའི་མལ་དུ་འགུལ་འཕྲིགས་མེད་པར་ཉལ་བས་རྣལ་དུ་དབབ་བོ༑ ༑དེ་ལྟར་བྱས་པས་ལུས་རུ་ཤན་ཕྱེད་པའི་ཉམས་རྟགས་ལ། ལུས་ལ་ཆགས་ཞེན་མེད་པ་དང༌། ལུས་མེད་པར་སྙམ་པ་དང༌། ཚ་གྲང་མེད་པ་དང༌། བཀྲེས་སྐོམ་མེད་པ་དང༌། ངལ་དུབ་མེད་པ་དང༌། ནམ་མཁའ་ལ་འགྲོ་བར་སྙམ་པ་དང༌། བདེ་དྲོད་འབར་བ་ལ་སོགས་པ་འབྱུང་ངོ༌། །དེ་ལྟ་བུ་མ་བྱུང་གི་བར་དུ་བསྐྱར་བས་ལུས་ཀྱི་རུ་ཤན་ཕྱེད་ངེས་སོ། །དགོས་པ་ནི། ལུས་ཀྱི་བར་ཆད་ཞི། སྡིག་སྒྲིབ་དག  །སྤྲུལ་སྐུར་གྲོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་མི་འགྱུར་བ་དང་གཉིས་སུ་མེད་པར་འགྱུར་བ་ཡིན་ནོ། །དེ་ནས་ངག་གི་སྤྱོད་པ་ནི། རང་གི་སྒྲ་སྐད་ཐམས་ཅད་བླ་མའི་གསུང་དུ་བསམ་ལ། ངག་གི་བརྗོད་པ་སྣ་ཚོགས་བྱ་བ་ནི། ལྷའི་སྐད་སྙན་པའི་གླུ་དང་དབྱངས་གསལ་བྱེད་ཀྱི་ཡི་གེ་དང༌། སིལ་སྙན་ལྟ་བུ་ལ་སོགས་པ་དང༌། ཀླུའི་སྐད་པི་ཝང་ལྟ་བུ་དང༌། བུམ་ལྡིར་ལྟ་བུ་དང༌། གནོད་སྦྱིན་གྱི་སྐད་བྲག་རི་ཉིལ་བ་ལྟ་བུ་དང༌། མིའམ་ཅིའི་སྐད་རྒྱུད་མངས་དང་སྤྲིན་གྱི་ང་རོ་ལྟ་བུ་དང༌། སྲིན་པོའི་སྐད་ར་ལ་ར་ལ་རི་ལི་རི་ལི་ལ་སོགས་པ་སེར་སྤྲིན་གྱི་འབྲུག་སྒྲ་ལྟ་བུ་དང༌། ལྷ་མ་ཡིན་གྱི་སྐད་ཞི་བའི་འབྲུག་སྒྲ་ལྟ་བུ་དང༌། དམྱལ་བའི་སྐད་ཚ་གྲང་གི་སྡུག་བསྔལ་སྨྲེ་སྔགས་འདོན་པ་དང༌། ཡི་དྭགས་བཀྲེས་སྐོམ་གྱི་འཁུན་སྒྲ་དང༌། དུད་འགྲོའི་མྱ་ངན་གྱི་བཤུག་སྒྲ་དང༌། མི་སྐྱེ་རྒ་ན་འཆིའི་རང་སྒྲ་དང༌། གཞན་ཡང་སྐད་ཀྱི་རྣམ་པ་ཤེས་ཚད་བརྗོད་དོ། །རྟ་དང༌། གླང་དང༌། ར་ལུག་དང༌། བོང་བུ་དང༌། ཅེ་སྤྱང་དང༌། སྟག་གཟིག་དང༌། དུར་བྱ་དང༌། འུག་པ་དང༌། བྱ་རོག་དང༌། སྐྱེ་ཀ་དང༌། ཁྱི་དང༌། ཝའི་སྐད་ལ་སོགས་པ་བརྗོད་པའི་བར་དུ་ཕ ྄ཊཿ མང་པོ་བརྗོད་ཅིང༌། ཧ་དང་ཧཱུྃ་དང་ༀ་ལ་སོགས་པ་ཆོས་སུ་འགྱུར་བའི་སྒྲ་སྐད་དང༌། ཆོས་འཆད་པའི་སྐད་ཀྱིས་མཐའ་བསྡུས་ནས། མཚན་མོ་གང་ཡང་མི་བརྗོད་པའི་ངང་ལ་ཉལ་བས་ངག་གི་རུ་ཤན་ཕྱེད་དོ། །དེ་ཡང་སཾ་སྐྲ་ཏའི་སྐད་རང་རྡོལ་བ་དང༌། སྔར་མི་ཤེས་པའི་ཆོས་མང་པོ་རང་རྡོལ་བ་དང༌། དབྱངས་སྙན་པོ་ལ་སོགས་པ་འབྱུང་ཞིང༌། ངག་སྨྲ་སྙིང་མི་འདོད་པ་དང༌། མཆོག་ཏུ་བདེ་བ་དང་བརྗོད་དུ་མེད་པའི་དོན་ལ་སོགས་པ་འོང་ངོ༌། །མ་བྱུང་གི་བར་ལ་བསྐྱར་རོ། །དགོས་པ་ནི། ངག་གི་བར་ཆད་ཞི་བ་དང༌། སྡིག་སྒྲིབ་འདག་པ་དང༌། ལོངས་སྐུར་གྲོལ་བ་དང༌། གསུང་རྡོ་རྗེའི་ངོ་བོ་དང་དབྱེར་མེད་པའོ། །དེ་ནས་སེམས་ཀྱི་སྤྱོད་པ་ནི་རང་གི་དྲན་བསམ་སྣ་ཚོགས་སུ་སྤྲོས་པ་ཐམས་ཅད་བླ་མའི་ཐུགས་སུ་དྲན་པས། འགྲོ་དྲུག་སོ་སོའི་བདེ་སྡུག་འཁོར་འདས་ཀྱི་རང་བཞིན་ཆོས་དང་ཆོས་མ་ཡིན་པ་དྲན་ཚད་སྤྲོ་ཞིང༌། སེམས་ནམ་མཁའི་དཀྱིལ་དུ་འཕངས་པ་དང༌། རྒྱ་མཚོའི་གཏིང་དུ་འཕངས་པ་དང༌། རི་བྲག་གི་ནང་དུ་ཟང་ཐལ་དུ་འཕངས་པ་དང༌། དགའ་བ་དང་མི་དགའ་བ་དང་བདེ་བ་དང་སྡུག་བསྔལ་བ་དང༌། སྐྱེ་ཤི་བཀྲེས་སྐོམ་ལ་སོགས་པ་དང༌། སྔར་ཕྱིན་མྱོང་བ་དང་མ་མྱོང་བའི་ཡུལ་དུ་འགྲོ་བ་དང༌། འགྲོ་དྲུག་སོ་སོའི་གནས་སུ་འཕངས་པ་དང༌། ནམ་མཁའ་དང་ས་གཞི་ཐམས་ཅད་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་མི་དང་ལྷ་དང་ལྷ་མ་ཡིན་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་རང་དང་མཆོད་རྟེན་དང་ལྷ་ཁང་དང་སྐྱེད་མོས་ཚལ་དང་དག་པའི་ཞིང་གིས་གང་བར་མོས་པ་བྱ་ཞིང༌། རང་གི་དགྲ་དང་གཉེན་དང་བར་མས་གང་བར་བསམ་ལ། ཆགས་སྡང་དུ་སྤྲོ་ཞིང་རྗེས་མེད་དུ་རྩལ་སྦྱོང་ངོ༌། །རྗེས་ལ་ཆོས་ཀྱི་ཚིག་དོན་ལ་བློ་བཞག་སྟེ། ལྟ་སྒོམ་སྤྱོད་འབྲས་ལ་གནས་པར་བྱའོ། །རྟགས་ནི་སེམས་གསལ་བ་དང་ཡང་བ་དང་འཁྲུལ་རྟོག་འགག་པ་དང་བྲོད་པ་དང་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་དང༌། ཡེ་གྲོལ་ནམ་མཁའ་ལྟ་བུའི་རྟོགས་པ་ཁོང་ནས་འཆར་རོ། །དེ་ལྟར་མ་བྱུང་བར་དུ་བསྐྱར་རོ། །དགོས་པ་ནི་སེམས་ཀྱི་བར་ཆད་ཞི་བ་དང༌། སྡིག་པ་འདག་པ་དང༌། ཆོས་སྐུར་གྲོལ་བ་དང༌། ཐུགས་རྡོ་རྗེའི་ངོ་བོར་སངས་རྒྱས་པའོ། །དེ་ལྟར་སྔོན་འགྲོ་གསུམ་པོ་བྱེད་དུས་བླ་མས་རང་གི་གནས་སུ་ཆོས་ཉིད་མངོན་སུམ་གྱི་དོན་སྒོམ་ཞིང༌། སློབ་མ་རྣམས་འདུ་སླ་བའི་རི་ཟུར་དུ་སོང་ལ་རུ་ཤན་ཕྱེད་པའི་རྟགས་རྣམས་བྱུང་ངམ་ཞེས་སོ་སོར་དྲིས་ལ། མ་བྱུང་ན་བསྐྱར་དུ་གཞུག་ཅིང༌། ཉིན་དུས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དྲིལ་ནས་ཉམས་སུ་བླང་ཞིང༌༑ མཚན་མོ་རྣལ་དུ་ཕབ་ལ་བརྩོན་པས་ཉམས་སུ་བླངས་པས་ཉི་མ་གསུམ་ལས་རྟགས་བྱུང་ན་དབང་པོ་ཡང་རབ། ལྔ་ལས་བྱུང་ན་འབྲིང༌། བདུན་ཕན་ཆད་ནི་ཐ་མ་སྟེ། དེ་དག་གི་དུས་སུ་ནམ་མཁའ་དྭངས་ཤིང་འཇའ་འོད་དང་བཅས་བྱུང་ན་འབྱོངས་པས་སྡིག་སྒྲིབ་ཟད་པ་ཡིན་ལ། གཞན་དུ་སྡིག་སྒྲིབ་ཤས་ཆེ་བས། བསྐྱར་ལ་འབད་པར་བྱའོ། །དེས་ནི་འཁོར་འདས་རུ་ཤན་ཕྱེད་ནས་སླར་མི་ལྡོག་པའི་དགོས་པ་ཡོད་དོ། །དེ་དག་གིས་སློབ་མ་སྟ་གོན་དུ་བྱ་བའི་རིམ་པ་བཤད་ཟིན་ཏོ། །དོན་གཉིས་པ་དབང་བསྐུར་བ་དངོས་ལ་གསུམ་སྟེ། སྔོན་འགྲོ་སྟ་གོན་བྱ་བ། དངོས་གཞི་དབང་བསྐུར་བ། རྗེས་གཟེངས་བསྟོད་པའོ། །དང་པོ་ནི། བླ་མས་གནས་དེར་དྲིའི་མཎྜལ་ཟླུམ་པོ་ལྟེ་བ་མུ་ཁྱུད་དང་བཅས་པའི་བར་ཁྱམས་འོད་ཟླུམ་བཞིས་བརྒྱན་པ་ལ། མེ་ཏོག་གི་ཚོམ་བུ་ལྔ་ཚན་ལྔ་བཀོད་ལ་མཐའ་བསྐོར་དུ་ཕྱི་ནང་གི་མཆོད་པ་དང༌། འབྱོར་ན་དྲི་དང་སྤོས་དང༌། སྨན་དང་རིན་པོ་ཆེ་དང་འབྲས་བུའི་མཎྜལ་ལྔ་ཚན་ལྔ་ཡང་བཤམ་མོ། །གཉིས་པ་ནི། དེ་ནས་ཉི་མ་རི་བོའི་རྩེ་ལ་ཤར་དུས་སུ། སློབ་མ་རྣམས་མེ་ཏོག་ཐོགས་ཏེ་འོང་བ་ལས། དྲི་བཟང་པོའི་ཆུས་ཁྲུས་བྱས་ཏེ། བླ་མའི་མདུན་དུ་སྟོད་གཡོགས་ཕུད་ནས་ཐལ་མོ་སྙིང་ཁར་སྦྱར་ཏེ་འཁོད་པ་ལ། བླ་མས་བུ་ཁྱོད་སུ་ཡིན་ཞེས་ལན་གསུམ་དྲིས་པའི་ལན་དུ། སློབ་མས་བདག་སྐལ་ལྡན་སེམས་ཀྱི་བུ་གཅིག་པུ་ལགས་ཞེས་གསུམ་བརྗོད་དུས། བླ་མས་དེ་ལྟར་ཡིན་ཕན་ཆད་རང་བཞིན་རྫོགས་པ་ཆེན་པོའི་དཀྱིལ་འཁོར་བཟང་ཞིང་ཉམས་དགའ་བ་འདིར་ཞུགས་ཤིག །དེ་ཅིའི་ཕྱིར་ཞེ་ན། འཁོར་བ་འདི་ནི་སྙིང་པོ་མེད་ལ་རྟག་མི་ཐུབ་ཅིང་སྡུག་བསྔལ་བ་སྟེ། དེ་ལས་ཐར་པའི་ཐབས་དམ་པ་ཡང་ཚེ་གཅིག་གིས་སངས་རྒྱས་པ་རང་བཞིན་རྫོགས་པ་ཆེན་པོ་ལས་གཞན་མེད་པས། དད་པ་ཆེན་པོ་བསྐྱེད་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོག་མར་བླ་མ་ལ་གསོལ་བ་གདབ་པར་བགྱི་བའི་རྗེས་ཟློས་མཛོད་ཅིག །ཅེས་བརྗོད་ལ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་དགོངས་སུ་གསོལ་ལོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་དང་བདེ་བར་གཤེགས་པའི་རིགས་ཐམས་ཅད་བདག་ལ་དགོངས་སུ་གསོལ་ལོ༑ ༑བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས། བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ངག་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཡིད་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྣང་བ་བྱིན་གྱིས་བརླབ་ཏུ་གསོལ། སྨིན་པར་མཛད་དུ་གསོལ། གྲོལ་བར་མཛད་དུ་གསོལ། གང་བར་མཛད་དུ་གསོལ། རྒྱས་པར་མཛད་དུ་གསོལ། ཆེར་འཕེལ་བར་མཛད་དུ་གསོལ། ཞེས་པ་གསུམ་གྱིས་སྤྱིར་གསོལ་བ་བཏབ་ནས། བྱེ་བྲག་ཏུ་བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་ནི། ཀྱེ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ལྡན་པ། །ཟག་པ་རང་ཟད་དབྱིངས་ནས་སྐུར་གཤེགས་པའི། །དྲི་མ་རང་དག་དབྱིངས་ནས་སྤྱན་གཟིགས་ནས། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའི། །བདེ་གཤེགས་འཇིག་རྟེན་མཁྱེན་པའི་ཐུགས་མངའ་བ། །དགོངས་པ་ཉག་གཅིག་མི་གཡོ་དབྱེར་མེད་ཀྱང༌། །སྔོན་བཞུགས་དུར་ཁྲོད་གནས་ནས་རྗེས་དགོངས་ལ། །རང་བཞིན་མཛད་པ་གང་ཡང་མི་མངའ་ཡང༌། །བདག་བློ་མོས་པའི་དོན་ཕྱིར་འདིར་གཤེགས་ཤིག །ཨེ་མ་ཧོ། བྱིན་རླབས་རྩ་བ་བླ་མ་བརྒྱུད་པ་ཡི། །རིམ་པ་ཉིད་ཀྱིས་རིམ་ནས་རིམ་བརྒྱུད་པའི། །བདག་ཉིད་ཆེན་པོ་རོ་ལངས་དེ་བ་དང༌། །མཁྱེན་པའི་ཐུགས་མངའ་རབ་ཏུ་སྦྱངས་དང་ལྡན། །མཁྱེན་རབ་སྤྲུལ་པ་མཉྫུ་མི་ཏྲ་དང༌། །ཐུགས་རྗེ་ཆེན་པོས་འགྲོ་བའི་སྡུག་བསྔལ་གཅོད། །རྗེ་བཙུན་ཐུགས་རྗེ་ཆེ་ལྡན་ཤྲཱི་སིང་ཧ་དང༌། །མཁས་པ་ཐེག་པ་ཡོངས་ཀྱི་སྒྲོ་འདོགས་རབ་ཆོད་པའི། །འཇིག་རྟེན་མུན་པ་སེལ་མཛད་ཛྙཱ་ན་སཱུ་ཏྲ་དང༌། །སྐྱེ་ཤི་ཀུན་བྲལ་ཚེ་ལ་དབང་ཐོབ་པའི། །མཁས་པ་ཆེན་པོ་བི་མ་མི་ཏྲ་དང༌། །རྟག་ཏུ་མཉམ་གཞག་རྗེས་ཐོབ་དབྱེར་མེད་པའི། །སེམས་ལ་དབང་ཐོབ་ཏིང་འཛིན་བཟང་པོ་དང༌། །རང་རྒྱུད་འཁྲུལ་པ་བློ་ལ་མི་གནས་པའི། །བདུད་རྩིའི་བཅུད་སྟོན་ལྡང་མ་ལྷུན་རྒྱལ་དང༌། །མཁའ་འགྲོས་ལུང་བསྟན་རྗེས་སུ་བཟུང་བ་ཡི། །གྲུབ་ཐོབ་ཆེན་པོ་སེང་གེ་དབང་ཕྱུག་དང༌། །རྒྱལ་སྲས་སྤྲུལ་པས་འགྲོ་བ་འདྲེན་མཛད་པའི། །བླ་མ་རྗེ་བཙུན་སྤྲུལ་སྐུ་ཞང་སྟོན་དང༌། །མཁྱེན་པའི་འོད་ཀྱིས་འགྲོ་བ་འདྲེན་མཛད་པའི། །མ་རིག་མུན་སེལ་མཁས་པ་ཉི་འབུམ་དང༌། །བླ་མེད་རྫོགས་ཆེན་སྙིང་པོ་དར་མཛད་པའི། །རིག་འཛིན་ཆེན་པོ་གུ་རུ་ཇོ་འབེར་དང༌། །བྱང་ཆུབ་སེམས་འབྱོངས་འགྲོ་བའི་དཔལ་གྱུར་པའི། །འཁྲུལ་ཞིག་ཆེན་པོ་སེང་གེ་རྒྱབ་པ་དང༌། །གསལ་སྟོང་དབྱེར་མེད་བདེ་ཆེན་དོན་རྟོགས་པའི། །ཟླ་བ་མུན་སེལ་སྦས་པའི་རྣལ་འབྱོར་དང༌། །དགོངས་པ་མི་གཡོ་ཆོས་ཉིད་འོད་གསལ་དང༌། །རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་དང༌། །སྙིང་པོའི་དོན་མཐོང་འཁྲུལ་པ་རང་སར་ཞིག །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཐུགས་རྗེ་ཅན། །མཁས་པ་དགོངས་པ་མི་འགྱུར་གཡོ་མེད་རྣམས། །འབྱུང་བ་རང་དེངས་ཟག་མེད་དབྱིངས་བཞུགས་ཀྱང༌། །སྔོན་གྱི་ཐུགས་རྗེ་ཆེན་པོ་ཉིད་གཡོས་ལ། །ཐུགས་རྗེས་དགོངས་ཤིག་བདག་ལ་བྱིན་གྱིས་རློབས། །ༀ་ཨཱཿ ཧཱུྃ་གུ་རུ་སརྦ་སིདྡྷི་ཧཱུྃ། ༀ་ཨཱཿ ཧཱུྃ། དམ་པ་སངས་རྒྱས་ཀུན་གྱི་ཞལ་མཐོང་བདུད་རྩིའི་བཅུད་ལྡན་པའི། །རོ་ལངས་དེ་བ་ལྷ་ཡི་ལྷ་མཆོག་དམ་པ་ཉིད། །སངས་རྒྱས་སྤྲུལ་པས་འགྲོ་བའི་གདུང་བ་སེལ་མཛད་པའི། །དམ་པ་བདུད་རྩིའི་བདེ་བ་ཉིད་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་འཇམ་དཔལ་སྐུ་སྤྲུལ་པའི། །ཉོན་མོངས་རང་དག་མཁྱེན་པའི་ཐུགས་དང་ལྡན། །གསུང་གི་འོད་ཀྱིས་འགྲོ་བའི་སྡུག་བསྔལ་གཅོད། །དམ་པ་ཡིད་བཞིན་མྱུ་གུ་དེ་ལ་ཕྱག་འཚལ་བསྟོད། །དེ་ཡི་གདུང་འཛིན་མཁས་པ་སྡེ་སྣོད་རྣམས་ཀྱི་བདག །ཐུགས་རྗེ་ཆེན་པོའི་སྤྲུལ་པ་འཛམ་གླིང་ཀུན་གྱི་རྒྱན། །དྲི་མེད་གསུང་མངའ་འགྲོ་བའི་ངལ་གསོའི་གནས། །དམ་པ་ཤེས་རབ་མྱུ་གུ་དེ་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་མཁས་པ་འཇིག་རྟེན་གསུམ་གྱི་མགོན། །རྡོ་རྗེ་སེམས་དཔའི་སྤྲུལ་པས་བདག་བློའི་འཆིང་གཅོད་པ། །ཚངས་པའི་གསུང་མངའ་འགྲོ་བ་ཀུན་ཡིད་འཕྲོག །དམ་པ་བདེ་བའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་གདུང་འཛིན་མཁས་བློར་སྐྱེ་བ་གྲངས་མང་སྦྱངས། །མཁྱེན་རབ་མཆོག་གྱུར་སྡེ་སྣོད་ཀུན་ལ་རྨོངས་པ་མེད། །སྐྱེ་ཤིའི་འཇིག་བྲལ་སྤྲུལ་པས་འགྲོ་བའི་དོན་མཛད་པའི། །དམ་པ་བདེ་གསལ་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་རྣམ་དག་ཤ་ཡི་སྤྱན་མངའ་བ། །མི་རྟོག་བཟང་པོའི་ཏིང་འཛིན་ཐུགས་ཀྱི་གནད་བཀྲོལ་ནས། །འཛམ་གླིང་འགྲོ་རྣམས་མ་ལུས་བསམ་པའི་རྒྱུད་མཁྱེན་པའི། །དམ་པ་རྟོག་མེད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་སྐལ་ལྡན་ཆོས་ཀྱི་མཛོད་མངའ་བ། །རིན་ཆེན་གཏེར་བརྙེས་འགྲོ་བའི་མ་རིག་མུན་པ་སེལ། །བདེ་གཤེགས་བཀའ་དང་བླ་མའི་མན་ངག་སྙིང་པོ་འཛིན། །དམ་པ་པདྨའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་གསང་སྔགས་ཀུན་གྱི་མཛོད་མངའ་བ། །གྲུབ་པ་མཆོག་བརྙེས་སྣང་བྱེད་འོད་ཀྱི་ལུས་གྲུབ་ནས། །གདོད་མའི་ཟད་སར་ཐུགས་རྗེས་གཤེགས་པར་མཛད་པ་གང༌། །དམ་པ་ཡེ་ཤེས་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་རྗེ་བཙུན་འགྲོ་བ་རྣམས་ཀྱི་མགོན། །གསང་སྔགས་རྣམས་ལ་དབང་བསྒྱུར་ལུང་བསྟན་རྗེས་སུ་འཛིན། །མ་རིག་མུན་སེལ་འོད་གསལ་མཆོག་ལ་མངའ་བརྙེས་པའི། །དམ་པ་རིན་ཆེན་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་འཁོར་བའི་སྐྱབས་གནས་དཔའ་བོ་ཉིད། །འགྲོ་བ་རྣམས་ཀྱི་མགོན་པོ་དྲི་མ་མེད་པའི་དཔལ། །ཡོན་ཏན་མཆོག་མངའ་མཁྱེན་རབ་རྒྱ་མཚོའི་ཕ་རོལ་སོན། །དམ་པ་བློ་གསལ་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་བསྟན་པའི་སྙིང་པོ་དར་མཛད་ཅིང༌། །ས་ཆེན་མཆོག་བརྙེས་རྒྱུད་དོན་ཀུན་ལ་དབང་འབྱོར་བ། །ཡེ་ཤེས་མིག་གཅིག་ཀུན་ནས་གཟིགས་པའི་སྤྱན་དང་ལྡན། །དམ་པ་བློ་མཚོའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་མ་རིག་མུན་པའི་དཔུང་འཇོམས་ཤིང༌། །ཡེ་ཤེས་འོད་ཟེར་བྱེ་བའི་ཚོགས་མངའ་མཐའ་ཡས་ཀྱིས། །འགྲོ་བའི་སྡུག་བསྔལ་རྒྱ་མཚོ་མ་ལུས་སྐེམ་མཛད་པ། །དམ་པ་སྣང་བྱེད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་ཐེག་པ་མཆོག་གི་བློ་གྲོས་ཅན། །འཆིང་བའི་དྲྭ་བ་མ་ལུས་གཅོད་མཛད་རེ་བ་སྐོང༌། །ཡིད་བཞིན་གྲུབ་པའི་ས་མཐོར་གཤེགས་པ་གང་ཡིན་པ། །དམ་པ་ཆོས་ཉིད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་འོད་གསལ་ཉི་མའི་སྙིང་པོ་བརྙེས། །བརྒལ་དཀའི་མུན་ནག་འཐིབས་པོ་རབ་ཏུ་འཇོམས་མཛད་ཅིང༌། །ཐུགས་རྗེའི་འོད་ཟེར་བྱེ་བས་འཛམ་གླིང་སྣང་མཛད་པའི། །དམ་པ་རིག་འཛིན་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛིན་སྡེ་སྣོད་རྒྱ་མཚོའི་ཕ་རོལ་ཕྱིན། །རྒྱུད་དོན་མངའ་བརྙེས་རྡོ་རྗེ་སྙིང་པོའི་དོན་ལ་མཁས། །ཏིང་འཛིན་མི་གཡོ་ཆོས་དབྱིངས་ཞི་ལ་ཐུགས་གཞོལ་བའི། །དམ་པ་ཆོས་མཆོག་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚོའི་བླ་མ་ལ། །གུས་པས་གསོལ་འདེབས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ཨཱཿ ཧཱུྃ། གུ་རུ་ན་མོ་མ་ཧཱ་སིདྡྷི་ས་མ་ཡ། དྷརྨ་ཀཱ་ཡ་ས་མནྟ་བྷ་དྲཱ། བཛྲ་བཱ་གི་ཤུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། སམ་བྷོ་ཀཱ་ཡ། བཛྲ་དྷཱ་ར་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ནིར་མ་ཀཱ་ཡ་བཛྲ་སཏྭ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། བཛྲ་པཱ་ནི་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། པྲཛྙཱ་བྷ་ཝཱ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡ། མཉྫུ་ཤྲཱི་མི་ཏྲ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཤྲཱི་སིངྷ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཛྙཱ་ན་སཱུ་ཏྲ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། བི་མ་ལ་མི་ཏྲ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧ་སིདྡྷི་ས་མ་ཡཱ། ས་མ་ཏི་བྷ་དྲཱ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། བྷ་ཧི་ར་ཧེ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། སིང་ཧཱ་ཤྭ་ར་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡ། སྭ་སྟི་ཤྲཱི་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡ། སཱུརྱ་ལཀྵི་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཇོ་འབེར་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཡོ་གི་ཛྙཱ་ན་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། དྷེ་ཀི་བཛྲ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཀུ་མ་རཱ་ཛ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཤི་ལ་མ་ཏི་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ༀ་ཨཱཿ ཧཱུྃ། ཨེ་མ་དམ་པ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་ངོ་བོ་ཉིད་ཀྱི་རྗེ། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཉིད་ལ་དབང་བསྒྱུར་བླ་མ་ཉིད། །བཛྲ་བྷ་ཝ་ལྷ་རྗེ་དཔའ་བོ་ཉིད་ཀྱི་ཞལ། །བདག་བློའི་གཏི་མུག་མུན་པ་འཇོམས་ཕྱིར་བསྟན་དུ་གསོལ། །འཇིག་རྟེན་དྲི་མའི་སྐྱོན་མེད་ཉེས་པ་ཀུན་ལས་གྲོལ། །རང་རྒྱུད་རྣམ་པར་དག་ཅིང་སངས་རྒྱས་སུམ་སྟོང་གི །ཐུགས་ལ་མངའ་མཛད་མཉྫུ་མི་ཏྲའི་ཞལ། །བདག་བློའི་ཞེ་སྡང་མ་ལུས་འཇོམས་ཕྱིར་བསྟན་དུ་གསོལ། །ཐུགས་རྗེ་ཆེན་པོའི་གསུང་གི་འོད་ཟེར་ཅན། །ཚངས་པའི་དབྱངས་ཀྱིས་འགྲོ་བ་འདམ་ལས་འདྲེན། །ཤྲཱི་སིང་ཧ་མི་འགྱུར་རྡོ་རྗེའི་ཞལ། །བདག་བློའི་ང་རྒྱལ་ཟད་མཛད་བསྟན་དུ་གསོལ། །ཐེག་པའི་དོན་རྣམས་ཐུགས་ལ་ཇི་བཞིན་སྟོན་མཛད་པ། །མི་བསྐྱོད་ཡེ་ཤེས་འགྲོ་བའི་དོན་ལ་ཕན་བརྩོན་གང༌། །ཛྙཱ་ན་སཱུ་ཏྲ་འཇིག་རྟེན་རྨོངས་པ་མེད་པའི་ཞལ། །བདག་བློའི་འདོད་ཆགས་དྲི་མ་ཟད་མཛད་བསྟན་དུ་གསོལ། །མཁྱེན་རབ་རྨད་བྱུང་སྒྲ་ཚིག་རྣམ་པ་མང་པོ་ཡིས། །འགྲོ་མགོན་ཡེ་ཤེས་ཉི་མའི་འོད་ཀྱིས་འཛམ་གླིང་ཀུན་ལ་ཁྱབ། །བི་མ་མི་ཏྲ་སྐྱེ་ཤི་ཀུན་བྲལ་རྡོ་རྗེའི་ཞལ། །བདག་བློའི་ཕྲག་དོག་དྲི་མ་ཟད་མཛད་བསྟན་དུ་གསོལ། །དགོངས་པ་བར་མཚམས་མེད་པས་རླུང་གི་འགྲོ་འོང་ཟད། །གཉིས་མེད་རྣམ་པར་དག་པ་གང་ཡང་གྲོགས་སུ་སྣང༌། །ཏིང་འཛིན་བཟང་པོ་གཟུང་དང་འཛིན་པ་བྲལ་བའི་ཞལ། །བདག་བློའི་ཁོང་ཁྲོའི་དྲི་མ་ཟད་མཛད་བསྟན་དུ་གསོལ། །གདོད་ནས་ཆོས་ཀུན་མཉམ་ཉིད་རོ་གཅིག་རྟོགས་གྱུར་ཅིང༌། །བདག་གཞན་དབྱེར་མེད་གཞི་ནས་བྱང་ཆུབ་དག་པའི་ངང༌། །ལྷུན་གྱི་རྒྱལ་མཚན་བསོད་ནམས་གཟི་བརྗིད་ཆེན་པོའི་ཞལ། །བདག་བློའི་ཉོན་མོངས་དུག་ལྔ་ཟད་མཛད་བསྟན་དུ་གསོལ། །ལུས་ངག་ཡིད་ཀྱི་ཞེན་པ་རང་ལོག་སྟེ། །ཉམས་ལེན་མཐར་ཕྱིན་སྣང་བ་ཟད་སར་འཆོལ། །སེང་གེ་དབང་ཕྱུག་འཁྲུལ་སྣང་དག་པའི་ཞལ། །བདག་བློའི་འཁྲུལ་སྣང་ཟད་མཛད་བསྟན་དུ་གསོལ། །རྡོ་རྗེ་ཐེག་པའི་སྙིང་པོ་གསང་སྔགས་སྡོང་པོར་གྲགས། །ངེས་པའི་དོན་རྟོགས་གཉིས་མེད་མཁའ་འདྲའི་ཐུགས་མངའ་བ། །བཀྲ་ཤིས་མི་འགྱུར་ཡིད་བཞིན་རྡོ་རྗེ་འཆང་གི་ཞལ། །བདག་བློའི་ལས་དང་བག་ཆགས་ཟད་མཛད་བསྟན་དུ་གསོལ། །མཁྱེན་རབ་ཚད་མེད་ཐེག་མཆོག་སྙིང་པོའི་དོན་ལ་མཁས། །བསྟན་པའི་རིང་ལུགས་གསལ་བྱེད་རིན་ཆེན་འོད་ཟེར་ཅན། །རྗེ་བཙུན་ཆེན་པོ་སྤྲུལ་སྐུ་དོན་ཡོད་རྡོ་རྗེའི་ཞལ། །བདག་བློའི་འཁོར་བའི་ཉེས་སྐྱོན་ཟད་མཛད་བསྟན་དུ་གསོལ། །འཁོར་བ་མུ་མཐའ་མེད་པའི་ཀློང་དཀྱིལ་ནས། །ཆོས་ཉིད་དག་པ་ཀུན་གསལ་གཅིག་ཏུ་རྟོགས། །ཡེ་ནས་ལྷུན་མཉམ་རྫོགས་པ་ཆེན་པོའི་ཞལ། །བདག་བློའི་བཟང་རྟོག་ཟད་མཛད་བསྟན་དུ་གསོལ། །འོད་གསལ་མངོན་གྱུར་བྱ་རྩོལ་གཉིས་སུ་མེད། །རང་བཞིན་ལྷུན་གྲུབ་འོད་གསལ་ཆེན་པོའི་ངང༌། །རྟག་ཏུ་མི་གཡོ་ཀུན་ཏུ་བཟང་པོའི་ཞལ། །བདག་བློའི་འཛིན་རྟོག་ཟད་མཛད་བསྟན་དུ་གསོལ། །མཁའ་མཉམ་རྫོགས་པ་ཆེན་པོའི་དངོས་གྲུབ་བརྙེས། །ཐམས་ཅད་ལྷུན་མཉམ་གཅིག་ཏུ་སྟོན་མཛད་ཅིང༌། །ཚོགས་བསགས་རྒྱལ་པོ་རང་རིག་དྲི་མེད་ཞལ། །བདག་བློའི་མ་རིག་ཟད་མཛད་བསྟན་དུ་གསོལ། །གདོད་མའི་རང་བཞིན་དབྱིངས་ཀྱི་ངང་ཉིད་དུ། །མ་བཅོས་སྤྲོས་བྲལ་འོད་གསལ་འཕོ་འགྱུར་མེད། །ཁམས་གསུམ་ཡོངས་སྒྲོལ་རིག་འཛིན་ཆེན་པོའི་ཞལ། །བདག་བློའི་བླང་དོར་ཟད་མཛད་བསྟན་དུ་གསོལ། །ཡོན་ཏན་མཐའ་ཡས་ཡེ་ཤེས་དཔལ་འབར་ཞིང༌། །དངོས་འཛིན་རང་ཞིག་བདག་འཛིན་ཀུན་ལས་འདས། །རང་གྲོལ་རྒྱལ་པོ་དྲི་མེད་པདྨའི་ཞལ། །བདག་བློའི་འཁྲུལ་རྟོག་ཟད་མཛད་བསྟན་དུ་གསོལ། །ༀ་ཨཱ་ཧཱུྃ་སྭཱ་ཧཱ། ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་གསེར་ལ་སོགས་པའི་རིན་པོ་ཆེ་དང༌། འབྲུ་དང༌། དྲི་དང༌། སྨན་དང་མེ་ཏོག་ལ་སོགས་པའི་མཎྜལ་དངོས་སུ་བཤམས་ལ་འབུལ་དུས་སྟོང་གསུམ་གང་བར་དམིགས་ལ་རིམ་པར་འབུལ་ལོ། །དགོས་པ་ནི། མཆོག་དང་ཐུན་མོང་གཉིས་གཉིས་ཏེ། དེ་ཡང་རིན་པོ་ཆེས་མཆོག་ཡེ་ཤེས་ལྔ་ལ་སྤྱོད་ཅིང༌། ཐུན་མོང་དུ་ཡོ་བྱད་ཕུན་སུམ་ཚོགས་པ་ཚེ་འདིར་འགྲུབ་བོ། །དེ་བཞིན་དུ་འབྲས་བུ་ནི་སྐུ་ལྔ་དང་མུ་གེའི་འཇིགས་པ་མེད་པར་འཐོབ་བོ། །དྲིས་ནི་དབྱིངས་ཀ་དག་ཆེན་པོའི་ངོ་བོ་དང་དབང་པོ་གསལ་བ་ཆེན་པོ་འཐོབ་བོ། །སྨན་གྱིས་འཁོར་བའི་སྡུག་བསྔལ་ལས་གྲོལ་བ་དང་ནད་མེད་པ་འཐོབ་བོ། །མེ་ཏོག་གིས་སྣང་བ་འོད་ལྔའི་ཞིང་དང་ཤེས་རབ་དང་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་འཐོབ་པར་བྱེད་དོ། །དེ་ནས་སློབ་མ་ཀུན་ལངས་ཏེ། སྟོད་གཡོགས་ཕུད་ནས་ཐལ་མོ་སྙིང་གར་སྦྱར། རྐང་པའི་ལོང་བུ་གཤིབས་ནས། བླ་མའི་ཐུགས་ཀར་མིག་གཏད་དེ། ཤེས་པ་མ་ཡེངས་པར་བྱ་སྟེ། བླ་མས་ཨ་དྲུག་བརྩེགས་ཡེངས་ལ་བོར་བའི་ཚུལ་དུ་དྲག་ལ་ཐུང་བར་བརྗོད་པས། སློབ་མའི་ལུས་འཕར་བ་དང༌། ངག་གསལ་ཞིང་སྨྲ་བ་སེམས་མི་རྟོག་པ་ཤར་བ་ནི་ཡེ་ཤེས་དབབ་པའོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་དུ་གཞུག་པ་ནི། སློབ་མ་རྣམས་ལུས་གནད་དེ་ཉིད་ཀྱིས་ཁ་ཤར་གྱི་ནམ་མཁར་གཏད་པ་ལ། བླ་མས་ངག་སྙན་པོས། ཨེ་མ་སྐལ་ལྡན་ཤར་ཕྱོགས་ཀྱི་ནམ་མཁའི་དཀྱིལ་ན་ཕར་གམ་གམ་སོགས་དང༌། ཞེས་གསུམ་བརྗོད་ནས། ཡང་འགྲོ་ན་འགྲོ་ས་འདུག་གམ། འགྲོ་བའི་མཁན་པོ་འདུག་གམ། ཞེས་བརྗོད་དོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ལ་སྦྱར་བ་ནི། སེམས་སྟོང་པ་ཉིད་བསམ་ངོ་དང་བྲལ་བའི་ངང་དུ་འཇོག་པའོ། །དེ་ནས་བླ་མས་ཕྱག་མཛུབ་བསྒྲེངས་ཏེ། ནམ་མཁའི་དབྱིངས་ལ་ཡུག་ཡུག་ལན་གསུམ་བྱས་ཏེ། ནམ་མཁའི་དབྱིངས་ལ་ལྟོས་ཤིག་གསུམ་བརྗོད་པ་ནི། ཆོས་སྐུ་མཁའ་མཉམ་དག་པའི་དཀྱིལ་འཁོར་བསྟན་པའོ། །དེ་ནས་ཡེ་ཤེས་ཀྱི་ལྷ་ངོ་བསྟན་པ་ནི། སློབ་མ་ཀུན་སྟོད་གཡོགས་གོན་ནས་སྐྱིལ་ཀྲུང་གིས་འདུག་པ་ལ། སྟེང་གི་ཉི་མའི་ཕྱོགས་བཞིར་ཉི་མ་བཞིས་བསྐོར་ཏེ། ལྔ་ཤར་བ་ཇེ་མཐོར་སོང་ནས་མཐར་མི་མངོན་པའི་ངང་དུ་སོམས་ཤིག་པའི་དོན་བཤད་པ་ནི། ཨེ་མ་སྐལ་ལྡན་ནམ་མཁའི་དཀྱིལ་ཡ་གི་ན། ཉི་མའི་དཀྱིལ་འཁོར་འོད་འཕྲོ་བ་ལྔ་པོ་ལ་ཤེས་པ་གཏོད་ལ་ཇེ་མཐོ་ཇེ་མཐོར་སོང་ཞིག །ཅེས་ལན་གསུམ་བརྗོད་ནས༑ སླར་མ་ལྡོག་ཅིག་ཅེས་པ་ཡང་གསུམ་བརྗོད་དོ། །དེའང་ཉི་མ་ལྔ་ནི་ཡེ་ཤེས་ལྔའི་སྣང་བ་ཡིན་ལ་ཇེ་མཐོར་སོང་ནས་མི་དམིགས་པ་ནི་དབྱིངས་སུ་ཐིམ་པ་སྟེ། སླར་མ་ལྡོག་ཅིག་གསུམ་ནི། སྐུ་གསུམ་གྱི་ངང་ལས་ཕྱིར་མ་ལྡོག་ཅིག་ཏུ་མཚོན་པའོ། །དེ་ནས་བླ་མས་ལངས་ཏེ། གཡས་བརྐྱང་གཡོན་བསྐུམ་མཛུབ་མོ་མིག་ལ་བཙུགས་ནས་ཨ་བརྩེགས་མར་བརྗོད་དེ། ཕྱོགས་བཞིར་ལན་བཞིར་དེ་ལྟར་བྱའོ། །དེ་ཡང་གཡས་བརྐྱངས་པས་ནི་འཁོར་བའི་སྤྲོས་པ་གཅོད་ལ། གཡོན་བསྐུམས་པས་ནི་མྱ་ངན་ལས་འདས་པའི་སྣང་བ་མཚོན་ཞིང༌། མཛུབ་མོ་བཙུགས་པས་ཡེ་ཤེས་མིག་ནས་འཆར་བ་མཚོན་ཞིང༌། ཨཿ བརྗོད་པས་ཚེ་འདིར་སྐྱེ་མེད་དུ་གྲོལ་བའི་བརྡའོ། །ཞེས་བསྟན་པར་བྱའོ། །དེ་ནས་མཛུབ་མོ་ནམ་མཁར་བསྒྲེངས་ཤིང༌། མིག་ནམ་མཁར་ཧུར་ཕྱུངས་ནས་གཏད་ལ། ནམ་མཁའ་འདི་ནི་རྒྱ་ཆེའོ། །ཞེས་ལན་གསུམ་བརྗོད་དོ། །དེ་ཡང་མཛུབ་མོ་བསྒྲེངས་པ་ནི། ལུ་གུ་རྒྱུད་ནམ་མཁར་འཆར་བའི་བརྡའོ། །མིག་ཧར་པོར་ལྟ་བ་ནི། གཟིགས་སྟངས་མཚོན་པའོ། །ཚིག་བརྗོད་པ་ནི་འཁྲུལ་སྣང་འགགས་ནས་ཡེ་ཤེས་ཀྱི་སྣང་བ་ཤར་ཏེ་དབྱིངས་སུ་ཐིམ་པ་མཚོན་པའོ། །ཞེས་བཤད་པར་བྱའོ། །དེ་ནས་ཞར་ལ་མཎྜལ་གྱི་དག་པ་བཤད་པ་ནི། ཀྱེ་སྐལ་ལྡན་རྣམས་དྲིའི་མཎྜལ་ལ། མེ་ཏོག་ལྔའི་ཚོམ་བུ་བཀོད་པ་ནི། རྟེན་དང་བརྟེན་པའི་ཆོས་སུ་དབྱེར་མེད་པའི་ངོ་བོ་མཚོན་པ་སྟེ། དེ་ཡང་གདོད་མའི་དབྱིངས་ཀ་དག་གི་ངང་ནས་ཡེ་ཤེས་ལྷུན་གྲུབ་ཏུ་གནས་པ་དང༌། ལམ་དུས་ཀྱི་རྟེན་ཙིཏྟ་རིན་པོ་ཆེའི་དབུས་ན་རིག་པ་འོད་གསལ་བའི་རང་བཞིན་བརྟེན་པར་གནས་པ་དང༌། འབྲས་བུའི་དུས་ཀྱི་རྟེན་སྣང་བ་བཞི་མཐར་ཕྱིན་པ་དབྱིངས་ཆོས་ཉིད་ཆེན་པོར་བརྟེན་པ་ཡེ་ཤེས་ལྔའི་རང་གདངས་མཚོན་པའོ། །མཆོད་པའི་མཎྜལ་ལྔ་ཚན་ལྔས་ཡེ་ཤེས་ཉི་ཤུ་རྩ་ལྔ་ལ་ལོངས་སྤྱོད་པའི་ཐབས་སུ་མཚོན་པ་ཤེས་པར་གྱིས་ཤིག །ཅེས་བརྗོད་དོ། །དོན་གསུམ་པ་གཟེངས་བསྟོད་པ་ནི། ཤིན་ཏུ་སྤྲོས་པ་མེད་པའི་དབང་ཐོབ་ནས་ཆོས་སྐུའི་ཞིང་ལ་སྤྱོད་པ་དང༌། ཡིད་ཀྱི་སྒྲིབ་པ་འདག་པ་དང༌། བྷནྡྷ་འབར་བའི་གཞལ་ཡས་ཀྱི་ཁྲོ་བོའི་ཞིང་ལ་དབང་ཐོབ་པ་དང༌། མ་འབད་ཀྱང་ཕྱི་མའམ་བར་དོར་གྲོལ་ལ། འབད་ན་ཚེ་འདིར་གྲོལ་ཞིང་ཆོས་ཉིད་སྟོང་པ་ཉིད་བསྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་བརྗོད་དོ། །དེ་ལྟར་ཤིན་ཏུ་སྤྲོས་པ་ཞི་བའི་དབང༌། །ཕྲ་ཐིག་རིན་ཆེན་རྒྱན་སྤྲས་དོན་བསྡུས་ཏེ། །མ་འོངས་སྐལ་ལྡན་དོན་དུ་བཀོད་པ་འདིས། །འགྲོ་ཀུན་བྱང་ཆུབ་ཀུན་བཟང་ཉིད་ཐོབ་ཤོག །གསང་བ་སྙིང་ཏིག་གི་དབང་རྣམ་པར་ཕྱེ་བ་ལས། ཤིན་ཏུ་སྤྲོས་པ་མེད་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའི་གསལ་བྱེད་པདྨའི་དྲྭ་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།།   །།དགེའོ།  །དགེའོ།  །དགེའོ།།    །།
ནས་ཧཱུྃ་སྔོན་པᨖ་འཕྲོས་པས་སློབ་མའི་སྙིང་ནང་དུ་སᨖང་བས་ཧཱུྃ་དུ་གྱུར་པར་བསྒོམ་ཞིང༌། བླ་མས་ཧ་ཧ་ཞེས་ངར་བསྐྱེད་ལ་ལན་གསུམ་བརྗོད་ནས། སློབ་མ་ཀུན་དམིགས་པ་གསལ་པᨖས་གཏོར་མ་རེ་ཁྱེར་ནས་སᨖང་སྟེ་གཞི་བདག་དང་མཁའ་འགྲᨖ་རྣམས་ལ་བྱིན་ལ། བདག་ལུང་པ་འདིར་སྤྱོད་པ་ཞག་གསུམ་བྱེད་པས་བར་དུ་གཅོད་པ་མ་བཏང་ཞིག ༑ཅེས་བཀའ་བསྒོས་ལ། དང་པᨖ་ལུས་ཀྱི་སྤྱད་པ་བརྩམས་པ་ནི། གཅེར་བུར་བྱས་ཏེ་ཌཱ་མ་རུ་དཀྲོལ་ཞིང་ཁ་ཊྭཱྃ་ག་ཐོགས་ནས་སྐྲ་བརྫེས་ལ་ལངས་ནས་རྒྱུག་པ་དང༌། སྒུར་ནས་འགྲᨖ་བ་དང༌། མཆོངས་པ་དང༌། འཁྲབ་པ་དང༌། ལུས་བསིག་པ་དང༌། སྤྱིའུ་ཚུགས་དང༌། རྒྱབ་འགྲᨖས་དང༌། ཉལ་བ་དང༌། འཕྲས་པ་དང༌། གར་བསྒྱུར་བ་དང་ཕྱག་
}}
