DNZ-03-GA-002: Difference between revisions

From Damngak Dzö
DNZ-03-GA-002
No edit summary
m (Text replacement - "ᨖ" to "ོ")
Line 18: Line 18:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཐེག་པ་ཆེན་པᨖའི་གདམས་ངག་བློ་སྦྱོང་དོན་བདུན་མའི་རྩ་བ་བཞུགས་སᨖ། །ༀ་སྭ་སྟི། ཐེག་པ་ཆེན་པᨖའི་གདམས་ངག་བློ་སྦྱོང་གི་སྐོར་ལ། འཁྲིད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང༌། དགེ་བའི་བཤེས་གཉེན་འཆད་ཁ་བའི་ལུགས་ཀྱིས་དོན་བདུན་དུ་མཛད་དེ། སྔོན་འགྲᨖ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་ཁྱེར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚᨑག །བློ་སྦྱོང་གི་བསླབ་བྱ་དང་བདུན་གྱི། དང་པᨖ་ནི། དང་པᨖ་སྔོན་འགྲᨖ་དག་ལ་བསླབ། །ཅེས་གསུངས་ཏེ། དེ་ལ་གསུམ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །འཁᨖར་བའི་ཉེས་དམིགས་བསྒོམ་པའོ། །གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་གཉིས། དོན་དམ་དང༌། ཀུན་རྫོབ་བᨖ། །དང་པᨖ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སᨖ། །དང་པᨖ་ནི། སྐྱབས་སེམས། གསᨖལ་གདབ། ཡན་ལག་བདུན་པ་འབུལ། ལུས་བསྲང༌། དབུགས་ཉེར་གཅིག་ཏུ་མ་འཁྲུགས་པར་བགྲངས། གཉིས་པ་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །མ་སྐྱེས་རིག་པའི་གཤིས་ལ་དཔྱད། །གཉེན་པᨖ་ཉིད་ཀྱང་རང་སར་གྲᨖལ། །ལམ་གྱི་ངོ་བᨖ་ཀུན་གཞིའི་ངང་དུ་བཞག །གསུམ་པ་ནི། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །གཉིས་པ་ཀུན་རྫོབ་བྱང་ཆུབ་སེམས་བསྒོམ་པ་ལ་གཉིས། མཉམ་བཞག་དང༌། རྗེས་ཐོབ་བᨖ། །དང་པᨖ་ནི། གཏོང་ལེན་གཉིས་པᨖ་སྤེལ་མར་སྦྱང༌། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །གཉིས་པ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །སྤྱོད་ལམ་ཀུན་ཏུ་ཚᨑག་གིས་སྦྱང༌། །ལེན་པའི་གོ་རིམ་རང་ནས་བརྩམ། །གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་གསུངས་ཏེ། འདི་ལ་གཉིས།  
{{TibP|ཐེག་པ་ཆེན་པོའི་གདམས་ངག་བློ་སྦྱོང་དོན་བདུན་མའི་རྩ་བ་བཞུགས་སོ། །ༀ་སྭ་སྟི། ཐེག་པ་ཆེན་པོའི་གདམས་ངག་བློ་སྦྱོང་གི་སྐོར་ལ། འཁྲིད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང༌། དགེ་བའི་བཤེས་གཉེན་འཆད་ཁ་བའི་ལུགས་ཀྱིས་དོན་བདུན་དུ་མཛད་དེ། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་ཁྱེར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚᨑག །བློ་སྦྱོང་གི་བསླབ་བྱ་དང་བདུན་གྱི། དང་པོ་ནི། དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་གསུངས་ཏེ། དེ་ལ་གསུམ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །འཁོར་བའི་ཉེས་དམིགས་བསྒོམ་པའོ། །གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་གཉིས། དོན་དམ་དང༌། ཀུན་རྫོབ་བོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་སེམས། གསོལ་གདབ། ཡན་ལག་བདུན་པ་འབུལ། ལུས་བསྲང༌། དབུགས་ཉེར་གཅིག་ཏུ་མ་འཁྲུགས་པར་བགྲངས། གཉིས་པ་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །མ་སྐྱེས་རིག་པའི་གཤིས་ལ་དཔྱད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ལམ་གྱི་ངོ་བོ་ཀུན་གཞིའི་ངང་དུ་བཞག །གསུམ་པ་ནི། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །གཉིས་པ་ཀུན་རྫོབ་བྱང་ཆུབ་སེམས་བསྒོམ་པ་ལ་གཉིས། མཉམ་བཞག་དང༌། རྗེས་ཐོབ་བོ། །དང་པོ་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང༌། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །གཉིས་པ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །སྤྱོད་ལམ་ཀུན་ཏུ་ཚᨑག་གིས་སྦྱང༌། །ལེན་པའི་གོ་རིམ་རང་ནས་བརྩམ། །གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་གསུངས་ཏེ། འདི་ལ་གཉིས།  
བསམ་པ་དང༌། སྦྱོར་བའོ། །དང་པᨖ་ལ་གཉིས། ཀུན་རྫོབ་དང༌། དོན་དམ་མᨖ། །དང་པᨖ་ནི། །ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །གཉིས་པ་ནི། འཁྲུལ་སྣང་སྐུ་བཞིར་བསྒོམ་པ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །གཉིས་པ་སྦྱོར་བས་སྦྱང་བ་ནི། སྦྱོར་བ་བཞི་ལྡན་ ཚᨖགས་བསགས། སྡིག་པ་སྦྱང༌། གདོན་ལ་མཆོད། ཆོས་སྐྱོང་མཆོད་པ། མཆན། ཐབས་ཀྱི་མཆོག །འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱང་། །བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། མན་ངག་སྙིང་པᨖ་མདོར་བསྡུས་པ། །སྟོབས་ལྔ་ འཕེན་པའི། གོམས་པའི། དཀར་པᨖ་ས་བᨖན་གྱི། སུན་འབྱིན་པའི། སྨོན་ལམ་གྱི། མཆན། དག་དང་སྦྱར་བར་བྱ། །ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ལྔ་པ་འབྱོངས་པའི་ཚད་བསྟན་པ་ནི། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །དཔང་པᨖ་རང་གཞན་གྱི་གཉིས་ཀྱི་གཙོ་བᨖ་བཟུང༌། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །དྲུག་པ་བློ་སྦྱོང་གི་དམ་ཚᨑག་བསྟན་པ་ནི། སྤྱི་དོན་གསུམ་ ཁས་བླངས་དང་མ་འགལ་བ། ཐོ་ཅོར་མ་སᨖང་བ། ཕྱོགས་རེར་མ་ལྟུང་བ་སྟེ། མཆན། ལ་རྟག་ཏུ་བསླབ། །འདུན་པ་བསྒྱུར་ལ་རང་སᨖར་བཞག །ཡན་ལག་ཉམས་པ་བརྗོད་མི་བྱ། །གཞན་ཕྱོགས་གང་ཡང་མི་བསམ་མᨖ། །ཉོན་མᨖངས་གང་ཆེ་སྔོན་ལ་སྦྱང༌།
