DNZ-10-THA-005: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
Line 1: | Line 1: | ||
༄༅། །སྔོན་འགྲོའི་ཟིན་བྲིས་བཞུགས་སོ། ། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=gdams ngag rin po che'i mdzod | |||
|collectiontitletib=གདམས་ངག་རིན་པོ་ཆེའི་མཛོད། | |||
|totalvolumes=18 | |||
|author='jam mgon kong sprul | |||
|authortib=འཇམ་མགོན་ཀོང་སྤྲུལ་ | |||
|citation= | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=10 | |||
|volumeLetter=THA | |||
|textnuminvol=005 | |||
|pdflink=File:DNZ-10-THA-005.pdf | |||
|InitCategories=Damngak Rinpoché Dzö; DNZ-Volume-10-THA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༄༅། །སྔོན་འགྲོའི་ཟིན་བྲིས་བཞུགས་སོ། ། | |||
དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྔོན་འགྲོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་ལ། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་བཞི་ལས། དང་པོ་དལ་འབྱོར་རྙེད་པར་དཀའ་བ་ལ། རྒྱུའི་སྒོ་ནས། ངོ་བོའི་སྒོ་ནས༑ གྲངས་ཀྱི་སྒོ་ནས། དཔེའི་སྒོ་ནས་རྙེད་པར་དཀའ་བ་བཞི་ལས། རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། རྒྱུ་ཚུལ་ཁྲིམས་བསྲུངས་པ་ལས་འབྲས་བུ་མི་ལུས་ཐོབ་པ་ཡིན་ལ། ཚུལ་ཁྲིམས་ནི་མི་དགེ་བ་བཅུ་འཁོར་བཅས་སྤོང་བའི་སེམས་པ་སྟེ། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་སོ། །དེ་སྤོང་མཁན་ཆེས་ཉུང་བས་འབྲས་བུ་མི་ལུས་རྙེད་པར་དཀའ་བའོ། །དེ་ཡང་རྗེ་བཙུན་གྱིས། དལ་འབྱོར་མི་ལུས་མི་དཀོན་དུ། །ཚུལ་ཁྲིམས་སྲུང་བའི་ | དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྔོན་འགྲོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་ལ། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་བཞི་ལས། དང་པོ་དལ་འབྱོར་རྙེད་པར་དཀའ་བ་ལ། རྒྱུའི་སྒོ་ནས། ངོ་བོའི་སྒོ་ནས༑ གྲངས་ཀྱི་སྒོ་ནས། དཔེའི་སྒོ་ནས་རྙེད་པར་དཀའ་བ་བཞི་ལས། རྒྱུའི་སྒོ་ནས་རྙེད་པར་དཀའ་བ་ནི། རྒྱུ་ཚུལ་ཁྲིམས་བསྲུངས་པ་ལས་འབྲས་བུ་མི་ལུས་ཐོབ་པ་ཡིན་ལ། ཚུལ་ཁྲིམས་ནི་མི་དགེ་བ་བཅུ་འཁོར་བཅས་སྤོང་བའི་སེམས་པ་སྟེ། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་སོ། །དེ་སྤོང་མཁན་ཆེས་ཉུང་བས་འབྲས་བུ་མི་ལུས་རྙེད་པར་དཀའ་བའོ། །དེ་ཡང་རྗེ་བཙུན་གྱིས། དལ་འབྱོར་མི་ལུས་མི་དཀོན་དུ། །ཚུལ་ཁྲིམས་སྲུང་བའི་ | ||
Line 23: | Line 42: | ||
ཅན་དུ་བྱས། བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་ནས་ཞུགས། ལུས་ཐམས་ཅད་གང༌། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཐོབ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མཐར་བླ་མ་གདན་ཁྲི་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། ། | ཅན་དུ་བྱས། བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་ནས་ཞུགས། ལུས་ཐམས་ཅད་གང༌། ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཐོབ། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མཐར་བླ་མ་གདན་ཁྲི་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། ། | ||
དེ་ལྟར་ཁྲིད་མཐའ་དག་གི་སྔོན་དུ་འགྲོ་བའི་ཡི་གེ་འདི་ཡང་པདྨ་དཀར་པོས་ལྷ་བཙུན་གཞན་ཕན་བཟང་པོར་གདམས་པའོ།། །། | དེ་ལྟར་ཁྲིད་མཐའ་དག་གི་སྔོན་དུ་འགྲོ་བའི་ཡི་གེ་འདི་ཡང་པདྨ་དཀར་པོས་ལྷ་བཙུན་གཞན་ཕན་བཟང་པོར་གདམས་པའོ།། །། | ||
}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> |
Revision as of 13:58, 31 January 2025
Wylie title | Rigpe Dorje Publications, 2024
| |
---|---|---|
Location | gdams ngag rin po che'i mdzod Volume 10, Text 5, Pages (Folios to ) | |
Author | འཇམ་མགོན་ཀོང་སྤྲུལ་ | |
Citation | ||
Side notes | ||
More details More details | ||
Genre |