རྒྱ་དང་ཡན་ལག་སྤྲུགས་པ་དང༌། མགོ་བསྒྲིལ་བ་དང༌། ཨཾ་གཙིགས་དང་མཆེ་བ་གཉེར་བ་དང༌། རྐང་ལག་ཡ་རེ་བཙུགས་ནས་འགྲᨖ་བ་དང༌། འབུ་སྲིན་གྱི་ནུར་འགྲᨖས་དང༌། སྟག་མᨖའི་མཆོངས་སྟངས་ལ་སᨖགས་པ་ལུས་ཀྱི་རྣམ་འགྱུར་དྲན་དགུ་ཅོག་བྱས་པའི་མཐར་ཕྱག་འཚལ་བ་དང༌། བསྐོར་བ་དང༌། ལྷའི་སྟངས་སྟབས་དང་ཕྱག་རྒྱ་བྱས་ལ་འཕྲོ་བཅད་ནས། མཚན་མᨖ་བདེ་བའི་མལ་དུ་འགུལ་འཕྲིགས་མེད་པར་ཉལ་བས་རྣལ་དུ་དབབ་བᨖ༑ ༑དེ་ལྟར་བྱས་པས་ལུས་རུ་ཤན་ཕྱེད་པའི་ཉམས་རྟགས་ལ། ལུས་ལ་ཆགས་ཞེན་མེད་པ་དང༌། ལུས་མེད་པར་སྙམ་པ་དང༌། ཚ་གྲང་མེད་པ་དང༌། བཀྲེས་སྐོམ་མེད་པ་དང༌། ངལ་དུབ་མེད་པ་དང༌། ནམ་མཁའ་ལ་འགྲᨖ་བར་སྙམ་པ་དང༌། བདེ་དྲོད་འབར་བ་ལ་སᨖགས་པ་འབྱུང་ངོ༌། །དེ་ལྟ་བུ་མ་བྱུང་གི་བར་དུ་བསྐྱར་བས་ལུས་ཀྱི་རུ་ཤན་ཕྱེད་ངེས་སᨖ། །དགོས་པ་ནི། ལུས་ཀྱི་བར་ཆད་ཞི། སྡིག་སྒྲིབ་དག  །སྤྲུལ་སྐུར་གྲᨖལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་མི་འགྱུར་བ་དང་གཉིས་སུ་མེད་པར་འགྱུར་བ་ཡིན་ནོ། །དེ་ནས་ངག་གི་སྤྱོད་པ་ནི། རང་གི་སྒྲ་སྐད་ཐམས་ཅད་བླ་མའི་གསུང་དུ་བསམ་ལ། ངག་གི་བརྗོད་པ་སྣ་ཚᨖགས་བྱ་བ་ནི། ལྷའི་སྐད་སྙན་པའི་གླུ་དང་དབྱངས་གསལ་བྱེད་ཀྱི་ཡི་གེ་དང༌། སིལ་སྙན་ལྟ་བུ་ལ་སᨖགས་པ་དང༌། ཀླུའི་སྐད་པི་ཝང་ལྟ་བུ་དང༌། བུམ་ལྡིར་ལྟ་བུ་དང༌། གནོད་སྦྱིན་གྱི་སྐད་བྲག་རི་ཉིལ་བ་ལྟ་བུ་དང༌། མིའམ་ཅིའི་སྐད་རྒྱུད་མངས་དང་སྤྲིན་གྱི་ང་རོ་ལྟ་བུ་དང༌། སྲིན་པᨖའི་སྐད་ར་ལ་ར་ལ་རི་ལི་རི་ལི་ལ་སᨖགས་པ་སེར་སྤྲིན་གྱི་འབྲུག་སྒྲ་ལྟ་བུ་དང༌། ལྷ་མ་ཡིན་གྱི་སྐད་ཞི་བའི་འབྲུག་སྒྲ་ལྟ་བུ་དང༌། དམྱལ་བའི་སྐད་ཚ་གྲང་གི་སྡུག་བསྔལ་སྨྲེ་སྔགས་འདᨖན་པ་དང༌། ཡི་དྭགས་བཀྲེས་སྐོམ་གྱི་འཁུན་སྒྲ་དང༌། དུད་འགྲᨖའི་མྱ་ངན་གྱི་བཤུག་སྒྲ་དང༌། མི་སྐྱེ་རྒ་ན་འཆིའི་རང་སྒྲ་དང༌། གཞན་ཡང་སྐད་ཀྱི་རྣམ་པ་ཤེས་ཚད་བརྗོད་དᨖ། །རྟ་དང༌། གླང་དང༌། ར་ལུག་དང༌། བᨖང་བུ་དང༌། ཅེ་སྤྱང་དང༌། སྟག་གཟིག་དང༌། དུར་བྱ་དང༌། འུག་པ་དང༌། བྱ་རོག་དང༌། སྐྱེ་ཀ་དང༌། ཁྱི་དང༌། ཝའི་སྐད་ལ་སᨖགས་པ་བརྗོད་པའི་བར་དུ་ཕ ྄ཊཿ མང་པᨖ་བརྗོད་ཅིང༌། ཧ་དང་ཧཱུྃ་དང་ༀ་ལ་སᨖགས་པ་ཆོས་སུ་འགྱུར་བའི་སྒྲ་སྐད་དང༌། ཆོས་
</onlyinclude>
འཆད་པའི་སྐད་ཀྱིས་མཐའ་བསྡུས་ནས། མཚན་མᨖ་གང་ཡང་མི་བརྗོད་པའི་ངང་ལ་ཉལ་བས་ངག་གི་རུ་ཤན་ཕྱེད་དᨖ། །དེ་ཡང་སཾ་སྐྲ་ཏའི་སྐད་རང་རྡོལ་བ་དང༌། སྔར་མི་ཤེས་པའི་ཆོས་མང་པᨖ་རང་རྡོལ་བ་དང༌། དབྱངས་སྙན་པᨖ་ལ་སᨖགས་པ་འབྱུང་ཞིང༌། ངག་སྨྲ་སྙིང་མི་འདᨖད་པ་དང༌། མཆོག་ཏུ་བདེ་བ་དང་བརྗོད་དུ་མེད་པའི་དᨖན་ལ་སᨖགས་པ་འོང་ངོ༌། །མ་བྱུང་གི་བར་ལ་བསྐྱར་རོ། །དགོས་པ་ནི། ངག་གི་བར་ཆད་ཞི་བ་དང༌། སྡིག་སྒྲིབ་འདག་པ་དང༌། ལོངས་སྐུར་གྲᨖལ་བ་དང༌། གསུང་རྡོ་རྗེའི་ངོ་བᨖ་དང་དབྱེར་མེད་པའོ། །དེ་ནས་སེམས་ཀྱི་སྤྱོད་པ་ནི་རང་གི་དྲན་བསམ་སྣ་ཚᨖགས་སུ་སྤྲོས་པ་ཐམས་ཅད་བླ་མའི་ཐུགས་སུ་དྲན་པས། འགྲᨖ་དྲུག་སᨖ་སᨖའི་བདེ་སྡུག་འཁོར་འདས་ཀྱི་
{{TsagliCall}}
རང་བཞིན་ཆོས་དང་ཆོས་མ་ཡིན་པ་དྲན་ཚད་སྤྲོ་ཞིང༌། སེམས་ནམ་མཁའི་དཀྱིལ་དུ་འཕངས་པ་དང༌། རྒྱ་མཚᨖའི་གཏིང་དུ་འཕངས་པ་དང༌། རི་བྲག་གི་ནང་དུ་ཟང་ཐལ་དུ་འཕངས་པ་དང༌། དགའ་བ་དང་མི་དགའ་བ་དང་བདེ་བ་དང་སྡུག་བསྔལ་བ་དང༌། སྐྱེ་ཤི་བཀྲེས་སྐོམ་ལ་སᨖགས་པ་དང༌། སྔར་ཕྱིན་མྱོང་བ་དང་མ་མྱོང་བའི་ཡུལ་དུ་འགྲᨖ་བ་དང༌། འགྲᨖ་དྲུག་སᨖ་སᨖའི་གནས་སུ་འཕངས་པ་དང༌། ནམ་མཁའ་དང་ས་གཞི་ཐམས་ཅད་དམྱལ་བ་དང་ཡི་དྭགས་དང་དུད་འགྲᨖ་དང་མི་དང་ལྷ་དང་ལྷ་མ་ཡིན་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་རང་དང་མཆོད་རྟེན་དང་ལྷ་ཁང་དང་སྐྱེད་མᨖས་ཚལ་དང་དག་པའི་ཞིང་གིས་གང་བར་མᨖས་པ་བྱ་ཞིང༌། རང་གི་དགྲ་དང་གཉེན་དང་བར་མས་གང་བར་བསམ་ལ། ཆགས་སྡང་དུ་སྤྲོ་ཞིང་རྗེས་མེད་དུ་རྩལ་སྦྱོང་ངོ༌། །རྗེས་ལ་ཆོས་ཀྱི་ཚᨑག་དᨖན་ལ་བླᨖ་བཞག་སྟེ། ལྟ་སྒོམ་སྤྱོད་འབྲས་ལ་གནས་པར་བྱའོ། །རྟགས་ནི་སེམས་གསལ་བ་དང་ཡང་བ་དང་འཁྲུལ་རྟོག་འགག་པ་དང་བྲོད་པ་དང་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛᨑན་སྐྱེ་བ་དང༌། ཡེ་གྲᨖལ་ནམ་མཁའ་ལྟ་བུའི་རྟོགས་པ་ཁོང་ནས་འཆར་རོ། །དེ་ལྟར་མ་བྱུང་བར་དུ་བསྐྱར་རོ། །དགོས་པ་ནི་སེམས་ཀྱི་བར་ཆད་ཞི་བ་དང༌། སྡིག་པ་འདག་པ་དང༌། ཆོས་སྐུར་གྲᨖལ་བ་དང༌། ཐུགས་རྡོ་རྗེའི་ངོ་བᨖར་སངས་རྒྱས་པའོ། །དེ་ལྟར་སྔོན་འགྲᨖ་གསུམ་པᨖ་བྱེད་དུས་བླ་མས་རང་གི་གནས་སུ་ཆོས་ཉིད་མངོན་སུམ་གྱི་དᨖན་སྒོམ་ཞིང༌།
<headertabs/>
སློབ་མ་རྣམས་འདུ་སླ་བའི་རི་ཟུར་དུ་སᨖང་ལ་རུ་ཤན་ཕྱེད་པའི་རྟགས་རྣམས་བྱུང་ངམ་ཞེས་སᨖ་སᨖར་དྲིས་ལ། མ་བྱུང་ན་བསྐྱར་དུ་གཞུག་ཅིང༌། ཉིན་དུས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དྲིལ་ནས་ཉམས་སུ་བླང་ཞིང༌༑ མཚན་མᨖ་རྣལ་དུ་ཕབ་ལ་བརྩོན་པས་ཉམས་སུ་བླངས་པས་ཉི་མ་གསུམ་ལས་རྟགས་བྱུང་ན་དབང་པᨖ་ཡང་རབ། ལྔ་ལས་བྱུང་ན་འབྲིང༌། བདུན་ཕན་ཆད་ནི་ཐ་མ་སྟེ། དེ་དག་གི་དུས་སུ་ནམ་མཁའ་དྭངས་ཤིང་འཇའ་འོད་དང་བཅས་བྱུང་ན་འབྱོངས་པས་སྡིག་སྒྲིབ་ཟད་པ་ཡིན་ལ། གཞན་དུ་སྡིག་སྒྲིབ་ཤས་ཆེ་བས། བསྐྱར་ལ་འབད་པར་བྱའོ། །དེས་ནི་འཁོར་འདས་རུ་ཤན་ཕྱེད་ནས་སླར་མི་ལྡོག་པའི་དགོས་པ་ཡོད་དᨖ། །དེ་དག་གིས་སློབ་མ་སྟ་གོན་དུ་བྱ་བའི་རིམ་པ་བཤད་ཟིན་ཏོ། །དᨖན་གཉིས་པ་དབང་བསྐུར་བ་དངོས་ལ་གསུམ་སྟེ། སྔོན་འགྲᨖ་སྟ་གོན་བྱ་བ། དངོས་གཞི་དབང་བསྐུར་བ། རྗེས་གཟེངས་བསྟོད་པའོ། །དང་པᨖ་ནི། བླ་མས་གནས་དེར་དྲིའི་མཎྜལ་ཟླུམ་པᨖ་ལྟེ་བ་མུ་ཁྱུད་དང་བཅས་པའི་བར་ཁྱམས་འོད་ཟླུམ་བཞིས་བརྒྱན་པ་ལ། མེ་ཏོག་གི་ཚᨖམ་བུ་ལྔ་ཚན་ལྔ་བཀོད་ལ་མཐའ་བསྐོར་དུ་ཕྱི་ནང་གི་མཆོད་པ་དང༌། འབྱོར་ན་དྲི་དང་སྤོས་དང༌། སྨན་དང་རིན་པᨖ་ཆེ་དང་འབྲས་བུའི་མཎྜལ་ལྔ་ཚན་ལྔ་ཡང་བཤམ་མᨖ། །གཉིས་པ་ནི། དེ་ནས་ཉི་མ་རི་བᨖའི་རྩེ་ལ་ཤར་དུས་སུ། སློབ་མ་རྣམས་མེ་ཏོག་ཐོགས་ཏེ་འོང་བ་ལས། དྲི་བཟང་པᨖའི་ཆུས་ཁྲུས་བྱས་ཏེ། བླ་མའི་མདུན་དུ་སྟོད་གཡོགས་ཕུད་ནས་ཐལ་མᨖ་
སྙིང་ཁར་སྦྱར་ཏེ་འཁོད་པ་ལ། བླ་མས་བུ་ཁྱོད་སུ་ཡིན་ཞེས་ལན་གསུམ་དྲིས་པའི་ལན་དུ། སློབ་མས་བདག་སྐལ་ལྡན་སེམས་ཀྱི་བུ་གཅིག་པུ་ལགས་ཞེས་གསུམ་བརྗོད་དུས། བླ་མས་དེ་ལྟར་ཡིན་ཕན་ཆད་རང་བཞིན་རྫོགས་པ་ཆེན་པᨖའི་དཀྱིལ་འཁོར་བཟང་ཞིང་ཉམས་དགའ་བ་འདིར་ཞུགས་ཤིག །དེ་ཅིའི་ཕྱིར་ཞེ་ན། འཁོར་བ་འདི་ནི་སྙིང་པᨖ་མེད་ལ་རྟག་མི་ཐུབ་ཅིང་སྡུག་བསྔལ་བ་སྟེ། དེ་ལས་ཐར་པའི་ཐབས་དམ་པ་ཡང་ཚེ་གཅིག་གིས་སངས་རྒྱས་པ་རང་བཞིན་རྫོགས་པ་ཆེན་པᨖ་ལས་གཞན་མེད་པས། དད་པ་ཆེན་པᨖ་བསྐྱེད་ལ་སེམས་ཅན་ཐམས་ཅད་ཀྱི་དᨖན་དུ་ཐོག་མར་བླ་མ་ལ་གསᨖལ་བ་གདབ་པར་བགྱི་བའི་རྗེས་ཟློས་མཛོད་ཅིག །ཅེས་བརྗོད་ལ། བླ་མ་རྡོ་རྗེ་འཛᨑན་པ་ཆེན་པᨖ་དགོངས་སུ་གསᨖལ་ལོ། །ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རྡོ་རྗེ་དང་རིན་པᨖ་ཆེ་དང་པདྨ་དང་ལས་དང་བདེ་བར་གཤེགས་པའི་རིགས་ཐམས་ཅད་བདག་ལ་དགོངས་སུ་གསᨖལ་ལོ༑ ༑བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། སྙིང་པᨖ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། བླ་མ་རྡོ་རྗེ་འཛᨑན་པ་ཆེན་པᨖས། བདག་གི་ལུས་བྱིན་གྱིས་བརླབ་ཏུ་གསᨖལ། བདག་གི་ངག་བྱིན་གྱིས་བརླབ་ཏུ་གསᨖལ། བདག་གི་ཡིད་བྱིན་གྱིས་བརླབ་ཏུ་གསᨖལ། བདག་གི་སྣང་བ་བྱིན་གྱིས་བརླབ་ཏུ་གསᨖལ། སྨིན་པར་མཛད་དུ་གསᨖལ། གྲᨖལ་བར་མཛད་དུ་གསᨖལ། གང་བར་མཛད་དུ་གསᨖལ། རྒྱས་པར་མཛད་དུ་གསᨖལ། ཆེར་འཕེལ་བར་