བསམ་པ་དང༌། སྦྱོར་བའོ། །དང་པོ་ལ་གཉིས། ཀུན་རྫོབ་དང༌། དོན་དམ་མོ། །དང་པོ་ནི། །ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །གཉིས་པ་ནི། འཁྲུལ་སྣང་སྐུ་བཞིར་བསྒོམ་པ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །གཉིས་པ་སྦྱོར་བས་སྦྱང་བ་ནི། སྦྱོར་བ་བཞི་ལྡན་ ཚོགས་བསགས། སྡིག་པ་སྦྱང༌། གདོན་ལ་མཆོད། ཆོས་སྐྱོང་མཆོད་པ། མཆན། ཐབས་ཀྱི་མཆོག །འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱང་། །བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་ འཕེན་པའི། གོམས་པའི། དཀར་པོ་ས་བོན་གྱི། སུན་འབྱིན་པའི། སྨོན་ལམ་གྱི། མཆན། དག་དང་སྦྱར་བར་བྱ། །ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ལྔ་པ་འབྱོངས་པའི་ཚད་བསྟན་པ་ནི། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །དཔང་པོ་རང་གཞན་གྱི་གཉིས་ཀྱི་གཙོ་བོ་བཟུང༌། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །དྲུག་པ་བློ་སྦྱོང་གི་དམ་ཚᨑག་བསྟན་པ་ནི། སྤྱི་དོན་གསུམ་ ཁས་བླངས་དང་མ་འགལ་བ། ཐོ་ཅོར་མ་སོང་བ། ཕྱོགས་རེར་མ་ལྟུང་བ་སྟེ། མཆན། ལ་རྟག་ཏུ་བསླབ། །འདུན་པ་བསྒྱུར་ལ་རང་སོར་བཞག །ཡན་ལག་ཉམས་པ་བརྗོད་མི་བྱ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཉོན་མོངས་གང་ཆེ་སྔོན་ལ་སྦྱང༌།
འབྲས་བུར་རེ་བ་ཐམས་ཅད་སྤང༌། །དུག་ཅན་གྱི་ཟས་སྤངས། གཞུང་བཟང་པᨖ་མ་བསྟེན། ཤགས་ངན་མ་རྒོད། འཕྲང་མ་བསྒུག །གནད་ལ་མི་དབབ། མཛོ་ཁལ་གླང་ལ་མི་འབྱོ། མགྱོགས་ཀྱི་རྩེ་མ་གཏོད། གཏོ་ལོག་མི་བྱ།  
འབྲས་བུར་རེ་བ་ཐམས་ཅད་སྤང༌། །དུག་ཅན་གྱི་ཟས་སྤངས། གཞུང་བཟང་པོ་མ་བསྟེན། ཤགས་ངན་མ་རྒོད། འཕྲང་མ་བསྒུག །གནད་ལ་མི་དབབ། མཛོ་ཁལ་གླང་ལ་མི་འབྱོ། མགྱོགས་ཀྱི་རྩེ་མ་གཏོད། གཏོ་ལོག་མི་བྱ།  
ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚᨖལ། བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། རྣལ་འབྱོར་ཐམས་ཅད་བབ་གཅིག་གིས་བྱ། །ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །
ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། རྣལ་འབྱོར་ཐམས་ཅད་བབ་གཅིག་གིས་བྱ། །ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། །
གཉིས་པᨖ་ འབྱོར་རྒུད་གཉིས་སᨖ། །གང་བྱུང་བཟོད་པར་བྱ། །གཉིས་པᨖ་ ཆོས་སྤྱི་དང་བློ་སྦྱོང་གི་དམ་ཚᨑག །སྲོག་དང་བསྡོས་ལ་བསྲུང༌། །དཀའ་བ་གསུམ་ ཉོན་མᨖངས་པ་སྐྱེས་པ་ན། དྲན་པ། བཟློག་པ། རྒྱུན་ཆད་པ་གསུམ་དཀའ་བ། ལ་བསླབ་པར་བྱ། །རྒྱུ་ཡི་གཙོ་བᨖ་ བླ་མ་མཇལ། ཆོས་ཉམས་སུ་ལེན། ཆོས་ཀྱི་མཐུན་རྐྱེན་འཛོམ་པ་སྟེ། རྣམ་གསུམ་བླང༌། །ཉམས་པ་མེད་པ་ མᨖས་གུས། སྤྲོ་བ། བསླབ་བྱ། རྣམ་གསུམ་བསྒོམ། །འབྲལ་མེད་ ལུས་ངག་ཡིད་གསུམ་དགེ་བ་དང༌། གསུམ་དང་ལྡན་པར་བྱ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱོང་། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ད་རེས་གཙོ་བᨖ་ཉམས་སུ་བླང་། །གོ་ལོག་ བཟོད་པ། འདུན་པ། རོ་མྱང༌། སྙིང་རྗེ། གཉེར་སེམས།  