མཛད་དུ་གསᨖལ། ཞེས་པ་གསུམ་གྱིས་སྤྱིར་གསᨖལ་བ་བཏབ་ནས། བྱེ་བྲག་ཏུ་བརྒྱུད་པའི་བླ་མ་ལ་གསᨖལ་བ་གདབ་པ་ནི། ཀྱེ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ལྡན་པ། །ཟག་པ་རང་ཟད་དབྱིངས་ནས་སྐུར་གཤེགས་པའི། །དྲི་མ་རང་དག་དབྱིངས་ནས་སྤྱན་གཟིགས་ནས། །ཐུགས་རྗེ་ཆེན་པᨖས་འགྲᨖ་བའི་དᨖན་མཛད་པའི། །བདེ་གཤེགས་འཇིག་རྟེན་མཁྱེན་པའི་ཐུགས་མངའ་བ། །དགོངས་པ་ཉག་གཅིག་མི་གཡོ་དབྱེར་མེད་ཀྱང༌།
སྔོན་བཞུགས་དུར་ཁྲོད་གནས་ནས་རྗེས་དགོངས་ལ། །རང་བཞིན་མཛད་པ་གང་ཡང་མི་མངའ་ཡང༌། །བདག་བླᨖ་མᨖས་པའི་དᨖན་ཕྱིར་འདིར་གཤེགས་ཤིག །ཨེ་མ་ཧོ། བྱིན་རླབས་རྩ་བ་བླ་མ་བརྒྱུད་པ་ཡི། །རིམ་པ་ཉིད་ཀྱིས་རིམ་ནས་རིམ་བརྒྱུད་པའི། །བདག་ཉིད་ཆེན་པᨖ་རོ་ལངས་དེ་བ་དང༌། །མཁྱེན་པའི་ཐུགས་མངའ་རབ་ཏུ་སྦྱངས་དང་ལྡན། །མཁྱེན་རབ་སྤྲུལ་པ་མཉྫུ་མི་ཏྲ་དང༌། །ཐུགས་རྗེ་ཆེན་པᨖས་འགྲᨖ་བའི་སྡུག་བསྔལ་གཅོད། །རྗེ་བཙུན་ཐུགས་རྗེ་ཆེ་ལྡན་ཤྲཱི་སིང་ཧ་དང༌། །མཁས་པ་ཐེག་པ་ཡོངས་ཀྱི་སྒྲོ་འདᨖགས་རབ་ཆོད་པའི། །འཇིག་རྟེན་མུན་པ་སེལ་མཛད་ཛྙཱ་ན་སཱུ་ཏྲ་དང༌། །སྐྱེ་ཤི་ཀུན་བྲལ་ཚེ་ལ་དབང་ཐོབ་པའི། །མཁས་པ་ཆེན་པᨖ་བི་མ་མི་ཏྲ་དང༌། །རྟག་ཏུ་མཉམ་གཞག་རྗེས་ཐོབ་དབྱེར་མེད་པའི། །སེམས་ལ་དབང་ཐོབ་ཏིང་འཛᨑན་བཟང་པᨖ་དང༌། །རང་རྒྱུད་འཁྲུལ་པ་བླᨖ་ལ་མི་གནས་པའི། །བདུད་རྩིའི་བཅུད་སྟོན་ལྡང་མ་ལྷུན་རྒྱལ་དང༌། །མཁའ་འགྲᨖས་ལུང་བསྟན་རྗེས་སུ་
བཟུང་བ་ཡི། །གྲུབ་ཐོབ་ཆེན་པᨖ་སེང་གེ་དབང་ཕྱུག་དང༌། །རྒྱལ་སྲས་སྤྲུལ་པས་འགྲᨖ་བ་འདྲེན་མཛད་པའི། །བླ་མ་རྗེ་བཙུན་སྤྲུལ་སྐུ་ཞང་སྟོན་དང༌། །མཁྱེན་པའི་འོད་ཀྱིས་འགྲᨖ་བ་འདྲེན་མཛད་པའི། །མ་རིག་མུན་སེལ་མཁས་པ་ཉི་འབུམ་དང༌། །བླ་མེད་རྫོགས་ཆེན་སྙིང་པᨖ་དར་མཛད་པའི། །རིག་འཛᨑན་ཆེན་པᨖ་གུ་རུ་ཇོ་འབེར་དང༌། །བྱང་ཆུབ་སེམས་འབྱོངས་འགྲᨖ་བའི་དཔལ་གྱུར་པའི། །འཁྲུལ་ཞིག་ཆེན་པᨖ་སེང་གེ་རྒྱབ་པ་དང༌། །གསལ་སྟོང་དབྱེར་མེད་བདེ་ཆེན་དᨖན་རྟོགས་པའི། །ཟླ་བ་མུན་སེལ་སྦས་པའི་རྣལ་འབྱོར་དང༌། །དགོངས་པ་མི་གཡོ་ཆོས་ཉིད་འོད་གསལ་དང༌། །རིག་འཛᨑན་ཆེན་པᨖ་ཀུ་མ་རཱ་ཛ་དང༌། །སྙིང་པᨖའི་དᨖན་མཐོང་འཁྲུལ་པ་རང་སར་ཞིག །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཐུགས་རྗེ་ཅན། །མཁས་པ་དགོངས་པ་མི་འགྱུར་གཡོ་མེད་རྣམས། །འབྱུང་བ་རང་དེངས་ཟག་མེད་དབྱིངས་བཞུགས་ཀྱང༌། །སྔོན་གྱི་ཐུགས་རྗེ་ཆེན་པᨖ་ཉིད་གཡོས་ལ། །ཐུགས་རྗེས་དགོངས་ཤིག་བདག་ལ་བྱིན་གྱིས་རློབས། །ༀ་ཨཱཿ ཧཱུྃ་གུ་རུ་སརྦ་སིདྡྷི་ཧཱུྃ། ༀ་ཨཱཿ ཧཱུྃ། དམ་པ་སངས་རྒྱས་ཀུན་གྱི་ཞལ་མཐོང་བདུད་རྩིའི་བཅུད་ལྡན་པའི། །རོ་ལངས་དེ་བ་ལྷ་ཡི་ལྷ་མཆོག་དམ་པ་ཉིད། །སངས་རྒྱས་སྤྲུལ་པས་འགྲᨖ་བའི་གདུང་བ་སེལ་མཛད་པའི། །དམ་པ་བདུད་རྩིའི་བདེ་བ་ཉིད་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་འཇམ་དཔལ་སྐུ་སྤྲུལ་པའི། །ཉོན་མᨖངས་རང་དག་མཁྱེན་པའི་ཐུགས་དང་ལྡན། །གསུང་གི་འོད་ཀྱིས་འགྲᨖ་བའི་སྡུག་བསྔལ་གཅོད། །དམ་པ་
ཡིད་བཞིན་མྱུ་གུ་དེ་ལ་ཕྱག་འཚལ་བསྟོད། །དེ་ཡི་གདུང་འཛᨑན་མཁས་པ་སྡེ་སྣོད་རྣམས་ཀྱི་བདག །ཐུགས་རྗེ་ཆེན་པᨖའི་སྤྲུལ་པ་འཛམ་གླིང་ཀུན་གྱི་རྒྱན། །དྲི་མེད་གསུང་མངའ་འགྲᨖ་བའི་ངལ་གསᨖའི་གནས། །དམ་པ་ཤེས་རབ་མྱུ་གུ་དེ་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་མཁས་པ་འཇིག་རྟེན་གསུམ་གྱི་མགོན། །རྡོ་རྗེ་སེམས་དཔའི་སྤྲུལ་པས་བདག་བླᨖའི་འཆིང་གཅོད་པ། །ཚངས་པའི་གསུང་མངའ་འགྲᨖ་བ་ཀུན་ཡིད་འཕྲོག །དམ་པ་བདེ་བའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་གདུང་འཛᨑན་མཁས་བླᨖར་སྐྱེ་བ་གྲངས་མང་སྦྱངས། །མཁྱེན་རབ་མཆོག་གྱུར་སྡེ་སྣོད་ཀུན་ལ་རྨོངས་པ་མེད། །སྐྱེ་ཤིའི་འཇིག་བྲལ་སྤྲུལ་པས་འགྲᨖ་བའི་དᨖན་མཛད་པའི། །དམ་པ་བདེ་གསལ་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་རྣམ་དག་ཤ་ཡི་སྤྱན་མངའ་བ། །མི་རྟོག་བཟང་པᨖའི་ཏིང་འཛᨑན་ཐུགས་ཀྱི་གནད་བཀྲོལ་ནས། །འཛམ་གླིང་འགྲᨖ་རྣམས་མ་ལུས་བསམ་པའི་རྒྱུད་མཁྱེན་པའི། །
དམ་པ་རྟོག་མེད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་སྐལ་ལྡན་ཆོས་ཀྱི་མཛོད་མངའ་བ། །རིན་ཆེན་གཏེར་བརྙེས་འགྲᨖ་བའི་མ་རིག་མུན་པ་སེལ། །བདེ་གཤེགས་བཀའ་དང་བླ་མའི་མན་ངག་སྙིང་པᨖ་འཛᨑན། །
དམ་པ་པདྨའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་གསང་སྔགས་ཀུན་གྱི་མཛོད་མངའ་བ། །གྲུབ་པ་མཆོག་བརྙེས་སྣང་བྱེད་འོད་ཀྱི་ལུས་གྲུབ་ནས། །གདᨖད་མའི་ཟད་སར་ཐུགས་རྗེས་གཤེགས་པར་མཛད་
པ་གང༌། །དམ་པ་ཡེ་ཤེས་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་རྗེ་བཙུན་འགྲᨖ་བ་རྣམས་ཀྱི་མགོན། །གསང་སྔགས་རྣམས་ལ་དབང་བསྒྱུར་ལུང་བསྟན་རྗེས་སུ་འཛᨑན། །མ་རིག་མུན་སེལ་འོད་གསལ་མཆོག་ལ་མངའ་བརྙེས་པའི། །དམ་པ་རིན་ཆེན་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་འཁོར་བའི་སྐྱབས་གནས་དཔའ་བᨖ་ཉིད། །འགྲᨖ་བ་རྣམས་ཀྱི་མགོན་པᨖ་དྲི་མ་མེད་པའི་དཔལ། །ཡོན་ཏན་མཆོག་མངའ་མཁྱེན་རབ་རྒྱ་མཚᨖའི་ཕ་རོལ་སᨖན། །དམ་པ་བླᨖ་གསལ་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་བསྟན་པའི་སྙིང་པᨖ་དར་མཛད་ཅིང༌། །ས་ཆེན་མཆོག་བརྙེས་རྒྱུད་དᨖན་ཀུན་ལ་དབང་འབྱོར་བ། །ཡེ་ཤེས་མིག་གཅིག་ཀུན་ནས་གཟིགས་པའི་སྤྱན་དང་ལྡན། །དམ་པ་བླᨖ་མཚᨖའི་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་མ་རིག་མུན་པའི་དཔུང་འཇོམས་ཤིང༌། །ཡེ་ཤེས་འོད་ཟེར་བྱེ་བའི་ཚᨖགས་མངའ་མཐའ་ཡས་ཀྱིས། །འགྲᨖ་བའི་སྡུག་བསྔལ་རྒྱ་མཚᨖ་མ་ལུས་སྐེམ་མཛད་པ། །དམ་པ་སྣང་བྱེད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་ཐེག་པ་མཆོག་གི་བླᨖ་གྲᨖས་ཅན། །འཆིང་བའི་དྲྭ་བ་མ་ལུས་གཅོད་མཛད་རེ་བ་སྐོང༌། །ཡིད་བཞིན་གྲུབ་པའི་ས་མཐོར་གཤེགས་པ་གང་ཡིན་པ། །དམ་པ་ཆོས་ཉིད་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་འོད་གསལ་ཉི་མའི་སྙིང་པᨖ་བརྙེས། །བརྒལ་དཀའི་མུན་ནག་འཐིབས་པᨖ་རབ་ཏུ་འཇོམས་མཛད་ཅིང༌། །ཐུགས་རྗེའི་འོད་ཟེར་
བྱེ་བས་འཛམ་གླིང་སྣང་མཛད་པའི། །དམ་པ་རིག་འཛᨑན་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དེ་ཡི་རྗེས་འཛᨑན་སྡེ་སྣོད་རྒྱ་མཚᨖའི་ཕ་རོལ་ཕྱིན། །རྒྱུད་དᨖན་མངའ་བརྙེས་རྡོ་རྗེ་སྙིང་པᨖའི་དᨖན་ལ་མཁས། །ཏིང་འཛᨑན་མི་གཡོ་ཆོས་དབྱིངས་ཞི་ལ་ཐུགས་གཞོལ་བའི། །དམ་པ་ཆོས་མཆོག་མྱུ་གུ་མགོན་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་ཀུན་འབྱུང་ཡོན་ཏན་རྒྱ་མཚᨖའི་བླ་མ་ལ། །གུས་པས་གསᨖལ་འདེབས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་
གསᨖལ། །ༀ་ཨཱཿ ཧཱུྃ། གུ་རུ་ན་མᨖ་མ་ཧཱ་སིདྡྷི་ས་མ་ཡ། དྷརྨ་ཀཱ་ཡ་ས་མནྟ་བྷ་དྲཱ། བཛྲ་བཱ་གི་ཤུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། སམ་བྷོ་ཀཱ་ཡ། བཛྲ་དྷཱ་ར་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ནིར་མ་ཀཱ་ཡ་བཛྲ་སཏྭ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། བཛྲ་པཱ་ནི་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། པྲཛྙཱ་བྷ་ཝཱ་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡ། མཉྫུ་ཤྲཱི་མི་ཏྲ་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཤྲཱི་སིངྷ་གུ་རུ་ན་མོ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཛྙཱ་ན་སཱུ་ཏྲ་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། བི་མ་ལ་མི་ཏྲ་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧ་
སིདྡྷི་ས་མ་ཡཱ། ས་མ་ཏི་བྷ་དྲཱ་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། བྷ་ཧི་ར་ཧེ་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། སིང་ཧཱ་ཤྭ་ར་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡ། སྭ་སྟི་ཤྲཱི་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡ། སཱུརྱ་ལཀྵི་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཇོ་འབེར་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཡོ་གི་ཛྙཱ་ན་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། དྷེ་ཀི་བཛྲ་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཀུ་མ་རཱ་ཛ་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ཤི་ལ་མ་ཏི་གུ་རུ་ན་མᨖ། ས་མ་ར་ཐཱ་ཡ་སིང༌། མ་ཧཱ་སིདྡྷི་ས་མ་ཡཱ། ༀ་ཨཱཿ ཧཱུྃ། ཨེ་མ་དམ་པ་སངས་རྒྱས་ཐམས་ཅད་བསྐྱེད་མཛད་ངོ་བᨖ་ཉིད་ཀྱི་རྗེ། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཉིད་ལ་དབང་བསྒྱུར་བླ་མ་ཉིད། །བཛྲ་བྷ་ཝ་ལྷ་རྗེ་དཔའ་བᨖ་ཉིད་ཀྱི་ཞལ། །བདག་བླᨖའི་གཏི་མུག་མུན་པ་འཇོམས་ཕྱིར་བསྟན་དུ་གསᨖལ། །འཇིག་རྟེན་དྲི་མའི་སྐྱོན་མེད་ཉེས་པ་ཀུན་ལས་གྲᨖལ། །རང་རྒྱུད་རྣམ་པར་དག་ཅིང་སངས་རྒྱས་སུམ་སྟོང་གི །ཐུགས་ལ་མངའ་མཛད་མཉྫུ་མི་ཏྲའི་ཞལ། །བདག་བླᨖའི་ཞེ་སྡང་མ་ལུས་འཇོམས་ཕྱིར་བསྟན་དུ་གསᨖལ། །ཐུགས་རྗེ་ཆེན་པᨖའི་གསུང་གི་འོད་ཟེར་ཅན། །ཚངས་པའི་དབྱངས་ཀྱིས་འགྲᨖ་བ་འདམ་ལས་འདྲེན། །ཤྲཱི་སིང་ཧ་མི་འགྱུར་རྡོ་རྗེའི་ཞལ། །བདག་བླᨖའི་ང་རྒྱལ་ཟད་མཛད་བསྟན་དུ་གསᨖལ། །
ཐེག་པའི་དᨖན་རྣམས་ཐུགས་ལ་ཇི་བཞིན་སྟོན་མཛད་པ། །མི་བསྐྱོད་ཡེ་ཤེས་འགྲᨖ་བའི་དᨖན་ལ་ཕན་བརྩོན་གང༌། །ཛྙཱ་ན་སཱུ་ཏྲ་འཇིག་རྟེན་རྨོངས་པ་མེད་པའི་ཞལ། །བདག་བླᨖའི་འདᨖད་ཆགས་དྲི་མ་ཟད་མཛད་བསྟན་དུ་གསᨖལ། །
མཁྱེན་རབ་རྨད་བྱུང་སྒྲ་ཚᨑག་རྣམ་པ་མང་པᨖ་ཡིས། །འགྲᨖ་མགོན་ཡེ་ཤེས་ཉི་མའི་འོད་ཀྱིས་འཛམ་གླིང་ཀུན་ལ་ཁྱབ། །བི་མ་མི་ཏྲ་སྐྱེ་ཤི་ཀུན་བྲལ་རྡོ་རྗེའི་ཞལ། །བདག་བླᨖའི་ཕྲག་དᨖག་དྲི་མ་ཟད་མཛད་བསྟན་དུ་གསᨖལ། །དགོངས་པ་བར་མཚམས་མེད་པས་རླུང་གི་འགྲᨖ་འོང་ཟད། །གཉིས་མེད་རྣམ་པར་དག་པ་གང་ཡང་གྲᨖགས་སུ་སྣང༌། །ཏིང་འཛᨑན་བཟང་པᨖ་གཟུང་དང་འཛᨑན་པ་བྲལ་བའི་ཞལ། །བདག་བླᨖའི་ཁོང་ཁྲོའི་དྲི་མ་ཟད་མཛད་བསྟན་དུ་གསᨖལ། །གདᨖད་ནས་ཆོས་ཀུན་མཉམ་ཉིད་རོ་གཅིག་རྟོགས་གྱུར་ཅིང༌། །བདག་གཞན་དབྱེར་མེད་གཞི་ནས་བྱང་ཆུབ་དག་པའི་ངང༌། །ལྷུན་གྱི་རྒྱལ་མཚན་བསᨖད་ནམས་གཟི་བརྗིད་ཆེན་པᨖའི་ཞལ། །བདག་བླᨖའི་ཉོན་མᨖངས་དུག་ལྔ་ཟད་མཛད་བསྟན་དུ་གསᨖལ། །ལུས་ངག་ཡིད་ཀྱི་ཞེན་པ་རང་ལོག་སྟེ། །ཉམས་ལེན་མཐར་ཕྱིན་སྣང་བ་ཟད་སར་འཆོལ། །སེང་གེ་དབང་ཕྱུག་འཁྲུལ་སྣང་དག་པའི་ཞལ། །བདག་བླᨖའི་འཁྲུལ་སྣང་ཟད་མཛད་བསྟན་དུ་གསᨖལ། །རྡོ་རྗེ་ཐེག་པའི་སྙིང་པᨖ་གསང་སྔགས་སྡོང་པᨖར་གྲགས། །ངེས་པའི་དᨖན་རྟོགས་གཉིས་མེད་མཁའ་འདྲའི་ཐུགས་མངའ་བ། །བཀྲ་ཤིས་མི་འགྱུར་ཡིད་བཞིན་རྡོ་རྗེ་འཆང་གི་ཞལ། །བདག་བླᨖའི་ལས་དང་བག་ཆགས་ཟད་མཛད་བསྟན་དུ་གསᨖལ། །མཁྱེན་རབ་ཚད་མེད་ཐེག་མཆོག་སྙིང་པᨖའི་དᨖན་ལ་མཁས། །བསྟན་པའི་རིང་ལུགས་གསལ་བྱེད་རིན་ཆེན་འོད་ཟེར་ཅན། །རྗེ་བཙུན་ཆེན་པᨖ་སྤྲུལ་སྐུ་དᨖན་ཡོད་རྡོ་རྗེའི་ཞལ། །
བདག་བླᨖའི་འཁོར་བའི་ཉེས་སྐྱོན་ཟད་མཛད་བསྟན་དུ་གསᨖལ། །འཁོར་བ་མུ་མཐའ་མེད་པའི་ཀློང་དཀྱིལ་ནས། །ཆོས་ཉིད་དག་པ་ཀུན་གསལ་གཅིག་ཏུ་རྟོགས། །ཡེ་ནས་ལྷུན་མཉམ་རྫོགས་པ་ཆེན་པᨖའི་ཞལ། །བདག་བླᨖའི་བཟང་རྟོག་ཟད་མཛད་བསྟན་དུ་གསᨖལ། །འོད་གསལ་མངོན་གྱུར་བྱ་རྩོལ་གཉིས་སུ་མེད། །རང་བཞིན་ལྷུན་གྲུབ་འོད་གསལ་ཆེན་པᨖའི་ངང༌། །རྟག་ཏུ་མི་གཡོ་ཀུན་ཏུ་བཟང་པᨖའི་ཞལ། །བདག་བླᨖའི་འཛᨑན་རྟོག་ཟད་མཛད་བསྟན་དུ་གསᨖལ། །མཁའ་མཉམ་རྫོགས་པ་ཆེན་པᨖའི་དངོས་གྲུབ་བརྙེས། །ཐམས་ཅད་ལྷུན་མཉམ་གཅིག་ཏུ་སྟོན་མཛད་ཅིང༌། །ཚᨖགས་བསགས་རྒྱལ་པᨖ་རང་རིག་དྲི་མེད་ཞལ། །བདག་བླᨖའི་མ་རིག་ཟད་མཛད་བསྟན་དུ་གསᨖལ། །
གདᨖད་མའི་རང་བཞིན་དབྱིངས་ཀྱི་ངང་ཉིད་དུ། །མ་བཅོས་སྤྲོས་བྲལ་འོད་གསལ་འཕོ་འགྱུར་མེད། །ཁམས་གསུམ་ཡོངས་སྒྲོལ་རིག་འཛᨑན་ཆེན་པᨖའི་ཞལ། །བདག་བླᨖའི་བླང་དᨖར་ཟད་མཛད་བསྟན་དུ་གསᨖལ། །ཡོན་ཏན་མཐའ་ཡས་ཡེ་ཤེས་དཔལ་འབར་ཞིང༌། །དངོས་འཛᨑན་རང་ཞིག་བདག་འཛᨑན་ཀུན་ལས་འདས། །རང་གྲᨖལ་རྒྱལ་པᨖ་དྲི་མེད་པདྨའི་ཞལ། །བདག་བླᨖའི་འཁྲུལ་རྟོག་ཟད་མཛད་བསྟན་དུ་གསᨖལ། །ༀ་ཨཱ་ཧཱུྃ་སྭཱ་ཧཱ། ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་གསེར་ལ་སᨖགས་པའི་རིན་པᨖ་ཆེ་དང༌། འབྲུ་དང༌། དྲི་དང༌། སྨན་དང་མེ་ཏོག་ལ་སᨖགས་པའི་མཎྜལ་དངོས་སུ་བཤམས་ལ་འབུལ་དུས་སྟོང་གསུམ་གང་བར་དམིགས་ལ་རིམ་པར་འབུལ་ལོ། །