གཉིས་པོ་ འབྱོར་རྒུད་གཉིས་སོ། །གང་བྱུང་བཟོད་པར་བྱ། །གཉིས་པོ་ ཆོས་སྤྱི་དང་བློ་སྦྱོང་གི་དམ་ཚᨑག །སྲོག་དང་བསྡོས་ལ་བསྲུང༌། །དཀའ་བ་གསུམ་ ཉོན་མོངས་པ་སྐྱེས་པ་ན། དྲན་པ། བཟློག་པ། རྒྱུན་ཆད་པ་གསུམ་དཀའ་བ། ལ་བསླབ་པར་བྱ། །རྒྱུ་ཡི་གཙོ་བོ་ བླ་མ་མཇལ། ཆོས་ཉམས་སུ་ལེན། ཆོས་ཀྱི་མཐུན་རྐྱེན་འཛོམ་པ་སྟེ། རྣམ་གསུམ་བླང༌། །ཉམས་པ་མེད་པ་ མོས་གུས། སྤྲོ་བ། བསླབ་བྱ། རྣམ་གསུམ་བསྒོམ། །འབྲལ་མེད་ ལུས་ངག་ཡིད་གསུམ་དགེ་བ་དང༌། གསུམ་དང་ལྡན་པར་བྱ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱོང་། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ད་རེས་གཙོ་བོ་ཉམས་སུ་བླང་། །གོ་ལོག་ བཟོད་པ། འདུན་པ། རོ་མྱང༌། སྙིང་རྗེ། གཉེར་སེམས།  
ཡི་རང༌། མི་བྱ། རེས་འཇོག་མི་བྱ། དོལ་ཆོད་དུ་སྦྱང་། བརྟག་དཔྱད་གཉིས་ཀྱིས་ཐར་བར་བྱ། །ཡུས་མ་སྒོམས། ཀོ་ལོང་མ་སྡོམས། ཡུད་ཙམ་པ་མི་བྱ། འོར་ཆེ་མ་འདོད། ཅེས་སᨖ། །དེ་ལྟ་བུའི་བསླབ་བྱ་ལ་ལེགས་པར་བསླབ་པས། སྙིགས་མ་ལྔ་པᨖ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །གདམས་ངག་གི་ཁུངས་སྨོས་པ་ནི། མན་ངག་བདུད་རྩིའི་སྙིང་པᨖ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པᨖ་འཆད་ཀ་བ་རང་ཉིད་ཐུགས་ལེགས་པར་འབྱོངས་པ་ལ་
ཡི་རང༌། མི་བྱ། རེས་འཇོག་མི་བྱ། དོལ་ཆོད་དུ་སྦྱང་། བརྟག་དཔྱད་གཉིས་ཀྱིས་ཐར་བར་བྱ། །ཡུས་མ་སྒོམས། ཀོ་ལོང་མ་སྡོམས། ཡུད་ཙམ་པ་མི་བྱ། འོར་ཆེ་མ་འདོད། ཅེས་སོ། །དེ་ལྟ་བུའི་བསླབ་བྱ་ལ་ལེགས་པར་བསླབ་པས། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །གདམས་ངག་གི་ཁུངས་སྨོས་པ་ནི། མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འཆད་ཀ་བ་རང་ཉིད་ཐུགས་ལེགས་པར་འབྱོངས་པ་ལ་
བརྟེན་གདམས་ངག་ལ་ཆེད་དུ་བརྗོད་པ་ནི། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མᨖས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛᨑན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །
བརྟེན་གདམས་ངག་ལ་ཆེད་དུ་བརྗོད་པ་ནི། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛᨑན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །
ཞེས་སᨖ། །དེ་ལྟར་རྩ་ཚᨑག་འདི་ལ་རྒྱས་བསྡུས་དང་གོ་རིམ་འདྲ་མིན་མང་ནའང་།  འདིར་རྒྱལ་སྲས་ཐོགས་མེད་རིན་པᨖ་ཆེའི་འཁྲིད་ཡིག་ཇི་ལྟ་བ་བཞིན་བཀོད་པའོ། །མངྒལཾ།།    །།
ཞེས་སོ། །དེ་ལྟར་རྩ་ཚᨑག་འདི་ལ་རྒྱས་བསྡུས་དང་གོ་རིམ་འདྲ་མིན་མང་ནའང་།  འདིར་རྒྱལ་སྲས་ཐོགས་མེད་རིན་པོ་ཆེའི་འཁྲིད་ཡིག་ཇི་ལྟ་བ་བཞིན་བཀོད་པའོ། །མངྒལཾ།།    །།
}}
}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 19:49, 31 January 2025

Wylie title DNZ-03-GA-002.pdf