དགོས་པ་ནི། མཆོག་དང་ཐུན་མᨖང་གཉིས་གཉིས་ཏེ། དེ་ཡང་རིན་པᨖ་ཆེས་མཆོག་ཡེ་ཤེས་ལྔ་ལ་སྤྱོད་ཅིང༌། ཐུན་མᨖང་དུ་ཡོ་བྱད་ཕུན་སུམ་ཚᨖགས་པ་ཚེ་འདིར་འགྲུབ་བᨖ། །དེ་བཞིན་དུ་འབྲས་བུ་ནི་སྐུ་ལྔ་དང་མུ་གེའི་འཇིགས་པ་མེད་པར་འཐོབ་བᨖ། །དྲིས་ནི་དབྱིངས་ཀ་དག་ཆེན་པᨖའི་ངོ་བᨖ་དང་དབང་པᨖ་གསལ་བ་ཆེན་པᨖ་འཐོབ་བᨖ། །སྨན་གྱིས་འཁོར་བའི་སྡུག་བསྔལ་ལས་གྲᨖལ་བ་དང་ནད་མེད་པ་འཐོབ་བᨖ། །མེ་ཏོག་གིས་སྣང་བ་འོད་ལྔའི་ཞིང་དང་ཤེས་རབ་དང་རྣམ་པར་གྲᨖལ་བ་ཕུན་སུམ་ཚᨖགས་པ་འཐོབ་པར་བྱེད་དᨖ། །དེ་ནས་སློབ་མ་ཀུན་ལངས་ཏེ། སྟོད་གཡོགས་ཕུད་ནས་ཐལ་མᨖ་སྙིང་གར་སྦྱར། རྐང་པའི་ལོང་བུ་གཤིབས་ནས། བླ་མའི་ཐུགས་ཀར་མིག་གཏད་དེ། ཤེས་པ་མ་ཡེངས་པར་བྱ་སྟེ། བླ་མས་ཨ་དྲུག་བརྩེགས་ཡེངས་ལ་བᨖར་བའི་ཚུལ་དུ་དྲག་ལ་ཐུང་བར་བརྗོད་པས། སློབ་མའི་ལུས་འཕར་བ་དང༌། ངག་གསལ་ཞིང་སྨྲ་བ་སེམས་མི་རྟོག་པ་ཤར་བ་ནི་ཡེ་ཤེས་དབབ་པའོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་དུ་གཞུག་པ་ནི། སློབ་མ་རྣམས་ལུས་གནད་དེ་ཉིད་ཀྱིས་ཁ་ཤར་གྱི་ནམ་མཁར་གཏད་པ་ལ། བླ་མས་ངག་སྙན་པᨖས། ཨེ་མ་སྐལ་ལྡན་ཤར་ཕྱོགས་ཀྱི་ནམ་མཁའི་དཀྱིལ་ན་ཕར་གམ་གམ་སᨖགས་དང༌། ཞེས་གསུམ་བརྗོད་ནས། ཡང་འགྲᨖ་ན་འགྲᨖ་ས་འདུག་གམ། འགྲᨖ་བའི་མཁན་པᨖ་འདུག་གམ། ཞེས་བརྗོད་དᨖ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ལ་སྦྱར་བ་ནི། སེམས་སྟོང་པ་ཉིད་བསམ་ངོ་
དང་བྲལ་བའི་ངང་དུ་འཇོག་པའོ། །དེ་ནས་བླ་མས་ཕྱག་མཛུབ་བསྒྲེངས་ཏེ། ནམ་མཁའི་དབྱིངས་ལ་ཡུག་ཡུག་ལན་གསུམ་བྱས་ཏེ། ནམ་མཁའི་དབྱིངས་ལ་ལྟོས་ཤིག་གསུམ་བརྗོད་པ་ནི། ཆོས་སྐུ་མཁའ་མཉམ་དག་པའི་དཀྱིལ་འཁོར་བསྟན་པའོ། །དེ་ནས་ཡེ་ཤེས་ཀྱི་ལྷ་ངོ་བསྟན་པ་ནི། སློབ་མ་ཀུན་སྟོད་གཡོགས་གོན་ནས་སྐྱིལ་ཀྲུང་གིས་འདུག་པ་ལ། སྟེང་གི་ཉི་མའི་ཕྱོགས་བཞིར་ཉི་མ་བཞིས་བསྐོར་ཏེ། ལྔ་ཤར་བ་ཇེ་མཐོར་སᨖང་ནས་མཐར་མི་མངོན་པའི་ངང་དུ་སᨖམས་ཤིག་པའི་དᨖན་བཤད་པ་ནི། ཨེ་མ་སྐལ་ལྡན་ནམ་མཁའི་དཀྱིལ་ཡ་གི་ན། ཉི་མའི་དཀྱིལ་འཁོར་འོད་འཕྲོ་བ་ལྔ་པᨖ་ལ་ཤེས་པ་གཏོད་ལ་ཇེ་མཐོ་ཇེ་མཐོར་སᨖང་ཞིག །ཅེས་ལན་གསུམ་བརྗོད་ནས༑ སླར་མ་ལྡོག་ཅིག་ཅེས་པ་ཡང་གསུམ་བརྗོད་དᨖ། །དེའང་ཉི་མ་ལྔ་ནི་ཡེ་ཤེས་ལྔའི་སྣང་བ་ཡིན་ལ་ཇེ་མཐོར་སᨖང་ནས་མི་དམིགས་པ་ནི་དབྱིངས་སུ་ཐིམ་པ་སྟེ། སླར་མ་ལྡོག་ཅིག་གསུམ་ནི། སྐུ་གསུམ་གྱི་ངང་ལས་ཕྱིར་མ་ལྡོག་ཅིག་ཏུ་མཚᨖན་པའོ། །དེ་ནས་བླ་མས་ལངས་ཏེ། གཡས་བརྐྱང་གཡོན་བསྐུམ་མཛུབ་མᨖ་མིག་ལ་བཙུགས་ནས་ཨ་བརྩེགས་མར་བརྗོད་དེ། ཕྱོགས་བཞིར་ལན་བཞིར་དེ་ལྟར་བྱའོ། །དེ་ཡང་གཡས་བརྐྱངས་པས་ནི་འཁོར་བའི་སྤྲོས་པ་གཅོད་ལ། གཡོན་བསྐུམས་པས་ནི་མྱ་ངན་ལས་འདས་པའི་སྣང་བ་མཚᨖན་ཞིང༌། མཛུབ་མᨖ་བཙུགས་པས་ཡེ་ཤེས་མིག་ནས་འཆར་བ་མཚᨖན་ཞིང༌། ཨཿ བརྗོད་པས་ཚེ་འདིར་སྐྱེ་མེད་དུ་གྲᨖལ་བའི་བརྡའོ། །
ཞེས་བསྟན་པར་བྱའོ། །དེ་ནས་མཛུབ་མᨖ་ནམ་མཁར་བསྒྲེངས་ཤིང༌། མིག་ནམ་མཁར་ཧུར་ཕྱུངས་ནས་གཏད་ལ། ནམ་མཁའ་འདི་ནི་རྒྱ་ཆེའོ། །ཞེས་ལན་གསུམ་བརྗོད་དᨖ། །དེ་ཡང་མཛུབ་མᨖ་བསྒྲེངས་པ་ནི། ལུ་གུ་རྒྱུད་ནམ་མཁར་འཆར་བའི་བརྡའོ། །མིག་ཧར་པᨖར་ལྟ་བ་ནི། གཟིགས་སྟངས་མཚᨖན་པའོ། །ཚᨑག་བརྗོད་པ་ནི་འཁྲུལ་སྣང་འགགས་ནས་ཡེ་ཤེས་ཀྱི་སྣང་བ་ཤར་ཏེ་དབྱིངས་སུ་ཐིམ་པ་མཚᨖན་པའོ། །ཞེས་བཤད་པར་བྱའོ།
དེ་ནས་ཞར་ལ་མཎྜལ་གྱི་དག་པ་བཤད་པ་ནི། ཀྱེ་སྐལ་ལྡན་རྣམས་དྲིའི་མཎྜལ་ལ། མེ་ཏོག་ལྔའི་ཚᨖམ་བུ་བཀོད་པ་ནི། རྟེན་དང་བརྟེན་པའི་ཆོས་སུ་དབྱེར་མེད་པའི་ངོ་བᨖ་མཚᨖན་པ་སྟེ། དེ་ཡང་གདᨖད་མའི་དབྱིངས་ཀ་དག་གི་ངང་ནས་ཡེ་ཤེས་ལྷུན་གྲུབ་ཏུ་གནས་པ་དང༌། ལམ་དུས་ཀྱི་རྟེན་ཙིཏྟ་རིན་པᨖ་ཆེའི་དབུས་ན་རིག་པ་འོད་གསལ་བའི་རང་བཞིན་བརྟེན་པར་གནས་པ་དང༌། འབྲས་བུའི་དུས་ཀྱི་རྟེན་སྣང་བ་བཞི་མཐར་ཕྱིན་པ་དབྱིངས་ཆོས་ཉིད་ཆེན་པᨖར་བརྟེན་པ་ཡེ་ཤེས་ལྔའི་རང་གདངས་མཚᨖན་པའོ། །མཆོད་པའི་མཎྜལ་ལྔ་ཚན་ལྔས་ཡེ་ཤེས་ཉི་ཤུ་རྩ་ལྔ་ལ་ལོངས་སྤྱོད་པའི་ཐབས་སུ་མཚᨖན་པ་ཤེས་པར་གྱིས་ཤིག །ཅེས་བརྗོད་དᨖ། །དᨖན་གསུམ་པ་གཟེངས་བསྟོད་པ་ནི། ཤིན་ཏུ་སྤྲོས་པ་མེད་པའི་དབང་ཐོབ་ནས་ཆོས་སྐུའི་ཞིང་ལ་སྤྱོད་པ་དང༌། ཡིད་ཀྱི་སྒྲིབ་པ་འདག་པ་དང༌། བྷནྡྷ་འབར་བའི་གཞལ་ཡས་ཀྱི་ཁྲོ་བᨖའི་ཞིང་ལ་དབང་ཐོབ་པ་དང༌། མ་འབད་ཀྱང་ཕྱི་མའམ་བར་དᨖར་གྲᨖལ་ལ།
འབད་ན་ཚེ་འདིར་གྲᨖལ་ཞིང་ཆོས་ཉིད་སྟོང་པ་ཉིད་བསྒོམ་པ་ལ་དབང་བ་ཡིན་ནོ། །ཞེས་བརྗོད་དᨖ། །དེ་ལྟར་ཤིན་ཏུ་སྤྲོས་པ་ཞི་བའི་དབང༌། །ཕྲ་ཐིག་རིན་ཆེན་རྒྱན་སྤྲས་དᨖན་བསྡུས་ཏེ། །མ་འོངས་སྐལ་ལྡན་དᨖན་དུ་བཀོད་པ་འདིས། །འགྲᨖ་ཀུན་བྱང་ཆུབ་ཀུན་བཟང་ཉིད་ཐོབ་ཤོག །གསང་བ་སྙིང་ཏིག་གི་དབང་རྣམ་པར་ཕྱེ་བ་ལས། ཤིན་ཏུ་སྤྲོས་པ་མེད་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའི་གསལ་བྱེད་པདྨའི་དྲྭ་བ་ཞེས་བྱ་བ། ཐེག་པ་མཆོག་གི་
རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སᨖ།།   །།དགེའོ།  །དགེའོ།  །དགེའོ།།    །།
[[Category:Wyckibaat]]

Latest revision as of 17:56, 25 February 2025

Wylie title shin tu spros med kyi dbang chog pad+ma'i drwa ba DNZ-02-KHA-007.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 2, Text 7, Pages 103-122 (Folios 1a1 to 10b3)
Author ཀློང་ཆེན་རབ་འབྱམས་
Citation Klong chen pa. Shin tu spros med kyi dbang chog pad+ma'i drwa ba. In Gdams ngag rin po che'i mdzod, Vol. 2: 103-122. Kalimpong: Rigpe Dorje Publications, 2024. DNZ-Shechen-02-KHA-005.pdf
Shechen Publications, 1999
Side notes Recto: spros med dbang chog   Verso: rnying ma'i skor
More details More details
Genre Empowerment Ritual - dbang chog - dbang skur
Colophon

གསང་བ་སྙིང་ཏིག་གི་དབང་རྣམ་པར་ཕྱེ་བ་ལས། ཤིན་ཏུ་སྤྲོས་པ་མེད་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའི་གསལ་བྱེད་པདྨའི་དྲྭ་བ་ཞེས་བྱ་བ། ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།དགེའོ། །དགེའོ། །དགེའོ།།

gsang ba snying tig gi dbang rnam par phye ba las/_shin tu spros pa med pa'i shes rab ye shes kyi dbang gi cho ga'i gsal byed pad+ma'i drwa ba zhes bya ba/_theg pa mchog gi rnal 'byor pa klong chen rab 'byams kyis gangs ri thod dkar du bkod pa rdzogs so//___//dge'o/__/dge'o/__/dge'o//

[edit]
༄༅། །ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པདྨའི་དྲྭ་བ་བཞུགས་སོ། །