Rigpe Dorje Publications, 2024
Location gdams ngag rin po che'i mdzod
Volume 3, Text 2, Pages (Folios to )
Author འཇམ་མགོན་ཀོང་སྤྲུལ་
Citation
Side notes  
More details More details
Genre
[edit]
ཐེག་པ་ཆེན་པོའི་གདམས་ངག་བློ་སྦྱོང་དོན་བདུན་མའི་རྩ་བ་བཞུགས་སོ། །ༀ་སྭ་སྟི། ཐེག་པ་ཆེན་པོའི་གདམས་ངག་བློ་སྦྱོང་གི་སྐོར་ལ། འཁྲིད་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང༌། དགེ་བའི་བཤེས་གཉེན་འཆད་ཁ་བའི་ལུགས་ཀྱིས་དོན་བདུན་དུ་མཛད་དེ། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་ཁྱེར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚᨑག །བློ་སྦྱོང་གི་བསླབ་བྱ་དང་བདུན་གྱི། དང་པོ་ནི། དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་གསུངས་ཏེ། དེ་ལ་གསུམ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །འཁོར་བའི་ཉེས་དམིགས་བསྒོམ་པའོ། །གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་གཉིས། དོན་དམ་དང༌། ཀུན་རྫོབ་བོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་སེམས། གསོལ་གདབ། ཡན་ལག་བདུན་པ་འབུལ། ལུས་བསྲང༌། དབུགས་ཉེར་གཅིག་ཏུ་མ་འཁྲུགས་པར་བགྲངས། གཉིས་པ་ནི། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །མ་སྐྱེས་རིག་པའི་གཤིས་ལ་དཔྱད། །གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ལམ་གྱི་ངོ་བོ་ཀུན་གཞིའི་ངང་དུ་བཞག །གསུམ་པ་ནི། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །གཉིས་པ་ཀུན་རྫོབ་བྱང་ཆུབ་སེམས་བསྒོམ་པ་ལ་གཉིས། མཉམ་བཞག་དང༌། རྗེས་ཐོབ་བོ། །དང་པོ་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང༌། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །གཉིས་པ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །སྤྱོད་ལམ་ཀུན་ཏུ་ཚᨑག་གིས་སྦྱང༌། །ལེན་པའི་གོ་རིམ་རང་ནས་བརྩམ། །གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་གསུངས་ཏེ། འདི་ལ་གཉིས།

བསམ་པ་དང༌། སྦྱོར་བའོ། །དང་པོ་ལ་གཉིས། ཀུན་རྫོབ་དང༌། དོན་དམ་མོ། །དང་པོ་ནི། །ལེ་ལན་ཐམས་ཅད་གཅིག་ལ་བདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །གཉིས་པ་ནི། འཁྲུལ་སྣང་སྐུ་བཞིར་བསྒོམ་པ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །གཉིས་པ་སྦྱོར་བས་སྦྱང་བ་ནི། སྦྱོར་བ་བཞི་ལྡན་ ཚོགས་བསགས། སྡིག་པ་སྦྱང༌། གདོན་ལ་མཆོད། ཆོས་སྐྱོང་མཆོད་པ། མཆན། ཐབས་ཀྱི་མཆོག །འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱང་། །བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་ འཕེན་པའི། གོམས་པའི། དཀར་པོ་ས་བོན་གྱི། སུན་འབྱིན་པའི། སྨོན་ལམ་གྱི། མཆན། དག་དང་སྦྱར་བར་བྱ། །ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ལྔ་པ་འབྱོངས་པའི་ཚད་བསྟན་པ་ནི། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །དཔང་པོ་རང་གཞན་གྱི་གཉིས་ཀྱི་གཙོ་བོ་བཟུང༌། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །དྲུག་པ་བློ་སྦྱོང་གི་དམ་ཚᨑག་བསྟན་པ་ནི། སྤྱི་དོན་གསུམ་ ཁས་བླངས་དང་མ་འགལ་བ། ཐོ་ཅོར་མ་སོང་བ། ཕྱོགས་རེར་མ་ལྟུང་བ་སྟེ། མཆན། ལ་རྟག་ཏུ་བསླབ། །འདུན་པ་བསྒྱུར་ལ་རང་སོར་བཞག །ཡན་ལག་ཉམས་པ་བརྗོད་མི་བྱ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཉོན་མོངས་གང་ཆེ་སྔོན་ལ་སྦྱང༌། ། འབྲས་བུར་རེ་བ་ཐམས་ཅད་སྤང༌། །དུག་ཅན་གྱི་ཟས་སྤངས། གཞུང་བཟང་པོ་མ་བསྟེན། ཤགས་ངན་མ་རྒོད། འཕྲང་མ་བསྒུག །གནད་ལ་མི་དབབ། མཛོ་ཁལ་གླང་ལ་མི་འབྱོ། མགྱོགས་ཀྱི་རྩེ་མ་གཏོད། གཏོ་ལོག་མི་བྱ། ལྷ་བདུད་དུ་མི་དབབ། སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། རྣལ་འབྱོར་ཐམས་ཅད་བབ་གཅིག་གིས་བྱ། །ལོག་གནོན་ཐམས་ཅད་གཅིག་གིས་བྱ། །ཐོག་མཐའ་གཉིས་ལ་བྱ་བ་གཉིས། ། གཉིས་པོ་ འབྱོར་རྒུད་གཉིས་སོ། །གང་བྱུང་བཟོད་པར་བྱ། །གཉིས་པོ་ ཆོས་སྤྱི་དང་བློ་སྦྱོང་གི་དམ་ཚᨑག །སྲོག་དང་བསྡོས་ལ་བསྲུང༌། །དཀའ་བ་གསུམ་ ཉོན་མོངས་པ་སྐྱེས་པ་ན། དྲན་པ། བཟློག་པ། རྒྱུན་ཆད་པ་གསུམ་དཀའ་བ། ལ་བསླབ་པར་བྱ། །རྒྱུ་ཡི་གཙོ་བོ་ བླ་མ་མཇལ། ཆོས་ཉམས་སུ་ལེན། ཆོས་ཀྱི་མཐུན་རྐྱེན་འཛོམ་པ་སྟེ། རྣམ་གསུམ་བླང༌། །ཉམས་པ་མེད་པ་ མོས་གུས། སྤྲོ་བ། བསླབ་བྱ། རྣམ་གསུམ་བསྒོམ། །འབྲལ་མེད་ ལུས་ངག་ཡིད་གསུམ་དགེ་བ་དང༌། གསུམ་དང་ལྡན་པར་བྱ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱོང་། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ད་རེས་གཙོ་བོ་ཉམས་སུ་བླང་། །གོ་ལོག་ བཟོད་པ། འདུན་པ། རོ་མྱང༌། སྙིང་རྗེ། གཉེར་སེམས། ཡི་རང༌། མི་བྱ། རེས་འཇོག་མི་བྱ། དོལ་ཆོད་དུ་སྦྱང་། བརྟག་དཔྱད་གཉིས་ཀྱིས་ཐར་བར་བྱ། །ཡུས་མ་སྒོམས། ཀོ་ལོང་མ་སྡོམས། ཡུད་ཙམ་པ་མི་བྱ། འོར་ཆེ་མ་འདོད། ཅེས་སོ། །དེ་ལྟ་བུའི་བསླབ་བྱ་ལ་ལེགས་པར་བསླབ་པས། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་བ་ཡིན། །གདམས་ངག་གི་ཁུངས་སྨོས་པ་ནི། མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འཆད་ཀ་བ་རང་ཉིད་ཐུགས་ལེགས་པར་འབྱོངས་པ་ལ་ བརྟེན་གདམས་ངག་ལ་ཆེད་དུ་བརྗོད་པ་ནི། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛᨑན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། ། ཞེས་སོ། །དེ་ལྟར་རྩ་ཚᨑག་འདི་ལ་རྒྱས་བསྡུས་དང་གོ་རིམ་འདྲ་མིན་མང་ནའང་། འདིར་རྒྱལ་སྲས་ཐོགས་མེད་རིན་པོ་ཆེའི་འཁྲིད་ཡིག་ཇི་ལྟ་བ་བཞིན་བཀོད་པའོ། །མངྒལཾ།། །།